ཁང་གསར་རྡོ་རྗེ།
སྔར་སོང་སྔ་མོའི་བཀའ་ཁྲི།།
སྟག་འདྲ་གཟིག་འདྲ་ཡོད་རེད།།
དེང་སང་སྲིད་སྐྱོང་སེང་གེས།།
ཆབ་སྲིད་རླུང་ལ་བསྐུར་གིས།།
རྒྱལ་སྤྱིའི་ཁྲིམས་ལུགས་མཁས་ཟེར།།
བོད་དོན་ཁྲིམས་ཀྱིས་སེལ་ཟེར།།
ལོ་བཞི་ལོ་ལྔར་ཉེ་ཡང་།།
ཁྲིམས་ཀྱི་དྲི་ཙམ་མི་འདུག །
སྲིད་སྐྱོང་“དབུ་རང་”ཡིན་ཟེར།།
ངོ་གཉིས་ཕྱག་ལས་གནང་སོང་།
ཉིན་མོ་དབུ་མ་གསུང་བཞིན།།
མཚན་མོ་“གཞོན་ནུར་”མཇལ་སོང་།།
ཆབ་སྲིད་ཡ་རེ་ཡོ་རེར།།
༸རྒྱལ་བས་གསུང་ནན་སྩལ་སོང་།།
གཞོན་ནུ་དུམ་བུར་འགྲོ་བའི།།
རྐྱེན་རྩ་སྲིད་སྐྱོང་ཆགས་སོང་།།
བོད་ནས་རང་སྲེག་གནང་སོང་།།
བློ་སེང་ཁ་རོག་བཞུགས་སོང་།།
རང་སྲེག་ཚོང་རྩ་དེ་ལ།།
ཚོས་ཉེས་བསྐྱོན་ནས་བཞུགས་སོང་།།
ལོ་བཞི་ཕྱིན་ནས་བསྐྱལ་སོང་།།
ནུབ་ཕྱོགས་ཕྱིན་ནས་བསྐྱལ་སོང་།།
གཞིས་ལུས་བོད་མི་ཚོ་ལ།།
དམངས་གཙོ་མི་དགོས་བརྗོད་སོང་།།
བོད་ཀྱི་རང་སྐྱོང་དེ་ལ།།
ཚད་བཀག་ཡོད་ན་འགྲིག་ཟེར།།
རྒྱ་ཡི་ཧོང་ཀོང་ནང་བཞིན།།
དུས་བཀག་ཡོད་ནའང་འགྲིག་ཟེར།།
འཐབ་རྩོད་ཆེན་པོ་གནང་སོང་།།
དབང་ཆའི་འཐབ་རྩོད་གནང་སོང་།།
བྱས་ཅན་རྒྱ་རི་སྐུ་ཞབས།།
ལངས་རྒྱུ་མེད་པ་བཟོས་སོང་།།
རྒྱུ་ནོར་བང་མཛོད་ཟིན་སོང་།།
ཨ་རིའི་ཐེབས་རྩ་ཟིན་སོང་།།
འཆལ་པོ་བློ་བཟང་སྙན་གྲགས།།
ཐེབས་རྩའི་དཔོན་ལ་བསྐོས་སོང་།།
དགའ་ས་ཡར་ལ་འཐེན་སོང་།།
མ་དགའ་མར་ལ་བསྐྱུར་སོང་།།
ཨོ་དགའ་དོན་གཅོད་བསྐོས་ཏེ།།
མི་འགྱུར་རྒྱང་ཕུད་བཏང་སོང་།།
ཤེས་ཡོན་སྲིད་བྱུས་བསད་སོང་།།
ཤེས་རིག་དྲུང་ཆེ་སྤོས་སོང་།།
དཔལ་ལྡན་སྤྱི་འཐུས་ལྷན་ཚོགས།།
ཚོགས་ཆུང་འཛུགས་དགོས་བྱུང་སོང་།།
བསྐོ་བཞག་དང་པོ་གནང་བྱུང་།།
ཚེ་རིང་དབང་ཕྱུག་བསྐོས་བྱུང་།།
འཕྲོད་བསྟེན་སྐྱོ་མ་གཡོས་ཏེ།།
ཁམས་གསུམ་རྙོག་གྲས་བརྒྱངས་བྱུང་།།
བསྐོ་བཞག་གཉིས་པ་གནང་བྱུང་།།
བདེ་སྐྱིད་ཆོས་དབྱངས་བསྐོས་བྱུང་།།
དེ་རིང་གཏན་ལ་ཕབ་པ།།
སང་ཉིན་བསྐྱར་བཅོས་ཡང་བཅོས།།
གསོལ་རས་དང་པོ་གནང་སོང་།།
ལས་བྱེད་ཕྱུ་པ་གནང་སོང་།།
ཕྱུ་པ་གནང་ས་མང་ཆེ།།
རྩ་དགོངས་ཞུས་ཏེ་ཕྱིན་སོང་།།
བསྒྱུར་བཅོས་དང་པོ་གནང་སོང་།།
གཞུང་ཡིག་དབྱིན་ཇིར་བསྒྱུར་སོང་།།
སྲིད་སྐྱོང་གསུང་བཤད་དེ་ཡང་།།
དབྱིན་ཇིའི་སྐད་ནས་བསྒྱུར་གིས།།
སྲིད་སྐྱོང་སློབ་ཡོན་གནང་སོང་།།
བོད་ཡིག་བརྡབ་ནས་བསད་སོང་།།
སྲིད་སྐྱོང་སློབ་ཡོན་མིང་ལ།།
བསད་ཀྱོག་སློབ་ཡོན་ཐོགས་སོང་།།
བོད་རྒྱ་འབྲེལ་མོལ་ཆད་སོང་།།
རིགས་གཅིག་རྐང་འཛིན་ཡལ་སོང་།།
གཞིས་ཆགས་སྤུན་སྲིང་ཟེར་བའི།།།
མིང་ཡོད་དོན་མེད་བསྡད་འདུག །
ཧཧཧཧ་་་་རེད་ཡ། ད་ནི་ངུ་བའི་ཁ་ལ་བལྟས་ན་ངུ་བྲོ་་་་བགད་པའི་ཁ་ལ་བལྟས་ན་བགད་བྲོ་་་་་མི་ལོ་ལྔ་བཅུ་ཙམ་ཡལ་ཟིན་ཡང་དབུགས་མ་ཆད་ཙམ་གྱིས་བོད་མིའི་སྲོག་འདི་ཀླུ་མཁར་བྱམས་འདྲ་ཅིག་ཡོང་ན་སྲོག་མགོ་ཐོན་མི་ཡོང་ངམ་བསམ་གྱི་དབུགས་རིང་ཅིག་ཤོར་སོང་།
སྙན་མོ་འདྲ་ཞིག་བྱུང་།
གཞིས་ཆགས་སྤུན་སྲིངས་ཟེར་ན་གང་རེད་། ཆོལ་ཁ་དང་ལུང་ཚན་གྱི་རྗེས་འབྲང་པ་ཞིག་ཡིན་པ་ཐག་ཆོད་། ད་ག་ཚོད་ཀྱི་སྲིད་སྐྱོང་ལས་ཐོག་ལ་དམའ་འབེབས་དང་སྐྱོན་བརྗོད་བྱས་ཀྱང་སུ་གཅིག་གི་བདག་པོ་རྒྱག་གི་མ་རེད་། གང་ལགས་ཟེར་ན་སྲིད་སྐྱོང་གི་འོས་བསྡུ་ཉེ་ལ་ཡོད་པས་ཐོབ་ཤོར་ཆེད་གཞི་མེད་སྐྱོན་བརྗོད་རང་རེད་། ཁུང་བསྐྱེལ་ཡོད་ན་ཁྲིམས་ཁང་ལ་བཏུག་དང་ཕོ་ཁྱོ་ག་རེད་དེ་མིན་མང་པོ་དཀྲུགས་མ་
བསྡད་ན་ཡག་གི་རེད་། བོད་མི་མང་ལྐུག་པ་མ་རེད་། ར་མགོ་དང་ལུག་མགོ་ལ་འོས་ཤོག་འཕེན་མཁན་ཆོལ་ཁ་དང་ལུང་ཚན་ཤོག་བསྒྲིལ་དང་ཕྱོགས་གཏོགས་པ་རྒྱལ་ཞེན་གྱི་བསམ་བློ་སྤུ་ཙམ་ཡང་མེད་པའི་མི་སྣ་མགོ་གཉིས་ལྔ་བཅུ་དྲུག་ཙམ་ལས་མེད་པ་ཚོད་ཐིག་མི་དེ་ཚོ་བཙན་བྱོལ་བོད་མིའི་མང་གཙོའི་བཀག་བརྡོ་ཡིན་པ་ཤེས་དགོས་།།།།
ཇུང་ཏོག་ལགས།
ཚིག་གི་ཕྲེང་བ་ཞིབ་ཏུ་ཀློགས།།
དོན་གྱི་གནད་ལ་མདང་རེ་རྒྱོབས།།
ཁྱི་དང་སེང་གེ་འབྱེད་པ་ལ།།
ཕྱོགས་ཞེན་མེད་པའི་མིག་དེས་འཐུས།།
རྒོལ་མི་ཐམས་ཅད་དགྲ་མ་རེད།།
བསྟོད་མི་ཀུན་པོ་གཉེན་མ་རེད།།
སྲིད་དོན་ནག་པོའི་དཀྱིལ་འཁོར་ན།།
ང་འདྲ་ལྷ་ལས་ལྷག་ཅིག་ཡིན།།
མི་མང་ལག་ན་འོས་ཤོག་ལྡན།།
ང་འདྲའི་ལག་ན་ཤེས་རབ་ལྡན།།
ཉན་དང་མི་ཉན་མི་ལྟ་བར།།
རྒྱུ་མཚན་སྨྲ་འདི་མཁས་པའི་ལུགས།།
འདི་ནས་ལོ་བཞིའི་ཡར་སྔོན་ན།།
ཁང་རྡོས་རྡོ་རྗེའི་ཚིག་བྲིས་ཡོད།།
འདི་ནས་ལོ་ངོ་བཞི་བཅུའི་རྗེས།།
ཁང་རྡོའི་སྐད་ཆའི་གཏིང་རིག་སྲིད།།
རྨོངས་ཞེན་དད་པའི་ནད་ཀྱིས་ཟིན་ཉིན་མོར།
བླ་མར་མ་གཏོགས་དྲང་བདེན་མཐོང་མཁན་མེད།
གཉིས་མེད་དབུ་མའི་ཆང་གིས་བཟི་ཉིན་མོར།
རང་སྐྱོང་མ་གཏོགས་རང་བཙན་བརྩད་མཁན་མེད།།
རྩ་བའི་བླ་མའི་བཀའ་ཡིས་མནན་ཉིན་མོར།
དཀྲུགས་ཤིང་མ་གཏོགས་ཆིག་སྒྲིལ་བྱེད་མཁན་མེད།
ཁང་པ་བྷིས་སྒྲི་ཉོ་ལ་བྲེལ་ཉིན་མོར།
ལྐོག་ཟ་མ་གཏོགས་རྒྱུ་འབྲས་སྲུང་མཁན་མེད།
ཨ་སྒོར་སྔོན་པོའི་བྲན་གཡོག་ཆགས་ཉིན་མོར།
ཨེན་ཡིག་མ་གཏོགས་བོད་ཡིག་སྦྱངས་མཁན་མེད།
བདུད་རྒན་མའོ་ཕ་ལྟར་བཀུར་ཉིན་མོར།
དམར་ཕྱོགས་མ་གཏོགས་དམངས་གཙོ་དགོས་མཁན་མེད།།
རང་ཉིད་ཀྱི་ཞེན་འདོད། སྲང་ལམ་དབར་གྱི་་གཞས་ལ་ཁ་གཡོག་པ། མི་དྲང་པོ་མེད་པའི་རྟགས་ཡང་དག་གོ།
རེད་ཡ་ད་ཕྲིས་ཡ་གང་ལྟར་ལོ་བཞིའི་རིང་གཉིད་ཡག་པོ་ཁུག་ཡ་རེག་སོང་།
པོ་ཏ་ལ་ཡི་རྩེ་ནས།།
གངས་སེང་དཀར་མོའི་དར་ཆ།།
བློ་སེང་ཁོ་ཡིས་བསྒྲེང་ཟེར།།
བློ་སེང་རྡོ་སེང་གྱུར་ནས།།
སེང་དར་རྡ་སའི་རི་ནས་ལུས་སོང་།།
མི་ལོ་བཞི་ཡི་ལས་བསྡོམས།
སྙན་པའི་གཞས་ཀྱིས་བཏང་སོང་།
བཏང་བཏང་བྱུག་བྱུག་ཤོད་ཀྱིས།
དོན་དངོས་སྦར་མཐིལ་སོ་རེད།
རྩོམ་ཡིག་འདི་འཚམ་པོ་ཞེ་དྲག་བྲིས་འདུག ད་ཡང་མི་མང་བློ་འགུག་ཆེད་སྲིད་སྐྱོང་མཆོག་ནས་༧གོང་ས་མཆོག་གི་མཚན་བེད་སྤྱོད་གཏོང་འགོ་བཙུགས་ཚར་སོང་ངོ་། ཁོང་གི་གསུང་གསལ་ལགས་༧གོང་ས་མཆོག་གི་ལོ་ཤས་ནས་ཤེས་ཡོན་གནས་སྟངས་ཡག་ཏུ་འགྲོ་བཞིན་སྐོར་གསུང་སྐོར་སྐད་འཕྲིན་དང་གདོང་དེབ་ནང་གཏོང་བཞིན་འདུག སྲིད་སྐྱོང་ཆབ་སྲིད་པ་ཡིན་སྟབས་ཡིད་ཆེས་མེད་དོ། ༧གོང་ས་མཆོག་ནས་དེ་ལྟར་ནམ་དང་གང་དུ་གསུང་པའི་གཟུགས་མཐོང་བརྙན་འཕྲིན་ཡོད་ན་དྲ་ཐག་བཀུར་རོགས་གནང་། ཐུགས་རྗེ་ཆེ།
ད་མ་སྐྱིད་ཡ།
སྲིད་སྐྱོང་བུ་རམ་ཅན་གྱི་རྒྱལ་སྤྱི་ཁྲིམས་ལུགས་མཁྱེན་ཟེར། མི་ལོ་ལྔའི་རིང་ལ་ཕྱི་རྒྱལ་བསྐོར་བསྐྱོད་མང་མང་། བོད་དོན་རྒྱབ་སྐྱོར་ཐོབ་ལུགས། རྒྱ་དམར་ཁྲིམས་གཏུགས་ཕར་ཚད། རང་བཙན་རྩོད་རྒྱུ་ཕར་བཞག་མང་གཙོ་མི་དགོས་བཤད་ཟིན། དེ་འདྲའི་དབུ་འཁྲིད་ཚབ་ལ་ཀླུ་བྱམས་ཕེབས་ར་བསུ་ལེགས།
ལོ་བཞི་ལྔའི་སྔོན་གྱི་དྲ་གྲོགས་ཁ་ཤས་ཕེབས་འདུག འཚམས་འདྲི་ཡོད། ཁང་གསར་རྡོ་རྗེ་དང་། ཅོ་རི་ཉི་མ་སོགས།
དོན་སྙིང་ཡོད་པའི་སྐད་ཆ་ཞིག་བཤད་འདུག་་་་་རྗེས་སུ་ཡི་རང་ཡོད་
སྲིད་སྐྱོང་བརྒྱུགས་རྒྱུ་མང་ནས། །རྐང་མགོའི་ལྷམ་ཡང་ཟད་སོང་། །ལྷམ་མགོ་གསར་པའི་ཆེད་དུ། །ཕོ་བྲང་ནང་ལ་བརྒྱུགས་སོང་། །
སྲིད་རྒྱལ་བློ་བཟང་སེངྒེ།།
མི་འཇིགས་གངས་རིའི་རྩེ་ནས།།
ངར་སྐད་ལན་གསུམ་བསྒྲགས་ནས།།
སླར་ཡང་གསེར་ཁྲིར་ཕེབས་ཤོག།
རྡ་སའི་རི་ཁུག་འདི་ནས།།
རང་དོན་འགྲུབ་པ་བྱུང་ན།།
ལྷ་སའི་ས་ཡ་དྲུག་པོ།།
གལ་ཡོད་མ་རེད་གསུང་གི།
གྲོགས་ཀྱི་གོ་ས་སྤར་ནས།།
གཉེན་ལ་དངུལ་ཆར་ཕོབས་ན།།
བོད་ཀྱི་རྩ་དོན་མ་དོན།།
ཞེ་དྲག་རྒྱུས་མེད་གསུང་གི།
གཞས་ཚིག་དོན་སྙིང་ལྡན་པ་ཞིག་འདུག
སྐུ་ངོ་བློ་བཟང་སེང་གེ།།
ལྟས་ན་ཕོ་གསར་རྫིག་པ།།
བཤད་ན་འུར་གཏམ་ཆེ་བ།།
འོས་ཤོག་སྒྲུག་ནས་ཕེབས་བྱུང་།།
སྲིད་སྐྱོང་ལོ་ལྔའི་རིང་ལ།།
ལྟ་གྲུབ་གསུམ་ཞིག་འཁྱེར་ནས།།
རེས་གཟའ་ལྷག་པའི་ཉིན་ལ།།
ཕྱུ་པ་གོན་རྒྱུ་བཟོས་སོང་།།
གོང་ས་ཡིད་བཞིན་ནོར་བུ།།
བོད་ལ་གདན་ཞུ་ཐུབ་ཟེར།།
བོད་ལ་གདན་ཞུ་མ་དགོས།།
བོད་རྒྱ་འབྲེལ་མོལ་ཆད་སོང་།།
དོན་ཞིག་ཡོད་མེད་གང་ལྟར།།
ཕྱི་རྒྱལ་ལན་མང་ཕེབས་སོང་།།
གྲུབ་འབྲས་སྟོན་རྒྱུ་ཕར་ཞོག།
གཞུང་དངུལ་སྟོང་རོགས་ཡིན་པ།།
སྲིད་སྐྱོང་གཟེངས་རྟགས་བཟོས་སོང་།།
བཟོས་པ་རང་གིས་གཏོར་སོང་།།
ཁ་ཕོའི་གཏམ་རྒྱུད་དེ་ཚོ།།
རྡ་སའི་གཞུང་ལ་ཁྱབ་ཡོད།།
མཐོང་ན་ལྟས་མདོག་ཡོད་པ།། བཤད་ན་ཉན་ས་ཡོད་པ།། དོན་གྱི་ལག་ལེན་ནང་ལ།། ནམ་མཁའི་མེ་ཏོག་རེད་ཞག།
གངས་ཅན་སྐྱིད་པའི་གཤོངས་ལ།། སྲིད་སྐྱོང་འཇོན་པོ་དགོས་ཀྱང་།། འཇོན་ལུགས་འཇོན་སྟངས་འདི་འདྲ།། དགོས་པ་རང་ད་ཨ་ཡོད།།
ཉུག་རིམ་པས་གངས་སྐྱིད་ནས་བླངས།
ཁང་གསར་ལགས་ཀྱི་གླུ་དེ་ལ་བོད་མི་ཚོས་བསམ་ཤེས་ན་མ་འོངས་ལུང་བསྟན་ཅིག་རེད་འདུག
བསྐྱར་འགོད་ཆོག་པ་ཞུ།
༼གངས་སྐྱིད་ཀྱི་རྐྱང་གཞས༽
བློ་སེང་ཕོ་གསར་རྫིག་པོ།།
འབུམ་རམས་ལག་འཁྱེར་མཉམ་དུ།།
ལྟ་གྲུབ་གསུམ་པོ་འཁྱེར་ཏེ།།
དྷ་སའི་རི་ངོགས་ཡོང་ནས།།
སྲིད་སྐྱོང་ལོ་ལྔ་གནང་དུས།།
གྲུབ་འབྲས་སྣ་ཅིག་མེད་སོང་།།
སྐུ་ཚབ་འདི་ཡིན་མེད་སོང་།།
གངས་སྐྱིད་ལས་བྱེད་ཚོ་ལ།།
གཟའ་རེར་གཏམ་བཤད་སྤེལ་ཏེ།།
ལས་བྱེད་མཛེས་མ་ཚོ་ཡིས།།
སྲིད་སྐྱོང་རྫིག་པོ་ཡོད་ཀྱང་།།
དགོས་པའི་གཏམ་ནི་མེད་ཟེར།།
བོད་རྒྱལ་འབྲེལ་མོལ་ཟེར་བ།།
ཉིན་གྱི་རྨི་ལམ་ཆགས་སོང་།།
སྲིད་སྐྱོང་གཟེངས་རྟགས་ཟེར་བ།།
རང་བཟོས་རང་གིས་གཏོར་སོང་།།
༸སྐྱབས་མགོན་ཆིབས་བསྒྱུར་མཉམ་དུ།།
སྲིད་སྐྱོང་ཡང་ཡང་འགྲོ་དུས།།
མགོ་སེར་མི་སྣ་ཚོ་ཡིས།།
སྲིད་སྐྱོང་སྐུ་སྲུང་རེད་ཟེར།།
གངས་སྐྱིད་ཀོར་ཀོར་ནང་ནས།།
སྲིད་སྐྱོང་རྫིག་པོ་ཟེར་གིན།།
གངས་སྐྱིད་ཀོར་ཀོར་ནང་ནས།།
སྲིད་སྐྱོང་ཁོག་སྟོང་ཟེར་གིན།།
བོད་མིའི་སྒྲིག་འཛུགས་ཀྱི་སྐབས་གཉིས་པའི་སྲིད་སྐྱོང་འོས་བསྡུ་སྐབས།གངས་སྐྱིད་ནས་ཤོར་བའི་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཕུལ་བའི་རྐྱང་གཞས་ཅིག་གངས་སྐྱིད་དཔེ་མཛོད་ཁང་དུ་མྱུར་ཟིན་བྲིས་པ་དགེའོ།
ཁ་བརྡ་དྲ་བའི་ནང་ན།། དྲ་འབུ་འདྲེ་འབུ་མང་གི། གྲྭ་ལོག་ལྟ་ལོག་ཚོ་ཡང་།། དེ་ཚོའི་གྲས་ན་ཡོད་གི།
དྲང་གཏམ་དོན་གཏམ་བཤད་པའི།། དྲང་མོ་གཅིག་ཀྱང་མེད་གི། དགྲ་ཁ་ནང་འདྲེན་བྱེད་པའི།། ཕོ་ལ་མོ་ཁ་མང་གི།
རིགས་དང་རིག་གནས་བསམ་པའི།། མི་བུ་གཅིག་ཀྱང་མེད་གི། གྱོད་སྣ་ཁ་མཆུ་འཐུ་བའི།། སྤྲང་བོ་ཤིན་ཏུ་མང་གི།
སྐྱབས་བཅོལ་ལུང་བའི་ནང་ནས།། སྐྱབས་གནས་གཅིག་པོར་དམོད་པའི། ཁ་ཐུ་སྐྱ་ཐུ་འདི་ཚོ།། སྐྱ་མིན་སེར་མིན་ཚོ་རེད།།
སྤྲང་ཁྱི་རྔ་ལོ་མ་ཚོ།། ལོ་རེ་ཇེ་མང་རེད་ཟེར།། ཁྱི་སྤྱང་འདྲས་མའི་གཅོང་སྐད།། ག་ས་གང་དུ་འདུག་ཟེར།།
རང་གི་རིགས་མཐུན་འཆའ་མཁན།། གཅན་གཟན་ནང་ན་དཀོན་གི། རང་རིགས་ནང་དམོད་བྱེད་པའི།། ཁ་འཁྱམས་འདི་ཚོར་ཅི་རེད།།
སྲིད་སྐྱོང་བློ་བཟང་སེངྒེ་།། ལོ་གསུམ་ལོ་ལྔའི་ཞྭ་རེད།། མཛེས་དང་མི་མཛེས་མ་བཤད།། ཀླད་རུས་གཙིག་གི་ཆས་རེད།།
དབུ་ཞྭ་ལྷམ་ལ་གྱོན་མཁན།། དབང་རྩ་ནད་ཀྱིས་དཀྲིགས་པའི།། སྨོན་པ་ཀླད་མེད་མིན་ན།། དེ་འདྲ་ཡོད་ས་མ་རེད།།
བཙན་བྱོལ་བོད་པའི་གཞུང་འདི།། བཙན་པོའི་སྲིད་ཀྱི་རྒྱུན་རེད།། མང་གཙོ་ཀ་བ་གསུམ་པོ།། སྐྱབས་བཅོལ་པ་ཚོའི་རྟེན་རེད།
བརྒྱ་བཤད་སྟོང་བཤད་མ་བྱེད།། རྒྱ་ཁྱི་རྔ་ལོ་མ་གནང་།། བོད་པའི་བུ་ཞིག་ཡིན་ན།། རང་གི་བརླ་རྐང་མ་གཅོག །
ད་དུང་མང་པོ་ལྷག་འདུག། འབྲི་འདོ་བསམ་པ་ཡོད་ཀྱང་།། སྐེ་དང་མཇིང་པས་མ་ལྕོགས།། དེ་རིང་འདི་རུ་གཡུག་ཞོག
ཁ་བརྡ་དྲྭ་བའི་ཐོག་ལ།།
ཁང་གསར་རྡོ་རྗེ་བསླེབས་སོང་།།
ལོ་བཞི་ཏག་ཏག་རྗེས་སུ།།
བཀྲུགས་མདའ་འཕེན་བཞིན་བསླེབས་འདུག།
གཞུང་མཛོད་སྐམ་པོ་ཆགས་འདུག།
ཌོ་ལར་ཆར་པ་བབས་ཀྱིས།།
ཆར་པའི་ཆར་ཐིགས་དེ་ཚོ།།
ག་བར་རྒྱུག་པ་ཡིན་ནམ།།
བསད་ཀྱོག་སློབ་ཡོན་མ་གསུངས།།
བསད་སྐྱོར་སློབ་ཡོན་གསུང་དང་།།
བོད་ཡིག་མར་ལ་བསད་ནས།།
དབྱིན་ཡིག་ཡར་ལ་སྐྱོར་སོང་།།
ང་ལ་སྲིད་སྐྱོང་དགོས་ཡོད། སེང་གེའི་སྲིད་སྐྱོང་དགོས་ཡོད། གཟུགས་སྟོབས་རྒྱས་པའི་ལྷག་བསམ། ཕ་རོལ་ཚང་མ་གནོན་ཞིག