———ནམ་མཁའ།
གོང་གི་རྩོམ་བྱང་འདི་མཐོང་མ་ཐག་སུས་འཚོ་རྟེན་བྱེད་ཀྱི་འདུག་ཟེར་ནས་ཡིད་ལ་དྲི་བ་ཞིག་དང་། དེའི་མཉམ་དུ་ཁོང་ཁྲོ་ལངས་ངེས་ཡིན། ཡིན་ཡང་ང་ཚོ་ལོ་ཁ་ཤས་ཀྱི་ཡར་སྔོན་ལ་ཕྱིར་སོང་སྟེ། དེ་རིང་གི་གྲོས་ཚོགས་འཐུས་མི་ལས་ཐོག་པ་དང་། སྲིད་སྐྱོང་ལས་ཐོག་པའི་ཆབ་སྲིད་ལྡིང་ཆའི་སྒང་ནས་བཤད་པའི་གཏམ་བཤད་ལ་ཡང་བསྐྱར་ཉན་ཆོག
ཡིན་ཡང་དང་པོ། ང་ཚོས་ཁོང་ཚོའི་གཏམ་བཤད་ལ་མ་ཉན་གོང་སྲིད་སྐྱོང་ལ་བཞེངས་མཁན་ཚོར་ཞུ་འདོད་པ་ཞིག་ལ། སྲིད་སྐྱོང་ལ་བཞེངས་མཁན་མཁས་དབང་བློ་བཟང་སེང་གེ་ཐོབ་ཀྱང་ཆོག ཚོགས་གཙོ་སྤེན་པ་ཚེ་རིང་ཐོབ་ཀྱང་འགྲིག བཀྲ་ཤིས་དབང་འདུས་ཐོབ་ཀྱང་ཆོག་སུ་ཡིན་ཡང་། བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་བྱེད་ཀྱི་ཡོད་མེད་དེ་གསལ་བོར་བཟོ་དགོས་པ་དང་། མ་ཟད་ད་རུང་བཙན་བྱོལ་སྤྱི་ཚོགས་སྲ་བརྟན་གཏོང་འཆར་ཁོ་ན་མ་ཡིན་པར་བོད་རྒྱ་གྲོས་མོལ་ཡང་ཅི་ལྟར་བྱེད་མིན་སོགས་ཀྱི་ཐབས་ལམ་གསལ་བཤད་བྱེད་ཐུབ་དགོས་ཀྱི་འདུག
ད་ནི་གོང་དུ་བཤད་པ་ལྟར་ལོ་ཤས་སྔོན་ལ་ཕྱིར་འགྲོ་ངེས་ཡིན། ལོ་ཤས་སྔོན་རྡ་སའི་དབྱིན་ཡིག་གསར་ཤོག་༼རི་བོ༽ཟེར་བའི་ཐོག་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་གཏམ་བཤད་ཞིག་ངས་ཁྱེད་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། ཁོས་གསར་ཤོག་དེའི་ཐོག་འདི་ལྟར་བཤད་ཡོད།༼བོད་ལ་རང་དབང་ཐོབ་ན་ཡང་བོད་མི་དམངས་སྤྱི་འཐུས་ནས་བཟུང་བོད་ལ་ཕར་ལོག་འགྲོ་མཁན་ཡོད་པ་མ་རེད་༽ཅེས་གསུངས་ཡོད་པ་དང་། དེ་རིང་གི་སྲིད་སྐྱོང་ལས་ཐོག་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཀྱང་། ཨ་རིའི་ནེའུ་ཡོག་ནས་བཅར་འདྲི་ཞིག་གི་སྐབས། ༼ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དམངས་གཙོ་རྩོད་ཀྱི་མེད༽ ཞེས་གསུངས་བཤད་གནང་པ་རེད།
ཁྱེད་ཚོའི་རང་གི་སོར་མོ་བཅུ་བོ་བྲང་ལ་སྦྱར་ཏེ་བསམ་གཞིགས་འདི་ལྟར་གཏོང་རོགས། བོད་ཕྱི་ནང་གཉིས་ཀྱི་རེ་ལྟོས་བྱེད་ས་ནི་བཀའ་སྤྱི་ཡིན་ནམ་དེ་མིན་གཞན་གང་ཞིག་རེད། ང་ཚོའི་འཐབ་རྩོད་འདི་ཡང་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ཆེད་དུ་ཡིན་ནམ། ཡང་ན་ཕྱི་སྡོད་བོད་མི་ཚོའི་ཆེད་དུ་ཡིན། དྲི་བ་འདི་དག་རང་ཉིད་ལ་དྲིས་ཏེ་བསམ་གཞིགས་བྱ་དགོས། རྗེས་ནས་བཀའ་སྤྱིའི་ལས་ཐོག་པ་ཚོའི་གཏམ་བཤད་ཀྱི་རྒྱབ་ལྗོངས་རྟོགས་ཐུབ་ཀྱི་རེད། བཀའ་སྤྱིའི་ལས་ཐོག་པ་ཚོའི་གཏམ་བཤད་ཀྱི་རྒྱབ་ལྗོངས་རྟོགས་དུས། བོད་ནང་གི་བོད་མི་ཚོའི་བདེ་སྡུག་ཁོང་ཚོའི་འཚོ་རྟེན་བྱེད་ཀྱི་ཡོད་མེད་རྟོགས་ཐུབ་ཀྱི་རེད།
དང་པོ། ཕྲན་གྱིས་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གི་བསམ་བློའི་ཀུན་སློང་དེ་དཔྱད་པ་བྱས་ཆོག བོད་ལ་རང་དབང་ཐོབ་པའི་ཉིན་མོ་ཡང་ཕྱིར་རང་གི་ལུང་པར་འགྲོ་འདོད་མེད་མཁན་ཞིག་གིས། ལས་ཀ་ཡང་ཁ་ཞེ་གཉིས་མེད་ཀྱིས་བོད་ནང་གི་བོད་མིའི་བདེ་སྡུག་བསམ་ནས་ཕྱག་ལས་གནང་རྒྱུ་ཨེ་རེད། དེ་རིང་ཁོའི་གྲོས་ཚོགས་ནང་རྐུབ་བཀྱག་ཞིག་བཟུང་ཡོད་པ་དེ་ཡང་ཁོའི་ལྟོ་གོས་ཆེད་དུ་ཡིན་པ། དབྱིན་ཡིག་༼རི་བོ༽ ཞེས་པའི་ཐོག་གི་གཏམ་བཤད་དེས་ར་སྤྲོད་གསལ་བོར་བྱས་ཡོད་པ་རེད།
ཡིན་ཡང་ཁོས་བཤད་པའི་སྐད་ཆ་དེ་དྲང་མོ་ཞིག་ལ་ངོས་འཛིན་བྱས་ཆོག་པ་མ་ཟད། ད་རུང་བོད་ནང་གི་བོད་མི་ཚོར་གོ་བརྡ་ཡང་གསལ་བོ་ཞིག་སྤྲད་པ་རེད་སྙམ། ཁོས་གཏམ་བཤད་དེའི་བོད་ནང་གི་བོད་མི་ཚོར་ཕྱི་སྡོད་བོད་མི་བཙན་བྱོལ་སྤྱི་ཚོགས་ལ་རེ་ལྟོས་མ་བྱེད། ཕྱིར་བོད་ལ་ཡོང་འདོད་མཁན་མི་གཅིག་མ་གཏོགས་ཡོད་པ་མ་རེད་ཅེས་གོ་བརྡ་ཟབ་མོ་ཞིག་སྤྲད་པ་རེད།
གཉིས་པ། སྲིད་སྐྱོང་བློ་སེང་མཆོག་གིས་ནེའུ་ཡོག་ནས་བཅར་འདྲིའི་སྐབས་ཀྱི་ལན་འདེབས་དེའི་གང་མཚོན་གྱི་ཡོད་དམ། དེས་རྒྱ་ནག་གཞུང་གིས་ནམ་རྒྱུན་བཤད་བཞིན་པའི་སྐད་ཆ་གཅིག་ལ་རྒྱབ་རྟེན་བྱས་པའི་ར་སྤྲོད་བྱུང་པ་རེད། རྒྱ་ནག་དམར་གཞུང་གིས་འཛམ་གླིང་སྟེང་ལ། དུས་རྒྱུན་ཏུ་བོད་ནང་གི་བོད་མི་ཚོ་རང་དབང་ཡོད་ཚུལ་དང་། བདེ་སྐྱིད་ཕྱོགས་གང་ཐད་ནས་འགྲིག་ཡོད་པ་རེད། ཡིན་ཡང་བོད་ནང་བདེ་འཇགས་བརྟན་ལྷིང་མི་ཡོང་བའི་རྒྱུ་མཚན་ནི། ཕྱི་སྡོད་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་སྐོར་ཞིག་གིས་ཁོང་ཚོའི་ཐོབ་ཐང་རྩོད་ཀྱི་ཡོད་པས། བོད་ནང་གི་བོད་མི་ཚོར་ངན་སྐུལ་བྱེད་ཀྱི་ཡོད་པ་རེད་ཟེར་གི་ཡོད། དེས་རྐྱེན་སྲིད་སྐྱོང་མཁས་དབང་བློ་སེང་མཆོག་གི་ལན་འདེབས་༼ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དམངས་གཙོ་རྩོད་ཀྱི་མེད༽ཟེར་བ་དེས་རྒྱ་གཞུང་གིས་བཤད་པ་ལྟར། ཕྱི་སྡོད་བོད་མི་སྐོར་ཞིག་གི་ཐོབ་ཐང་རྩོད་ཀྱི་ཡོད་པའི་ར་སྤྲོད་བྱུང་བ་མ་ཟད། ད་རུང་བོད་ནང་གི་བོད་མི་ཚོའི་སེམས་སུ་ཕོག་ཐུག་བཏང་ཡོད།
རྒྱུ་མཚན་འདི་འདྲ་ལ་བརྟེན་བཀའ་སྤྱི་ནས་མགོ་བཙུགས་ཏེ་བོད་ནང་གི་བོད་མི་ཚོའི་བདེ་སྡུག་དེང་སང་ཡོ་རུབ་དང་ཨ་རི་སོགས་དམངས་གཙོ་རྒྱལ་ཁབ་ཚོའི་ཚོང་རྟེན་བྱེད་ཀྱི་ཡོད་པ་ལྟར། ཁོང་ཚོས་ཀྱང་དེ་ལྟར་བྱེད་ཀྱི་འདུག་པས་སྲིད་སྐྱོང་ལ་བཞེངས་མཁན་ཚོས། བོད་ནང་གི་བོད་མི་ཚོའི་བདེ་སྡུག་རང་གི་འཚོ་རྟེན་མ་བྱེད་ཟེར་གྱི་ཡོད།
འདིར་མཐའ་མཇུག་ཞུ་འདོད་པ་ཞིག་ལ། འོས་ཤོག་འཕེན་མཁན་ཚོས་ལུང་ཚན་གྱི་སྐད་ཆ་མི་བཤད་པར་མི་སུ་ཞིག་ལ་ལྷག་བསམ་ཡོད་མེད་དང་། བོད་ལ་རང་དབང་ཐོབ་དུས་ཕྱིར་བོད་ལ་ལོག་འདོད་ཡོད་མཁན་ཞིག་ལ་འོས་འཕངས་ཚེ། དེ་བཞིན་དུ་ཁ་ཞེ་གཉིས་མེད་ཀྱི་ལས་ཀའི་འབྲས་བུ་ཞིག་ཐོན་གི་རེད་སྙམ།
དྲ་ཐོག་གི་མི་འགའ་རེས་བློ་སེང་གིས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་མ་ཐུབ་པ་དང་བོད་ནང་ལ་ཆེད་ལས་མི་སྣ་ཆིག་འབུམ་གསོ་སྐྱོང་བྱེད་རྒྱུའི་ཁས་ལེན་སྟོང་བར་གྱུར་སོང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད། འདི་ནི་དངོས་དོན་དང་མཐུན་པའི་སྐྱོན་བརྗོད་ཅིག་མ་རེད། ཁོང་གི་ཁས་ལེན་དེ་འདྲ་ནི་ཁོང་གི་ནུས་པས་སྒྲུབ་ཐབས་གཏན་ནས་མེད་པ་ནི་སྔོན་མ་ནས་ཧ་ཅང་གསལ་པོ་རེད། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་ལྟ་བུར་མཚོན་ན། རྒྱལ་བ་རིན་པོ་ཆེ་རང་ཉིད་མ་གཏོགས་སུས་ཀྱང་སྒྲུབ་ཐབས་ཡོད་པ་མ་རེད། རྒྱལ་བ་རིན་ཆེ་ནས་ལོ་དང་ལོ་བསྟུད་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་གནང་ཡང་འབྲས་བུ་མ་ཐོན་པ་རེད། རྒྱལ་བ་རིན་པོ་ཆེ་རང་གིས་ལོ་བཅུ་ཕྲག་ཁ་ཤས་ཀྱི་རང་ལ་མ་འཇོན་པ་ཞིག་བློ་སེང་གིས་ལོ་བཞིའི་ནང་ལ་ཇི་ལྟར་འཇོན་ནམ།
འཇོན་མི་སྲིད་པ་ཞིག་ལ་འཇོན་པའི་རེ་བ་བྱེད་པ་ནི་རེ་བ་བྱེད་མཁན་གྱི་སྐྱོན་ཡིན་པ་མ་གཏོགས་རེ་བ་བྱ་ཡུལ་གྱི་སྐྱོན་མིན། ཡ་རབས་ཀྱི་ལུགས་ཀྱིས་བལྟས་ན། བློ་སེང་ལ་སྐྱོན་གཅིག་ཡོད། དེ་ནི་འདི་ལྟ་བུའི་དོན་ཆེན་མི་འཇོན་པ་ཁོང་གིས་ཤེས་ཀྱི་ཡོད་པ་རེད། ཉུང་མཐའ་ཡང་གདེངས་ཚོད་ཡོད་པ་མ་རེད། ཡིན་ན་ཡང་ཁོང་གིས་དེ་སྒྲུབ་ཀྱི་ཡིན་ཞེས་ཁས་བླངས་པ་རེད། ཁ་ཕོ་བསྒྲགས་པ་རེད། ཡིན་ན་ཡང་ཆབ་སྲིད་ཟེར་བ་འདི་ཡ་རབས་མ་རབས་ཀྱི་དོན་དག་མ་རེད། དེ་ནི་དབང་ཆའི་དོན་དག་རེད། དབང་ཆ་དེ་ཡ་རབས་ཀྱིས་ཐོབ་ན་ཡ་རབས་ཀྱིས་ལེན་རྒྱུ་རེད། མ་རབས་ཀྱིས་ཐོབ་ན་མ་རབས་ཀྱིས་ལེན་རྒྱུ་རེད། ཁ་ཕོ་བསྒྲགས་ནས་ལེན་རྒྱུ་ནི་ཆབ་སྲིད་པའི་སྤྱི་སྲོལ་ཞིག་རེད།
བློ་སེང་བཀའ་ཁྲི་ལ་སླེབས་རྐྱེན་གཙོ་བོ་ཞིག་ནི་བློ་སེང་གི་གིས་དོན་ཆེན་དེ་འདྲ་སྒྲུབ་ཐབས་མེད་པ་མི་ཤེས་པ་དེ་རེད། མི་ཤེས་པ་དེ་དག་གིས་བློ་སེང་སྲིད་སྐྱོང་གི་ཁྲི་ལ་བསྐྱལ་བ་རེད། དེ་མི་ཤེས་པའི་མི་འབོར་དེ་སྐྱབས་བཅོལ་སྤྱི་ཚོགས་ནང་ན་ཧ་ཅང་ཆེན་པོ་རེད། བློ་སེང་སྲིད་སྐྱོང་ལ་བསྡད་ཚུན་ནས་མི་འབོར་དེ་ཇེ་ཉུང་ལ་སོང་ཡོད་པ་མ་རེད། བློ་སེང་ངམ་སུ་ཞིག་གིས་ད་དུང་ཁ་ཕོ་བསྒྲགས་ནས་སྲིད་སྐྱོང་གི་གོ་གནས་བརྩད་ཆོག་ཆོག་ཡོད་པ་རེད།
དམངས་གཙོ་བརྩད་ཀྱི་མེད་ཟེར་བའི་སྐད་ཆ་འདི་བློ་སེང་གིས་ཁ་ནས་བཤད་པ་མ་གཏོགས་དོན་དངོས་ཐོག་བློ་སེང་གིས་གཏན་འབེབས་བྱས་པ་ཞིག་མ་རེད། གོང་ས་ཏ་ལའི་བླ་མས་དབུ་མའི་ལམ་གཏན་འབེབས་བྱས་པ་ནས་བཟུང་བོད་རིགས་ཡོངས་རྫོགས་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་དགོས་ཀྱི་གཏན་འབེབས་བྱས་པ་རེད།
བོད་མི་དམངས་ལ་དམངས་གཙོ་མི་དགོས་པའི་ཐག་གཅོད་འདི་གོང་ས་ཏ་ལའི་བླ་མས་བྱས་པ་རེད། བོད་རིགས་ཡོངས་རྫོགས་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་དགོས་པ་དབུ་མའི་ལམ་གྱི་དམིགས་ཡུལ་རེད། ནག་ཉེས་ཡིན་ནའང་གོང་ས་ཏ་ལའི་བླ་མའི་རེད། བྱས་རྗེས་ཡིན་ནའང་་གོང་ས་ཏ་ལའི་བླ་མའི་རེད། བློ་སེང་མི་མངོན་པའི་བྲན་གཡོག་ཙམ་རེད།
དབུ་མའི་ལམ་གྱི་ལྐོག་ཟ་རུལ་སུངས་ཚོས་ཕྱི་རྒྱལ་ཁབ་ཁག་གི་ནང་དུ་ཁང་པ་ཉོ་ཡི་ཡོད་པ་གསལ་གསལ་དག་དག་རེད། བོད་ལ་ཕྱིར་འགྲོ་འདོད་མཁན་ཡོད་ཁག་པོ་རེད། བོད་ནང་གི་བོད་མིའི་སྲོག་གི་འཐབ་རྩོད་བྱས་པ་འདི་བཙན་བྱོལ་ནང་གི་མི་དྲག་བླ་དྲག་ཚོའི་མཚན་སྙན་གྲགས་དང་དཔལ་འབྱོར་གྱི་ཆེད་དུ་བེད་སྤྱོད་བཏང་པ་དང་། བོད་ནང་གི་བོད་མི་རྣམས་ཀྱི་འབོད་སྒྲ་དང་རེ་འདུན་ལ་ལོག་འགྲེལ་བརྒྱབ་ནས་ནུབ་ཕྱོགས་རྒྱལ་ཁག་ཏུ་ཚོང་རྫས་བྱས་བསྡད་པ་ཚང་མས་མཁྱེན་གསལ་རེད།
ད་ལྟའི་བར་དུ་བོད་མི་དམངས་ཀྱི་མིང་ཐོག་ནས་རང་ཉིད་སྒེར་ཕྱུག་པོ་ཆགས་བསྡད་ཡོད་མཁན་སུ་ཡིན་མིག་གིས་ལྟོས། བཙན་བྱོལ་སྒྲིག་འཛུགས་ལས་མི་སྒེར་པ་ཕྱུག་བ་ཆགས་བསྡད་ཡོད་པ་འདི་ཡང་གསལ་བཤད་བྱས་མ་དགོས་པར་བོད་མི་ཡོངས་ཀྱི་མིག་མདུན་དུ་ཡོད། དངོས་ཟ་རུལ་སུངས་ཟེར་ནའང་འདྲ། དབང་ཆ་བེད་སྤྱོད་ལོགས་བཏང་ཟེར་ནས་ཆོག བོད་མི་དམངས་སྒེར་གྱི་ཆེད་དུ་ཚོང་རྫས་བྱས་པ་རེད་ཟེར་ནའང་འགྲིག
ཁོང་ཚོའི་སུ་ཡིན་རུང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་དང་གཅིག་པ་རེད།བོད་ལ་ལོག་འདོད་མཁན་གཅིག་ཀྱང་མེད་པ་གསལ་བོ་ཡིན།ཡང་ལོ་ལྔའི་རིང་བོད་རྒྱ་གྲོས་མོལ་གཉིད་ཁུག་གི་རེད་མ་གཏོགས།གཉིད་དཀྲོགས་པའི་ཅོང་བརྡ་དཀྲོལ་མཁན་ཡོད་པ་མ་རེད།བཀའ་སྤྱིའི་ཟླ་ཕོག་མཐོ་རེ་བཏང་ནས་བསྡད་ཀི་རེད།
གོང་གི་འོས་གསུམ་པོའི་ནང་ནས་སུ་ལ་འོས་ཐོབ་ནའང་མི་མངོན་པའི་བྲན་གཡོག་བྱེད་ཀྱི་དང་། གཞིས་ལུས་མི་དམངས་ཚོང་རྫས་བྱས་ནས་སྡོད་ཀྱི་ལས་གང་ཡང་མེད་པར་གསལ་གསལ་དག་དག་རེད། ག་དུས་ཡིན་ནའང་བོད་ནང་གི་ཛ་དྲག་གི་གནས་སྟངས་ཟེར་ནས་བཤད་ཀྱི་རེད། བོད་ནང་གི་བོད་མི་རྣམས་ཀྱི་སྲོག་བཏངས་ནས་འཐབ་རྩོད་དང་། འབོད་སྒྲ། རེ་འདུན། དམིགས་ཡུལ་བཅས་ལ་རྒྱལ་བཙོང་བ་ཚོས་ལོག་འགྲེལ་དང་། ལོག་བཤད། རྫུན་བསྒྲགས་བྱས་བསྡད་པ་རེད་ལ་མུ་མཐུད་ནས་དེ་ག་རང་བྱེད་ཀྱི་རེད་དོ། བོད་ནང་གི་བོད་མིའི་དེབ་སྡུག་བསམས་ན་ཀླུ་མཁར་བྱམས་ལ་འོས་བླུག་དགོས་ངེས་རེད།
རེད་ཡ།ཀླུ་མཁར་གི་ཡང་ཚོང་རྫས་བྱེད་ཤེས་ན་བྱེད་ཀྱི་རེད།དེ་མིན་སྐད་བསྒྱུར་གཉིས་དགོས་ཀྱི་རེད་ཡ།
བོད་རྒྱ་གྲོས་མོལ་ཟེར་བ་འདི་ཕན་ཐོགས་མེད་པའི་གྲོས་མོལ་ཞིག་ཡིན་པར་ལོ་རྒྱུས་ཀྱིསབདེན་དཔང་བྱས་ཡོད། རྒྱ་གུན་ཁྲན་མཉམ་དུ་གྲོས་མོལ་བྱས། གྲོས་མཐུན་དོན་ཚན་༡༧་བཞག དམངས་གཙོའི་བཅོས་སྒྱུར་བྱས་ཆོག་པའི་གྲོས་མཐུན་བཞག བོད་མི་ཁྲི་ཕྲག་མང་པོའི་སྲོག་ཤོར། བོད་ནང་གི་བོད་མི་ཕྱུག་བདག་ཡོངས་ཀྱི་ཁང་ཁྱིམ་རྒྱུ་ནོར་དང་བཅས་པ་རྒྱ་གཞུང་གིས་འཕྲོག གྲོས་མོལ་བྱས་པའི་གྲུབ་འབྲས་དེ་རེད།
དེང་སང་ཡང་གུན་ཁྲན་ཏང་གི་མཉམ་དུ་གྲོས་མོལ་བྱེད་དགོས་ཟེར་མཁན་ཚོས་བསམ་བློ་ཡག་པོ་ཐོངས་། གྲོས་མོལ་ག་ཚོད་བྱེད་ནའང་གུན་ཁྲན་ཏང་གིས་བོད་མི་དམངས་ལ་ཁེ་ཕན་ཞིག་མི་སྤྲོད་ཐག་ཆད་རེད། སྔོན་མར་གྲོས་མོལ་བྱས་པའི་ལོ་རྒྱུས་ལ་བལྟས་ན་གྱོང་མ་གཏོགས་ཁེ་རག་མྱངས་མེད། བློ་སེང་གི་སྐབས་སུ་གྲོས་མོལ་མཚམས་ཆད་པ་འདི་བོད་མི་དམངས་ཀྱི་ཕྱོགས་ནས་བཤད་ན་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱས་ཆོག་པ་ཡོད།
གྲོས་མོལ་མ་བྱུང་བའི་རྒྱུ་མཚན་གྱིས་བློ་སེང་གི་དུས་སྐབས་འདི་ལ་ཞབས་འདྲེན་མང་པོ་བཞག་དགོས་བྱུང་མེད། གལ་སྲིད་གྲོས་མོལ་བྱས་ཡོད་ན་ཞབས་འདྲེན་མི་ཉུང་བ་ཞིག་དང་ལོ་རྒྱུས་ལ་ནག་ཐིག་མི་ཉུང་བ་རེ་བཟོས་ཡོད་ངེས་ཡིན་ནོ།
གྲོས་མོལ་མི་བྱེད་ན་དམག་རྒྱག་གི་ཡིན་ནམ།དབུ་ལམ་གྱི་འབྱུང་ཁུངས་སིཊ་སི་སྦག་གི་ཞི་བའི་གྲོས་ཆོད་ལྔ་རེད།དེར་ན་བོང་ནང་གི་བོད་མི་ཚོའི་ཆེད་དམངས་གཙོ་རྩོད་ཀྱི་མེད་ཟེར་བ་མི་འདུག བློ་སེང་གི་བཀའ་ཤག་སྐབས་སྔོན་མ་ཚོས་བཟོས་པ་རེད་ཟེར། དེ་གར་ཡང་དེ་འདྲ་ཞིག་མི་འདུག དེ་ཁོས་གསར་བཏོད་ཡིན་ས་རེད་པ།
གུང་ཁྲན་ཏང་མགོ་གཏིང་བསློག་པ་ལ་དམག་ལས་སྟོབས་ཤུགས་ཆེ་བ་དམངས་གཙོ་རེད། དམངས་གཙོ་དར་སྤེལ་གཏོང་དགོས་རེད། ཇག་པ་གུན་ཁྲག་ཏང་མགོ་མཇུག་ལོགས་ནས་མི་དམངས་དུང་ཕྱུར་བཅུ་གསུམ་དང་རྒྱ་བོད་ཧོར་གསུམ་དམངས་གཙོ་ལ་འགྱུར་བའི་དུས་བོད་མི་དམངས་ལ་རང་ཐག་རང་གཅོད་ཀྱི་ཐོང་ཐང་ཞིག་དམངས་གཙོའི་ཁྲིམས་ཀྱི་ཐོག་ནས་ཁ་གྲགས་འོང་གི་རེད། དེར་དུས་རང་སྐྱོང་དགའ་ནའང་རང་སྐྱོང་དང་རང་བཙན་དགའ་ན་རང་བཙན་གདམ་ཆོག་པའི་གོ་སྐབས་ཤིག་བོད་དང་སོག་པོ། ཡུར་ཧོར་གསུམ་ལ་ཡོང་ངེས་རེད། ཇག་པའི་མཉམ་དུ་གྲོས་མོལ་བྱེད་མཁན་རྐུ་མ་མ་གཏོགས་སུ་ཡོད་དོ།
བོད་དོན་འཐབ་ཀྱི་རྩོད་སྔོན་འགྲོའི་ཆ་རྐྱེན་དངོས་མ་དམངས་གཙོ་རེད། དམངས་གཙོ་ཡོད་ན་རང་དབང་ཡོད། རང་དབང་ཡོད་ན་ཐོབ་ཐང་ཡོད། ཐོབ་ཐང་ཡོད་ན་བདེ་སྐྱིད་ཡོད། ལོ་སྔོན་མར་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་པའི་རྒྱུ་མཚན་གཙོ་བོ་བཀྲས་མཐོང་གིས་རང་ཐག་རང་གཅོད་འདོད་པའི་རྒྱུ་མཚན་གྱིས་བྱས་མྱངས་ཡོད།
འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རིང་ལུགས་ལ་གུས་བཀུར་མེད་པའི་དབང་དུ་བཏང་ཡང་བོད་མི་དམངས་དམར་ཕྱོགས་པ་བྱེད་མཁན་འགྲོ་གི་ཡིན་ཟེར་བ་འདི་ནི་གནས་ཚང་རྒྱ་གར་དང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་དྲིན་ལན་ལག་པར་རྡོ་ཡི་རྡུངས་བ་མིན་ནམ།
སྲིད་སྐྱོང་ཁོང་གིས་བཀའ་ཤག་སྐབས་བཅུ་བཞི་བའི་དབུ་མའི་ལམ་གྱི་ལངས་ཕྱོགས་ལ་འགྱུར་བ་ཅི་ཡང་མེད་པའི་ཐ་ཚིག་ཡང་ནས་ཡང་དུ་བསྒྲགས་ཡོད་པ་དང་། བོད་རྒྱ་ཞི་མོལ་ནི་བོད་ཀྱི་གནད་དོན་སེལ་བྱེད་ཀྱི་ལྡེ་མིག་གཙོ་བོ་ཞིག་ཡིན་ཚུལ་ཁ་ན་ན་བར་དུ་བསྒྲགས་དང་སྒྲོག་གིན་ཡོད་པས། ལེགས་ཉེས་ལ་མ་ལྟོས་པར་བོད་མི་མང་ལ་རང་གི་ཁས་བླངས་དམ་བཅས་རྣམས་ལས་གཅིག་ཀྱང་མ་འགྲུབ་པ་དེ་ནི་སྲིད་སྐྱོང་ཁོང་གི་བྱས་ཉེས་མིན་ན་ཅི་ཡིན།
འདས་པའི་ལོ་བཞིའི་རིང་བོད་རྒྱ་ཞི་མོལ་ལམ་གྲོས་མོལ་ནི་ཕར་ཞོག བཀའ་ཤག་སྐབས་གོང་མ་དག་ལྟར་ཕར་ཚུར་གཉིས་ཀ་ན་ཚང་མས་ལྟ་ཉན་རེ་བྱེད་རྒྱུ་ཡོད་པའི་བོད་རྒྱ་འབྲེལ་མོལ་ཟེར་བ་ཙམ་ཡང་ལན་གཅིག་ལ་མཐུད་ཐུབ་མེད། ༧གོང་ས་མཆོག་གི་སྐུ་ཚབ་མི་དགོས་པར་ཐད་ཀར་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་གྲོས་མོལ་བྱེད་ཀྱི་ཡིན་ཚུལ་གྱི་ཁ་ཕོ་སྒྲོག་མཁན་དེ་སྲིད་སྐྱོང་ཁོང་ཉིད་ལས་གཞན་སུ་ཡང་མིན།
བོད་ཀྱི་སྲིད་དོན་གྱི་ཆ་ནས་སྲིད་སྐྱོང་ཁོང་ལ་དབང་ཐོབ་ཡོད་ཡོད་ཅིག་དང་། གོ་སྐབས་ཡོད་ཡོད་ཅིག འོས་འགན་ཡོད་ཡོད་ཅིག་དེ་འདྲ་བཀའ་ཤག་གོང་མ་རྣམས་ཀྱི་སུ་ལ་ཡང་བྱུང་མྱོང་མེད། “མི་དགོས་སར་ལྷག་”ཟེར་བའི་རྒྱ་རིགས་འབྲེལ་མཐུད་ཚོགས་པ་དང་མི་སྣ་དག་གི་ཆ་ནས་ཀྱང་། སྲིད་སྐྱོང་ཁོང་གི་བཀའ་ཤག་སྐབས་བཅུ་བཞི་བའི་དུས་སུ་སྔོན་མེད་མང་དག་ཅིག་བྱུང་ཡོད་པ་ཀུན་གསལ་ཡིན།
ད་མང་པོ་ཞུ་མི་འདོད་་་་་་་་་་་
དྲ་གྲོགས་རྙིང་པ་འགའ་རེ་ཕེབས་ནས་བསམ་ཚུལ་རེ་བརྗོད་ཀྱི་འདུག་པས་བཀའ་དྲིན་ཆེ་ཞུ། དེ་མིན་ཕྱོགས་སྔ་ལངས་ཏེ་བགྲོ་གླེང་དེ་རིང་ཁོམ་པ་མི་འདུག་མོད། འདིར་ཟམ་གདོང་རིན་པོ་ཆེ་ཡིས་༢༠༡༠ལོའི་/༦/༥ཉིན་རྡ་སེང་བོད་ཁྱིམ་སློབ་གྲྭ་ནས་དབུ་མའི་ལམ་གྱི་འགྲེལ་ཐུང་ཞིག་འགོད་ཀྱི་ཡིན། འདིར་འགོད་དོན་ནི། དེ་རིང་གི་སྲིད་སྐྱོང་བློ་སེང་གིས་བཀའ་ཤག་སྐབས༡༤བའི་དབུ་ལམ་ལྟར་འགྲོ་གི་ཡོད་ཟེར་བས། གཅིག་མཚུངས་ཡིན་མིན་གཟིགས་རོགས་ཞུ།འོག་གི་འདི་ཡིན།
དེའི་རྗེས་ཁོང་གིས་དབུ་མའི་ལམ་གྱི་ངོ་བོ་དང་དབུ་མའི་ལམ་གྱི་སྨྱུ་གུ་ཐོག་མར་འཁྲུངས་སྟངས་སྐོར་གསུངས་དོན། དབུ་མའི་ལམ་ཟེར་ན། ལམ་གྱི་དཀྱིལ་ཟེར་བ་ལྟ་བུ་རེད། མདོར་བསྡུས་ན་མཐའ་གཅིག་ལ་ལྷུང་བ་མ་ཡིན་པར་དཀྱིལ་ཞིག་ལ་ཟེར་གྱི་ཡོད། དབུ་མའི་ལམ་གྱི་ངོ་བོ་གང་རེད་ཟེར་ན། བོད་ཀྱི་གནས་བབ་ད་ལྟ་བཞིན་རྒྱ་ནག་གིས་དབང་སྒྱུར་འོག་སྡོད་རྒྱུ་མཐའ་གཅིག་རེད། བོད་རྒྱ་འོག་ནས་ལོགས་སུ་བུད་དེ་རང་བཙན་བསྐྱར་གསོ་བྱ་རྒྱུ་མཐའ་གཅིག་རེད། མཐའ་དེ་གཉིས་སྤངས་ཏེ། རང་བཙན་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གྱི་སྒྲོམ་གཞིའི་འོག་འདུག་རྒྱུ་དང་། ད་ལྟའི་རྒྱ་ནག་གི་དབང་སྒྱུར་འོག་མ་ཡིན་པར་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ཡོད་པ། འདི་འདྲ་ཞིག་ལ་དབུ་མའི་ལམ་ཟེར་གྱི་ཡོད། སྲིད་བྱུས་འདི་བརྩོན་ལེན་བྱེད་པར་འདོར་མི་རུང་བའི་ཆ་རྐྱེན་གཉིས་ཡོད། དང་པོ། ལས་འགུལ་ག་འདྲ་ཞིག་སྤེལ་ཡང་འཚེ་མེད་ཞི་བའི་ལམ་ཁོ་ནར་བརྟེན་རྒྱུ། གཉིས་པ།བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་གནས་རྒྱུ་དེ་རེད། ཅེས་དང་།
བློ་མཐུན་ཅོ་རི་ལགས། ཁྱོད་ལ་ཇི་མཛད་ལེགས་མཐོང་གི་མོས་གུས་ཤིག་མེད་ནའང་༧གོང་ས་མཆོག་གི་ཐུགས་དགོངས་ཟབ་མོ་དེ་ཅི་ཕྱིར་མ་རྟོགས་པ་ཡིན། ༧གོང་ས་མཆོག་གིས་རང་བཙན་མ་འདོད་པར་དབུ་མའི་ལམ་གདམས་པ་ཞིག་ག་ལ་ཡིན། དུས་དང་བསྟུན་ནས་འོས་ཤིང་འཚམས་པའི་དབུ་མའི་ལམ་དུ་ཞུགས་པ་ནི་ཁྱོད་ཀྱི་མིག་ལྡོངས་ན་མ་གཏོགས་སུས་ཀྱང་ཤེས་སླ། རང་བཅན་མི་འདོད་མཁན་སུ་ཞིག་ཡོད། འོན་ཀྱང་རང་བཙན་ཇི་ལྟར་རྩོད་ཀྱི་ཡིན། གལ་ཏེ་བོད་མིའི་སྒྲིགས་འཛུགས་རང་བཙན་གྱི་ལམ་ཁར་ཕྱོགས་ན་སྐྱབས་བཅོལ་བ་ཚོ་རྒྱ་གར་དུ་གནས་ཐུབ་བམ། ཁྱོད་ཀྱིས་དེའི་ཕྱོགས་ལ་ཐུགས་བསམ་བཞེས་མྱོང་ངམ། རྒྱ་གར་གྱིས་བོད་བཙན་ངོས་ལེན་བྱེད་ཀྱི་མེད་པ་དེ་ཁྱོད་ཀྱིས་མ་རྟོགས་སམ། བོད་གཞུང་གི་མིང་དེ་སྒྲིགས་འཛུགས་ཤིག་གི་མིང་ལ་བསྒྱུར་དགོས་པའི་རྒྱུ་མཚན་གང་ཡིན་ཤེས་སོང་ངམ། བྱིས་པ་བློ་ཆུང་བསམ་མེད་འདི་ཚོས་གོང་ས་མཆོག་གི་ཐུགས་དགོངས་ཟབ་མོ་དེ་རྟོགས་ཐུབ་ཀྱི་མེད་པར་དགོད་ཀྱང་ཤོར་ལ་ངུ་ཡང་ཤོར། །
སྲིད་སྐྱོང་བློ་སེང་ལགས་ནས་བོད་མིས་མང་གཙོ་རྩོད་ཀྱི་མེད་བཤད་པ་དེ་བཀའ་མོལ་ཐལ་ཆ་ཡིན། དབུ་ལམ་གྱི་ཡིག་ཆར་གཟིགས་རོགས། དེའི་ནང་མང་གཙོ་མི་དགོས་པ་རྩ་བ་ཉིད་ནས་གསལ་མེད་པས་མཁས་དབང་ཡིན་མདོག་གིས་ཆབ་སྲིད་སྐད་ཆ་ཐལ་ཆ་ཆེན་པོ་དེ་འདྲ་བཤད་ཡོད། སྲིད་སྐྱོང་བློ་སེང་ལགས་ནས་ཐོག་མ་དེ་འདྲ་བཤད་པའི་ཁས་ལེན་རྩ་བ་ནས་བྱས་མེད། འོན་ཀྱང་རྗེས་སུ་ཁོང་ནས་ཚོགས་འདུ་ཞིག་ནང་གཏམ་བཤད་དེ་ལྟར་གནང་བའི་གཟུགས་མཐོང་བརྙན་འཕྲིན་ཞིག་དྲ་ཐོག་སྤེལ་བར་བརྟེན་གཡོལ་མ་ཐུབ། སྤྱི་འཐུས་གྲོས་ཚོགས་ནའང་སྲིད་སྐྱོང་བློ་སེང་ལགས་ནས་བཀའ་མོལ་དེ་འདྲ་གནང་བ་ནི་ཐལ་ཆ་ཡིན་པས་མ་འོངས་པར་ཟབ་ནན་གནང་དགོས་པའི་ལམ་སྟོན་གནང་ཡོད། ཁོང་ནི་སྐད་ཆ་སྙན་པོ་བཤད་ཐུབ་མཁན་གྱི་ཤེས་ཡོན་ཅན་ཆབ་སྲིད་པ་ཞིག་ཡིན་པས་མི་མང་རྣམས་གཟབ་གཟབ་བྱ་དགོས། ངེད་ཚང་དུས་རབས་ ༢༡ ནང་འགྲོ་བཞིན་པ་ལྟར་ཆོས་རྒྱལ་སྐབས་ཀྱི་ཡ་རབས་བཟང་སྤྱོད་ཅན་ཐོག་ལ་འགྱུར་བ་འགྲོ་བཞིན་ཡོད་དོ།
དབུ་མའི་ལམ་ཟེར་འདི་དུས་དང་འཚམས་པའི་སྲིད་ཇུས་ཤིག་མིན་པར་གནས་ལུགས་ཀྱི་ངོས་ནས་ཁ་གྲགས་བསྡད་ཡོད། ལོ་རྒྱུས་དང་མི་འཚམས་པ། རྒྱ་ནག་མི་དམངས་ཀྱི་དམངས་གཙོའི་འཕེལ་རྒྱུས་དང་མི་འཚམས་པ། བོད་མི་དམངས་ཀྱི་ཐོབ་ཐང་དང་མི་འཚམས་པ། དེང་སང་འཛམ་གླིང་གི་ཁ་ཕྱོགས་དམངས་གཙོ་ལ་འཁོར་དུས་དབུ་མའི་ལམ་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མགོ་བཅུག་མཁན་འགྲོ་བ་འདི་དུས་དང་མི་འཚམས་པའི་ལས་ཀ་རེད།
ཁྱོད་ཚོས་བཤད་ཀྱི་རེད། གོང་ས་ཏ་ལའི་བླ་མའི་རང་བཙན་མ་འདོད་པ་མིན་རབས་དང་། རང་བཙན་མི་འདོད་མཁན་སུ་ཡང་མེད་རབས་བཤད་ཀྱི་རེད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཀྱང་འདི་འདྲ་བཤད་ཀྱི་རེད། འཐབ་ཕྱོགས་གཅིག་གྱུར་ཁང་གིས་དབུ་མའི་ལམ་ཟེར་བ་འདི་ཕྱེད་རང་བཙན་དང་རྣམ་འགྱུར་བའི་རང་བཙན་ཡིན་རབས། ཏའི་ལའི་བླ་མས་ཁ་ནས་རང་སྐྱོང་བཤད་པ་མ་གཏོགས་ཁོག་ནས་རང་བཙན་བསྒྲུབ་འདོད་ཀྱི་་ཡོད་རབས་བཞིན་འདུག་མོད། ཁྱོད་ཚོས་ངོས་ནས་བྱས་ན་དེ་ག་རང་རེད་དམ།
རང་བཙན་འཐབ་རྩོད་བྱས་ན་རྒྱ་གར་བས་འདུག་བཅུག་གི་མ་རེད་ཟེར་བའི་སྐད་ཆ་འདིས་རྒྱ་གར་གཞུང་ལ་མིང་ཅན་བཟོ་ཡི་ཡོད་པ་མིན་ནམ།
བོད་ཆེན་པོའི་རྒྱལ་ཁབ་ཀྱིས་ལུང་པ་ཤོར། རྒྱ་གར་གྱི་ནང་དུ་ཐོག་མར་བསླེབས་སྐབས་སུ་ཉམས་ཕྲ་བའི་ཁ་ཐུག་རེད། བོད་རང་བཙན་བརྩད་ཀྱི་ཡོད་པའི་སྐབས་སུ་རེད། རྒྱ་གར་བས་སྐྱབས་བཅོལ་སྤྲད་པ་མ་གཏོགས་ཕུད་མི་འདུག་ག
ཡུར་ཧོར་བས་རང་བཙན་བརྩད་ཀྱི་འདུག་ཏེ་ཡུར་ཧོར་བ་རྣམས་འཛམ་གླིང་ཐོག་ཏུ་སྐྱབས་བཅོལ་བསྡད་བཅུག་པས་མ་ཚད་ཨ་རི་གཙོ་བོ་གྱུར་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད། འདི་ནི་ལོང་བ་མིན་ན་མཐོང་ཚོད་དང་འོན་མིན་ན་གོ་ཚོད་ཡིན།
བོད་རང་བཙན་བརྩད་ན་རྒྱ་གར་བས་འདུག་མི་བཅུག་རབས་དང་ནུབ་ཕྱོགས་པས་རྒྱབ་སྐྱོར་མི་བྱེད་མདོག་མདོག་བཤད་བསྡད་པའི་སྐད་ཆ་འདི་དག་རྫུན་གཏམ་ཁོ་ན་རེད།
རང་བཙན་ཇི་ལྟར་བརྩད་ཀྱི་ཡིན་ནམ་ཟེར་བའི་དྲི་བ་འདི་ལ་ལན་མེད་ན་རང་བཙན་བརྩད་དགོས་ཀྱི་ཡོད་ཟེར་གི་མ་རེད། བྱིས་པ་བསམ་མེད་མིན།་བརྒྱད་ཅུ་ཧོན་ལོག་ནི་མིན། རྨོངས་དད་ལྕགས་ཀླད་ཅན་ནི་མིན། ལྐོག་ཟ་རུལ་སུངས་ནི་མིན་ནོ།
དབུ་མའི་ལམ་པ་ཚོས་བོད་རྒྱ་ནག་གི་མངའ་ཁུངས་སྡོད་ཀྱི་ཡིན་ཟེར་བསྡད་ན་རྒྱ་གར་བས་ཕུད་འོང་ཡ་ཉེན་ཁ་ཆེན་པོ་ཡོད། ལྷག་པ་ཏུ་རྒྱ་གར་ནག་གཉིས་དམག་འཁྲུག་འདྲ་བྱུང་ན་དེར་དུས་ཏང་གི་རྩ་ཁྲིམས་ཁས་ལེན་གྱི་ཡིན་ཟེར་མཁན་དབུ་མའི་ལམ་ཚང་ལ་རྒྱ་གར་བས་ཁག་པོ་་བཟོ་ཡོང་ངེས་ཡིན།
རྒྱ་གར་གཞུང་གིས་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་བྱེད་བཞིན་མེད། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་དགོས་ན་རྒྱ་གར་གཅིག་གི་སྲིད་ཇུས་ལ་ཁས་ལེན་དགོས་ཅེས་རྒྱ་གར་གྱི་ཕྱོགས་ནས་ལན་སྤྲད་ཡོད། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་གྱི་མིན་ཟེར་བ་འདི་བོད་དང་ཡུར་ཧོར་གཉིས་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་གྱི་མིན་ཞེས་པའི་དོན་རེད།
རྒྱ་གར་གྱིས་བོད་རང་བཙན་ལ་ངོས་ལེན་བྱེད་ཀྱི་མེད་པའི་རྒྱུ་མཚན་ཅི་བཤད་ཀྱི་ཡོད་དམ། ཡིག་ཆ་འདྲ་སྟོན་ཡ་ཡོད་དམ། རྒྱ་གར་བའི་དཔོན་པོ་ཚོས་བོད་རང་བཙན་ལ་ངོས་ལེན་མེད་པའི་་གཏམ་བཤད་འདྲ་བྱས་སོང་ངམ།
རྒྱ་གར་བའི་དཔོན་རིགས་མང་པོས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པའི་གཏམ་བཤད་མང་པོ་མཐོང་མྱངས་ལ་ཐོས་ཡང་མྱངས།་་་རྟ་བདུན་དབང་པོ་ལགས།
རྒྱ་ནག་དམངས་གཙོ་འགྱུར་ན་བོད་ཀྱི་རང་བཙན་བརྩད་ན་སྤྲོད་པའི་རྒྱུ་མཚན་གང་ཡོད།གདེངས་ཚོད་ཨེ་ཡོད། རྒྱ་ནག་མི་དམངས་ཀྱིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་ཀྱི་ཨེ་རེད། ཡུར་སོག་གཉིས་ཀྱིས་རང་བཙན་རྩོད་ཀྱི་འདུག་གམ།རང་དབང་རྩོད་ཀྱི་འདུག ཡུར་སོག་གཉིས་ལ་སྐྱབས་བཅོལ་གཞུང་ཞིག་ཡོད་དམ། ཐེ་ཝན་སྲིད་བློན་གཞུང་འབྲེལ་ཐོག་ཕྱི་བསྐྱོད་མ་ཆོག་པ་ཅི་ཡིན་ནམ།འདི་དག་ཚང་མ་བསམ་བློ་གཏོང་དགོས་པ་རེད།
བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་མཆན་འགྲེལ་ནང་ལ་ང་ཚོས་རྒྱུན་མཁྱོང་གསུམ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་ནན་བཤད་བྱས་པ་དེས་ང་ཚོ་ལ་མང་གཙོ་མི་དགོས་ལབ་ཚར་བ་རེད། དེས་ན་ཡིག་ཆའི་ནང་གསལ་པོ་བཀོད་ཟིན་པ་དེ་བློ་བཟང་སེང་གེས་ཁ་ནས་བཤད་པ་ལ་ནག་ཉེས་ཇི་ལྟར་ཆགས་སོང་བ་རེད་དམ། དེ་ནི་ཁྱེད་ཉིད་བཙན་བྱོལ་སྒྲིག་འཛུག་གི་ལངས་ཕྱོགས་དབུ་མའི་ལམ་མ་ད་དུང་ཡང་གོ་རྟོགས་ཡག་པོ་མེད་པའི་རང་རྟགས་གསལ་པོ་སྟོན་འདུག་གོ།།
ང་ཅོ་རི་ཕོ་ལོ་ཅོ་བརྒྱད་ནས་བདེན་ཚིག་སྨོན་ལམ་བློ་ལ་སྐྱོར་ནས་འདོན་མཁན་ཞིག་དང་། གོང་ས་ཏ་ལའི་བླ་མའི་གྲིབ་ནག་གི་འོག་ཏུ་འཚར་ལོངས་བྱུང་བའི་མི་ཞིག་གིས་ཏ་ལའི་བླ་མའི་ཐུགས་དགོངས་ཤེས་ཀྱི་མ་རེད་ཟེར་བ་འདི་་་མི་ཚེ་རི་ལ་བསྐྱེལ་ནས་རི་དྭགས་ངོ་ཤེས་ཀྱི་མ་རེད་ཟེར་བ་དང་གཅིག་མཚུངས་རེད་དོ།
ཚ་སྒང་ཕོ་ཉའི་་་སྐད་ཆ་དེ་ག་རང་རེད། བདེན་པ་རེད། གནས་ལུགས་ཤེས་པའི་སྐད་ཆ་རེད།
ཅོ་རི་ལགས། རྒྱ་གར་སྲིད་བློན་ཐོག་མ་ནེ་རོ་རྗེ་བོད་རྒྱ་ནག་གི་མངའ་ཁོངས་རེད་ཅེས་མིང་རྟགས་བཀོད་ཚར་བ་རེད། དེ་ལས་ལྷག་ཅིག་ཅི་དགོས། རྒྱ་གར་བློན་པོ་ཁ་ཤས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་པ་བདེན་པ་རེད། ཡིན་ཀྱང་རྒྱ་གར་སྲིད་བློན་སུས་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་པ་མ་རེད། ད་ཐེངས་ཀྱི་སྲིད་བློན་མོ་རྡས་ལ་རེ་བ་ཞིག་ཨེ་ཡོད་ན། །
ནེ་རོ་རྗེ་ཤི་བོ་རེད། ཏན་ཞོ་ཕིང་ཤི་བོ་རེད། ཤི་བོ་ཚོའི་་ཅིག་ཅིག་ཟེར་གི་འདུག་ཟེར་བ་དང་། ཉོག་ཉོག་གསུངས་སོང་ཟེར་བའི་སྐད་ཆ་འདི་དག་གིས་བདེན་དཔང་འགྲིག་མ་རེད། ནེ་རོ་རྗེ་ཡིས་མིང་རྟགས་བཀོད་པའི་དཔང་རྟགས་ཡོད་དམ། ཡིག་ཆ་ཡོད་དམ། ནེ་རོ་བྱབ་ཆུང་དེ་འདྲ་ཞིག་དང་ཡིན་གྱི་མ་རེད།
ཏན་ཞོ་ཕིང་གིས་བོད་རང་བཙན་མིན་པ་ཐམས་ཅད་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་ཆོག་ཟེར་བའི་སྐད་ཆ་འདིར་གུན་ཁྲན་ཏང་གིས་ཁས་ལེན་གྱི་མེད་པ། ཤི་བོ་རྐྱང་རྐྱང་དཔང་རྟགས་བཙུགས་ནས་ཅི་ཕན།
ནེ་རོ་རྗེ་ཡིས་བོད་རྒྱ་ཁུངས་རེད་ཟེར་ནས་མིང་རྟགས་བཀོད་པ་དང་ཏན་ཞོ་ཕིང་གིས་རང་བཙན་མིན་པར་ཐམས་ཅད་གྲོས་མོལ་བྱེད་ཆོག་ཟེར་བའི་སྐད་ཆ་དེ་དག་བདེན་དཔང་ག་རེ་ཡོད་དམ། ངས་བལྟས་ན་རྫུན་གཏམ་རེད་བསམས་ཀྱི་ཡོད། དཔང་རྟགས་ཡོད་སྟོན་འོང་ཡ་མི་འདུག་ག
སྟོན་ཡ་ཡོད་ན་བོད་རྒྱ་གྲོལ་མོལ་བྱེད་དགོས་ཟེར་མཁན་ཚོ་ལ་ཕན་ཐོགས་ཀྱི་རེད་བ། ཤི་བོ་རྐྱང་རྐྱང་དཔང་རྟགས་བཙུགས་ནས་བོད་མི་རིགས་ཀྱི་ལས་དབང་རླུང་ལ་སྐུར་སྟངས་འདི་ཡག་པོ་མ་རེད་བ།
ཆེད་རྩོམ་འདིར། ལུང་ཁུངས་གཉིས་དྲངས་ནས་གསུངས་འདུག ཟླ་བ་ཚེ་རིང་གིས་་རང་ཉིད་སྤྱི་འཐུས་ཡིན་བཞིན་དུ་བོད་ནང་ལོག་ཐབས་མེད་པ་བཤད་པ་མིན་ནམ། གང་ཤེས།
བློ་སེང་གིས། བོད་ནང་དམངས་གཙོ་རྩོད་བགྱིད་མེད་ཅེས་པ་འདི། རྒྱ་གཞུང་དམར་གཞུང་གུང་བྲན་ཡིན་བཞིན་པའི་སྐབས་ལ། གྲོས་མོས་ཐུབ་པའི་དབང་དུ་བྱས་པ་མིན་འགྲོ དེ་ཚོའི་ཁུངས་དང་གཏམ་དངོས་སུ་གོ་མ་བྱུང་བས། འོལ་ཚོད་ཀྱིས་བཤད་པ་ཡིན།
བོད་གཞིས་བྱེས་གཉིས་ཀྱི་མཐུན་འབྲེལ་ཕན་པའི་ཚིག་བཤད་མ་ཐུབ་ན་ཡང་། གནོད་པའི་རིགས་ཛེམས་ན་ཕན་ཐོགས་ཆེ་བ་སེམས་སོ།།
ཁོང་ཚོ་གསུམ་ སུས་སྲིད་སྐྱོང་བྱས་ནའང་དུས་ཚོད་མང་ཆེ་བ་གསུང་ཆོས་ཞུ་རྒྱུ་དང་ ཆིབས་་ཞབས་ལ་འགྲོ་རྒྱུ་ལས་ཁྱད་པར་དེ་རྩམ་མེད།།
ཡ་ད་ཅོ་རི་འདི་ལ་ལག་ཁེལ་ས་མ་རེད། ཁྱོད་རང་རྒྱལ་བ་ཡིན། འཇམ་དབྱངས་ནོར་བུ་དང་ཁྱེད་གཉིས་ནམ་ཡང་རྒྱལ་གྱུར་ཅིག །
༡ ནམ་མཁའ་ལགས།༼ཁྱེད་ཚོའི་འཚོ་རྟེན་མ་བྱེད་རོགས་༽ཟེར་བ་ཏག་ཏག་སྡོད་ཀྱི་ཨེ་ཡོད། དཔེར་ན་ད་ལྟའི་སྲིད་སྐྱོང་མཆོག་ལ་ཆ་བཞག་ན། ཨ་རིའི་ཌོ་ལར་བློས་བཏང་གིས་རང་གི་ལུང་པ་དང་། མི་རིགས་ལ་ཞབས་འདེགས་ཞུ་བར་ཕེབས་པ་ནི་སྙིང་སྟོབས་ཆེན་པོ་རེད་བསམ་གྱི་ཡོད།
༢ ཅོ་རི་ལགས། ང་ཚོ་བོད་མི་ཡོངས་ལ་སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་བཀའ་དྲིན་བསྐྱངས་དང་། སྐྱོང་བཞིན་པའི་བཀའ་དྲིན་གྱི་བདག་ཉིད་༧གོང་ས་མཆོག་ལ་ཁུངས་ལུང་མེད་པའི་ཟུར་ཟའི་སྐད་ཆ་འདྲ་མིན་བཤད་ན་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད་དོ། བཀའ་དྲིན་ཆེན་པོ་ཡིན་པའི་དཔེ་མཚོན་གཅིག་ཞུས་ན། ༡༩༥༩ ལོར་༧གོང་ས་མཆོག་མོན་རྟ་དབང་ལ་ཕེབས་འབྱོར་བྱུང་མེད་ན་བོད་ཀྱི་ལོ་རྒྱུས་ནག་བསུབས་ཕྱིན་ཚར་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕར་བཞག། བཙན་བྱོལ་བོད་མི་ཡང་མེད་པ་ཆགས་ཚར་པ་རེད། རྒྱུ་མཚན་ཁྱེད་རང་གིས་ཤེས་ཀྱི་མེད་ན་རྒན་རབས་པ་ཚོར་སྐད་ཆ་བྲིས་དང་མཁྱེན་གྱི་རེད། ང་མང་པོ་ཤོད་འདོད་མེད། དོན་སྙིང་ཁྱེད་རང་ལས་འགན་ཞིག་འཁྱེར་ནི་ཆེད་མངགས་ཤོད་ཀྱི་ཡོད་ན་ལས་དེ་མིན་ཞེན་པ་ལོག་རྒྱུའི་སྐད་ཆ་གང་བྱུང་མ་གསུངས་རོགས་གནང་། ཐུགས་རྗེས་གཟིགས།།
ནམ་མཁའ་ཚང་ནམ་མཁའ་ན་མེད་པར་ས་འོག་ན་ཡོད་པ་འདྲ། ས་འོག་ནས་རེ་བ་ཞུ་སའི་གཞིས་ཆགས་བུ་གུ་གསུམ་དེར་རེ་བ་རྒྱགས་སྟངས་ལྟོས་ན་ཅུང་ཧ་གོ་སླ།
བོད་ནང་གི་མི་མང་འཚོ་རྟེན་བྱེད་མཁན་བཀའ་སྤྱི་གཉིས་མ་རེད། སྒྲོ་ལོར་ཆེད་དུ་ནུབ་ཕྱོགས་ལ་རྒྱུག་མཁན་འཁྱམ་པོ་ཁྱོད་ཚོ་རེད། ཁྱོད་ཚོད་བོད་ནང་ལ་དཀའ་ངལ་ཡོད་ང་ཚོ་བོད་ནང་ལ་སྡད་མ་ཐུབ་པར་ནུབ་ཕྱོགས་ལ་སྐྱབས་གཅོལ་ཞུ་རུ་ཡོང་བ་ཡིན་ཞེས་བཤད་ནས་དེར་སླེབས་པ་མིན་ནམ། འོན་ཀྱང་དེར་སླེབས་ཚར་ནས་བོད་སྤྱི་དོན་ལ་བྱ་བ་ཆེན་པོ་སྒྲུབ་རྒྱུ་ཕར་ཞོགས་ངོ་རྒོལ་ཁྲོམ་སྐོར་ཞིག་ལ་ཡང་མཉམ་ཞུགས་མི་བྱེད་པར་བོད་ནང་གི་མི་མང་གི་བདེ་སྡུག་བློས་གཏོང་རྐྱང་བྱེད་ཀྱི་ཡོད་ཀྱང་། ད་དུང་ཁྱོད་ཚོས་ཁ་ཆེན་པོ་ཞིག་གདང་ནས་བོད་དོན་ཆེད་དུ་དཀའ་ལས་རྒྱག་མཁན་བཀའ་སྤྱི་གཉིས་ལ་གཅིག་བཤད་ཁུལ་བྱེད་ན་བཤད་མཁན་ངོ་མི་ཚ་ཡང་ཉན་མཁན་ཞེ་ཁྲེལ་བའི་རྒྱུ་ལས་ཅི།
བོད་གཞུང་གི་མི་མེན་ན་རྒྱ་མིས་དུས་ནམ་ཡང་ཁ་མི་གྲགས་བ་དེ་ཚང་མས་ཧ་གོ་ན་ཡག་པོ་འདུག། ཁོ་ཚོ་སྲིད་ཀྱོང་ལ་ལང་པ་ངས་ཧ་གོ་སོང།
ལུང་རྟོགས་ཀྱི་སྐད་ཆ་བཤད་པ་འདིར་གནས་ལུགས་ཆེན་པོ་ཞིག་ཡོད། ཨ་རི་དང་ཡོ་རོབ་སོགས་ལ་སྐྱབས་བཅོལ་ལེན་དགོས་ན་ཆབ་སྲིད་དང་འབྲེལ་བའི་སྒྲུང་ག་འདྲ་བཟོ་དགོས་པ་མི་རེ་རེ་བཞིན་གྱི་སེམས་ན་ཡོད་རེད།
དུས་རྒྱུན་ཆབ་སྲིད་ལ་དུག་བཞིན་ལྟ་མཁན་ཞིག་ཡིན་ན་ཡང་། དེ་དུས་རང་ཉིད་བོད་ནས་ཡོང་རབས། རྒྱ་མིས་སྡུག་པོ་གཏད་རབས། དཀའ་ལས་འདྲ་མིན་མྱངས་རབས། སྐྱབས་བཅོལ་རོགས་དན་དགོས་རབས་ལབ་གྱི་ཡོད་རེད། དེ་ནི་མཐར་གཏུགས་ན་ང་ང་བོད་ཀྱི་རང་དབང་གི་ཆེད་དུ་རྒྱ་ནག་གི་ཁ་གཏད་ཆགས་སོང་། འདུག་ས་མེད་སོང་ལབ་གི་ཡོད་རེད། ལབ་ན་ལབ་ཏུ་ཆུག་མོད། རང་ངོ་གི་གཡག་མི་མཐོང་བར་གཞན་ངོ་ཡི་ཤིག་ལ་ལབ་བསྡད་ན་འདྲ་རང་མི་འདུག དེ་གཅིག་ཡིན། དེ་མིན།
དོན་ངོ་མ་སྲིད་ཀྱོང་རྒྱ་མི་ཞིགས་ཞག་པ་དང་གཅིག་ཚུང་རེད་པ།
སྤྱིར་ང་ལྟ་བུ་ཞིག་ལ་མཚོན་ན། ཁྱེད་ཚོ་ཤེས་ཡོན་པ་ཚོར་ཁ་འཐབ་བྱེད་པའི་བསམ་བློའི་གོ་རྟོགས་གང་ཡང་མེད་མོད། འོན་ཀྱང་། ང་ཚོ་ཚང་མས་ཤེས་དགོས་པ་ཞིག་དང་བསམ་བློ་གཏོང་དགོས་ས་ཞིག་ནི། བཀའ་སྤྱི་སོགས་ལས་ཀྱི་སྣེ་མོ་བ་དག་ལ་སྐྱོན་བརྗོད་བྱེད་ན། དང་པོ་རང་ཉིད་ཀྱི་སྟེང་ལ་མཛུབ་མོ་འཛུགས་རྒྱུ་གལ་ཆེན་པོ་རེད་སྙམ། རང་ཉིད་ཀྱིས་འདས་ཟིན་པའི་ཁྲོད་ཕྱག་ལས་ཅི་འདྲ་གནང་ཡོད་མེད། དེས་ཞབས་འདེགས་དང་ཞབས་འདྲེན་གང་དག་ཞུས་ཡོད་མེད། ད་ལྟ་རང་ཉིད་ཀྱི་ཕྱག་ལས་ཀྱི་ནུས་ཚད་ཅི་འདྲ་ཞིག་ཐོན་གྱི་ཡོད་མེད། དེའང་ཕྱག་ལས་ཀྱི་ནུས་པའི་ཤུགས་ཆེ་ཤོས་དེ་བོད་མི་རིགས་ཀྱི་ཆེད་དུ་གནང་ཡོད་དམ་རང་དོན་དུ་གནང་ཡོད། མ་འོངས་པའི་ལས་འཆར་དེའང་བོད་དོན་གཙོ་བོར་བཟུང་ཡོད་དམ་རང་དོན་གཙོ་བོར་བཟུང་ཡོད་མེད་བཅས་ལ་དཔྱད་ཞིབ་བྱས་ཏེ་རང་སྐྱོན་ངོས་ཟིན་དང་ཁ་བཤད་དོན་གནས་ཞིག་ཡིན་ན་གཞི་ནས་ཕར་ཕྱོགས་ལ་ཁ་གདང་རྒྱུ་གལ་ཆེན་རེད་མ་གཏོགས། ལས་སྣེ་མོ་བ་ཚོའི་སྐྱོན་ཤ་སྟག་བཙལ་ནས་སྡོད་པ་དེ་ཡག་རྟགས་ཤིག་མ་རེད་སྙམ།
ནམ་མཁའ་ལགས་ནས་བོད་ནང་གི་དཀའ་སྡུག་མཁྱེན་པའི་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་བརྗེད་ནས་གཞིས་ཆགས་ནས་སྐྱེས་པའི་མི་འདི་ཚོར་དཔྱད་པ་གཏོང་བ་དེ་ནོར་འཁྲུལ་རེད། གཞིས་ཆགས་འདི་གསུམ་བོད་ནང་གི་གནས་བབ་ལ་མུན་ནག་མུན་རྐྱང་རེད། འདི་ཚོ་གསུམ་བོད་ནང་ཚོར་བ་ཞིག་མེད་ངེས་རེད། དེ་ལས་ཀླུ་མཁར་བྱམས་བོད་ནས་སྐྱེས་ནས་བཙོན་ཁང་འགྲིམས་པའི་མི་ཞིག་ཡིན་དུས་རེ་བ་ཆེན་པོ་རེད་བསམ།
# 12 རྟ་བདུན་དབང་བོ་ལགས་ཀྱིས་མཆན་བཏབ་པ། :
August 16th, 2015 at 1:47 PM
བློ་མཐུན་ཅོ་རི་ལགས། ཁྱོད་ལ་ཇི་མཛད་ལེགས་མཐོང་གི་མོས་གུས་ཤིག་མེད་ནའང་༧གོང་ས་མཆོག་གི་ཐུགས་དགོངས་ཟབ་མོ་དེ་ཅི་ཕྱིར་མ་རྟོགས་པ་ཡིན། ༧གོང་ས་མཆོག་གིས་རང་བཙན་མ་འདོད་པར་དབུ་མའི་ལམ་གདམས་པ་ཞིག་ག་ལ་ཡིན། དུས་དང་བསྟུན་ནས་འོས་ཤིང་འཚམས་པའི་དབུ་མའི་ལམ་དུ་ཞུགས་པ་ནི་ཁྱོད་ཀྱི་མིག་ལྡོངས་ན་མ་གཏོགས་སུས་ཀྱང་ཤེས་སླ། རང་བཅན་མི་འདོད་མཁན་སུ་ཞིག་ཡོད། འོན་ཀྱང་རང་བཙན་ཇི་ལྟར་རྩོད་ཀྱི་ཡིན། གལ་ཏེ་བོད་མིའི་སྒྲིགས་འཛུགས་རང་བཙན་གྱི་ལམ་ཁར་ཕྱོགས་ན་སྐྱབས་བཅོལ་བ་ཚོ་རྒྱ་གར་དུ་གནས་ཐུབ་བམ། ཁྱོད་ཀྱིས་དེའི་ཕྱོགས་ལ་ཐུགས་བསམ་བཞེས་མྱོང་ངམ། རྒྱ་གར་གྱིས་བོད་བཙན་ངོས་ལེན་བྱེད་ཀྱི་མེད་པ་དེ་ཁྱོད་ཀྱིས་མ་རྟོགས་སམ། བོད་གཞུང་གི་མིང་དེ་སྒྲིགས་འཛུགས་ཤིག་གི་མིང་ལ་བསྒྱུར་དགོས་པའི་རྒྱུ་མཚན་གང་ཡིན་ཤེས་སོང་ངམ། བྱིས་པ་བློ་ཆུང་བསམ་མེད་འདི་ཚོས་གོང་ས་མཆོག་གི་ཐུགས་དགོངས་ཟབ་མོ་དེ་རྟོགས་ཐུབ་ཀྱི་མེད་པར་དགོད་ཀྱང་ཤོར་ལ་ངུ་ཡང་ཤོར།
དྲ་གྲོགས་ཚོ་གོང་གི་རྟ་བདུན་དབང་པོའི་མཆན་ཨང་༡༢པ་དེར་གཟིགས་དང་བཙན་བྱོལ་བས་རང་བཙན་མི་རྩོད་པའི་རྒྱུ་མཚན་དེ་བཙན་བྱོལ་བ་ཚོ་རྒྱ་གར་ནུ་གནས་བཟོད་བདེ་ཆེད་རེད་ཟེར། ཨ་ཧ་ཧ། བཙན་བྱོལ་བའི་འཐབ་རྩོད་ཀྱི་ཁ་ཕྱོགས་ནི་གཞིས་ལུས་རྒྱ་ཆེ་མི་མང་གི་ཆེད་དུ་མིན་པ་བྱེས་འབྱོར་བའི་བདེ་སྡུག་གི་ཆེད་དུ་རེད་ཟེརཕོད་པ་དེ་ཧ་ཀྱང་བོད་དོན་ལ་ཚོར་བ་མེད་པའི་གཏམ་ངན་ཞིག་རེད།
འདིར་དྲ་གྲོགས་མང་པོས་རང་རང་གི་བསམ་ཚུལ་རེ་གསུང་ཏེ་བགྲོ་གླེང་གནང་འདུག་པས་བཀའ་དྲིན་ཆེ།
དེ་མིན་དབུ་རང་བར་གི་རྩོད་གླེང་ཡང་བྱུང་འདུག་མོད། འོན་ཀྱང་ང་ཚོས་དུས་ཡུན་རིང་པོ་ཞིག་ལ་ཞིབ་བསྡུར་མང་པོ་བྱས་པ་རེད། མ་ཟད་རྩོད་རྙོག་འདིས་དབུས་གཞོན་ལྷན་ཚོགས་ཆེན་རྡ་སར་ཚོགས་སྐབས་འཐོར་བཤིག་ཏུ་འགྲོ་ལ་ཁད་ཞིག་སོང་པ་རེད། སྤྱིར་སྐབས་དེར་བཀའ་ཤག་གིས་འདུམ་སྒྲིགས་བྱེད་དགོས་མོད། འོན་ཀྱང་བཀའ་ཤག་གིས་མ་བྱས་པར་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཕེབས་ནས་འདུམ་སྒྲིགས་བྱེད་དགོས་བྱུང་ཡོད། ཡིན་ཡང་རང་བཙན་འཐབ་རྩོད་པ་ཚོས་ལམ་ཁ་དེ་ནས་ཤར་བསྐྱོད་བྱས་ཏེ་འཐབ་རྩོད་གནང་པ་ལ་རྒྱབ་སྐྱོར་ལས་དགག་བྱ་ནམ་ཡང་བྱེད་ཀྱི་མེད། རྒྱུ་མཚན་ནི་ལོ་རྒྱུས་ཀྱི་བདེན་དཔང་རེད་།ཚིག་འདི་མ་གཏོགས་མང་པོ་འབྲི་ཁོམ་ཡང་མེད། གཉིས་པ་དེ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་སྐོར་ལ། ཁོ་རང་བཙན་འཐབ་རྩོད་པ་ཞིག་ཡིན་དུས། ཁོ་རང་སྲིད་སྐྱོང་གི་གོ་ས་ཐོབ་ཀྱང་ཁོ་གཅིག་པོས་གཞུང་གི་ལངས་ཕྱོགས་འགྱུར་བ་གཏོང་ཐུབ་ཀྱི་རེད་དམ།
དེ་ནི་གཏོང་ཐུབ་པ་ཞིག་མ་རེད། ཐ་ན་བཀའ་ཤག་ནང་གི་བཀའ་བློན་ཚོའི་ལངས་ཕྱོགས་ཡང་འགྱུར་བ་གཏོང་དཀའ་བ་ཞིག་རེད། དེའི་འོག་ན་ད་རུང་གྲོས་ཚོགས་ཡོད་པ་རེད། གྲོས་ཚོགས་ནས་ཐག་གཅོད་མ་བྱས་པར་སྲིད་སྐྱོང་ཁོ་རང་གི་དབང་ཚད་ཁོ་ནས་འགྱུར་བཏང་མི་ཆོག་པ་རེད།དེ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་བཅའ་ཁྲིམས་ཀྱི་དགོངས་གཞི་རེད། གཞན་ཁ་ཤས་ཀྱིས་ཕྲན་ལ་ཁ་རྡུང་གཏོང་ཡ་ལ་འཚེར་སྣང་བྱེད་ཀྱི་ཡོད་པ་འདྲ་བོ་ཞིག་ཚོར་སོང་།དེ་འཚེར་སྣང་བྱེད་མི་དགོས་བར་ངའི་བསམ་ཚུལ་ལ་དགག་པ་གང་མང་བྱས་ན་ལེགས་པ་ཡོད་པ་རེད། ང་ཚོ་ཆ་ཚང་གིས་བོད་སྤྱི་བའི་དོན་ལ་སྐད་ཆ་བཤད་ཀྱི་ཡོད་པ་རེད། སྤྱིར་མང་གཙོའི་ལུང་པ་ཞིག་བསམ་ཚུལ་གཅིག་པ་ཞིག་ནམ་ཡང་ཡོང་མི་སྲིད་པ་ཞིག་རེད། ཡིན་ཡང་མང་མོས་ལྟར་འགྲོ་གི་ཡོད་པ་རེད། མཐའ་དོན་ཞུ་འདོད་པ་ཞིག་ནི། ང་ཚོ་སུ་ཡིན་ཡང་ལུང་ཚན་གྱི་འཐེན་ཁྱེར་མི་བྱེད་པར་དངོས་ཡོད་གནས་ལུགས་ལ་བལྟ་རོགས་ཞུ་འདོད་པ་དེ་ཡིན།ཐུགས་རྗེ་ཆེ།
དེའི་ནང་བོད་ཀྱི་ལོ་རྒྱུད་དང་ཆབ་སྲིད་ཧ་གོ་མཁན་གང་ཡང་མི་འདུག་་ཁོ་ཚོ་སུའི་ཆེད་དུ་སྲིད་སྐྱོང་ལ་ལང་གི་ཡོད་རེད་ཇག་པ་སྲིད་སྐྱོང་ལ་ལང་པ་དེ་ཚོ་ཧ་གོ་སོང་ངམ།
གོང་དུ་ཚ་སྒང་ཕོ་ཉ་ལགས་ཀྱིས་གསུངས་པ་ལྟར༼བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་མཆན་འགྲེལ་ནང་ལ་ང་ཚོས་རྒྱུན་མཁྱོང་གསུམ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་ནན་བཤད་བྱས་པ་དེས་ང་ཚོ་ལ་མང་གཙོ་མི་དགོས་ལབ་ཚར་བ་རེད།༽ ད་ཚང་མ་ལོར་ཕྱག་ལས་གཅིག་ལྷག་འདུག ཡིག་ཆ་འདི་སྲིད་སྐྱོང་འོས་ཞུགས་པ་སུས་ཕྱིར་འཐེན་གནང་ཐུབ་ན་དེ་ལ་སྲིད་སྐྱོང་འོས་ཤོག་ལྡུག་འོས། དེ་མ་གཏོགས་ཁ་བཤད་ཙམ་གྱིས་ཕན་མི་ཐོགས། ལག་ལེན་ལ་འཇུག་དགོས།
དངོས་གནས་བྱེད་ན་འདི་ལོར་ཆབ་སྲིད་ཀྱི་དཔུང་ཁག་བསྡུར་དགོས་འདུག ཆེས་མཐོའི་རང་སྐྱོང་རྩོད་ལེན་ཚོགས་པ་དང་། རང་བཙན་བསྐྱར་གསོ་ཚོགས་པ་གཉིས་ཀྱི་འཐུས་མི་དང་སྲིད་སྐྱོང་གི་ཞབས་སྟེགས་རྩོད་ནས་དབུ་ལམ་དང་རང་བཙན་སུ་ཐོབ་ན་དེས་ལོ་ལྔ་རིང་སོ་སོའི་ལྟ་གྲུབ་ཐོག་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ན་བཟང་སྙམས།
ལྐོག་ཟ་རུལ་སུངས་ཀྱི་རྐུབ་གཡོག་ལུག་མགོ་ཅན་དང་རྒྱ་བླ་རྒྱུ་མགོ་ཅན་གཉིས་ཀྱི་ཅི་ཟེར་བསྡད་རེད་ཨ། ནུབ་ཕྱོགས་སུ་ཕེབས་པའི་བོད་མི་སྐྱབས་བཅོལ་བ་ཚོས་བོད་ནང་གི་དཀའ་སྡུག་ངོ་སྤྲོད་དང་། རང་ཉིད་ཀྱི་མྱོང་བ་དངོས་གྲུབ་ཀྱི་སྐད་ཆ་བཤད་ནས་སྐྱབས་བཅོལ་ཞུས་པ་རེད། དེར་འགྲིག་གི་མེད་པ་ཨེ་རེད། བོད་ནང་ལ་དཀའ་ངལ་ཡོད་ཟེར་ན་མི་འགྲིག་པ་ཨེ་རེད།
ངོ་རྒོལ་བྱེད་དུས་མཉམ་ཞུགས་བྱེད་ཀྱི་མི་འདུག་ཨེ། མི་ཚེ་གཅིག་ལ་གཞུང་གི་གླ་ཕོག་བཟའ་ནས་འཚོ་བ་བསྐྱེལ་མཁན་ཟམ་སྟོང་བླ་མ་ངོ་རྒོལ་ནང་དུ་མཉམ་ཞུགས་བྱེད་ཀྱི་ཡོད་དམ། ངོ་རྒོལ་ཁྲོམ་སྐོར་འགྲོ་དུས་མདུན་དུ་ཕྱིན་ན་ཟམ་སྟོང་བླ་མས་སོ་སོ་གསར་འགྱུར་ནང་དུ་ཐོན་ཆེད་རེད་ཟེར་མྱངས་ཡོད་པ། རྗེས་ལ་བསྡད་ན་ཡོང་གི་མི་འདུག་ཟེར་གྱི་ཡོད་པེ།་་་ཧཧཧ རྐུབ་གཡོག་འདི་ཚོས་ཅི་བཤད་དང་འདི་བཤད་མི་འདུག་ག
ཅོ་རི། ཁྱོས་མི་སྐད་བཤད་ཤེས་དུས་ནམ་ཡིན་ནམ། ནུབ་ཕྱོགས་ལ་འགྲོ་མཁན་ཚོས་བོད་ནང་ལ་དཀའ་ངལ་ཡོད་ང་ཡང་དེའི་ནང་གི་གཅིག་ཡིན་ཟེར་ནས་སྐྱབས་གཅོལ་ཞུས་པ་ལས་སྒྲོ་ལོར་བསགས་ཆེད་ཡོང་བ་ཡིན་ཟེར་མཁན་སུ་ཡོད། འོན་ཀྱང་ནུབ་ཕྱོགས་ལ་སླེབས་ནས་སྒྲོ་ལོར་དང་ཁ་ཐུག་འགྲོ་དུས་རང་ཉིས་སུ་ཡིན་པ་དང་གནས་བབ་གང་འདྲ་ཞིག་གི་འོག་ནས་སྐྱབས་གཅོལ་ཞུས་པ་ཡང་གཏིང་རྗེད་དུ་སོང་ནས། བོད་དོན་ལ་ཕན་པའི་ལས་ཀ་རེ་བྱེད་རྒྱུ་ཕར་ཞོག་ད་དུང་བོད་དོན་ཆེད་དཀའ་ལས་རྒྱག་མཁན་དབུ་ཁྲིད་ཚོར་གཅིག་མ་འགྲིས་གཉིས་མ་བྱས་ཞེས་བཤད་པ་འདི་མི་སྐད་མ་རེད་ཟེར་བ་ཡིན། ད་གོ་ཨེ་སོང་། ཟམ་གདོང་བླ་མས་མི་ཚེ་གཅིག་ལ་རང་ཉིད་སྒེར་དོན་བློས་བཏང་ནས་བོད་སྤྱི་དོན་ལ་ཞབས་འདེགས་སྒྲུབ་ཡོད། ཁྱོད་ཚོ་ངོ་རྒོལ་ཙམ་ལ་ཡང་མི་ཞུགས་པར་མི་ཚེ་བོད་དོན་ཆེད་བཏང་མཁན་ཞིག་ལ་ཁ་གཏོང་ན་མིའི་སྤྱོད་པ་ཨེ་རེད། མ་གཞི་དོལ་རྒྱལ་བ་ཁྱོད་ཚོས་བྱ་བརྒྱའི་ཉི་མ་ཤར་ནས་ཤར་ཡང་པགས་བྱེའི་ཉི་མ་ནུབ་ནས་ཤར་བའི་དཔེ་བཞིན་སྐད་ཆ་ཕྱིན་ཅི་ལོག་རྐྱང་རྐྱང་ལས་བཤད་མི་ཤེས་པར་ཚང་མས་ཤེས་ནས་ཡོད།
ཉམ་ཆུང་མི་དམངས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། སྒེར་གཅོད་དཔོན་ངན་ལ་གྱེན་ལོག་བྱེད་དགོས་པ་འདི་འཛམ་གླིང་ཐོག་གི་འཐབ་རྩོད་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་རེད། ལུག་ལགས།
ཉམ་ཆུང་གཉའ་ནས་མནོན་མཁན་དང་སྒེར་གཅོད་པའི་མདུན་དུ་པུས་མོ་བཙུགས་མཁན་ཞིག་ལ་སྤྱི་དམངས་ཀྱི་འཐབ་རྩོད་པའི་ཁྱད་ཆོས་ཚང་མེད་པར་རེད། འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་ཕོ་མཐའ་རེད། དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་བཤད་ན་སེམས་རྒྱ་ཆུང་བའི་ཐེག་དམན་པ་རེད། ཐེར་ཆེན་གྱི་ལམ་ལ་ཞུགས་པའི་ཆ་རྐྱེན་ཚང་མེད་པ་རེད་དོ། སྐད་ཆ་འདི་ལ་བསམ་བློ་ཡག་པོ་ཐོངས་་་་་་ལུག་རྟོག་ལགས།
སྒེར་གཅོད་བྱ་རྒོད་ཁ་དེ་ཤར་ལ་འཁོར་དུས།
དམངས་གཙོའི་གླག་མོའི་ཉི་མ་ནུབ་ཏུ་ཤར་ཡོད།
ལྐོག་ཟན་ཕག་པའི་ཁ་དེ་ཤར་ལ་འཁོར་དུས།
དྲང་བདེན་འབྲོང་མོའི་ཉི་མ་ནུབ་ཏུ་ཤར་ཡོད།།
ཤར་ཕྱོགས་གཉའ་མནོན་ཉི་མ་ནུབ་ལ་ཉེ་དུས།
ནུབ་ཕྱོགས་རྒྱབ་སྐྱོར་ཉི་མ་ཤར་ལ་ཉེ་ཡོད།
རྒྱལ་བཙོང་རྒད་པོའི་མི་ཚེ་ཟད་ལ་ཉེ་དུས།
རྒྱལ་གཅེས་བུ་ཆུང་མི་ལུས་འཚར་ལ་ཉེ་ཡོད།།
ཧཧཧ ཁྱོས་སྒེར་གཅོད་དང་ཉམ་ཆུང་གི་ཁྱད་པར་ཙམ་ཡང་ཤེས་ཀྱི་མེད་པ་འདྲ། ད་དུང་ཁ་ཆེན་པོ་ཞིག་གདང་ནས་འུར་ཆེན་པོ་ཞིག་སྒྲོག་པ་ངོ་མི་ཚའམ། ཁྱོད་སྒེར་གཅོད་དཔོན་ངན་ལ་གྱེན་ལོག་བྱེད་པའི་བློ་སྟོབས་དེ་འདྲ་ཞིག་ཡོད་ན་འཛམ་གླིང་སྟེང་གི་སྒེར་གཅོད་སྡུག་ཤོས་ནི་རྒྱ་གུང་ཕྲན་གྱི་དཔོན་ངན་ཚོ་ཡིན་པས་དེ་ལ་ངོ་རྒོལ་གྱིས་དང་གྱེན་ལོག་གྱིས་དང་ཨ་མའི་བུ་ཡིན། དེ་མིན་རང་རིགས་ཀྱི་དབུ་ཁྲིད་ཉམ་ཆུང་ཚོར་ཅི་ཞིག་བཤད་ཀྱང་བཙོན་ལ་འགྲོ་མི་དགོས་པ་ཁྱོས་ཤེས་ཡོད་པས་དེ་དག་ལ་སྒེར་གཅོད་དཔོན་ངན་ཞེས་ངར་ངར་ཤོར་ཤོར་ཇི་ཙམ་བྱས་ཀྱང་ཁྱོད་རང་མི་ཁྲེལ་མེད་གཞུང་ངན་ཞིག་ལས་དཔའ་བོའི་གྲལ་ལ་ནམ་ཡང་སླེབས་མི་སྲིད། ཕྱི་ལ་བྱེའུའི་སྐད་ཙམ་སྒྲོག་མྱོང་མེད་པར། །ནང་ན་བོང་བུའི་སྐད་ངན་རྟག་ཏུ་སྒྲོག་པའི། །མི་ཡི་ལུས་ལ་ཁྱི་ཡི་སེམས་པ་འབྱར་བའི། །མི་ངན་ཁྱོད་ལ་ཞེན་པ་གཏིང་ནས་ལོག་ཡོད།།
བཙན་བྱོལ་གྱི་སྲང་ལམ་ནང་གི་ཉི་རེ་ཞལ་འདོན།
རྒྱལ་ཁམས་པས།
སྔར་སོང་སྔ་མོའི་བཀའ་ཁྲི།།
སྟག་འདྲ་གཟིག་འདྲ་ཡོད་རེད།།
དེང་སང་སྲིད་སྐྱོང་སེང་གེས།།
ཆབ་སྲིད་རླུང་ལ་བསྐུར་གིས།།
རྒྱལ་སྤྱིའི་ཁྲིམས་ལུགས་མཁས་ཟེར།།
བོད་དོན་ཁྲིམས་ཀྱིས་སེལ་ཟེར།།
ལོ་བཞི་ལོ་ལྔར་ཉེ་ཡང་།།
ཁྲིམས་ཀྱི་དྲི་ཙམ་མི་འདུག །
སྲིད་སྐྱོང་“དབུ་རང་”ཡིན་ཟེར།།
ངོ་གཉིས་ཕྱག་ལས་གནང་སོང་།
ཉིན་མོ་དབུ་མ་གསུང་བཞིན།།
མཚན་མོ་“གཞོན་ནུར་”མཇལ་སོང་།།
ཆབ་སྲིད་ཡ་རེ་ཡོ་རེར།།
༸རྒྱལ་བས་གསུང་ནན་སྩལ་སོང་།།
གཞོན་ནུ་དུམ་བུར་འགྲོ་བའི།།
རྐྱེན་རྩ་སྲིད་སྐྱོང་ཆགས་སོང་།།
བོད་ནས་རང་སྲེག་གནང་སོང་།།
བློ་སེང་ཁ་རོག་བཞུགས་སོང་།།
རང་སྲེག་ཚོང་རྩ་དེ་ལ།།
ཚོས་ཉེས་བསྐྱོན་ནས་བཞུགས་སོང་།།
ལོ་བཞི་ཕྱིན་ནས་བསྐྱལ་སོང་།།
ནུབ་ཕྱོགས་ཕྱིན་ནས་བསྐྱལ་སོང་།།
གཞིས་ལུས་བོད་མི་ཚོ་ལ།།
དམངས་གཙོ་མི་དགོས་བརྗོད་སོང་།།
བོད་ཀྱི་རང་སྐྱོང་དེ་ལ།།
ཚད་བཀག་ཡོད་ན་འགྲིག་ཟེར།།
རྒྱ་ཡི་ཧོང་ཀོང་ནང་བཞིན།།
དུས་བཀག་ཡོད་ནའང་འགྲིག་ཟེར།།
འཐབ་རྩོད་ཆེན་པོ་གནང་སོང་།།
དབང་ཆའི་འཐབ་རྩོད་གནང་སོང་།།
བྱས་ཅན་རྒྱ་རི་སྐུ་ཞབས།།
ལངས་རྒྱུ་མེད་པ་བཟོས་སོང་།།
རྒྱུ་ནོར་བང་མཛོད་ཟིན་སོང་།།
ཨ་རིའི་ཐེབས་རྩ་ཟིན་སོང་།།
འཆལ་པོ་བློ་བཟང་སྙན་གྲགས།།
ཐེབས་རྩའི་དཔོན་ལ་བསྐོས་སོང་།།
དགའ་ས་ཡར་ལ་འཐེན་སོང་།།
མ་དགའ་མར་ལ་བསྐྱུར་སོང་།།
ཨོ་དགའ་དོན་གཅོད་བསྐོས་ཏེ།།
མི་འགྱུར་རྒྱང་ཕུད་བཏང་སོང་།།
ཤེས་ཡོན་སྲིད་བྱུས་བསད་སོང་།།
ཤེས་རིག་དྲུང་ཆེ་སྤོས་སོང་།།
དཔལ་ལྡན་སྤྱི་འཐུས་ལྷན་ཚོགས།།
ཚོགས་ཆུང་འཛུགས་དགོས་བྱུང་སོང་།།
བསྐོ་བཞག་དང་པོ་གནང་བྱུང་།།
ཚེ་རིང་དབང་ཕྱུག་བསྐོས་བྱུང་།།
འཕྲོད་བསྟེན་སྐྱོ་མ་གཡོས་ཏེ།།
ཁམས་གསུམ་རྙོག་གྲས་བརྒྱངས་བྱུང་།།
བསྐོ་བཞག་གཉིས་པ་གནང་བྱུང་།།
བདེ་སྐྱིད་ཆོས་དབྱངས་བསྐོས་བྱུང་།།
དེ་རིང་གཏན་ལ་ཕབ་པ།།
སང་ཉིན་བསྐྱར་བཅོས་ཡང་བཅོས།།
གསོལ་རས་དང་པོ་གནང་སོང་།།
ལས་བྱེད་ཕྱུ་པ་གནང་སོང་།།
ཕྱུ་པ་གནང་ས་མང་ཆེ།།
རྩ་དགོངས་ཞུས་ཏེ་ཕྱིན་སོང་།།
བསྒྱུར་བཅོས་དང་པོ་གནང་སོང་།།
གཞུང་ཡིག་དབྱིན་ཇིར་བསྒྱུར་སོང་།།
སྲིད་སྐྱོང་གསུང་བཤད་དེ་ཡང་།།
དབྱིན་ཇིའི་སྐད་ནས་བསྒྱུར་གིས།།
སྲིད་སྐྱོང་སློབ་ཡོན་གནང་སོང་།།
བོད་ཡིག་བརྡབ་ནས་བསད་སོང་།།
སྲིད་སྐྱོང་སློབ་ཡོན་མིང་ལ།།
བསད་ཀྱོག་སློབ་ཡོན་ཐོགས་སོང་།།
བོད་རྒྱ་འབྲེལ་མོལ་ཆད་སོང་།།
རིགས་གཅིག་རྐང་འཛིན་ཡལ་སོང་།།
གཞིས་ཆགས་སྤུན་སྲིང་ཟེར་བའི།།།
མིང་ཡོད་དོན་མེད་བསྡད་འདུག །
གླུད་རྫས་ལུག་མགོ་ཅན་འདི་འདྲ་བ་མང་རེར་ཕྱིན་ན་ཉམ་ཆུང་ཚོའི་མགོ་ཐོག་ཏུ་དཔོན་ངན་ཚོས་སྐྱག་པ་ཡོང་གཏོང་གི་རེད། གླུད་རྫས་འདིས་ག་དུས་ཡིན་ན་མི་ཆེན་བླ་ཆེན་ཚོའི་རྒྱབ་རྩ་བྱས་ནས་ཉམ་ཆུང་མི་དམངས་ཀྱི་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་ཐབས་བྱས་ཀྱི་རེད།
གླུད་རྫས་ཁྱོད་ཀྱི་གཤིས་ཀ་གོམས་གཞི་ལ་ཞེན་པ་ལོག་པའི་མ་ཟད་སྐྱུག་མེར་ཀྱང་ལངས་ཀྱི་ཡོད་དོ།
འ་རོ་ཅོ་ཉི་བླ་ངན་ཟེར་ན་སུ་རེད།སྲིད་དབང་སྒེར་གཅོད་སུས་བྱེད་ཀྱི་འདུག་གམ།དང་པོ་སྲིད་དབང་སྒེར་གཅོད་ལ་གོ་བ་ཡག་པོ་ལེན་ཐུབ་དགོས། གུང་ཁྲན་ཏང་གི་ཚིག་བོད་མིའི་སྒྲིགས་འཛུག་ཐོག་བེད་སྤྱོད་བྱེད་སྟངས་འདི་ཡ་མཚར་རེད། ཁྱོད་ཁ་ཕྱི་ནང་གང་ལ་འཁོར་མིན་ཁྱེད་ཀྱི་འདོད་པ་རེད། ཡིད་ལ་དྲན་ཚུལ་དང་ཁ་ལ་གང་ཡོང་བཤད་པ་འདི་རང་མཚང་ཕྱིར་སྟོན་གི་ཡོད་པ་ཤེས་དགོས་པ་རེད།ཁྱོད་ནམ་ཞིག་ལ་བཟི་དྭངས་དུས་བགྲོ་གླེང་བྱེད་ཆོག
ཨོ་་་་མཁས་དབང་རིན་ཆེན་ལགས། སྲིད་དབང་སྒེར་གཅོད་ལ་ཁྱོད་རང་གིས་འགྲེལ་བཤད་ཤིག་རྒྱོབ་དང་། དེ་ནས་རྩམ་ཁུག་ནང་དུ་རྩམ་པ་ག་ཚོད་ཡོད་མེད་ཤེས་འོང་གི་རེད།
གླུད་རྫས་ངོ་མ་ཁྱོད་ཚོ་དོལ་ཚོགས་རེད། ཁྱོད་ཚོས་བཙན་པོ་གུང་ཕྲན་གྱི་རྐུབ་ལྡག་ནས་ཉམ་ཆུང་བོད་མིའི་སྟེང་ཤོར་ཡོང་གི་ཡོད་པ། ཁྱོད་ཚོས་རང་ཉིད་སུ་ཡིན་པ་དང་ལས་འགན་ཅི་ཡིན་པ་ཙམ་ཡང་ཤེས་ཀྱི་མེད་པ། ད་ཁྱོད་ཚོ་གླུད་རྫས་མིན་ན་སུ་ཡིན།
ཨེ་་་ལུག་རྒན་་་་ད་ཡང་དོལ་ཚོགས་སྐོར་བཤད་ཀྱི་ཡོད་པེ།
༡་་་་ཉམ་ཐག་བཙན་བྱོལ་མི་དམངས་ཀྱི་ཆེད་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རོགས་དངུལ་སྤྲད་པ་དེ་འགྲོ་སོང་བཏངས་ནས་རྒྱ་མི་ཚོ་ལ་མགྲོད་འབོད་དང་བཞེས་ལག་ཕུལ་ནས་བསྡད་ཡོད་མཁན་དོལ་ཚོགས་ཨེ་རེད།་་་་ཤེས་མེད་ཚོ།
༢་་་་རྒྱ་རྐུབ་ལྡག་པའི་མ་ཚོད་རྒྱ་རྒན་མོའོ་ཨ་ཕ་ལྟ་བུ་ཡིན་ཟེར་མཁན་ཟེར་དོལ་ཚོགས་ཨེ་རེད།་་་་རྐུབ་ལྡག་ཚོ།
༣་་་བོད་རིགས་ཚོགས་པ་ཁག་གི་ནང་དུ་རྒྱ་མི་གདན་འདྲེན་ཞུ་ནས་བཀའ་སློབ་ཞུ་བསྡད་མཁན་དོལ་ཚོགས་ཨེ་རེད་་་་རྒྱལ་བཙོང་བ།
༤་་་་ཉམ་ཆུང་བོད་མི་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད། ཁ་དང་ཁ་སྤུ་དབྱེ་འབྱེད་བྱས་མཁན་དོལ་ཚོགས་ཨེ་རེད་་་དཀྲུགས་རྒན་ཚོ།
༥་་་་རྒྱ་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བོད་མི་དམངས་ཀྱི་སྡུག་བསྔལ་མ་ཁྱོག་ནས་བསྡད་ཡོད་བཞིན་དུ་་་་་ད་དུང་རྒྱ་ཁྲིམས་ཀྱི་འོག་ཏུ་རང་དབང་དང་རང་སྐྱོང་། ཐོབ་ཐང་དང་བདེ་སྐྱིད་འདུག་ཟེར་མཁན་དོལ་ཚོགས་ཨེ་རེད།་་་ཕུང་རྒན་ཚོ།
༦་་་རྒྱ་རིགས་ཚོང་པ་ཚོ་དང་གྲོགས་སྒྲིག་བྱས་ནས་རྒྱ་དངུལ་གྱིས་ཁང་པ་ཉོ་མཁན་དོལ་ཚོགས་ཨེ་རེད་་་་ལྐོག་ཟན་ཚོ།
༧་་་་གཞིག་ལུས་བོད་མིའི་ཚེ་སྲོག་གི་འཐབ་རྩོད་ལ་ལོག་འགྲེལ་བརྒྱབ་ནས་སྒེར་གྱི་མཚན་སྙན་དང་ཁེ་ཕན་གྱི་ཆེད་དུ་བེད་སྤྱོད་བཏང་མཁན་དོལ་ཚོགས་ཨེ་རེད་་་་སྒེར་གཅོད་པ།
༨་་་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་བཏང་མཁན་དོལ་ཚོགས་ཨེ་རེད་་་་བླུན་ནག་ཚོ།
༩་་་་རྒྱ་དཔོན་ཞིང་ཅན་ཕིང་གི་འདྲ་དཔར་མགོ་ཐོག་ཏུ་ཁུར་ནས་འགྲོ་མཁན་དོལ་ཚོགས་ཨེ་རེད་་་་ཁྲེལ་མེད་ཚོ།
༡༠་་་གསུམ་བཅུའི་དུས་སྐབས་སུ་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་ཅེས་འབོད་སྒྲ་བསྒྲགས་མི་ཆོག་ཟེར་མཁན་དོལ་ཚོགས་ཨེ་རེད་་་་རྒྱལ་བཙོང་བ།
ཅོ་རི་འདི་ངར་རུ་རང་རུ་འགྲོར་གྱིན་འདུག། ལུང་རྟོག་ནི་གཡས་ཐོན་པ་རེད། ཅོ་རི་ནི་གཡོན་ཐོན་པ་རེད། ལུང་རྟོག་ནི་མེ་རེད། ཅོ་རི་ནི་ཆུ་རེད། བོད་པའི་དབུ་རང་ནི་ནང་དམ྄ེ་ཡི་གཞི་རྩ་རེད། བོད་པའི་ལྷ་འདྲེ་ནི་དམ་ཉམས་ཀྱི་སོན་རྩ་རེད། བློ་སེང་གི་རྩོད་གཞི་ནི་མངོན་པ་མི་གསལ་བའི་གཡོལ་སྒྱུར་རེད། གངས་ཅན་པའི་ལས་དབང་ནི་མངོན་པ་གསལ་བའི་སྟོང་པ་ཉིད་རེད།
གང་ལྟར་ཀྱང་དབུ་མའི་ལམ་ནི་རྒྱ་ཆེ་མི་མང་གི་མངོན་འདོད་རེད། བློ་མཐུན་ཅོ་རི་དང་འཇམ་དབྱངས་ནོར་བུ་སོགས་ཀྱིས་རང་བཙན་འདོད་ཀྱི་ཡོད་པ་རེད། དེ་ཡང་ཡག་པོ་རེད། འོན་ཀྱང་༧གོང་ས་མཆོག་ལ་རྒྱལ་བཙོང་བ་ཟེར་ན་ཤིན་ཏུ་ནས་མི་འཐད་དོ། རྒྱུ་མཚན་ནི་དབུ་མའི་ལམ་རྒྱ་ཆེ་མི་མང་གི་མངོན་འདོད་རེད། །
འཇམ་ནོར་དང་ཅོ་ཉི་གཉིས་བསྡུར་ཐབས་མེད།འཇམ་ནོར་རང་བཙན་བརྩད་ཀྱང་ལྷག་བསམ་དཀར་བོ་ཡིན།ཅོ་ཉི་དེ་ལས་ལྡོག་སྟེ་ལམ་ཁ་ཕྱི་ལ་འཁོར་བ་རེད།
རྟ་བདུན་དབང་པོ་ལགས། དབུ་མའི་ལམ་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་རེད་ཅེས་པའི་སྐད་ཆ་འདི་མི་བདེན། བོད་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་ངོ་མ་རང་བཙན་རེད། རང་བཙན་མི་འདོད་མཁན་གྱི་བོད་མི་རྒྱལ་བཙོང་བ་བརྒྱ་ཆ་བྱས་ན་ལྔ་ཙམ་ཡང་ཡོད་མདོག་ཁ་པོ་མ་རེད།
ཡིན་ཀྱང་མི་ཡི་ཀླད་ཁམས་ལ་རྨོངས་དད་ཀྱིས་དབང་སྒྱུར་ཟིན་པའི་ལྕགས་ཀླད་ཅན་ཞིག་ཡིན་ན་རྩ་བའི་བླ་མའི་བཀའ་བསྒྲུབ་ཀྱི་མ་གཏོགས་བོད་ཆེན་པོའི་རྒྱལ་ཁབ་དང་མི་དམངས་ལ་བསམ་བློ་གཏོང་མི་སྲིད་པ་རེད། ངས་ངོས་ནས་སྨྱུག་གུ་ཡིས་འཐབ་རྩོད་བྱས་པའི་རྒྱུད་རིམ་ནང་དུ་ཁ་གཏད་བཅག་དཀའ་བའི་གནད་དོན་གཅིག་ཡོད་པ་དེ་ནི་རྨོངས་དད་རེད།
རྨོངས་དད་ཀྱི་ཁ་གཏད་དུ་དངོས་ཡོད་དང་གཏན་ཚིགས་འགོད་ས་མི་འདུག གོང་ས་ཏ་ལའི་བླ་མ་སྤྱན་རས་གཟིགས་རེད་བསམས་མཁན་གྱི་གང་ཟག་རྣམས་ལ་གནས་ལུགས་དང་རྒྱུ་མཚན་བཤད་སར་མི་འདུག འདི་ནི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་འཐབ་རྩོད་ཀྱི་འགག་རྡོ་ཆེ་ཤོས་དེ་རེད་ལ་དམངས་གཙོའི་འཕེལ་རྒྱུས་ཀྱི་འགག་རྡོ་ཡང་རེད།
མ་གཏོགས་འཇམ་ནོར་གཙོ་བོ་གྱུར་པའི་ང་དང་ང་འདྲ་བའི་བློ་མཐུན་རྣམས་གནས་ལུགས་དང་རྒྱུ་མཚན། དྲང་བདེན་དང་ལོ་རྒྱུས་ཀྱི་ཐོག་ནས་ཕམ་ཁ་ནམ་ཡང་ཡོང་མི་སྲིད། ང་ཚོ་ཕམ་འགྲོ་ས་ངོ་མ་རྨོངས་དད་དེ་ཡིན། རྨོངས་དད་ཀྱི་སྟོབས་ཤུགས་འདིས་རང་སྲོག་རང་གིས་གཅོད་བཅུག་ཐུབ་ལ་་་་་བདེན་པ་རྫུན་མ་ལ་སྒྱུར་ཐུབ། སྐྱ་རྫུན་དྲང་གཏམ་ལ་སྒྱུར་ཐུབ།
ང་ཅོ་རི་རྟོག་གེ་སྨྲ་བའི་གྲལ་མཐའ་བསྡད་མཁན་ཞིག་གིས་ངོས་ནས་བྱས་ན་སྐྲག་ས་ངོ་མ་རྨོངས་དད་ཡིན། དད་པ་ལོག་ཕྱོགས་ཁག་གིས་ལམ་ལོག་ཏུ་ཁྲིད་འོང་དུས་ཁ་གཏད་བཅག་ཁ་པོ་འདུག སྐད་ཆ་འདི་དག་སེམས་ཁུང་གི་སྐད་ཆ་ཡིན། རྨོངས་དད་ཀྱིས་དབང་བསྒྱུར་ཟིན་པའི་ཕ་མའི་རྣ་བའི་ནང་དུ་བུ་ཡི་སྐད་ཆ་མི་འགྲོ ངོ་མ་དཀའ་ལས་འདུག
དྲང་བདེན་དང་རྒྱུ་མཚན་བཤད་ས་མེད་པའི་རྨོངས་དད་ཅན་གྱི་སྤྱི་ཚོགས་ཤིག་གི་ནང་དུ་འཐབ་རྩོད་བྱེད་དགོས་པ་འདི་དཀའ་ངལ་ཆེ་ཤོས་འདུག ཡིན་ཀྱང་ནམ་ཞིག་དུས་ཀྱི་ཚེ་ན་བོད་མི་དམངས་རྨོངས་དད་ཀྱི་གཉིད་ལས་སད་འོང་པའི་རེ་བ་བྱེད་བཞིན་ཡོད། ཇི་སྲིད་བོད་མིའི་ཀླད་ཁམས་ལ་རྨོངས་དད་ཀྱིས་དབང་སྒྱུར་བའི་ནད་ངན་འདི་སངས་པར་དེ་སྲིད་བཀའ་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མ་གཏོགས་རང་དབང་དམངས་གཙོའི་ལམ་ལུགས་ཡང་དག་པ་ཞིག་གི་ཐོག་ཏུ་འགྲོ་ཐུབ་པའི་རེ་བ་མེད་པར་འདོད་དོ།།།
དཔེར་ན་་་་གལ་སྲིད་ང་དང་འཇམ་ནོར་ལྟ་བུ་གཉིས་ཀྱིས་བདུད་རྒན་མའོ་ཕ་ལྟ་བུ་ཡིན་ལབ་ན་རྒྱ་མི་རྒྱུགས་ཁྱི་རེད་ཟེར་ནས་རྨོངས་དད་ཅན་ཚོས་ངེད་གཉིས་གསོད་འཇོག་གི་རེད། ཏ་ལའི་བླ་མས་ལབ་ན་ཡིན་ཤར་ཤར་རེད། ཅིའི་ཕྱིར་དུ་འདི་འདྲ་ཡིན་པ་རེད། རྨོངས་དད་ཀྱིས་དབང་བསྒྱུར་ཟིན་པའི་མིའི་རྣ་བའི་ནང་དུ་རྩ་བའི་བླ་མའི་གང་གསུངས་ཐམས་ཅད་ཚད་མ་རེད། དྲང་བདེན་རེད། རྒྱུ་མཚན་རེད།
རྩ་བའི་བླ་མའི་བཀའ་ལ་རྒྱུ་མཚན་མི་འདུག ཚད་མ་མ་རེད་ལབ་ན་རྨོངས་དད་ཅན་ཚོས་ཁས་ལེན་གྱི་མ་རེད། གལ་སྲིད་ལེན་ན་ང་དང་བློ་མཐུན་རྣམས་ལ་གནས་ལུགས་དང་རྒྱ་མཚན་གྱི་ངོས་ནས་ཕམ་ཁ་ནམ་ཡང་མེད།
ནོར་བཅོས།
ཇི་སྲིད་བོད་མིའི་ཀླད་ཁམས་ལ་རྨོངས་དད་ཀྱི་དབང་སྒྱུར་བའི་ནད་ངན་འདི་མ་སངས་པར་དེ་སྲིད་བཀའ་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མ་གཏོགས་རང་དབང་དམངས་གཙོའི་ལམ་ལུགས་ཡང་དག་པ་ཞིག་གི་ཐོག་ཏུ་འགྲོ་ཐུབ་པའི་རེ་བ་མེད་པར་འདོད་དོ།།།
ཆོས་མེད་གུན་ཁྲན་ཏང་བོད་ཀྱི་སྤྲུལ་ལ་དགའ་དགའ་ནས་མིན། མིན་ཀྱང་་་པན་ཆེན་རྒྱལ་མཚན་ནོར་བུ་སྐུ་བདག་བྱས། ཏ་ལའི་བླ་མའི་ཡང་སྲིད་ཡང་ཏང་གིས་ངོས་འཛིན་བྱེད་ཀྱི་ཡིན་ཟེར་གྱི་ཡོད་པ་འདི་་་རྨོངས་དད་ཅན་གྱི་མི་དམངས་ལ་དབང་སྒྱུར་བྱེད་ཆེད་དུ་རེད། གལ་སྲིད་སྤྲུལ་སྐུ་རྣམས་ཀྱིས་བོད་མི་དམངས་ལ་དབང་སྒྱུར་བྱེད་མི་ཐུབ་པའི་དུས་ཚོད་ཤིག་ལ་བསླེབས་ན་གུན་ཁྲན་ཏང་གིས་སྤྲུལ་སྐུ་ལ་མིག་ཡང་བལྟ་ཡི་མ་རེད།
རྨོངས་དད་ཅན་གྱི་བོད་མི་དམངས་ལུག་ཡིན་པའི་དབང་དུ་བཏང་ན་སྤྲུལ་སྐུ་ལུག་རྫི་ལྟ་བུ་རེད། ལུག་རྫི་ཡིས་ལུག་རྣམས་རྩྭ་ཁ་དང་ཆུ་ཁར་དེད་ནས་འགྲོ ལུག་ཤ་བཟའ་རན་དུས་རྒྱུ་བདག་ཤན་པ་དམར་པོའི་རྩ་ལ་དེད་འོང་བས་རྒྱུ་མཚན་གྱིས་གུན་ཁྲན་ཏང་ལ་ལུག་རྫི་དགོས་མཁོ་ཆེ་བས་རེད།
སྲིད་ཇུས་འདི་ལ་ལུག་རྫི་གླ་བའི་སྲིད་ཇུས་ཅེས་ཐ་སྙད་སྦྱར་ན་འགྲིག་གི་རེད། དེང་རབས་རྙིང་པའི་སྐབས་ནས་སྲིད་ཇུས་འདིར་བེད་སྤྱོད་བྱས་ནས་བོད་མི་དམངས་ལ་དབང་སྒྱུར་བྱས་ཡོད།
ང་རང་ལ་ཆ་བཞག་ན་རྨོངས་དད་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་མིན། ང་རང་ཚོར་དམག་ཤུགས་དང་སྟོབས་འབྱོར་གང་གིས་ཐད་ནས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ནུས་པ་མི་འདུག རྒྱུ་མཚན་དེའི་ཕྱིར་གནས་སྐབས་རིང་མི་རིགས་རང་སྐྱོང་ཞིག་གི་གོ་སྐབས་ཐོབ་ན་དེ་ལས་ལྷག་ཅིག་མི་དགོས་བསམ་གི མ་འོང་བར་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་ན་རང་བཙན་གྱི་གོ་སྐབས་ཀྱང་ཡོད་སྲིད་པ་རེད། འོན་ཀྱང་དེའི་བར་དུ་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་འདི་ཤིན་ཏུ་ནས་གལ་ཆེན་རེད་སྙམ། གལ་ཏེ་མི་རིགས་རང་སྐྱོང་ཞིག་ཐོབ་ན་བོད་ཀྱི་ཐུན་མོངས་མ་ཡིན་པའི་རིག་གཞུང་དང་གོམས་སྲོལ་སོགས་རྒྱུན་གནས་ཐུབ་རྒྱུ་གདོན་མི་ཟ་ལགས། དེ་མིན་འདི་ལྟར་མུ་མཐུད་དུ་གནས་ན་བོད་མི་ཁ་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་རེད། །
འདོན་སྤེལ། ༢༠༡༥/༠༨/༡༩
དེ་རིང་དབུས་གཙང་ཆོལ་ཁའི་ངོས་ནས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་དང་དབུས་གཙང་སྤྱི་འཐུས་འོས་མི་ ༢༣ གྱི་མཚན་གཞུང་གསལ་བསྒྲགས་གནང་སོང་།
དེ་རིང་ཞོགས་པ་ཆུ་ཚོད་ ༡༠ སྟེང་དྷ་ས་མེག་གྷན་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཁང་དུ། དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྤྱི་མཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གཙོས་རྒྱུན་ལས་རྣམས་ལྷན་འཛོམས་ཐོག བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་འོས་མི་ ༢༣ གྱི་མཚན་གཞུང་གསལ་བསྒྲགས་གནང་སོང་།
ལྷན་ཚོགས་ཐོག་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བསྒྲགས་གཏམ་སྒྲོག་སྤྱངས་གནང་བའི་ནང་། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༥ ཉིན་དབུས་གཙང་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ། ཚོགས་པ་སྐྱིད་སྡུག་བཅས་ལ་སྲིད་སྐྱོང་དང་སྤྱི་འཐུས་འོས་དམིགས་སྐོར་མང་ཚོགས་ལ་གོ་བསྡུར་གྱིས་གྲ་སྒྲིག་གནང་དགོས་པའི་གསལ་བསྒྲགས་བཏང༌ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༥ འཁོད་པའི་གསལ་བསྒྲགས་དང་སྦྲགས་འགན་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་དམིགས་སྐོར་མང་ཚོགས་ལ་གྲོས་བསྡུར་གྱིས་འོས་དམིགས་འགན་འཛིན་ལྷན་ཚོགས་སུ་མཉམ་འཁྱེར་དགོས་སྐོར་ཞུས་པ་ལྟར། ཉེ་ལམ་དབུས་གཙང་གཞིས་བྱེས་གཉིས་ཀྱིས་སྤྱི་ནོར་ྋ་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གྱ་སྟོན་བརྟན་བཞུགས་བསྟར་འབུལ་ལེགས་གྲུབ་ཟིན་པ་དང་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ པ་ལྷན་ཚོགས་སྐབས་དེ་སྔོན་གསལ་བསྒྲགས་སོང་བ་ལྟར། ས་གནས་དང་འབྲེལ་མཐུད་པ། ཚོགས་པ་སྐྱིད་སྡུག་བཅས་ནས་སྤྱི་འཐུས་འོས་དམིགས་ས་བོན་བསྣམས་ཕེབས་པ་རྣམས་ཆོལ་ཁའི་སྒྲིག་གཞི་དོན་ཚན་༢༢ ཀྱི་ནང་དོན་ལྟར་འོས་བསྡུའི་ཚོགས་ཆུང་ཟུར་འཛུགས་ཀྱིས་གྲངས་བཤེར་རྩེ་བཏོག་གནང་བ་སྤྱི་འཐུས་མི་གྲངས་ ༢༣ དང༌། སྲིད་སྐྱོང་འོས་དམིགས་གོང་བཞིན་ས་གནས་ནས་བསྣམས་ཕེབས་པ་དེའི་ཐོག་ཚོགས་བཅར་བ་ཡོངས་ནས་འོས་འཕངས་བ་དང་འབྲེལ། སྔར་བཞིན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བཀའ་ཁྲི་དང་སྲིད་སྐྱོང་འོས་འདེམས་སྐབས་སོ་སོར་ཕྱོགས་ལྷུང་དང་འཐེན་འཁྱེར་སྤུ་ཙམ་མེད་པར་བོད་རིགས་ཤེས་ཡོན་ལྷག་བསམ་ལྡན་པ། གཙོ་བོ་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་སྒྲུབ་མཁན་ཤ་སྟག་ལ་འོས་འཕེན་རྒྱལ་ཁ་ཕུལ་ཡོད་པ་ལྟར། སྐབས་ ༡༥ པའི་སྲིད་སྐྱོང་གི་འོས་དམིགས་ཀྱང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་དབུས་གཙང་མི་མང་ནས་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་བཞིན་འོས་དམིགས་སུ་གཏན་འཁེལ་ཡོད། ཅེས་དང་།
ཁོང་ལ་རྒྱབ་སྐྱོར་ཞུ་དགོས་དོན་གཙོ་བོ་ནི། ༡༽ལངས་ཕྱོགས། ༧གོང་ས་མཆོག་ནས་ཐུགས་བརྩེ་ཆེན་པོས་བོད་མིར་སྲིད་དབང་རྩིས་སྤྲོད་གནང་བར་བཀའ་དྲིན་བསམ་ཤེས་ཆེན་པོའི་ཐོག་ྋགོང་ས་མཆོག་གི་དགོངས་གཞི་གོང་དུ་བཀུར་ནས་ལངས་ཕྱོགས་བརྟན་པོ་དང་གསལ་པའི་ཐོག་ཆབ་སྲིད་དང་འཛིན་སྐྱོང་གི་འགན་འཁུར་ཐུབ་མཁན། གཉིས།༽ཉམས་མྱོང༌། སྤྱི་འཐུས་ལོ་ ༢༠ གནང་བ་དང་དེ་ནས་ལོ་ ༧ དང་ཕྱེད་ཀའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འཁུར་འཐུས་ཚང་གང་ལེགས་ཞུས་པའི་ཉམས་མྱོང་དང་ཤེས་འབྱོན་ལྷག་བསམ་གྱི་ཕྱུག་པ། གསུམ།༽འཇོན་ནུས༌། བོད་ཆོལ་གསུམ་ཆོས་བརྒྱུད་བཅས་ཆིག་བསྒྲིལ་ཐོག་མཉམ་འཁྲིད་ཐུབ་པའི་ཡིད་ཆེས་དང༌། བོད་དོན་དང༌། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་རྒྱུས་མངའ་ཡོད་པ་རེད། ཅེས་བརྗོད་སོང་།
ཡང་ཁོང་གིས་འོས་མི་འདེམས་སྒྲུག་དང་འབྲེལ་ནས་བརྗོད་དོན། ཁ་ཤས་ཀྱིས་དབུས་གཙང་གིས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་གཞི་བཏོན་པ་དེ་རྒྱུན་ལས་ཁ་ཤས་ཤིག་གིས་ལས་ཀ་བྱས་པའི་བཟོ་འདྲ་བོའི་དཀྲོག་གཏམ་དང་མིང་ཤས་བཟོ་བཞིན་ཡོད་ས་རེད། དེའི་རིགས་དེ་རྩ་བ་ནས་དྲང་བདེན་མ་རེད། ང་ཚོས་རིམ་པ་ཁ་ཤས་ཀྱིས་མང་ཚོགས་ནང་ལ་གསལ་བསྒྲགས་དང་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་མར་བསྐོ་བཞག་བྱས་པ་དང་གཅིག ལྷག་པར་དུ་ད་རེས་ཀྱི་འགན་འཛིན་ལྷན་ཚོགས་འདིས་ས་གནས་ཁག་ ༢༣ ཞིག་དང་འབྲེལ་མཐུད་ས་གནས་ ༢ ། སྐྱིད་སྡུག་ཁག་བརྒྱད་དགུ་ཞིག་གི་འཐུས་མི་ཕེབས་ནས། ཁོང་ཚོས་འོས་གཞིའི་ས་བོན་བསྣམས་ཕེབས་པ་དེའི་ནང་ནས་རྩེ་བཏོག་བྱས་པ་ཞིག་ཆགས་ཡོད་པ་རེད་མ་གཏོགས། དེ་རྒྱུན་ལས་ཁ་ཤས་ཤིག་དང་མི་གཅིག་གཉིས་ཀྱིས་བཟོས་བ་རེད་གསུང་བསྡད་པ་དེ་ཚོ་བརྒྱ་ཆ་བརྒྱ་ཐམ་པ་དཀྲོག་གཏམ་རང་རེད། ད་རེས་འདིའི་རྒྱབ་ལྗོངས་ཡིག་ཆ་དང་ཟུར་དུ་འོས་བསྡུའི་ཚོགས་ཆུང་ཞིག་མི་གསུམ་གྱིས་བཙུགས་ནས། འོས་བསྡུའི་ལས་རིམ་ཆ་ཚང་འགན་ཁུར་པའི་ཡིག་ཆ་དེ་ཚོ་འདིར་སྟོན་རྒྱུ་ཡོད་པ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་སོང་།
དྲི་བ་དྲིས་ལན་སྐབས། མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ལོགས་སུ་གསལ་བསྒྲགས་བྱས་ཡོད་པ་དང་། ཁོང་ཚོ་དང་མཉམ་དུ་སྐད་ཆ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ང་ཚོ་དབུས་གཙང་རྒྱུན་ལས་འདིས་སྤོབས་པ་ཆེན་པོའི་ཐོག་ནས་ཞུས་དགོས་པ་གཅིག་དེ། ང་ཚོས་སྔ་ཕྱི་བར་གསུམ་ལ་མངའ་རིས་སྤྱི་མཐུན་ཚོགས་པར་འབྲེལ་བ་ཞུས་པ་ཡིན། དབུས་གཙང་ཆོལ་ཁར་ནུས་པ་ཞིག་ཡོད་པ་རེད། དེའི་ཐོག་ནས་དབུས་གཙང་གི་ཁྱབ་ཁོངས་ནང་ཡོད་པའི་ལུང་ཚན་རེ་རེ་ནས་འོས་གཞི་རེ་རེ་འདོན་མ་བསྡད་པར། ང་ཚོས་གཅིག་རང་བཏོན་ཐུབ་པར་འབད་བརྩོན་བྱེད་རྒྱུ་དང་། ལུང་ཚན་སོ་སོ་ནས་ག་རེ་ཡར་བསླེབ་ཐུབ་དགོས་ཡོད་མེད་ཐོག་ང་ཚོས་གོ་སྡུར་བྱེད་དགོས་པ་རེད་ཅེས་ཡིག་ངག་གཉིས་ནས་འབྲེལ་བ་བྱས་ཡོད་ཀྱང་། ང་ཚོའི་རེ་བ་བྱས་པ་གནང་བཞིན་ཞིག་བྱུང་མ་སོང་། དེ་འདྲ་བྱུང་མེད་སྟབས་མངའ་རིས་ཁོ་རང་ཚོས་བཏོན་གནང་པ་རེད། ཅེས་བརྗོད་སོང་།
ཡང་དབུས་གཙང་ཆོལ་ཁའི་ངོས་ནས་སྲིད་སྐྱོང་འོས་མིར་དབུས་གཙང་བ་ཞིག་འཚོལ་མ་ཐུབ་པ་ཡིན་མིན་དྲིས་པར་ཁོང་གིས། ང་ཚོས་བརྒྱུད་ལམ་ཁག་ནས་གསལ་བསྒྲགས་གཏོང་སྐབས་དབུས་གཙང་ནང་ལ་མི་འདི་འདྲ་ཡོད་རེད་ཞེས་ལབ་ན་ཏན་ཏན་ང་ཚོས་འབྲེལ་བ་མི་བྱེད་པ་དང་འོས་གཞིའི་ནང་སླེབ་མི་སྲིད་པ་མ་རེད། དེ་འདྲའི་བསླེབས་པ་ཁ་ཤས་ཤིག་ལ་ང་ཚོས་ཀྱང་འབྲེལ་བ་བྱས་པ་ཡིན། དཔེར་ན། མི་སྣ་གནད་འགག་ཡིན་པ་དང་སྤྱི་ཚོགས་ནང་བསམ་བློ་གཏོང་ནས་འགན་ཁུར་བསྡད་མཁན་དེ་ཚོས། ང་ཚོར་སྲིད་སྐྱོང་ལ་འོས་པའི་བཀའ་ཟུར་དེ་འདྲ་ཡོད་པ་རེད་ཅེས་བསམ་འཆར་བྱུང་ནས་ང་ཚོར་འབྲེལ་བ་བྱུང་། འབྲེལ་བ་བྱུང་བ་དང་ང་ཚོ་དངོས་སུ་མི་དེ་ཚོར་བཅར་ནས་འབྲེལ་བ་ཞུས་སྐབས། ཁོ་རང་སྒེར་གྱི་དཀའ་ངལ་ཐོག་ནས་དེ་རྩ་བ་ནས་ཞབས་ཞུ་ཞུས་ཐུབ་ས་མ་རེད་ཅེས་པའི་རིགས་བྱུང་བ་རེད། ཡིན་ན་ཡང་། སྤྱི་ཚོགས་དྲ་ལམ་དུ་ཁ་ཤས་ཀྱིས་ཚིག་སྡུག་ཆག་ཞེ་བོ་དེ་འདྲ་བེད་སྤྱོད་བཏང་འདུག དཔེར་ན་དབུས་གཙང་ལྐུག་པ་ཡིན་པའི་བཟོ་འདྲ་བོ། དབུས་གཙང་བྱབ་ཆུང་ཡིན་པའི་བཟོ་འདྲ་བོ་ཅི་ཡང་ཤེས་ཀྱི་མེད་པའི་ཚིག་ཚབས་ཆེན་དེ་འདྲ་བེད་སྤྱོད་བཏང་འདུག དེ་འདྲ་རྩ་བ་ནས་མ་རེད་ང་ཚོས་ཐབས་ཤེས་མ་བྱས་པ་གང་ཡང་མ་རེད། དེ་འདྲའི་དོ་སྣང་ཡོད་མཁན་དང་དེ་འདྲ་དགོས་འདུག་བསམ་མཁན་གྱི་དབུས་གཙང་གཙོས་པའི་རྒྱལ་ཆེའི་མི་མང་ནང་། དཔེར་ན་མདོ་སྨད་ནང་ཤེས་ཀྱི་ཡོད་ན་འོས་གཞིར་བཏོན་ན་ཡག་པོ་རེད་བཱ། སྔོན་མ་ཟམ་གདོང་རིན་པོ་ཆེ་འོས་གཞིར་བཏོན་པའི་སྐབས་སུ་དབུས་གཙང་ལྐུག་པ་རེད་དང་བྱབ་ཆུང་རེད་ཟེར་མཁན་སུ་གང་ཡང་བྱུང་ཡོད་པ་མ་རེད། བློ་བཟང་སེང་གེ་ལ་དབུས་གཙང་རྒྱལ་ཆེའི་མི་མང་གིས་འོས་བླུགས་སྐབས་དབུས་གཙང་ལྐུག་པ་རེད་དང་བྱབ་ཆུང་རེད་ཟེར་མཁན་སུ་གཅིག་ཀྱང་བྱུང་ཡོད་པ་མ་རེད། ད་ལྟའི་སྐབས་ལ་དབུས་གཙང་རྒྱལ་ཆེའི་མི་མང་གིས་ས་གནས་ ༣༥ ཡི་ཁྱབ་ཁོངས་ནས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་སྐབས་དབུས་གཙང་བྱབ་ཆུང་རེད་ལྐུག་པ་རེད། དབུས་གཙང་ལ་མི་ཡོད་པ་མ་རེད་པས་ཞེས་ལབ་པ་དེ་དྲི་བ་ཆེན་པོ་ཞིག་རེད་བསམ་གྱི་འདུག དེ་ཚོ་ཕར་ཕྱོགས་ཀྱིས་བཤད་པ་ཡིན་སྟབས་རྒྱུ་མཚན་གང་ཡིན་ངས་བཤད་ཐུབ་ཀྱི་མ་རེད། ཅེས་བརྗོད་སོང་།
དབུས་གཙང་ཆོལ་ཁའི་སྐབས་ ༡༦ པའི་སྤྱི་འཐུས་འོས་མི་རྣམས་ནི། ༡༽ ཟླ་བ་ཚེ་རིང་། དིང་རི་ར་ཆུ། སྤྱི་འཐུས་ལས་ཐོག ༢༽ ཤར་གླིང་ཟླ་སྒྲོན། མངའ་རི། སྤྱི་འཐུས་ལས་ཐོག ༣༽ ཟླ་བ་ཕུན་སྐྱིད། གཙང་སྒམ་པ། སྤྱི་འཐུས་ལས་ཐོག ༤༽ ཀརྨ་ཡེ་ཤེས་ཕུན་ཚོགས། ས་སྐྱ། སྤྱི་འཐུས་ལས་ཐོག ༥༽ འཇིགས་མེད་འབྱུང་གནས། མངའ་རི། སྤྱི་འཐུས་ལས་ཐོག ༦༽ པདྨ་འབྱུང་གནས། མངའ་རི། སྤྱི་འཐུས་ལས་ཐོག ༧༽ སྒྲོལ་མ་ཚེ་རིང་། བྲག་གནས། སྤྱི་འཐུས་ལས་ཐོག ༨༽ ཨཙརྱ་ཡེ་ཤེས་ཕུན་ཚོགས། མངའ་རི། སྤྱི་འཐུས་ལས་ཐོག ༩༽ བྱམས་པ་ཆོས་འཕེལ། ལྷོ་ཁ། སྡེ་མ་སྤུར་སློབ་དགེ། ༡༠༽ བསྟན་འཛིན་ཚེ་རིང་། མངའ་རི། དབུས་གཙང་དབུས་རྒྱུན་ལས་ཐོག ༡༡༽ མཐར་ལམ་སྒྲོལ་མ། ཀོང་པོ། གཏན་སློབ་སློབ་སྤྱི་ཟུར་པ། ༡༢༽ བྱ་ཉལ་ཚེ་རིང་ལྷ་སྐྱབས། རྒྱང་རྩེ། སྦེལ་ཀོབ། ༡༣༽ བསྟན་འཛིན་འཇམ་དབྱངས། ལྷོ་ཁ། བོད་ཁྱིམ་སློབ་དགེ་ཟུར་པ། ༡༤༽ བསྟན་འཛིན་གྲགས་པ། མངའ་རི། དབུས་གཙང་དབུས་རྒྱུན་ལས་ཐོག ༡༥༽ ཚེ་དབང་ནོར་བུ། སྐྱིད་གྲོང༌། དབུས་གཙང་དབུས་རྒྱུན་ལས་ཐོག ༡༦༽ པདྨ་དབང་ཕྱུག ཕག་རི། སྡེ་མ་སྤུར། ༡༧༽ མཁས་དབང་བྱམས་པ་བསམ་གཏན། མངའ་རི། ཝར་ན་མཐོ་སློབ། ༡༨༽ ཟླ་བ་རིན་ཆེན། སྒམ་པ། རྡ་ས་བོད་ཀྱི་འགྲེམ་འགྲུལ་ལས་ཁང༌། ༡༩༽ ཚེ་བརྟན་ནོར་བུ་ལགས༌། འབྲོག་པ་སྨན་ལ། བལ་ཡུལ་སྤྱི་ཟུར། ༢༠༽ པདྨ་སྲིད་མཐར། གད་ཆོས་སྟིང་བྱ་བ༌། སྦེལ་ཀོབ་གོ་ལ་ཐ་ལ་ཀེམ། ༢༡༽ དགེ་བཤེས་ངག་དབང་དཔལ་ལྡན། ཀོང་པོ། སྦེལ་ཀོབ། ༢༢༽ རྩ་གཞི་ཚེ་རིང་དབང་ཕྱུག ས་སྐྱ། སྒང་ཏོག ༢༣༽ མཁན་པོ་ཆོས་དབང་། སྒང་ཏོག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
འདོན་སྤེལ། ༢༠༡༥/༠༨/༡༩
དེ་རིང་དབུས་གཙང་ཆོལ་ཁའི་ངོས་ནས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་དང་དབུས་གཙང་སྤྱི་འཐུས་འོས་མི་ ༢༣ གྱི་མཚན་གཞུང་གསལ་བསྒྲགས་གནང་སོང་།
དེ་རིང་ཞོགས་པ་ཆུ་ཚོད་ ༡༠ སྟེང་དྷ་ས་མེག་གྷན་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཁང་དུ། དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྤྱི་མཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གཙོས་རྒྱུན་ལས་རྣམས་ལྷན་འཛོམས་ཐོག བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་འོས་མི་ ༢༣ གྱི་མཚན་གཞུང་གསལ་བསྒྲགས་གནང་སོང་།
ལྷན་ཚོགས་ཐོག་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བསྒྲགས་གཏམ་སྒྲོག་སྤྱངས་གནང་བའི་ནང་། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༥ ཉིན་དབུས་གཙང་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ། ཚོགས་པ་སྐྱིད་སྡུག་བཅས་ལ་སྲིད་སྐྱོང་དང་སྤྱི་འཐུས་འོས་དམིགས་སྐོར་མང་ཚོགས་ལ་གོ་བསྡུར་གྱིས་གྲ་སྒྲིག་གནང་དགོས་པའི་གསལ་བསྒྲགས་བཏང༌ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༥ འཁོད་པའི་གསལ་བསྒྲགས་དང་སྦྲགས་འགན་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་དམིགས་སྐོར་མང་ཚོགས་ལ་གྲོས་བསྡུར་གྱིས་འོས་དམིགས་འགན་འཛིན་ལྷན་ཚོགས་སུ་མཉམ་འཁྱེར་དགོས་སྐོར་ཞུས་པ་ལྟར། ཉེ་ལམ་དབུས་གཙང་གཞིས་བྱེས་གཉིས་ཀྱིས་སྤྱི་ནོར་ྋ་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གྱ་སྟོན་བརྟན་བཞུགས་བསྟར་འབུལ་ལེགས་གྲུབ་ཟིན་པ་དང་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ པ་ལྷན་ཚོགས་སྐབས་དེ་སྔོན་གསལ་བསྒྲགས་སོང་བ་ལྟར། ས་གནས་དང་འབྲེལ་མཐུད་པ། ཚོགས་པ་སྐྱིད་སྡུག་བཅས་ནས་སྤྱི་འཐུས་འོས་དམིགས་ས་བོན་བསྣམས་ཕེབས་པ་རྣམས་ཆོལ་ཁའི་སྒྲིག་གཞི་དོན་ཚན་༢༢ ཀྱི་ནང་དོན་ལྟར་འོས་བསྡུའི་ཚོགས་ཆུང་ཟུར་འཛུགས་ཀྱིས་གྲངས་བཤེར་རྩེ་བཏོག་གནང་བ་སྤྱི་འཐུས་མི་གྲངས་ ༢༣ དང༌། སྲིད་སྐྱོང་འོས་དམིགས་གོང་བཞིན་ས་གནས་ནས་བསྣམས་ཕེབས་པ་དེའི་ཐོག་ཚོགས་བཅར་བ་ཡོངས་ནས་འོས་འཕངས་བ་དང་འབྲེལ། སྔར་བཞིན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བཀའ་ཁྲི་དང་སྲིད་སྐྱོང་འོས་འདེམས་སྐབས་སོ་སོར་ཕྱོགས་ལྷུང་དང་འཐེན་འཁྱེར་སྤུ་ཙམ་མེད་པར་བོད་རིགས་ཤེས་ཡོན་ལྷག་བསམ་ལྡན་པ། གཙོ་བོ་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་སྒྲུབ་མཁན་ཤ་སྟག་ལ་འོས་འཕེན་རྒྱལ་ཁ་ཕུལ་ཡོད་པ་ལྟར། སྐབས་ ༡༥ པའི་སྲིད་སྐྱོང་གི་འོས་དམིགས་ཀྱང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་དབུས་གཙང་མི་མང་ནས་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་བཞིན་འོས་དམིགས་སུ་གཏན་འཁེལ་ཡོད། ཅེས་དང་།
ཁོང་ལ་རྒྱབ་སྐྱོར་ཞུ་དགོས་དོན་གཙོ་བོ་ནི། ༡༽ལངས་ཕྱོགས། ༧གོང་ས་མཆོག་ནས་ཐུགས་བརྩེ་ཆེན་པོས་བོད་མིར་སྲིད་དབང་རྩིས་སྤྲོད་གནང་བར་བཀའ་དྲིན་བསམ་ཤེས་ཆེན་པོའི་ཐོག་ྋགོང་ས་མཆོག་གི་དགོངས་གཞི་གོང་དུ་བཀུར་ནས་ལངས་ཕྱོགས་བརྟན་པོ་དང་གསལ་པའི་ཐོག་ཆབ་སྲིད་དང་འཛིན་སྐྱོང་གི་འགན་འཁུར་ཐུབ་མཁན། གཉིས།༽ཉམས་མྱོང༌། སྤྱི་འཐུས་ལོ་ ༢༠ གནང་བ་དང་དེ་ནས་ལོ་ ༧ དང་ཕྱེད་ཀའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འཁུར་འཐུས་ཚང་གང་ལེགས་ཞུས་པའི་ཉམས་མྱོང་དང་ཤེས་འབྱོན་ལྷག་བསམ་གྱི་ཕྱུག་པ། གསུམ།༽འཇོན་ནུས༌། བོད་ཆོལ་གསུམ་ཆོས་བརྒྱུད་བཅས་ཆིག་བསྒྲིལ་ཐོག་མཉམ་འཁྲིད་ཐུབ་པའི་ཡིད་ཆེས་དང༌། བོད་དོན་དང༌། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་རྒྱུས་མངའ་ཡོད་པ་རེད། ཅེས་བརྗོད་སོང་།
ཡང་ཁོང་གིས་འོས་མི་འདེམས་སྒྲུག་དང་འབྲེལ་ནས་བརྗོད་དོན། ཁ་ཤས་ཀྱིས་དབུས་གཙང་གིས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་གཞི་བཏོན་པ་དེ་རྒྱུན་ལས་ཁ་ཤས་ཤིག་གིས་ལས་ཀ་བྱས་པའི་བཟོ་འདྲ་བོའི་དཀྲོག་གཏམ་དང་མིང་ཤས་བཟོ་བཞིན་ཡོད་ས་རེད། དེའི་རིགས་དེ་རྩ་བ་ནས་དྲང་བདེན་མ་རེད། ང་ཚོས་རིམ་པ་ཁ་ཤས་ཀྱིས་མང་ཚོགས་ནང་ལ་གསལ་བསྒྲགས་དང་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་མར་བསྐོ་བཞག་བྱས་པ་དང་གཅིག ལྷག་པར་དུ་ད་རེས་ཀྱི་འགན་འཛིན་ལྷན་ཚོགས་འདིས་ས་གནས་ཁག་ ༢༣ ཞིག་དང་འབྲེལ་མཐུད་ས་གནས་ ༢ ། སྐྱིད་སྡུག་ཁག་བརྒྱད་དགུ་ཞིག་གི་འཐུས་མི་ཕེབས་ནས། ཁོང་ཚོས་འོས་གཞིའི་ས་བོན་བསྣམས་ཕེབས་པ་དེའི་ནང་ནས་རྩེ་བཏོག་བྱས་པ་ཞིག་ཆགས་ཡོད་པ་རེད་མ་གཏོགས། དེ་རྒྱུན་ལས་ཁ་ཤས་ཤིག་དང་མི་གཅིག་གཉིས་ཀྱིས་བཟོས་བ་རེད་གསུང་བསྡད་པ་དེ་ཚོ་བརྒྱ་ཆ་བརྒྱ་ཐམ་པ་དཀྲོག་གཏམ་རང་རེད། ད་རེས་འདིའི་རྒྱབ་ལྗོངས་ཡིག་ཆ་དང་ཟུར་དུ་འོས་བསྡུའི་ཚོགས་ཆུང་ཞིག་མི་གསུམ་གྱིས་བཙུགས་ནས། འོས་བསྡུའི་ལས་རིམ་ཆ་ཚང་འགན་ཁུར་པའི་ཡིག་ཆ་དེ་ཚོ་འདིར་སྟོན་རྒྱུ་ཡོད་པ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་སོང་།
དྲི་བ་དྲིས་ལན་སྐབས། མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ལོགས་སུ་གསལ་བསྒྲགས་བྱས་ཡོད་པ་དང་། ཁོང་ཚོ་དང་མཉམ་དུ་སྐད་ཆ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ང་ཚོ་དབུས་གཙང་རྒྱུན་ལས་འདིས་སྤོབས་པ་ཆེན་པོའི་ཐོག་ནས་ཞུས་དགོས་པ་གཅིག་དེ། ང་ཚོས་སྔ་ཕྱི་བར་གསུམ་ལ་མངའ་རིས་སྤྱི་མཐུན་ཚོགས་པར་འབྲེལ་བ་ཞུས་པ་ཡིན། དབུས་གཙང་ཆོལ་ཁར་ནུས་པ་ཞིག་ཡོད་པ་རེད། དེའི་ཐོག་ནས་དབུས་གཙང་གི་ཁྱབ་ཁོངས་ནང་ཡོད་པའི་ལུང་ཚན་རེ་རེ་ནས་འོས་གཞི་རེ་རེ་འདོན་མ་བསྡད་པར། ང་ཚོས་གཅིག་རང་བཏོན་ཐུབ་པར་འབད་བརྩོན་བྱེད་རྒྱུ་དང་། ལུང་ཚན་སོ་སོ་ནས་ག་རེ་ཡར་བསླེབ་ཐུབ་དགོས་ཡོད་མེད་ཐོག་ང་ཚོས་གོ་སྡུར་བྱེད་དགོས་པ་རེད་ཅེས་ཡིག་ངག་གཉིས་ནས་འབྲེལ་བ་བྱས་ཡོད་ཀྱང་། ང་ཚོའི་རེ་བ་བྱས་པ་གནང་བཞིན་ཞིག་བྱུང་མ་སོང་། དེ་འདྲ་བྱུང་མེད་སྟབས་མངའ་རིས་ཁོ་རང་ཚོས་བཏོན་གནང་པ་རེད། ཅེས་བརྗོད་སོང་།
ཡང་དབུས་གཙང་ཆོལ་ཁའི་ངོས་ནས་སྲིད་སྐྱོང་འོས་མིར་དབུས་གཙང་བ་ཞིག་འཚོལ་མ་ཐུབ་པ་ཡིན་མིན་དྲིས་པར་ཁོང་གིས། ང་ཚོས་བརྒྱུད་ལམ་ཁག་ནས་གསལ་བསྒྲགས་གཏོང་སྐབས་དབུས་གཙང་ནང་ལ་མི་འདི་འདྲ་ཡོད་རེད་ཞེས་ལབ་ན་ཏན་ཏན་ང་ཚོས་འབྲེལ་བ་མི་བྱེད་པ་དང་འོས་གཞིའི་ནང་སླེབ་མི་སྲིད་པ་མ་རེད། དེ་འདྲའི་བསླེབས་པ་ཁ་ཤས་ཤིག་ལ་ང་ཚོས་ཀྱང་འབྲེལ་བ་བྱས་པ་ཡིན། དཔེར་ན། མི་སྣ་གནད་འགག་ཡིན་པ་དང་སྤྱི་ཚོགས་ནང་བསམ་བློ་གཏོང་ནས་འགན་ཁུར་བསྡད་མཁན་དེ་ཚོས། ང་ཚོར་སྲིད་སྐྱོང་ལ་འོས་པའི་བཀའ་ཟུར་དེ་འདྲ་ཡོད་པ་རེད་ཅེས་བསམ་འཆར་བྱུང་ནས་ང་ཚོར་འབྲེལ་བ་བྱུང་། འབྲེལ་བ་བྱུང་བ་དང་ང་ཚོ་དངོས་སུ་མི་དེ་ཚོར་བཅར་ནས་འབྲེལ་བ་ཞུས་སྐབས། ཁོ་རང་སྒེར་གྱི་དཀའ་ངལ་ཐོག་ནས་དེ་རྩ་བ་ནས་ཞབས་ཞུ་ཞུས་ཐུབ་ས་མ་རེད་ཅེས་པའི་རིགས་བྱུང་བ་རེད། ཡིན་ན་ཡང་། སྤྱི་ཚོགས་དྲ་ལམ་དུ་ཁ་ཤས་ཀྱིས་ཚིག་སྡུག་ཆག་ཞེ་བོ་དེ་འདྲ་བེད་སྤྱོད་བཏང་འདུག དཔེར་ན་དབུས་གཙང་ལྐུག་པ་ཡིན་པའི་བཟོ་འདྲ་བོ། དབུས་གཙང་བྱབ་ཆུང་ཡིན་པའི་བཟོ་འདྲ་བོ་ཅི་ཡང་ཤེས་ཀྱི་མེད་པའི་ཚིག་ཚབས་ཆེན་དེ་འདྲ་བེད་སྤྱོད་བཏང་འདུག དེ་འདྲ་རྩ་བ་ནས་མ་རེད་ང་ཚོས་ཐབས་ཤེས་མ་བྱས་པ་གང་ཡང་མ་རེད། དེ་འདྲའི་དོ་སྣང་ཡོད་མཁན་དང་དེ་འདྲ་དགོས་འདུག་བསམ་མཁན་གྱི་དབུས་གཙང་གཙོས་པའི་རྒྱལ་ཆེའི་མི་མང་ནང་། དཔེར་ན་མདོ་སྨད་ནང་ཤེས་ཀྱི་ཡོད་ན་འོས་གཞིར་བཏོན་ན་ཡག་པོ་རེད་བཱ། སྔོན་མ་ཟམ་གདོང་རིན་པོ་ཆེ་འོས་གཞིར་བཏོན་པའི་སྐབས་སུ་དབུས་གཙང་ལྐུག་པ་རེད་དང་བྱབ་ཆུང་རེད་ཟེར་མཁན་སུ་གང་ཡང་བྱུང་ཡོད་པ་མ་རེད། བློ་བཟང་སེང་གེ་ལ་དབུས་གཙང་རྒྱལ་ཆེའི་མི་མང་གིས་འོས་བླུགས་སྐབས་དབུས་གཙང་ལྐུག་པ་རེད་དང་བྱབ་ཆུང་རེད་ཟེར་མཁན་སུ་གཅིག་ཀྱང་བྱུང་ཡོད་པ་མ་རེད། ད་ལྟའི་སྐབས་ལ་དབུས་གཙང་རྒྱལ་ཆེའི་མི་མང་གིས་ས་གནས་ ༣༥ ཡི་ཁྱབ་ཁོངས་ནས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་སྐབས་དབུས་གཙང་བྱབ་ཆུང་རེད་ལྐུག་པ་རེད། དབུས་གཙང་ལ་མི་ཡོད་པ་མ་རེད་པས་ཞེས་ལབ་པ་དེ་དྲི་བ་ཆེན་པོ་ཞིག་རེད་བསམ་གྱི་འདུག དེ་ཚོ་ཕར་ཕྱོགས་ཀྱིས་བཤད་པ་ཡིན་སྟབས་རྒྱུ་མཚན་གང་ཡིན་ངས་བཤད་ཐུབ་ཀྱི་མ་རེད། ཅེས་བརྗོད་སོང
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
རྟ་བདུན་ལགས་ཡང་བསྐྱར་ཕེབས་པར་ལེགས།
བོད་ལ་ས་གནས་མི་རིགས་རང་སྐྱོང་ལག་ལེན་བསྟར་བཞིན་པ་རེད། པན་ཆེན་རིན་པོ་ཆེན་གཙོ་བོ་གྱུར་པའི་བོད་ནང་གི་གནད་ཡོད་མི་སྣ་ཁག་གིས་རྒྱ་དམར་གྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་གང་ཐུབ་བྱས་དང་བྱེད་པ་རེད།
མ་ཟད་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་ནས་བོད་མི་རིགས་ནང་ཁུལ་གྱི་གནད་དོན་མང་པོར་བོད་མི་རང་གིས་ངོས་ནས་ཐག་གཅོད་བྱེད་བཞིན་ཡོད། ཆེ་བ་མི་གསོད་རྟ་གྱོད་དང་། ཆུང་བ་བཟའ་ཚང་བར་གྱི་གནད་དོན་ཡན་ཆན་བོད་མི་རང་གི་ས་གནས་ཁྲིམས་དཔོན་དང་དགོན་སྡེ་ཁག་གིས་ཐག་གཅོད་བྱེད་བཞིན་ཡོད། འདི་ནི་ས་གནས་མི་རིགས་རང་སྐྱོང་གི་ཐང་ཐོབ་ལོངས་སུ་སྤྱོད་པ་རེད།།
དེང་སང་གི་མདོ་ཁམས་དྲུག་ཡུལ་གྱི་བླ་སྤྲུལ་མང་པོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔོན་པོ་རེད། སྡེ་དཔོན་མི་དྲག་དག་གི་རྒྱུད་པ་རྣམས་ཀྱིས་ས་གནས་སུ་དབང་ཆ་བཟུང་བཞིན་ཡོད། ཆོས་དང་སྐད་ཡིག་རིག་གཞུང་གི་ཐོག་ཏུ་ཅི་ཐུབ་གང་ཤེས་ཀྱི་ལག་ལེན་བསྟར་གྱི་ཡོད། དབུ་མའི་ལམ་མངོན་གྱུར་བྱུང་ནའང་འདི་ལས་ལྷག་པའི་རྒྱ་ཁྲིམས་ཀྱི་འོག་ཏུ་ཆོས་དང་སྐད་ཡིག་རིག་གཞུང་གི་ཐོག་ཏུ་ཡར་རྒྱས་གཏོང་ཐུབ་ཐབས་ཡོད་དམ།
བོད་ནང་གི་བོད་མི་ལས་བྱེད་པ་རྣམས་ཀྱིས་རྒྱ་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཁེ་ཕན་ལེན་མ་ཐུབ་པ་ཞིག་དབུ་མའི་ལམ་གྱི་རྗེས་འབྲངས་པ་ཚོས་ཅང་ལེན་ཐུབ་ཀྱི་མ་རེད་བསམས་ཀྱི་ཡོད། གཅིག་རེད།
གཉིས་པ། ཆོས་དང་སྐད་ཡིག་རིག་གཞུང་ཉམས་ཆགས་ཕྱིན་ཡོད་ས་ངོ་མ་བཙན་བྱོལ་ནང་དུ་རེད། བོད་ནང་དུ་ཆ་བཞག་ན་བོད་སྡེ་བ་གཞུང་གི་སྐབས་ལས་དེང་སང་བོད་ཡིག་ཤེས་མཁན་མང་བ་ཡོད།་དེ་དངོས་ཡོད་གནས་ཚུལ་ཡིན། དབུ་མའི་ལམ་གྱི་རྗེས་འབྲངས་པ་ཚོས་ཆོས་དང་སྐད་ཡིག་རིག་གཞུང་ཡར་རྒྱས་ག་འདྲ་བྱས་ནས་གཏོང་ཐུབ་བམ། འདི་དྲི་བ་རེད། བོད་མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་གྱི་ནང་དུ་དེང་རབས་གསར་པའི་རིག་གནས་སྣ་གཅིག་ནང་འདྲེན་མ་བྱས་ནས་བསྡད་ཡོད་མཁན་རྡ་སའི་དངོས་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་རེད།
ཏ་ལའི་བླ་མའི་ཚ་བོ་ཚ་མོ་རྣམས་ལ་བོད་ཀྱི་རིག་གནས་ཤེས་ཚོད་ཅི་ཙམ་འདུག བློ་སེང་ཕྲུ་གུ་ལ་བོད་ཀྱི་རིག་གནས་ཤེས་ཚོད་ཅི་ཙམ་འདུག དེ་ལ་མིག་ལྟོས། སོ་སོའི་ཕྲུ་གུ་དང་ཚ་བོ་ཚ་མོ་ལ་བོད་དྲི་མེད་མཁན་ཞིག་བཟོ་ནས་བོད་མི་གཞན་གྱི་ཕྲུ་གུ་ལ་བོད་ཀྱི་རིག་གནས་སློབ་ཀྱི་ཡིན། ཉམས་ཆགས་འགྲོ་བཅུག་གི་མིན་་ཟེར་ན་རྨོངས་དད་མགོ་ཚོ་མ་གཏོགས་སུས་ཡིད་ཆེས།
གསུམ་པ། དམག་དང་དཔལ་འབྱོར་སྟོབས་ཤུགས་མེད་པས་རང་བཙན་ལེན་ཐུབ་ཀྱི་མ་རེད་ཟེར་བའི་སྐད་ཆ་འདི་ཀླད་སྟོང་རྒྱལ་བཙོང་བ་ཚོས་བཤད་བསྡད་པའི་སྐད་ཆ་ཞིག་ལས་གནས་ལུགས་ཡོད་པའི་སྐད་ཆ་ཞིག་མ་རེད། ངས་ཁྱོད་ལ་འདྲི། འཛམ་གླིང་ཐོག་ཏུ་རང་བཙན་ལེན་མཁན་མང་པོའི་དམག་བརྒྱབ་ནས་རང་བཙན་ལེན་སོང་ངམ། ར་ཤི་ཡའི་དམར་ཕྱོགས་སྲིད་གཞུང་ཐོར་བའི་རྗེས་སུ་རྒྱལ་ཁབ་མང་པོ་རང་བཙན་ཆགས་སོང་བ་དེ་དམག་བརྒྱབ་ནས་རང་བཙན་ཐོབ་སོང་པ་ཨེ་རེད།
རྒྱ་གར་གྱིས་དམག་གི་སྟོབས་ཤུགས་ལ་བརྟེན་རང་བཙན་ཐོབ་པ་ཨེ་རེད། དེ་དང་དེ་འདྲ་བའི་རང་བཙན་སླར་གསོ་བྱེད་མཁན་སུ་ཡིས་དམག་བརྒྱབ་ནས་རང་བཙན་སླར་གསོ་བྱས་མཁན་འདུག་གམ། གཅིག་སྟོན་དང་། རྡ་སའི་མགོ་སྟོང་ཚོས་བསམས་པར་རྒྱ་མི་ཡོད་ཚོད་དམར་གསོད་བཏང་ནས་བོད་རང་བཙན་ལེན་པ་མ་གཏོགས་གཞན་ཐབས་ཤེས་མཐོང་གི་མེད་པ་རེད། ངས་བལྟས་ན་རང་བཙན་སླར་གསོ་བྱེད་པར་དམག་ཤུགས་ལ་བརྟེན་དགོས་ངེས་ཡིན་པའི་ཁྱབ་པ་མེད་བསམས་ཀྱི་ཡོད།།
འབྲུག་རྒྱལ་ཁབ་ཀྱིས་དམག་ཤུགས་ལ་བརྟེན་ནས་རང་བཙན་ཆགས་སོང་བ་ཨེ་རེད། མི་འབོར་གྱི་སྟོབས་ཤུགས་ལ་བརྟེན་ནས་རང་བཙན་ཆགས་སོང་བ་ཨེ་རེད། མ་རེད་བ། ཐབས་ཇུས་དང་གོ་སྐབས་ལ་བརྟེན་ནས་རང་བཙན་ཆགས་སོང་བ་རེད། བོད་པའི་ཐམས་ཅད་མཁྱེན་པ་ཚོས་འབྲུག་རྒྱལ་པོའི་ཤེས་པ་ཙམ་ཡང་མ་ཤེས། འབྲུག་པའི་ཐབས་ཇུས་ཤེས་པ་ཙམ་ཡང་མ་ཤེས་ནས་རང་ཡུལ་དགྲ་ལག་ཏུ་ཤོར་སོང་བ་རེད།
ཨོ་ཡ་་་ཁ་ཐུག་བྲིས་པ་ཡིན་པའི་ཡིག་ནོར་དང་དོན་ནོར་ཤོར་ཡོད་དགོངས་འགལ་མེད་པ་བྱོས།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ཆབ་མདོ་འཕགས་པ་ལགས་གཙོ་བོ་གྱུར་པའི་བོད་ནང་གི་བོད་རིགས་ལས་བྱེད་ཚོས་རྒྱ་ཁྲིམས་འོག་ནས་ཁེ་ཕན་ལེན་མ་ཐུབ་པ་ཞིག་དང་རྒྱ་ཁྲིམས་མ་ཤེས་པ་ཞིག་པ་བཙན་བྱོལ་ནང་གི་རྒྱ་སྐད་ཀྱི་ཐོག་ནས་ཉམས་ཞིབ་པ་ཡིན་ན་ཅིག་བྱེད་མཁན་ཡིན་ཟེར་མཁན་ཚོས་ཤེས་པ་དང་འཇོན་གྱི་རེད་དམ།
བོད་ནང་དུ་བོད་རིགས་ལས་བྱེད་པ་བོད་མི་མང་པོ་ཡག་པོ་ཡོད། མི་རིགས་ཀྱི་ལ་རྒྱ་ཡོད། རྒྱ་ཡིག་དང་རྒྱ་ཁྲིམས་མཁས། ཁོང་རྣམས་པ་ཚོས་མ་ཤེས་པ་ཞིག་དང་མ་འཇོན་པ་ཞིག རྒྱ་ཁྲིམས་ཀྱི་འོག་ནས་ཁེ་ཕན་ལེན་མ་ཐུབ་པ་ཞིག་དབུ་མའི་ལམ་གྱི་རྗེས་འབྲངས་པ་ཚོས་ལེན་ཐུབ་ཐབས་ཡོད་དམ། ཡོད་ན་ཡོད་སྟངས་ཤིག་ཤོད་དང་།
ཁྱོད་ཀྱིས་རྨོངས་དད་མིན། ཤེས་ནས་དབུ་མའི་ལམ་ལ་མོས་པ་ཡིན་ཟེར་འདུག་མོད། ཆང་བཟི་ཚོས་ཆང་རྒྱག་ཚོད་མཐོང་ནས་ང་བཟི་མེད་ཅེས་བཤད་པ་དང་གཅིག་མཚུངས་རེད། ཁྱོད་ཀྱི་དབུ་མའི་ལམ་གྱི་དགེ་མཚན་བཤད་དེ་གོང་ས་ཏ་ལའི་བླ་མའི་སྐད་ཆ་བསྐྱར་བཤད་བྱས་ཙམ་རེད། དེ་མ་གཏོགས་གཅིག་ནས་གཉིས་འདི་ཡིན་ཟེར་བ་དང་ལག་ལེན་དངོས་ཀྱི་ཐོག་ཏུ་འདི་འདྲ་དང་དེ་འདྲ་ཡོང་གི་རེད་ཅེས་སྐད་ཆ་གསར་པ་གང་ཡང་མི་འདུག་ག ཡོད་ན་གསུང་དང་། ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱ་ཁྲིམས་ཀྱི་འོག་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་མ་ཐུབ་པ་ཞིག་ཟམ་སྟོང་བླ་མས་གཏོང་ཐུབ་ཀྱི་རེད་དམ།
བོད་ནང་གི་བོད་མི་ལས་བྱེད་པ་རྣམས་ཀྱིས་རྒྱ་ཁྲིམས་མ་ཤེས་པ་ཞིག་བཙན་བྱོལ་ནང་གི་རྒྱལ་བཙོང་བ་ཚོས་ཤེས་ཀྱི་རེད་དམ། ཡིན་ད་་་འཇོན་སྟངས་དང་ཤེས་སྟངས་ཤོད་ཤོག་ཨ།
དབུ་མའི་ལམ་གྱི་རང་སྐྱོང་བསམ་འཆར་ཟེར་བ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ལེའུ་སུམ་བཅུ་སུམ་གཉིས་ཙམ་ལུང་འདྲེན་བྱས་ནས་བཟོ་པའི་བསམ་འཆར་ཞིག་རེད། དེང་སང་ཡོད་བཞིན་པའི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་དུ་མེད་པ་ཞིག་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཏུ་གནས་དགོས་ཟེར་བ་དེ་རེད།