བློ་གྲོས་རབ་བརྟན།
སྐད་ཆ་འདི་འདྲ་ཞིག་གོ་ཡོང་གི་འདུག ཉན་འདོད་མེད་ནའང་གོ་ཡོང་གི་འདུག རྒྱ་གར་ལྷོ་གཞིས་ཁག་ལྔའི་གཞིས་མགོ་འཕོ་འགྱུར་གྱི་སྐོར་རེད། ཐུགས་རྗེས་གཟིགས་དེ་མ་བཤད། ངའི་གོ་དགོས་པའི་སྐད་ཆ་དེ་མ་རེད། གཞན་པ་ཞིག་ཤོད་དང་།
ངས་ཁ་པར་བཟུང་སྟེ་སྔོག་བཞིན་བསྡད། ཁོང་ཚོའི་སྐད་ཆ་སྔར་བཞིན་རྒྱ་གར་ལྷོ་གཞིས་ཁག་ལྔའི་གཞིས་མགོའི་སྐོར་རེད། ད་སུན་ཡོང་གི་འདུག དེ་མ་གཏོགས་ཁོང་ཚོར་སྐད་ཆ་གཞན་པ་མེད་ས་རེད། གཞིས་མགོ་ཀརྨ་སེང་གེ་སྲིད་སྐྱོང་བློ་བཟང་སེང་གེས་ལ་དྭགས་ལ་གནས་སྤོ་བྱས་འདུག་ལ། དེའི་ཚབ་ལ་གནས་སྐབས་རིང་ཆོས་འཕེལ་ཐུབ་བསྟན་བསྐོས་འདུག་ཟེར། ཅི་ཞིག་ཡིན་ནའང་སྐད་ཆ་དེ་རིགས་གོ་ཡོང་ན་ཉོབ་ཡོང་གི་འདུག་པས། རྣ་བ་ལ་ཁ་པར་གྱི་སྐུད་པ་མཐུད་དེ་ཡ་མེད་དུ་བཞག འོན་ཏེ་ཟ་ཟུར་ནས་སྐད་ཆ་རེ་རྣ་བར་འཛུལ་ཡོང་གི་འདུག ཆོས་འཕེལ་ཐུབ་བསྟན་དེ་སྔོན་སྐུ་སྒེར་ཡིག་ཚང་ནས་དངུལ་ལྐོག་ཟའི་རྙོག་དྲ་ལྷག་སྟེ་ལ་དྭགས་ལ་གནས་སྤོ་བྱས་པ་རེད་ཟེར། སྐད་ཆ་དེ་དག་ལ་ཡ་བྱེད་པ་ལས་སྙན་མོའི་གླུ་གཞས་ཤིག་ལ་ཉན་ན་སྐྱིད་ས་རེད་བསམས་ཏེ། ཉལ་ཁང་དུ་སོང་སྟེ་ལྷོད་ལྷོད་ཀྱིས་བོད་ཀྱི་གླུ་བ་གླུ་མ་དག་གི་གཞས་ལ་ཉན་ནས་བསྡད།
སྐར་མ་བཅུ་བཅོ་ལྔ་ཙམ་འགོར་རྗེས། ད་ཤོག་ཟ་མ་ཟ་ཟེར་ནས་ང་ལ་འབོད་ཀྱིན་འདུག་པས་ཟ་མ་ཟ་རུ་ཡོང་། ཁོང་ཚོའི་སྐད་ཆ་ད་དུང་སྔར་བཞིན་ལྷོ་གཞིའི་ཁག་ལྔའི་གཞིས་མགོའི་སྐོར་རེད། བློ་བཟང་སེང་གེས་དེ་ལྟར་གཞིས་མགོ་བརྗེ་བོ་བརྒྱབ་པར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་རེད། ལྷོ་གཞིས་ཁག་ལྔ་ནི་སྲིད་སྐྱོང་འོས་བསྡུ་ལ་གནད་འགག་ཆེན་པོ་རེད། ཆོས་འཕེལ་ཐུབ་བསྟན་གཞིས་མགོ་ལ་གནས་སྐབས་རིང་བསྐོས་པ་ཡིན་ཟེར་གྱིན་འདུག་མོད། འོན་ཀྱང་འོས་བསྡུ་མ་ཚར་བར་དུ་འཇོག་གི་རེད། འོས་བསྡུ་ཚར་བའི་རྗེས་སུ་གཞིས་མགོ་གཞན་ཞིག་བསྐོ་རྒྱུ་ངེས། ཆོས་འཕེལ་ཐུབ་བསྟན་ནི་མི་གླེང་རྙོག་ཅན་ཞིག་ཡིན་པས། གལ་ཏེ་སྲིད་སྐྱོང་བློ་སེང་ལ་འདྲི་བ་བྱུང་ན་ད་ལྟ་གནས་སྐབས་རིང་ཡིན་ཟེར་ནས་ལན་ཞིག་བརྒྱག་རྒྱུ་ཡོད་པ་རེད། དེ་ཡང་སྤྱང་བོའི་ལས་ཀ་བྱེད་སྟངས་ཤིག་རེད། འོས་བསྡུའི་སྐབས་སུ་དགོས་པའི་ལས་དོན་བྱེད་ཐུབ་པར་མ་ཟད། མི་ལ་ལན་ཞིག་ཀྱང་རྒྱག་རྒྱུ་ཡོད་པ་བཟོས་འདུག མི་གྱོང་བོ་རེད་ཟེར།
ཟ་མ་ཟ་ཞོར་དུ་སྐད་ཆ་དེ་དག་ངའི་རྣ་བར་འཛུལ་ཏེ་བསམ་བློ་གཏོང་བཅུག་སོང་། བློ་བཟང་སེང་གེ་ལགས། ང་ནི་ཁྱོད་ལ་རེ་བ་བྱེད་མཁན་གྱི་མི་ཞིག་ཡིན། འོན་ཀྱང་ཁྱོད་ཀྱིས་རང་མདོག་མང་པོ་ཞིག་སྟོན་གྱིན་ཡོད་པ་འདྲ། ད་ཨ་ཁ་ཁ་ཟེར་རྒྱུ་ལས་མི་འདུག ཨ་ཡོ།
གནས་ཚུལ་ཆ་ཚང་ཤེས་ནས་དྲ་ནང་འཛུལ་ན་གཟི་བརྗིད་ཆེ་། ཀརྨ་སངེྒ་གཞིས་འགོ་མ་རེད་ལྷོ་སྤྱི་རེད་། ལ་དཱགས་ལ་མ་རེད་ཤེས་རིག་ལྷན་ཁང་ནང་གནས་སྤོས་གནང་བ་རེད་།
ཨ་ཁ་ཁ། ཅི་ཞིག་གི་ཆེད་དུ་དེ་སྔོན་དངུལ་གྱི་གླེང་ཉོག་ཡོད་མཁན་ཞིག་ལྷོ་སྤྱིར་བསྐྱར་འཇོག་བྱས་པའི་གནས་ཚུལ་དེ་ཡ་མཚན་ཞིག་རེད། རང་ཕྱོགས་ལ་ཐུག་དུས་ཁ་ཞེ་མི་མཚུངས་པའི་ས་འོག་དར་འཐག་གི་ཐབས་ལམ་འདི་འདྲ་སྤྱོད་པ་ནི་ཆེས་ཐབས་སྡུག་གི་ལས་ཀ་ཞིག་ཅིའི་ཕྱིར་མ་ཡིན་ནམ།
ཨ་རོགས་ཚོ། དེང་སྐབས་ཡི་གེ་ཅུང་ཤེས་མཁན་ཚོ་དང་། སྒོར་མོ་ཡོད་མཁན། ཁ་དབང་ཡོད་མཁན། མགོ་བདེ་དྲན་འཁྲུལ་ཅན་ཚོས་ཁུངས་འཁྱོལ་ཙམ་དུ་ཡོད་པའི་བཙན་བྱོལ་སྒྲིག་འཛུགས་དེ། གཏོར་བཤིགས་དང་དཀྲུག་དཀྲུག་གཏང་རྒྱུའི་གོ་སྐབས་ཆེས་དགའ་བོ་ཡིན་ན། ནུས་ཤུགས་ཡོད་རྒུ་བཏོན་ཏེ་དཀྲུག་ཅིག རྒྱ་གུང་ཁྲན་ཚང་ཐུགས་དགྱེས་པའི་མཆོད་སྤྲིན་ཞིག་ཤོམ་ཞིག འོན་ཀྱང་༸གོང་ས་མཆོག་གི་གཟི་བརྗིད་སྔར་ལས་ཇེ་ཆེ་དང་། བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བ་ཇེ་མང་རེད།
གོ་མཐོས་ལ་བློ་སེང་སྲིད་སྐྱོང་ལང་པའི་མགྲན་རྩོད་སྐབས་
བློ་སེང་གི་རྒྱབ་བསྐྱོར་ཚོལ་མི་དྲག་ཤོད་ཞིག་ཆོས་ཐུབས་
རེད་ཟེར་གོ་མྱོང་དེ་འདྲ་ལ་སོང་གཞིས་འགོ་ཙམ་ཡང་བྱེད་
མྱོང་མེད་པ་གླེང་ཉོག་ཡོད་པ་ཞིག་ལྷོ་སྤྱི་ཡི་གོ་གནས་ཐོབ་འདུག་