མི་ཉག་ཀུན་དགའ་བཀྲ་ཤིས།
དེང་སང་མི་ཁ་ཤས་ཀྱི་ཁོག་པའི་ནང་ལ་གདོན་ཞུགས་ནས་སྨྱོ་ཧམ་ཆེན་པོས་བོད་རིགས་ནང་ཁུལ་ལ་ཚིག་མཚོན་འདེབས་པ་དང་། རྒྱ་ནག་ལས་ཀྱང་གདུག་རྩུབ་ཆེ་བའི་ཚིག་གི་འཐབ་རྒོལ་གྱི་ཐབས་ལམ་སྤྱད་ནས་དོན་མེད་རང་རེའི་བོད་ཀྱི་སྲིད་སྐྱོང་ལ་ངོ་རྒོལ་གྱི་ལས་གཞི་བརྩམས་ནས་ཐོག་མ་ཉིད་ནས་བརྟན་བརླིང་ཅི་ཡང་མེད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སམ་སྒྲིག་འཛུགས་ཆུང་ཆུང་འདི་ཕུ་དཀྲོག་མདའ་དཀྲོག་བྱེད་པའི་དུས་ངན་གྱི་ཡོ་ལང་རྒྱས་བཞིན་པ་རེད།
བོད་མི་འགའ་ཞིག་ནས་ཤེས་མདོག་གིས་The Washington Times ཞེས་པའི་གསར་ཤོག་དེ་འཛམ་གླིང་ནང་གི་ཚགས་པར་རྩེ་གྲས་ཤིག་ཡིན་པ་དང་། ཡིད་རྟོན་དང་ཆ་འཇོག་ཅི་ནས་ཀྱང་རུང་བ་ཞིག་རེད་ཅེས་ཧམ་བཤད་ཚད་མེད་བྱེད་བཞིན་པ་རེད། གསར་ཤོག་འདི་༡༩༨༢ ལོར་ཡེ་ཤུའི་ཆོས་ཚོགས་ཕྱུག་པོ་ཞིག་གིས་གསར་གཏོད་བྱས་པ་དང་། ཚོགས་པ་དེ་རང་གིས་དུས་ཡུན་རིང་པོར་གཙོ་བདག་ཀྱང་བྱས། ད་ལྟའི་ཆར་ཨ་རིའི་རྒྱལ་ས་དང་ལྷོ་ཀོ་རི་ཡ་སོགས་སུ་ཡོད་པའི་ཉིན་རེའི་གསར་ཤོག་ཅིག་རེད། ཚགས་པར་དེའི་བྱེད་ལས་སམ་དགོས་དམིགས་གཙོ་བོ་དེ་ཡེ་ཤུའི་ཆོས་དེ་འཛམ་གླིང་ནང་ཉི་འོད་བཞིན་ཁྱབ་སྤེལ་གཏོང་ཐབས་དེ་རེད།
གསར་ཤོག་The Washington Times ཞེས་པ་འཛམ་གླིང་ནང་སྐད་གྲགས་ཡོད་པ་ཕར་ཞོག ཨ་རིའི་ནང་གི་གསར་ཤོག་ཡག་ཤོས་བརྒྱ་ཡི་མིང་གཞུང་ནང་དུ་ཡང་སླེབས་ཐུབ་ཀྱི་མེད། མདོར་ན་གསར་ཤོག་འདི་ལྟ་གྲུབ་ཀྱི་ཆ་ནས་རྒྱ་ནག་གི་ཤིན་ཧྭ་གསར་ཤོག་སོགས་ལས་ཀྱང་ལྡབ་འགའ་སྡུག་བ་དང་ཞན་པོ་ཡོད་པའི་ཚད་དུ་བསྒྲགས། ཡིད་མ་ཆེས་ན་ཞིབ་འཇུག་བྱོས། གལ་སྲིད་ཚགས་ཤོག་ནང་དུ་བཀོད་པའི་གསར་འགྱུར་དང་རྩོམ་ཡིག་བཀོད་ཚད་ལ་ཡིད་རྟོན་དང་། ཡང་ན་ཚད་མར་འཛིན་འོས་པ་ཞིག་ཡིན་ན། རྒྱལ་སྤྱི་ལྟར་ན། The Washington Times ལས་ཚད་གཞི་ཧ་ཅང་མཐོ་སར་སླེབས་པའི་རྒྱ་ནག་གི་ཚགས་ཤོག་ཁག་ཏུ་སྤེལ་དང་སྤེལ་བཞིན་པའི་འཁྱོག་བཤད་ཀྱི་རྩོམ་དང་གསར་འགྱུར་ཁག དཔེར་ན་བོད་རྗེས་ལུས་དང་། མུན་ནག བྲན་གཡོག་ལམ་ལུགས་ཡིན་པ་དང་། དེ་བཞིན་༧སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལུས་ལྤགས་གྱོན་པའི་སྤྱང་ཀི འཇིགས་སྐུལ་རིང་ལུགས་པ། ཁ་བྲལ་རིང་ལུགས་པ། མི་གསོད་མཁན་གྱི་དགེ་སློང་སོགས་སྙོན་འཛུགས་མང་དག་ཅིག་བྱས་དང་བྱེད་བཞིན་པ་ཁག་ལ་ཡང་བསམ་བློ་ཞིག་གཏོང་དགོས་པ་ཆགས་མི་འདུག་གམ། གལ་སྲིད་ཨ་རིའི་ཚགས་པར་དེར་མི་ཕྱེད་པའི་དད་པ་ཡོད་ན། དེ་ལོས་འགྲིག འོན་ཀྱང་དེ་ལ་དགག་ལན་ནམ་གསལ་བཤད་ཀྱི་ཚུལ་དུ་བཀོད་པའི་ཨ་རིའི་བོད་ཁང་གི་ཡི་གེ་དེ་ཡང་སྣང་མེད་དུ་མ་འཇོག་རོགས།
ཡང་དེ་དང་མཉམ་དུ། མགོ་རུལ་སྣ་བས་མི་ཚོར་བའི་མི་དེ་ཚོས་ད་དུང་ངོ་མ་ཧ་སང་མདོག་དང་རྒྱུས་མངའ་ཆེ་མདོག་གིས་ Maura Moynihan ཞེས་པའི་ཨ་རིའི་བུད་མེད་དེ་འཛམ་གླིང་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་དང་། བོད་ལ་སེམས་ཤུགས་ཡོད་རབས་དང་། ཡིད་ཆེས་བྱེད་འོས་རབས་སོགས་ཀྱི་དཀྲོག་གཏམ་གྱི་རུལ་དྲི་ཞིག་གང་སར་ཁྱབ་སྤེལ་གཏོང་བཞིན་པ་རེད། དོན་དངོས་ཐོག་ནས་བཤད་ན། མོ་ནི་འཛམ་གླིང་ནང་དུ་སྐད་གྲགས་ཡོད་པའི་རྩོམ་པ་པོ་ཞིག་གཏན་ནས་མ་རེད། མོས་རྩོམ་ཐར་ཐོར་རེ་དང་། དེབ་ཁོབ་ཏོ་རེ་གཉིས་བྲིས་ཡོད་པ། མོའི་ཨ་ཕ་འདས་པོ་བོད་ལ་སེམས་དཀར་བ། དེ་བཞིན་མོས་བོད་དོན་དང་འབྲེལ་བའི་ལས་ཀ་ཉུང་ཟད་རེ་བྱས་པ་བདེན་མོད། འོན་ཀྱང་དེ་ཙམ་ཞིག་གིས་མོ་ཡི་མི་གཤིས་ཡག་པོ་ཞིག་དང་བོད་ལ་ཤ་ཚ་མཁན་ཞིག་ཡིན་པ་བསྒྲུབ་དཀའ། མོ་ནི་མིང་གྲགས་ལ་དགའ་བ་དང་། གཞན་ལ་མཐོང་ཆུང་བྱེད་པར་ཧ་ཅང་དགའ་མཁན་གྱི་མི་ཞིག་ཡིན་པ་མོའི་རྩོམ་ཡིག་རྣམས་ཞིབ་ཏུ་བཀླགས་ཚེ་ལམ་སང་ཤེས་རྟོགས་ཐུབ་ངེས་རེད།
གོང་བརྗོད་ཀྱི་རྩོམ་པ་པོས་གོང་བརྗོད་ཀྱི་ཚགས་ཤོག་ཐོག་བཏོན་པའི་སྐད་ཆ་དེ་གསར་པ་གང་ཡང་མ་རེད། འོན་ཀྱང་མོ་ཡིས་མོ་རང་ལ་དོ་སྣང་གསར་པ་ཞིག་སླེབས་ཆེད་དང་། ཤི་ཟིན་པའི་མོ་ཡི་མིང་རྙིང་པ་དེ་སྐྱར་གསོ་བྱེད་པའི་ཆེད་དུ་སྐྱར་དུ་སྲིད་སྐྱོང་མཆོག་ལ་སྙོན་འཛུགས་ཀྱི་སྐད་ཆ་རྙིང་པ་དེ་རོ་ལང་རྒྱབ་ཏུ་བཅུག་པ་རེད། ང་ཚོ་གཞི་མེད་པའི་སྐད་ཆ་འདི་འདྲར་མགོ་འཐོམ་དགོས་དོན་གཏན་ནས་མེད། བོད་ལ་སེམས་ཤུགས་ཡོད་ཟེར་མཁན་གྱིས་ཕྱི་རྒྱལ་བ་མང་པོ་ཞིག་གིས། ཤུགས་ལྡན་དད་པ་རང་མོས་དང་དེ་ལ་དད་པའི་བོད་མི་ཉམ་ཆུང་རྣམས་ཁ་ལ་གཡར་ནས་བཙན་བྱོལ་སྒྲིག་འཛུགས་དྲང་བདེན་མིན་པ། རུལ་སུངས་ཡིན་པ། འདྲ་མཉམ་མ་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེ་རྫུན་མ་ཡིན་པ། ཆོས་དད་རང་དབང་འཕྲོག་ཚུལ། སྐྱག་རྫུན་གསུང་གི་ཡོད་པ་སོགས། བརྗོད་གཞི་དང་སྒྲུབ་བྱེད་མི་འདྲ་བའི་ཐོག་ནས་རྩོམ་རབ་དང་རིམ་པ་སྤེལ་བཞིན་ཡོད་པ་དང་། མདོར་ན། ང་ཚོ་རྒྱལ་སྤྱི་དང་རྒྱ་གར་སོགས་ཀྱི་ཁྲིམས་རྭའི་ནང་དུ་ཡང་བསྐྱལ་ཚར་བ་རེད། དོལ་རྒྱལ་དང་འབྲེལ་བའི་དཀའ་རྙོག་དང་སུན་གཙེར་བཟོ་མཁན་དེ་ཚོ་ཡང་ Maura Moynihan དང་འདྲ་བར། ཁོ་ཚོའི་སྒེར་གྱི་ཁེ་ཕན་ཆེད་བོད་ཀྱི་མིང་བེད་སྤྱོད་གཏོང་བཞིན་ཡོད། ཁོ་ཚོས་བོད་པའི་སྤྱི་ཚོགས་འདྲ་མཉམ་མིན་པ་དང་། རུལ་སུངས་ཡིན་པ་བཤད། དཔང་རྟགས་སུ་དཔར་རིས་དང་བརྙན་ཐུང་སྣ་ཚོགས་བཟོ་སྒྲིག་བྱེད་ནས་མཐར་ང་ཚོ་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དང་། ཆོས་ཀྱི་དབུ་ཁྲིད་ཚོའི་མཚན་སྙན་གྲགས་ལ་གནོད་པ་དང་། བོད་པའི་ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་གཏོང་བའི་དམིགས་ཡུལ་དེ་རེད། དེ་ཚོའི་རིགས་ང་ཚོར་ཤ་ཚ་མིན་ང་ཚོས་རིག་པས་དཔྱད་དགོས།
གོང་དུ་གསལ་བཤད་བགྱིས་པའི་གནས་ལུགས་རྣམས་མགོ་མ་འཚོས་པའི་ཐོག་ནས་ཚགས་ཤོག་དང་རྩོམ་པ་པོ་དེ་གཉིས་ཀྱི་གནས་དོན་དང་འབྲེལ་བའི་ཁུངས་མེད་པའི་རྩོམ་ཡིག་འདི་ཡི་རིགས་འཛེམ་ཟོན་སྤུ་ཙམ་མེད་པར་ངོ་དེབ་སོགས། དེང་དུས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་བ་ནི་ཤེས་བཞིན་དུ་སྲིད་སྐྱོང་ལ་གཏོར་རྒོལ་བྱེད་པའི་མ་རུངས་པའི་ཐབས་ཇུས་ངན་པ་ཞིག་རེད། ཞིབ་ཏུ་བསམ་ན། ལྐུགས་རྟགས་དང་ཕྱོགས་ཞེན་གྱི་དུག་ཕོག་པའི་ལས་འགུལ་དེ་ཡིས་སྲིད་སྐྱོང་སྒེར་ལ་གནོད་མི་ཐུབ་ཀྱང་སྲིད་སྐྱོང་ནི་མང་མོས་འོས་བསྡུའི་ལམ་ནས་ཕེབས་པའི་དབུ་ཁྲིད་ཅིག་ཡིན་པས་ཁོང་ལ་དགའ་མོས་ཆེ་བའི་མི་མང་པོ་ཞིག་གི་སེམས་ཁམས་དཀྲུག་པ་ཡིན་པས་ཆིག་སྒྲིལ་གྱི་ནུས་པ་འདོན་ཐུབ་པར་གནོད་པ་ཤིན་ཏུ་ཆེ། དེ་ནི་དགྲ་བོར་དགོས་པའི་རྔན་པ་གྱ་ནོམ་པ་ཞིག་ཀྱང་ཅི་བས་རེད།
དམིགས་ཡུལ་དང་བསྒྲུབ་བྱ་གཞན་འདྲ་ཡོད་ན་མ་གཏོགས། འོས་མི་བཞི་པོར་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་ན་ངེས་པར་དུ་བསམ་བློ་བཟང་ཕྱོགས་སུ་གཏོང་དགོས་པའི་དུས་ལ་སླེབས་ཚར་འདུག གལ་སྲིད་ཨ་ཚོགས་ལྟ་བུ་ཞིག་༢༠༡༦ ལོའི་སྲིད་ཁྲིར་སླེབས་པའི་དབང་དུ་བཏང་ན་ཡང་། ད་ལྟའི་མང་གཙོའི་ལམ་ལུགས་དང་མི་མཐུན་ཞིང་དད་པའི་རྗེས་འབྲང་གི་ལས་འགུལ་རྫོར་པོ་འདིས་གཞན་གྱི་སེམས་སུ་འཁོན་འཛིན་དང་ཞེ་སྡང་གི་ཚོར་བ་བསྐྲུན་ནས་ཕྱིས་སུ་ཁོང་ལ་ལོ་ལྔ་ཡི་རིང་སྲིད་སྐྱོང་ལས་སླ་པོ་ཞིག་གནང་བཅུག་གི་རེད་དམ། ཧ་ཅང་བཤད་ཁག་པོ་རེད། ལས་འགུལ་སྤེལ་མཁན་ཚོས་མང་གཙོའི་འགྲོ་ལུགས་དང་མ་འགལ་བའི་ཐོག་ཏན་ཏན་ཏིག་ཏིག་དང་བློ་སེམས་གཅིག་ཏུ་བསྒྲིམས་ནས་ཕན་ཚུན་ལ་གུས་ཞབས་དང་བསམ་ཤེས་ཚད་མཐོ་ཡོད་པའི་ཐོག་ནས་སོ་སོར་དགོས་པའི་རྒྱལ་ཁ་ལེན་པར་བརྩོན་དགོས། དེ་ནི་རང་དབང་རེད། ཡིན་ན་ཡང་རང་དབང་ལ་ཚད་འཛིན་ཡོད་པ་ཤེས་དགོས། བྱེད་སྟངས་མ་ཤེས་པའི་ད་ལྟའི་ལས་འགུལ་གྱི་རིགས་རྣམས་ནི་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཡིན་པ་ཙམ་མ་ཟད། ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་མང་གཙོའི་ལམ་གྱི་འགྲན་རྩོད་ཚད་ལྡན་ཡོང་བའི་འགོག་རྐྱེན་ཆེ་ཤོས་དེ་ཆགས་བཞིན་ཡོད་པ་མངོན་གསལ་དོད་པོ་རེད། མང་གཙོའི་ལམ་ལུགས་ཀྱི་ནང་ལ་སྐྱོན་བརྗོད་བྱེད་པ་དེ་ཡར་རྒྱས་ཀྱི་རྨང་གཞི་ཞིག་ཡིན་ན་ཡང་། སྐྱོན་གང་བརྗོད་པ་དེ་ཡང་’ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པར་གཞན་དག་རྒྱུ་’ ཞེས་པའི་ལེགས་བཤད་ལྟར་མ་སོང་བར་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་པ་ཞིག་ཀྱང་ངེས་པར་དུ་དགོས།
མ་གཞི་ང་ཚོ་ད་དུང་བཙན་བྱོལ་བའི་གནས་སྟངས་ཐབས་སྐྱོ་པོ་འདི་ཡི་འོག་ལ་ལུས་བསྡད་ཡོད་པ་དང་། ཕྱི་ནང་གི་འགལ་རྐྱེན་བར་ཆད་སྣ་མང་འཕྲད་བཞིན་ཡོད། དཔེར་ན། མི་ལོ་དྲུག་བཅུའི་ནང་གི་བཙན་བྱོལ་བོད་མིའི་ཐོན་རྫས་ཡག་ཤོས་ཀྱི་གྲས་སུ་མཁས་དབང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་། ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་སོགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་ཐོན་པ་རེད། འོན་ཀྱང་ང་རང་ཚོས་དང་པོ་དེ་རྐུན་མ་བཟོ་བ་དང་། གཉིས་པ་དེ་ལག་དམར་བ་བཟོ། གསུམ་པ་དེ་གད་པའི་གྲས་སུ་བཞག དེ་ཚོ་ནི་གྲོས་མགོ་མིས་བཏོན་ནས་གྲོས་ཐག་ང་ཚོས་མིག་བཙུམ་ནས་བཅད་པ་ཤ་སྟག་རེད། མ་གཞི་རྩོད་པ་རྒྱབ་མཁན་དེ་ཚོ་ཕལ་ཆེ་བ་སུམ་རྟགས་དག་གསུམ་ལ་ཏོག་ཙམ་རེ་སྦྱངས་མྱོང་བའི་བོད་ནས་སླེབས་པའི་ཀླད་པ་ལྗང་ཁུ་ཏག་ཏག་རེད། ཁོ་ཚོ་མང་ཆེ་བས་བོད་ཡིག་ནི་ཏོག་ཙམ་རེ་ཤེས། ལས་ཀ་ནི་མེད། ཟླ་རེའི་ཁང་གླ་སྤྲད་ཐུབ་ཙམ་དང་། ཡང་ན་མི་འདང་བ། ལྷག་པར་དུ་དུས་ཚོད་མ་འཁྱོལ་བའི་སྐབས་དང་། སེམས་ཁམས་དེ་ཙམ་བདེ་པོ་མེད་པའི་མཚམས་སུ། ལུང་ཚན་དང་ཆོལ་ཁའི་འཐེན་འཁྱེར། ལྟ་བ་མཁྲེགས་འཛིན་གྱི་ནད་ཡམས་དེ་སེམས་སུ་རྒྱུན་འཁྱོང་བྱེད་པ་ཙམ་ལས་གཞན་གང་ཡང་འཇོན་རྒྱུ་མེད་པའི་དཀའ་ངལ་དེ་མི་གཞན་གྱིས་ཆེད་དུ་ཁོ་ཚོར་བཟོ་ཡོད་པ་ལྟར། ཁ་གྲགས་དུས་ནས་གཞན་ལ་འཁང་ར་དང་དམོད་མོ་ཏག་ཏག་འདེབས་པར་འཚེར་སྣང་སྐྱེས་མི་ཤེས་པའི་རིགས་དག་རེད། ད་དུང་གཞུང་ཞབས་ཀྱི་གྲས་སུ་ཡོད་པའི་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ཀྱང་དེའི་ཁྲོད་དུ་ཡོད། མ་གཞི་ཁོ་ཚོས་མཁས་དབང་བློ་བཟང་སེང་གེ་ལགས་ལ་སྲིད་སྐྱོང་མ་ཆགས་པའི་གོང་རོལ་ནས་སྡང་ཟུག་ཆེན་པོ་བྱས་པ་རེད།
སོ་སོ་དགའ་མིན་ལ་མ་ལྟོས་པར། ད་ལྟ་ཡིན་ནའང་རེད། མ་འོངས་པ་ཡིན་ནའང་འདྲ། མི་སུ་ཞིག་བོད་ཀྱི་སྲིད་སྐྱོང་ཆགས་པའི་ཉིན་མོ་དེ་ནས་བཟུང་སྟེ། སྲིད་སྐྱོང་སོ་སོའི་མགོ་ཁྲིད་ཡིན་པའི་འདུ་ཤེས་བཟུང་བའི་ཐོག་ནས་གུས་ཞབས་བྱེད་དགོས་པ་དེ་བོད་ཀྱི་མི་སེར་ཚང་མར་འཁྲི་བའི་འོས་འགན་ཉག་ཅིག་རེད། སྐྱོན་བརྗོད་ཀྱང་བྱེད་དགོས་ངེས་ཡིན་པ་དང་། སྐྱོན་བརྗོད་དུས་འགན་ཡང་འཁུར་དགོས། སྐབས་རེ་ཡོན་ཏན་བརྗོད་ཨེ་ཤེས་ཀྱང་ལྟ་དགོས། གཞི་མེད་པའི་སྙོན་འཛུགས་དང་སྡིགས་ར་སོགས་ལ་ནི་མཐའ་ན་མང་གཙོའི་སྲིད་ལུགས་ནང་དུ་ཡང་ས་མིག་སྟོང་པ་མེད་པ་ཡིན།
Maura Moynihan གིས་ The Washington Times ཐོག་བཀོད་པའི་རྩོམ་ཡིག་ནང་བློ་བཟང་སེང་གེ་བོད་པ་དང་། བོད་མི་རྣམས་ནི་ལག་སྟོང་གི་སྐྱབས་བཅོལ་བ་ཡིན་པས་ཨ་སྒོར་འབུམ་གཉིས་ཡས་མས་ཀྱི་ཁང་པ་ཞིག་ཉོ་མི་ཐུབ་པ་དང་། DC ལ་ཁང་པ་ཉོས་ནས New York གི་དོན་གཅོད་དེ་ Washington DC ལ་སྤོས་མི་ཐུབ་པའི་དོགས་སློང་བྱས། དེ་ནི་རྒྱ་ནག་གི་བོད་རིགས་ལ་བཟུང་བའི་མཐོང་ཆུང་དང་དམའ་འབེབས་ཀྱི་ལྟ་ཚུལ་དང་ཧ་ཅང་འདྲ་བའི་བཤད་སྟངས་ཤིག་རེད། ཞིབ་ཏུ་སོམས་དང་། ཨ་རིའི་ནང་གི་རྒྱ་མིའི་ཟ་ཁང་ནང་ལས་ཀ་བྱེད་མཁན་གྱི་བོད་རིགས་མང་པོ་ཞིག་གིས་ཀྱང་ཨ་རིར་ཁང་པ་ཉོ་ཐུབ་ཀྱི་ཡོད་ན། ཨ་རིའི་ནང་སྐུ་ཟླ་དང་བཅས་པས་མི་ལོ་བཅུ་དྲུག་ཙམ་གྱི་རིང་ལ་ཕྱག་ལས་གནང་བའི་སྐུ་ཞབས་བློ་བཟང་སེང་གེའི་ནང་མིས་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་ཨ་རིར་ཁང་པ་དཀྱུས་མ་ཞིག་ཉོ་མི་ཐུབ་པ་རེད། ངས་བལྟས་ན་ཁང་པ་གཅིག་མ་ཚད། མ་མཐར་ཡང་གཉིས་གསུམ་ཞིག་ཉོ་ཐུབ་དགོས་པའི་གནས་སྟངས་ཤིག་རེད་བསམ།
དངོས་གནས་བྱེད་ན་མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་དམ་འབུལ་མ་གནང་བའི་གོང་ལ་ཁང་པའི་གཏའ་མའམ་དངུལ་བུན་རྣམས་སྡེབ་གཅིག་ལ་སྤྲད་གནང་བ་དེས་ཁོང་ཕུགས་རྒྱང་རིང་པོའི་བསམ་བློ་ཡོད་མཁན་ཞིག་དང་། མཁྱེན་རྒྱ་ཅན། འཆར་གཞི་ཚད་ལྡན་ཡོད་མཁན་གྱི་གང་ཟག་ཁྱད་པར་ཅན་ཞིག་ཡིན་པ་གསལ་པོར་མཚོན་འདུག་པར་སྣང་། གལ་སྲིད་དེ་ལྟར་བྱུང་མེད་ན། སྐབས་འཚོལ་རིང་ལུགས་པ་ཚོས་ནམ་ཡང་ཁོང་གི་ཨ་རིའི་ཁང་རིན་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ཁོངས་ནས་ལྐོག་ཏུ་གཏོང་གིན་ཡོད་ཚུལ། ད་ལྟའི་ཨ་སྒོར་༤༠༠ ཡི་སྲིད་སྐྱོང་གསོལ་ཕོགས་ཀྱིས་ཨ་རིའི་ཁང་རིན་སྤྲད་པར་མི་འདང་ཚུལ། ཕྱིས་སུ་ཁང་དངུལ་སྡེབ་གཅིག་ལ་སྤྲད་གནང་ཚེ་དེ་སྤྱི་རྒྱུ་ཡིན་ཚུལ་དང་ལྐོག་ཟ་བྱེད་ཚུལ། གང་ལྟར་མི་དཀར་པོའི་མགོ་ལ་ཞྭ་ནག་པོ་ཞིག་མི་ཚེ་གང་པོར་གཡོག་སྲིད་པ་བཅས་ལ་དགོངས་པ་སྔོན་ནས་བཞེས་པ་རེད་སྙམ། དེར་བརྟེན་ཁོང་གིས་དེ་ལྟར་གནང་པ་དེ་ཁོང་སྐུ་སྒེར་ཙམ་ལ་ཕན་ཐོགས་བྱུང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མཚན་སྙན་ལ་ཡང་ཧ་ཅང་ཕན་པའི་རླབས་ཆེན་གྱི་བྱ་བ་ཞིག་ཀྱང་རེད། དེར་བརྟེན། ཚང་མས་བྱེད་བབ་དེ་ལ་བསྟོད་བསྔགས་ཞུ་འོས་པ་ལས། སྙོན་འཛུགས་བྱེད་མི་ཉན་པའི་བྱ་བཞག་ཅིག་ཅི་ནས་ཀྱང་རེད་བསམ།
ད་ལྟའི་ཆར་སྲིད་སྐྱོང་བློ་སེང་ལགས་གུས་པའི་སྲིད་སྐྱོང་ཡིན་པས་ངས་ཁོང་གིས་མི་ལོ་བཞིའི་མཛད་འཕྲིན་དང་འཛིན་སྐྱོང་ལ་སེམས་པའི་གཏིང་ནས་རྗེས་སུ་ཡི་རང་ཞུ་པའི་ཐོག་ནས་ཚད་མཐོ་བའི་རྒྱབ་སྐྱོར་ཞུ་རྒྱུ་དང་། ༢༠༡༦ ལོའི་ཡོངས་གྲགས་ཀྱི་སྲིད་སྐྱོང་གི་འོས་མི་བཞི་པོ་སྟེ། བློ་བཟང་སེང་གེ་ལགས། སྤེན་པ་ཚེ་རིང་ལགས། བཀྲ་ཤིས་དབང་འདུས་ལགས། དེ་བཞིན་ཀླུ་མཁར་བྱམས་ལགས་སོགས་གང་རུང་ཞིག་སྲིད་ཁྲིར་ཕེབས་ཀྱི་རེད། ཕེབས་པའི་ཉིན་མོ་དེ་ནས་རང་ཉིད་བོད་ཀྱི་རིགས་སུ་གཏོགས་པའི་བཙན་བྱོལ་བའི་བོད་མི་ཞིག་ཡིན་པའི་ཆ་ནས་དེ་དང་མཚུངས་པར་བསམ་སྦྱོར་གཉིས་ཀའི་ཐོག་ནས་རྒྱབ་སྐྱོར་ཞུ་བའི་ཆོད་སེམས་བརྟན་པ་དང་། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཀྱང་དེ་ལྟར་གནང་བའི་རེ་བ་ཆེ། བོད་རྒྱལ་ལོ།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་༢༠༡༥ ལོའི་ཕྱི་ཟླ་༠༨ པའི་ཚེས་༡༣ ལ་བྲིས་པའོ།།
འདི་ནི་སེམས་ཤུགས་ཀྱིས་བཤད་སྟངས་ཤིག་ཡིན་པར་གོ་མོད། འོན་ཀྱང་རྙོག་གླེང་འདི་དོན་མེད་ཅིག་རེད་བསམ་ན་སུས་ཡིད་ཆེས་ཀྱི་རེད། འདིས་བཤད་སྟངས་ལ་ལ་ཞིག་ལ་ཁུངས་ལུང་མེད་པར། ཚང་མ་ཤེས་མདོག་བྱེད་ཀྱི་འདུག་པ་ནི་ག་རེ་ཡིན་ནམ། གང་ལྟར་བློ་སེང་གིས་གསལ་བཤད་ཅིག་ངེས་པར་དུ་དགོས་གལ་ཆེ་བ་དེ་རྙོག་གླེང་འདི་བདེན་མིན་ལ་ཐུག་པ་མ་ཡིན་ནམ།
དྲུང་འཆར་ཀུན་བཀྲས་ལུང་པ་གང་བཤད་ནའང་དགོས་པའི་ལན་དེ་མི་འདུག ཨ་རིའི་ཨ་ཅ་དེ་མི་ཡག་བཙོག་ག་འདྲ་ཡིན་མིན་གལ་ཆེན་པོ་མ་རེད། མོའི་བཤད་པའི་སྐད་ཆ་ལ་ལན་དགོས་པ་རེད། ཀུན་དགའི་རྩོམ་རིང་ནང་ནས་ལན་དེ་བརྙེད་མི་ཐུབ། སྲིད་སྐྱོང་གིས་ཁང་བུན་དམ་འབུལ་མ་བྱས་སྔོན་ནས་སྤྲད་ན་འང་རེད་རྗེས་ནས་སྤྲད་ནའང་དེ་ལ་ཁྱད་པར་མེད། ཨ་ཅ་དེས་ཨ་སྒོར་འབུམ་གཉིས་ལྷག་ཧོབ་སྟེ་དངུལ་དེ་འདྲ་ཕོན་ཆེ་ཞིག་བྱུང་སྟངས་དང་སྤྲོད་སྟངས་ལ་དོགས་པ་བྱེད་བཞིན་ཡོད་པ་རེད། ལོ་མང་རིང་ལས་ཀ་བྱས་པ་རེད་སྤྲོད་མ་ཐུབ་པ་ག་རེ་ཡོད་པ་རེད་ཅེས་གཏམ་སྤོམ་བཤད་དེས་ཡོང་གི་མེད་པ་རེད།
ཨ་རིའི་དོན་གཅོད་དང་རྒྱ་རིགས་འབྲེལ་མཐུད་པ།
གྲོགས་་པོ་ཞིག་གི་ངོ་དེབ་བརྒྱུད་ཨ་རིའི་དོན་ཁང་དུ་རྒྱ་རིགས་འབྲེལ་མཐུད་པ་ཞིག་དགོས་པའི་གསལ་བསྒྲགས་ཤིག་མཐོང་སོང་། དེ་སྔོན་ཞིག་ལ་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་གནས་སྤོ་བྱས་པའི་གནས་ཚུལ་ཞིག་གོ་སོང་ལ། དེའི་སྐོར་དེ་དུས་ང་ལ་བསམ་ཚུལ་ཡོད་ཀྱང་འབྲི་མཁོ་བྱུང་མ་སོང་།
དེ་རིང་བསམ་ཚུལ་སྟབས་བདེ་ཞིག་འབྲི་རྒྱུ་ཡིན། ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་གནས་སྤོ་བྱས་པའི་ཚབ་ཏུ་འབྲེལ་མཐུད་པ་གསར་བ་བསྐོ་ཆེད་དེ་སྔོན་ཡིག་ཚད་བཏང་བ་རེད། དེས་མ་འགྲིག་པར་ད་ལན་ཐེངས་གཉིས་པ་གཏོང་རྒྱུའི་གསལ་བསྒྲགས་བྱས་འདུག ཐེངས་དང་པོ་གཏོང་ནི་ཚོར་ཡིག་ཚད་ག་འདྲ་བྱུང་མིན་གྱི་ཨ་ལན་བརྡ་ལན་ཅི་ཡང་མེད་པར་ཁུ་སིམ་མེར་བཞག་འདུག ད་ལྟ་ཐེངས་གཉིས་པ་ཡིག་ཚད་གཏོང་དགོས་དོན་ཅི་ཡིན་ནམ། དོན་གཅོད་ཨོ་དགའ་ཚང་ལ་དགོས་པའི་མི་དེ་ཡིག་ཚད་དང་པོའི་སྐབས་ལ་མ་བསླེབས་པ་རེད་དམ། ཡིག་ཚད་གཉིས་པའི་སྐབས་ལ་དགོས་པའི་མི་དེ་ཡིག་ཚད་ནང་ཞུགས་བཅུག་སྟེ་ཁོ་འདེམས་རྒྱུ་ཡིན་ནམ། ཡིག་ཚད་གཉིས་པ་གཏོང་དགོས་པའི་དམིགས་ཡུལ་དེ་མ་གཏོགས་གཞན་འགྲོ་ས་མེད་པ་གསལ་བོ་རེད་སྙམ།
ཀུན་དགའ་བཀྲ་ཤིས་ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པར་བསྐོ་མཁན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རེད། དོན་གཅོད་བློ་བཟང་སྙན་གྲགས་དང་བཀྲ་ཤིས་དབང་འདུས་བཅས་ལ་འགྲིག་པ་ཞིག་ལ་ཨོ་དགའ་ཚང་དང་བློ་སེང་ལ་ཇི་ལྟར་མ་འགྲིག་པ་རེད། ག་རེ་བྱས་ནས་གནས་སྤོ་བྱས་པ་རེད། དགོས་པའི་མི་དེ་དགོས་སར་མི་འཇོག་པར་རྡ་སའི་རི་ཁུག་དེར་བསྐྱལ་དོན་ཅི་ཡིན།
ཀུན་དགའ་ལ་མཚོན་ན། ཤེས་ཡོན་དང་ཉམས་མྱོང་། བྱས་རྗེས་སོགས་གང་འཚམས་ཡོད་མཁན་ཞིག་རེད་ལ། དབུ་མའི་ལམ་གྱི་སྲིད་ཇུས་ལ་ཡིད་ཆེས་དང་བཅས་ལས་དོན་ལ་བརྩོན་མཁན་ཞིག་ཡིན་པའི་ཚོར་སྣང་ང་ལ་ཡོད། དེ་འདྲ་མིན་ཡང་སྲིད།
སྲིད་སྐྱོང་དང་ཨོ་དགའ་ཚང་གཉིས་ལ་བོད་དོན་འདི་དོན་གྱི་དགོས་ཀྱི་ཡོད་མེད་དང་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་ལ་ཡིད་ཆེས་ཡོད་མེད་ལ་དོགས་པ་རང་བཞིན་གྱིས་ཡོང་གིན་འདུག
མི་ཟེར་བ་དེར་ལྷག་བསམ་ཕྲན་བུ་ཞིག་མེད་ན། གོ་ས་ཞིག་རེག་པ་དང་མཉམ་དུ་རང་དོན་དང་དྲང་བདེན་མིན་པ། ཕྱི་གསལ་སྣང་གསལ་མེད་པའི་ལས་དོན་མང་པོ་ཞིག་ག་ལེ་ག་ལེ་རུ་མངོན་ཡོང་གི་འདུག་ག
སྲིད་སྐྱོང་དང་ཨོ་དགའ་ཚང་ལྟ་བུའི་ལས་ཀ་བྱེད་སྟངས་དེས། ང་ལ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དྲན་འཇུག་གིན་འདུག
༼ཉིན་འགའི་གོང་ངས་འདི་བྲིས་ཡིན་ཏེ། གོང་གི་མི་ཉག་ཀུན་དགའ་བཀྲ་ཤིས་འབོད་པ་དེ་དང་དེ་སྔའི་ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་གཉིས་མི་གཅིག་རེད་འདུག་པས། བློ་སེང་གི་ཕྱོགས་ལ་ཀུན་དགའ་ལངས་སྟངས་འདིས་ལ་དོགས་གནས་མང་པོ་ཡོང་བཅུག་སོང་།༽
གོང་དུ་མི་ཉག་ཀུན་དགའ་བཀྲིས་ཀྱིས་སྲིད་སྐྱོང་བློ་སེང་དཀར་འདོན་གནང་བ་དེ་ཡང་ཁོ་རང་གི་བསམ་ཕྱོགས་ལས་ཚད་ཐུབ་ཁུངས་འཕེར་མི་འདུག་་་་་འོ་ན་ཨ་རི་བུད་སྨན་དེས་ཚགས་པར་ནང་བཀོད་དགོས་རྐྱེན་གང་ཡིན་ནམ། མོ་དང་བློ་སེང་བར་འགལ་ཟླ་གང་ཡོད་དམ། ང་ཚོས་ཀྱང་གླེང་གཞི་དེ་བདེན་པ་རེད་ཟེར་མི་ཐུབ་ཀྱང་གླེང་གཞི་འབྱུང་རྩ་གང་ཡིན་བསམ་བློ་འཁོར་གྱི་འདུག་་་་་དེ་དང་ཆབ་ཅིག་ཏུ་མི་ཉག་ཀུན་དགའ་བཀྲིས་ཀྱིས་མིག་ལམ་དུ་ཚེར་མ་འདྲ་བ་ལ་བོད་ནས་འབྱོར་བའི་སུམ་རྟགས་སྙན་ངག་ཤེས་མཁན་ལ་༼ཀླད་པ་ལྗང་ཁུ༽རེད་ཟེར་ཚིག་ཐག་ཆོད་པོ་བྲིས་པ་འདིར་མནོ་དུས་ཁག་མེད་བསམ་ཀི་ཡོད། བོད་ནས་འབྱོར་མཁན་གྱིས་བོད་ཡིག་ལ་བློ་ཁ་ཕྱོགས་པ་འདི་གང་ནས་བསམ་ན་སྤོབས་པ་ཡོད་ལ་མི་ལ་ངོམ་ཆོག་དང་རང་ལ་ནོར་བུ་དེ་འདི་ཡིན་བསམ་པ་དུས་རྟག་ཏུ་ཡོད་རེད། དེས་ཁྱོད་རང་ལ་དགའ་སྤྲོ་མ་སྐྱེས་ནའང་འཁང་དགོས་དོན་མི་འདུག་གམ། མ་གཞི་རང་གསར་བརྗེ་ལྟ་བའི་དུས་རབས་གསར་པའི་སྔོན་ཐོན་པར་སྤྲོ་ན་ཡང་རང་གི་གདོང་ལ་རང་གིས་ཐལ་བ་བྱུགས་ན་མི་གཞི་བརླགས་པ་དང་ཁྱད་ཅི། རྗེས་མ་སྐྱབས་བཅོལ་འབྱོར་བའི་བོད་མིའི་སེམས་ཁམས་ལ་འགྱེལ་བའི་སྒང་ལ་རྡོག་བརྫིས་མ་གཏོང་ན་ཡག་ཀི་རེད། དེ་ངེས་པར་དུ་སེམས་ལ་ཞོགས་ཨ།
འདི་ལ་དག་འབུད་ཟེར་གི་རེད་དམ། འདི་ལ་བདེན་དཔང་ཟེར་གི་རེད་དམ། མདོར་ན་ཨ་རིའི་བུད་མེད་དེས་སྲིད་སྐྱོང་ཁྲིམས་ཁང་དུ་འབོད་འགུག་མ་བྱས་པ་ཙམ་ལས་དོན་གྱིས་དེ་ག་རང་རེད། འུ་ཚོའི་སྲིད་སྐྱོང་ཨ་རི་ལ་ག་ཚོད་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། ཁྲིམས་ཀྱི་འགྲོ་འགྲོ་ལུགས་སྟངས་སྲིད་སྐྱོང་ལ་ཆ་ཡོད་རྒྱུས་ཡོད་རེད་ལྦཱ། ཨ་རིའི་བུད་མེད་དེ་ལ་ལན་ཞིག་མ་རྙེད་པའི་རྒྱུ་མཚན་གང་ལ་ཐུག་པ་རེད།
མི་ནག་པས་བློ་བཟང་སེངྒེར་རྒྱབ་སྐྱོར་དང་ཞིབ་འཇུག་ཁུལ་གྱི་རྩོམ་ཞིག་སྤེལ་བ་ཡག་པོ་རེད། ཡིན་ནའང་། བོད་མི་རིགས་ཀྱི་མདུན་ལམ་དང་། བོད་ཀྱི་མཚོན་བྱེད་༧གོང་ས་མཆོག་གི་དགུང་ལོ་མཐོན་པོར་ཕེབས་བཞིན་པའི་གཉན་འཕྲང་གི་དུས་འདིར། གང་ཟག་སྒེར་གྱི་གནད་དོན་དང་ཞེན་ཁོག་གི་དུས་ཚོད་ཡོལ་ཟིན། བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་ཅིག་སྲིད་སྐྱོང་ལ་སླེབས་རྒྱུ་དང་། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོའི་སེམས་ཀྱི་རེ་ཐག་རྟན་པོར་བཟུང་ཐུབ་མཁན་གྱི་སྲིད་སྐྱོང་ཞིག་དགོས་རྒྱུ་གནད་ཀྱི་དམ་པ་རེད་དོ།
མིས་ཅི་བཤད་ལ་མ་ལྟ་རང་གིས་གང་ལས་ལ་ལྟོས། སྲིད་སྐྱོང་བློ་བཟང་སེང་གེས་ལོ་བཞི་དེའི་རིང་ལ་བྱེད་རྗེས་ཆེན་པོ་ཞིག་འཇོག་ཐུབ་ཡོད་མེད་གང་ལྟར་ཡང་འཐུས་ཤོར་མེད་པ་ཞིག་གནང་སོང་། ཨ་རིའི་བུད་མེད་དེའི་དམིགས་ཡུལ་ཅི་ཡིན་སུས་ཤེས། མཁས་དབང་དགེ་ཆོས་ཀྱིས། སྐྲ་སེར་སྤྲེའུའི་རིགས་ལ་དོག་ཟོན་མཛོད། ཅེས་པའི་གདམས་ངག་དེ་དྲན་པའི་དུས་ལ་སླེབས་འདུག གླེང་གཞི་ཡོད་་ཙམ་གྱིས་སྐྱོན་ཆེན་པོ་ཡོད་ན་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཡང་མི་གསོད་ལག་དམར་ཡིན་པའི་ཉེས་འཛུག་གཅིག་མིན་གཉིས་མིན་བྱས་སོང་བས་ད་ལོ་འདིར་སྲིད་སྐྱོང་ཡག་པོ་ཞིག་གདམ་རྒྱུ་རག་ཁག་པོ་རེད། དེ་ལས་དོག་པ་རྣམ་རྟོག་ཁོ་ནའི་དབང་དུ་མི་འགྲོ་བར་བློ་རྩ་བརྟན་ཙམ་བྱས་ན་ཡག་ཤོས་རེད།
འདི་ལ་ཧ་ལས་དགོས་དོན་ཅི་ཡང་མེད། ངའི་སྤུན་མཆེད་ཁ་ཤས་ཨ་རི་ལ་ཕྱིན་ཏེ་ལོ་དེ་ཙམ་མང་པོ་ཕྱིན་མེད། ཁང་པ་དང་རླངས་འཁོར་ཉོ་མེད་མཁན་སུ་ཡང་མེད། དབྱིན་ཇི་ལུང་པར་ངའི་གྲོགས་པོ་ཞིག་ཡོད་ཁོའི་དབྱིན་སྒོར་འབུམ་གསུམ་སྤྲད་དེ་ན་ནིང་ཁང་པ་ཡག་པོ་ཞིག་ཉོ་འདུག བློ་སེང་མིང་སྐད་གྲགས་ཅན་གྱིས་ཁང་རན་སྤྲད་པར་ཧ་ལས་དོན་ཅང་མེད། ཧཧཧཧ ཨ་རིར་བོད་མི་རྣམས་ཀྱིས་རྒྱུས་ཡོད་རེད
་་་་་་་༼ཉིན་འགའི་གོང་ངས་འདི་བྲིས་ཡིན་ཏེ། གོང་གི་མི་ཉག་ཀུན་དགའ་བཀྲ་ཤིས་འབོད་པ་དེ་དང་དེ་སྔའི་ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་གཉིས་མི་གཅིག་རེད་འདུག་པས། བློ་སེང་གི་ཕྱོགས་ལ་ཀུན་དགའ་ལངས་སྟངས་འདིས་ལ་དོགས་གནས་མང་པོ་ཡོང་བཅུག་སོང་།༽་་་་་འདི་བདེན་པ་ཡིན་ན། བློ་སེང་ལ་ངོ་དགའ་བྱས་ནས་བཀའ་བློན་ཞིག་གི་གོ་གནས་དགོས་པའམ། ཡང་ན། དེ་ལས་ཀྱང་ལྐོག་གྱུར་ཅན་གྱི་གཡོ་ཇུས་འཐེན་པ་འདྲ། གང་ལྟར་གདུག་རྩུབ་ཆེ་བ་སྨོ་མེད་རེད།
མི་ཉག་ཀུན་དགའ་བཀྲ་ཤིས་དང་ཨ་རིའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་འཐུད་པ་ཀུན་དགའ་བཀྲ་ཤིས་གཉིས་ཁ་ཁ་སོ་སོ་རེད། དོན་གཅོད་ཁང་གི་ཀུན་དགའ་བཀྲ་ཤིས་ལགས་ནི་ད་ལྟ་དྲུང་འཕར་རེད་ལ་ཕ་ཡུལ་ཡང་སྨར་ཁམས་ནས་རེད།
ལུང་རྟོགས་ལགས། དབྱིན་ཇི་གོ་སེར་ནས་སྲིད་སྐྱོང་བློ་སེང་ལགས་ནས་ཁང་པ་ཉོ་ཐུབ་ཀྱི་མ་རེད་བཤད་ཀྱི་མེད་པ་རེད། བློ་སེང་ལགས་སྲིད་སྐྱོང་གི་ཞབས་སྟེགས་མ་ཐོབ་གོང་བདུན་གཅིག་ནང་བུ་ལོན་སྤྲོད་ཡོད་པས་དེར་གླེང་པ་རེད་མ་གཏོགས། སྲིད་སྐྱོང་བློ་སེང་ལགས་ནས་ཁང་པ་ཉོ་ཐུབ་མིན་སྐོར་མ་རེད། ཁང་པ་གོང་ཆེ་ཆུང་མ་གཏོགས་ཕྱི་རྒྱལ་ནང་སྡོད་མཁན་བོད་མི་མང་ཆེ་ནས་ཉོ་མ་ཐུབ་པ་མེད་པས་མཁྱེན་པར་མཛོད།
བདེ་སྲུང་ལས་བྱེད་ཀུན་དགའ་བཀྲིས་ལགསཀྱི་ཕ་ཡུལ་སྨར་ཁམས་ནས་ཡིན་སྟངས་གཅིག་བཤད་དང་། ཁོང་གི་ཕ་ཡུལ་སྨར་ཁམས་མ་རེད་བསམ་གྱིན། ཁོང་ནི་ལྷ་སའི་མི་གཤེས་ཀྱིས་མཐོར་དད་དང་སྤྲེས་ལད་ཚ་པོ་ཞེ་དྲག་གི་མི་ཞིག་རེད། ཁོང་གི་དགའ་ཕྱོགས་མི་ནི་རྒྱ་རིགས་རེད། རྒྱ་རིགས་ཞིག་དང་འབྲེལ་བ་བྱེད་ཐུབ་པ་ཡིན་ན་བོད་ཀྱི་རྒྱལ་རབས་ཕར་ཟད། བོད་མི་རིགས་འདི་ཡང་བརྗེད་འགྲོ་ཡོད་པའི་རྣམ་པ་མང་མཐོང་རྒྱུ་ཡོད་རེད། འོན་ཀྱང་དམར་འགྱུར་དམུ་ལམ་པ་ཚོས་ཁོང་ལ་སྟོད་སྔགས་ཆེ་ནི་རེད། རྒྱུ་མཚན་ནི་ཁོ་ཚོ་དག་རྒྱ་དགའ་པའི་རིགས་ཅིག་པས་རེད།
དོན་གཅོད་ཁང་གི་ཀུན་དགའ་བཀྲ་ཤིས་ལགས་ནི་ཕ་ཡུལ་ཡང་སྨར་ཁམས་ནས་རེད་སྨར་ཁམས་ནི་བོད་གཞུང་དགའ་ལྡན་ཕོ་གྲངས་ཀྱི་མི་ངོ་མ་དེ་རེད་སོང་རྩང་བློ་སིང་རྣ་བར་མི་འགྲོ་བ་དེ་ནས་བྱུང་པ་རེད་།
ནད་མེད་ཚེ་རིང་ལགས། བློ་སེང་སྲིད་སྐྱོང་ཞབས་སྟེང་སྟེང་མ་ཐོན་གོང་བུ་ལོན་སྒྲུབ་འཇལ་གནང་བ་ནི་ཡག་པོ་རེད། འདིའི་སྟེང་ནས་མཐོང་ཐུབ་པ་ནི་ཁོང་གིས་གཞུང་དངུལ་ལྐོག་ཟ་བྱས་མེད་པ་དེ་རེད། གལ་ཏེ་སྲིད་སྟེག་སྟེང་སླེབས་པའི་རྗེས་སུ་བུ་ལོན་སྤྲད་ན་མི་གཞན་ལ་སྲིད་སྐྱོང་གིས་ལྐོག་ཟ་བྱས་པའི་དོག་འཆར་ཡོང་སྲིད་པ་རེད། དེའི་རྐྱེན་གྱིས་ཁོང་སྲིད་སྐྱོང་སུ་མ་སླེབས་སྔོན་ནས་བུ་ལོན་སྒྲུབ་འཇལ་བྱས་པ་རེད་སྙམ།
མི་ཉག་པས་བཤད་པ་ལ་རྒྱུ་མཚན་བླ་མ་མེད་པ་འདུག མཁས་དབང་བློ་བཟང་སེངྒེ་ཟེར་བ་དེ་སྒེར་ཁང་ཞིག་ཀྱང་ཉོ་མི་ཐུབ་མཁན་ཞིག་ཡིན་ན་བོད་རྒྱལ་ཁབ་ཆེན་པོའི་སྲིད་འཛིན་ལ་འདེམས་ཀྱང་འདེམས་གི་མ་རེད། འདེམས་ན་འཇོན་ཡང་འཇོན་གི་མ་རེད།
བློ་བཟང་སངས་རྒྱས་ཀྱིས་སྲིད་སྐྱོང་གི་གོ་ས་ཐོབ་ནས་གཟའ་འཁོར་གཅིག་གི་རྗེས་སུ་རྒྱ་མིའི་ཚོང་པ་Banjaman Wey དང་ལྐོག་འབྲེལ་བྱས་ནས་ Boston དུ་ཁང་པ་ཨ་སྒོར་འབུམ་གཉིས་དང་ཁྲི་གཉིས་བདུན་སྟོང་གི་རྩ་བ་ཉོས་པའི་བདེན་དཔང་། ད་དུང་Tibet office གི་མ་དངུལ་མང་པོ་ཁོས་ལྐོག་ཟ་བྱས་པའི་གནས་ཚུལ་ཡང་འདུག http://www.scribd.com/doc/110372514/lobsangsangay-mortgages
ད་མང་པོ་དཀྲུགས་མ་བསྡད་ཨ་རིར་ཡོད་པའི་བོད་
མི་ཚོའི་དངུལ་ཁང་ནས་དངུལ་གཡར་ཏེ་ཨ་སྒོར་
འབུམ་སུམ་བཅུ་བཞི་བཅུ་གི་ཁང་པ་ཉོས་པ་
དང་ས་ཆ་ཉོ་མཁན་ཡོད་ན་སྲི་སྐྱོང་གི་ཨ་སྒོར་
འབུམ་གཉིས་ལ་ག་རེ་ཧང་སང་ཡ་འདག་ཧ་ཧ་
འོས་བསྡུའི་ཆེད་དུ་རེད་ཕྱི་རྒྱལ་སྐྱེ་དམན་དེའི་
རྒྱབ་ཏུ་མི་སུ་འདུག་དོ་སྣང་བྱེད་དགོས་པ་རེད་
རྒྱ་སྐད་ལ་དགབ་པོ་དང་རྒྱ་མཁས་པ་ཡོད་ན་
སྡོད་ས་བཙན་བྱོལ་སྤྱི་ཚོགས་ནང་མ་རེད་རྒྱ་
ནག་ན་སོང་བོད་པ་ནང་དཀྲུགས་མ་བསྡད་།
དཀྲུགས་པ་མ་རེད་ཁྲུགས་པ་རེད་སྲིད་སྐྱོང་ལགས་ནས་གསལ་པོ་ཟོད་ན་བཟང།
བོད་མི་འདི་ཚོས་དངོས་གནས་གནད་དོན་ཞིག་གླེང་ན་ཅིས་མི་ཆོག དཔྱད་ཞིབ་མ་བྱས་པའི་སྔོན་དུ་ཡང་མིན་ན་བཤད་འཇོག་གི ཡང་མིན་ན་བྲིས་འཇོག་གི མི་ཞིག་གིས་རྐུན་མ་བཟུང་ན། རྐུན་མའི་ནག་ཉེས་མི་འཚོལ་བར་རྐུན་མ་འཛིན་མཁན་གྱི་ནག་ཉེས་བཙལ་ཡོང་གི། མི་བདེན་ན། སྔོན་མ་ཞིག་ལ་གསེར་རྟ་ཚུལ་ཁྲིམས་དང་ཐོག་རྒྱ་གར་དུ་སླེབས་དུས་སྣེ་ལེན་ཁང་དང་ནོར་གླིང་སོགས་སུ་ཨ་མདོའི་ཆོལ་ཁུངས་སུ་ཐོ་འགོད་བྱས་ཡོད་ཚུལ་གྱི་དཔང་རྟགས་བསྟན་སོང་པ་ལ། ལ་ལ་ཞིག་ངར་ནས་དཔང་རྟགས་འདི་ག་ནས་རག་པ་རེད། སུས་སྤྲད་པ་རེད། ཁྲིམས་འགལ་རེད་ཟེར། ཧ་ཧ། རྐུན་མ་སྦས་ནས་རྐུན་འཛིན་འཚོལ་བ་འདི་ཡ་མཚན།
ད་ཐེངས་འདིར་ཡང་། བློ་སེང་གིས་རྒྱ་དངུལ་ཟོས་མེད་པའི་ཁུངས་སྐྱེལ་མི་གླེང་བར་བུད་མེད་དེ་ཅི་འདྲ་དང་ཚགས་ཤོག་དེ་གང་འདྲ་རེད་ཟེར་ནས་འདྲ་མིན་བཅོ་བརྒྱད་བྲིས་པ་ལ་དགོས་པ་ཡོད་དམ། བུད་མེད་དེས་བཤད་བཤད་ཐམས་ཅད་པོ་མི་བདེན་པ་ཤ་སྟག་ཏུ་བསྒྲུབ་ཐུབ་ན་ནི་འཐུས་མོད། ཚགས་ཤོག་དེར་བཀོད་བཀོད་ཐམས་ཅད་པོ་རྫུན་མ་འབའ་ཞིག་ཏུ་བསྒྲུབ་ཐུབ་ན་ནི་རུང་མོད། དེ་མི་ནུས་གཱ།
ལར་ནས་བློ་སེང་ལ་དེ་ལྟར་དོགས་པ་འཕེན་མཁན་བུད་མེད་དེ་གཅིག་པུ་མ་ཡིན་པར་ལོ་གཅིག་གཉིས་སྔོན་ལ་རྒྱ་གར་བ་ཉམས་ཞིབ་པ་ཞིག་གིས་ཀྱང་། སྲིད་སྐྱོང་གིས་ཁང་རིན་གློ་བུར་དུ་སྤྲད་པ་དང་། དེའི་ཡོངས་ཁུངས་གསལ་པོ་མེད་ཚུལ། རྒྱ་ནག་ལ་འགྲོ་བསྐྱོད་བྱས་ཚུལ་སོགས་མང་ཐག་ཆོད་ཅིག་བྲིས་སོང་ང་། ད་དེ་དག་གསལ་བོ་བཟོ་རྒྱུ་ལས་ལྷག་མེད་ན། བློ་སེང་དེའི་ཕྱོགས་ནས་ཁ་བསྡམས་ནས་སྡོད་དགོས་དོན་གང་རེད་དམ། བདེན་པ་ཡོད་ན་བདེན་དཔང་སྟོན་དང་། བདེན་པ་ཡོད་ན་ཆོལ་ཁའི་ཕྱོགས་ཞེན་གྱི་ཟས་རུལ་སུས་འགེམ་སྟེ་སྲིད་སྐྱོང་ལ་བདམས་ཐག་ཆོད་ཡིན། འོན་ཀྱང་མེད་ཀ ནག་ཁུང་རེད་འདུག་ག
ཀུན་དགའ་མིང་ཅན་ནས། བློ་སེང་གིས་སྲིད་སྐྱོང་དམ་འབུལ་མ་བྱས་གོང་ཁང་པ་གཙང་ཉོ་ཟིན་པ་བོད་མིའི་གཟི་བརྗིད་རེད་ཟེར། ཧ་ཧ་ཧ། གད་མོ་བྲོ་འོང་། བློ་སེང་གིས་ཁང་པ་ཉོས་པ་ཡང་བོད་མིའི་གཟི་བརྗིད་རེད་ན། སྲིད་སྐྱོང་དམ་འབུལ་མ་བྱས་གོང་ཆང་ས་བསྐྱོན་ཟིན་པ་ཡན་ཆད་ཀྱང་བོད་མིའི་གཟི་བརྗིད་ཡིན་རྒྱུ་རེད། ཨེ་རེད།
བོད་མི་འདི་ཚོས་དངོས་གནས་གནད་དོན་ཞིག་གླེང་ན་ཅིས་མ་ཆོག དཔྱད་ཞིབ་མ་བྱས་པའི་སྔོན་དུ་ཡང་མིན་ན་བཤད་འཇོག་གི ཡང་མིན་ན་བྲིས་འཇོག་གི མི་ཞིག་གིས་རྐུན་མ་བཟུང་ན། རྐུན་མའི་ནག་ཉེས་མི་འཚོལ་བར་རྐུན་མ་འཛིན་མཁན་གྱི་ནག་ཉེས་བཙལ་ཡོང་གི། མི་བདེན་ན། སྔོན་མ་ཞིག་ལ་གསེར་རྟ་ཚུལ་ཁྲིམས་དང་ཐོག་རྒྱ་གར་དུ་སླེབས་དུས་སྣེ་ལེན་ཁང་དང་ནོར་གླིང་སོགས་སུ་ཨ་མདོའི་ཆོལ་ཁུངས་སུ་ཐོ་འགོད་བྱས་ཡོད་ཚུལ་གྱི་དཔང་རྟགས་བསྟན་སོང་པ་ལ། ལ་ལ་ཞིག་ངར་ནས་དཔང་རྟགས་འདི་ག་ནས་རག་པ་རེད། སུས་སྤྲད་པ་རེད། ཁྲིམས་འགལ་རེད་ཟེར། ཧ་ཧ། རྐུན་མ་སྦས་ནས་རྐུན་འཛིན་ལ་རྒོལ་བ་འདི་དཔའ་བོ་རེད་དམ་གླེན་པ་རེད།
ད་ཐེངས་འདིར་ཡང་། བློ་སེང་གིས་རྒྱ་དངུལ་ཟོས་མེད་པའི་ཁུངས་སྐྱེལ་མི་གླེང་བར་བུད་མེད་དེ་ཅི་འདྲ་དང་ཚགས་ཤོག་དེ་གང་འདྲ་རེད་ཟེར་ནས་འདྲ་མིན་བཅོ་བརྒྱད་བྲིས་པ་ལ་དགོས་པ་ཡོད་དམ། བུད་མེད་དེས་བཤད་བཤད་ཐམས་ཅད་པོ་མི་བདེན་པ་ཤ་སྟག་ཏུ་བསྒྲུབ་ཐུབ་ན་ནི་འཐུས་མོད། ཚགས་ཤོག་དེར་བཀོད་བཀོད་ཐམས་ཅད་པོ་རྫུན་མ་འབའ་ཞིག་ཏུ་བསྒྲུབ་ཐུབ་ན་ནི་རུང་མོད། དེ་མི་ནུས་གཱ།
ལར་ནས་བློ་སེང་ལ་དེ་ལྟར་དོགས་པ་འཕེན་མཁན་བུད་མེད་དེ་གཅིག་པུ་མ་ཡིན་པར་ལོ་གཅིག་གཉིས་སྔོན་ལ་རྒྱ་གར་བ་ཉམས་ཞིབ་པ་ཞིག་གིས་ཀྱང་། སྲིད་སྐྱོང་གིས་ཁང་རིན་གློ་བུར་དུ་སྤྲད་པ་དང་། དེའི་ཡོངས་ཁུངས་གསལ་པོ་མེད་ཚུལ། རྒྱ་ནག་ལ་འགྲོ་བསྐྱོད་བྱས་ཚུལ་སོགས་མང་ཐག་ཆོད་ཅིག་བྲིས་སོང་ང་། ད་དེ་དག་གསལ་བོ་བཟོ་རྒྱུ་ལས་ལྷག་མེད་ན། བློ་སེང་དེའི་ཕྱོགས་ནས་ཁ་བསྡམས་ནས་སྡོད་དགོས་དོན་གང་རེད་དམ། བདེན་པ་ཡོད་ན་བདེན་དཔང་སྟོན་དང་། བདེན་པ་ཡོད་ན་ཆོལ་ཁའི་ཕྱོགས་ཞེན་གྱི་ཟས་རུལ་སུས་འགེམ་སྟེ་སྲིད་སྐྱོང་ལ་བདམས་ཐག་ཆོད་ཡིན། འོན་ཀྱང་མེད་ཀ ནག་ཁུང་རེད་འདུག་ག
ཀུན་དགའ་མིང་ཅན་ནས། བློ་སེང་གིས་སྲིད་སྐྱོང་དམ་འབུལ་མ་བྱས་གོང་ཁང་པ་གཙང་ཉོ་ཟིན་པ་བོད་མིའི་གཟི་བརྗིད་རེད་ཟེར། ཧ་ཧ་ཧ། གད་མོ་བྲོ་འོང་། བློ་སེང་གིས་ཁང་པ་ཉོས་པ་ཡང་བོད་མིའི་གཟི་བརྗིད་རེད་ན། སྲིད་སྐྱོང་དམ་འབུལ་མ་བྱས་གོང་ཆང་ས་གཙང་མ་བསྐྱོན་ཟིན་པ་ཡན་ཆད་ཀྱང་བོད་མིའི་གཟི་བརྗིད་ཡིན་རྒྱུ་རེད། ཨེ་རེད།
མི་ཉག་པ་ཀུན་དགའ་བཀྲ་ཤིས་ལགས་ནས་རང་རེའི་སྲིད་སྐྱོང་དང་འབྲེལ་བའི་སྐོར་ལ་དགོངས་ཚུལ་གནད་ལ་འཁེལ་བ་འགའ་འདིར་གླེང་འདུག་པར་ཡི་རངས་ཞུ། འོན་ཀྱང་། ཁོང་ནི་བདེ་སྲུང་ཀུན་དགའ་བཀྲ་ཤིས་ལགས་མ་རེད། ཁོང་ཕལ་ཆེར་ཉེ་དུས་བོད་ནས་གསར་དུ་ཕེབས་པའི་གསར་འབྱོར་བ་ཞིག་ཡིན་ངེས་རེད། ལོ་ཤས་རིང་ཨ་རིར་རྒྱ་རིགས་འབྲེལ་མཐུད་པ་གནང་མཁན་ཁོང་ནི་ཡོངས་གྲགས་སུ་བདེ་སྲུང་ཀུན་དགའ་ལགས་ཞེས་པ་དེ་རེད། ཁོ་བོ་དེ་སྔ་དྷ་སར་བསྡད་རིང་། དེ་གར་བཅའ་སྡོད་བྱེད་མཁན་མི་ཉག་པ་ཉུང་ཤས་ལས་མེད་ཧ་ལམ་ཚང་མ་ངོ་ཤེས།
སྲིད་སྐྱོང་བློ་སེང་ལ་དྭོགས་པ་ཆེ་རུ་ཟ་གི་འདུག རྩད་བཅོད་ཡག་པོ་བཏང་དགོས་འདུག
འོ་ཡ། མཆན་མང་པོ་ཞིག་བཞག་འདུག བཀའ་དྲིན་ཆེ། ཚགས་པར་དང་མོའི་སྐོར་བྲིས་པའི་རྒྱུ་མཚན་དེ་རང་རེའི་སྲིད་སྐྱོང་ནག་པོ་བཟོ་ཆེད་མི་བུ་རེ་འགས་ཚགས་པར་དེ་དང་རྩོམ་པ་པོ་དེ་ཉིད་ལ་ངོ་དེབ་སོགས་བརྒྱུད་ནས་གདེང་འཇོག་རྫུན་མ་དང་དཀྲོག་གཏམ་མང་པོ་ཞིག་སྤེལ་བཞིན་པར་དོན་དངོས་ཀྱི་གསལ་བཤད་ཙམ་རེད། ངས་སྲིད་སྐྱོང་དཀར་པོ་ཡིན་པ་བསྒྲུབ་དགོས་དོན་ཡང་མི་འདུག སྲིད་སྐྱོང་གིས་དག་ཐེར་གནང་དགོས་དོན་ཡང་མེད་དེ། གཞུང་ཁྲིམས་ནང་ལ་ར་མ་འཕྲོད་པའི་སྙོན་འཛུགས་ཤིག་ཙམ་ཞིག་རེད། དཀྲོག་གཏམ་ནི་སྤེལ་ཚར་བ་རེད། ད་དང་ཐོག་རྒྱ་དངུལ་ཡིན་པའི་བདེན་དཔང་སྟོན་དང་། ངས་མི་དེ་ཕོ་རབས་ཤིག་ལ་བརྩི་ཆོག དེ་མེད་ན། ཁོར་ཡུག་ཆུང་ཆུང་ཞིག་གི་ནང་ཁྱི་ཟུག་ཟུག་བྱེད་པ་དེས་ནར་མ་སོན་པའི་ཁྱི་ཕྲུག་གཞན་གྱིས་ཀྱང་དོན་མེད་ཟུག་ཡོང་གི་རེད། དེས་ཞི་བདེ་བག་ཕེབས་ངང་གནས་པའི་མི་དངོས་གནས་དེ་ཚོའི་ལྷིང་འཇགས་དཀྲོག་གི་རེད། སྔར་ཆོལ་གསུམ་ཆིག་སྒྲིལ་མ་བྱུང་ནས་བོད་རྒྱ་ལག་ཏུ་བསྐྱལ་བ་རེད། ད་ལྟ་ཡང་ལུང་ཚན་ནམ་ཆོལ་ཁ་འཐེན་འཁྱེར་གྱི་ཕྱོགས་སུ་ནུས་པ་འདོན་པ་དེ་ཡག་པོ་མ་རེད། ང་ཚོར་ལུང་པ་མེད་ན་ཡང་དབུ་ཁྲིད་ཚད་ལྡན་འགའ་ཡོད། དེ་ཚོར་སྡང་ཟུག་རྐྱང་རྐྱང་བྱས་པ་ནི་སྤྱི་ཚོགས་རྙིང་པ་སྐབས་ཀྱི་གནས་སྟངས་ལས་བརྒལ་་ཐུབ་མེད། སྔར་དགེ་ཆོས་ཚང་ཞུ་བ་མཁྱེན་རྒྱ་ཅན་བོད་མི་ཞིག་བྱུང་བ་རེད། དེ་བོད་པ་རང་ཉིད་ཀྱིས་དུར་ས་ནང་བརྫངས་པ་རེད། པཎ་ཆེན་དཔའ་མཛངས་ལྡན་པ་ཞིག་བྱུང་བ་རེད། དེ་ཆེད་དུ་བདག་པོ་མ་བརྒྱབ་པ་རེད། ད་དུང་བཙན་བྱོལ་ནང་ཡང་དེ་འདྲ་མང་པོ་རེད། ཐམས་ཅད་དབང་ཆ་ལ་བརྟེན་ནས་བྱུང་བ་རེད། ད་བློ་སེང་མེད་པ་བཟོ་ཐབས་བྱེད་ཀྱི་འདུག འོན་ཀྱང་གྱོང་ང་ཚོ་ཚང་མར་ཕོག་གི་ཡོད་པ་ཤེས་པར་གྱིས། རུལ་སུངས་གནང་ཡོད་ན་མ་འགྲིག་པ་རེད། འོན་ཀྱང་ཁུངས་སྐྱེལ་ར་འཕྲོད་བྱེད་ཐུབ་མཁན་གྱི་མི་ཨེ་ཡོད། ཡོད་ན་མདུན་ལ་ཐོན་པའི་དུས་རེད། དཀྲོག་གཏམ་དང་གཞི་མེད་པའི་སྐྱོན་འཛུགས་བྱེད་མཁན་རིགས་ལ་རྒྱལ་ཁབ་གཅིག་གི་སྲིད་འཛིན་གྱིས་ཁྱི་དང་ཞི་མི་འཛིང་འཛིང་བྱེད་ཀྱི་མ་རེད། དུས་ཚོད་ཀྱང་ཡོད་མདོག་ཁག་པོ་མ་རེད། སེམས་ཁྲལ་མ་གྱིས། མང་གཙོ་ཡིན་པས་བློ་སེང་གི་དུས་ཚོད་སྔ་ཕྱི་མ་གཏོགས་རྫོགས་འགྲོ་ཡི་རེད། དེ་དུས་འཇོན་ཐང
ཅན་མདུན་ལ་ཁྲིད་ཡོང་ན་འགྲིག་པ་རེད།
རེད་རེད། རྒྱ་ཚང་ལ་ཡིད་ཆེས་བྱོས། བཙན་བྱོལ་གཞུང་དང་དེའི་དབུ་ཁྲིད་ལ་དོགས་པ་ཟོ། ལས་འགན་བསྒྲུབས་པ་རེད།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་་་བློ་སེང་གི་རུལ་སུངས་དེ་ཡང་ཆོལ་ཁའི་ཕྱོགས་ཞེན་གྱི་ཐོག་ཏུ་ཁ་སྐོར་འོང་བཞིན་འདུག་ག དེ་ཡག་པོ་མ་རེད། མདུན་དུ་ཐོན་མཁན་མི་གཉིས་འདུག་ག ཨ་རི་བུད་མེད་དེ་དང་རྒྱ་གར་བའི་ཉམས་ཞིབ་པ་ཡིན་ཟེར་མཁན་གཉིས་མདུན་དུ་ཐོན་འདུག་ག ཡིན་གཅིག་མིན་གཉིས་བོད་མི་ཞིག་མདུན་དུ་ཐོན་དགོས་པ་ཨེ་རེད། མདུན་དུ་ཐོན་འོང་མཁན་ལ་ཅིག་བྱེད་ཡ་ཡོད་ན་དང་པོར་ཨ་རི་བུད་མེད་དེ་དང་རྒྱ་གར་བ་དེ་གཉིས་ལ་བྱོས། ཉམ་ཆུང་བོད་མི་ཚོའི་ཐོག་ཏུ་དཔུང་སྒྲིག་དཔའ་སྐད་འཐེན་མ་སྡོད།་་་་གཅིག་རེད།
གཉིས་པ་་་དམ་དགེ་ཆོས་བཙོན་དུ་བཅུག་མཁན་དང་སྐྱེས་མཆོག་ལུང་ཤར་གྱི་མིག་རིལ་བཏོན་མཁན་བོད་མི་དམངས་མ་རེད། རུལ་སུངས་ཅན་དང་སྲིད་དབང་སྒེར་པའི་དཔོན་ངན་ཚོ་རེད།
བོད་པའི་ཕོ་ལུས་ལེན་ཡོད་ཟེར་མཁན་མང་པོ་ཞིག་མི་དཀར་པོ་དང་ཐུག་ན་སྐོར་ནས་འགྲོ་བ་དང་། མི་ནག་པོ་ཞིག་ཐུག་དུས་བྲོས་ནས་འགྲོ་བ་རེད་ཟེར་གྱི་འདུག་ག བོད་མི་ཞིག་ཐུག་ན་འཐབ་ཀྱི་ཡིན་ཟེར་གི་རེད་ཟེར། དེ་འདྲ་མ་གནང་རོས་བྱོས། དང་པོར་་་ཨ་རིའི་བུད་མེད་དཀར་པོ་ཞིག་མདུན་ཐོན་ཡོད་པ་དེའི་ཁ་གཏད་བཅག་མཁན་རྒྱུགས།
ངས་ཚོད་དཔག་བྱས་ན་བློ་སེང་གིས་ལན་རྒྱབ་འོང་གི་རེད། ཡིན་ཀྱང་ད་ལྟ་དུས་ཟིན་མེད་པ་རེད། སྔོན་འགྲོའི་འོས་བསྡུ་ཚར་ནས་དངོས་གཞིའི་འོས་བསྡུ་མ་བྱེད་པའི་བར་དུ་གསལ་བཤད་བྱེད་འོང་གི་རེད། མ་གཏོགས་གསལ་བཤད་མ་བྱས་ན་འོས་འཐོབ་ཁག་པོ་ཆགས་འོང་གི་རེད། ད་ལྟ་གསལ་བཤད་བྱས་ན་ཨ་རིའི་དབུ་མེད་དེ་དང་རྒྱ་གར་བ་དེ་གཉིས་ཀྱིས་དགག་ལན་འདེབས་འོང་གི་རེད།
ཁོང་གཉིས་ཀྱི་དགག་ལན་བརྒྱབ་བྱུང་ན་འོས་འཐོབ་ཁག་པོ་ཆགས་འོང་གི་རེད། ཡག་ཤོས་དུས་ཚོད་ཏག་ཏག་ལ་བློ་སེང་གིས་གསལ་བཤད་བྱེད་འོང་གི་རེད་འདོད། དངོས་གཞིའི་འོས་བསྡུ་་བྱེད་པ་ལ་བདུན་ཕྲག་གཉིས་གསུམ་འདུག་ཟེར་དུས་གསལ་བཤད་བྱེད་མདོག་ཁག་པོ་རེད། དེར་དུས་གསལ་བཤད་བྱས་ན་ཨ་རིའི་བུད་མེད་དེ་དང་རྒྱ་་གར་བ་དེ་གཉིས་ཀྱིས་དགག་ལན་འདེབས་པའི་དུས་ཚོད་མ་རག་པའི་བར་དུ་དངོས་གཞིའི་འོས་བསྡུ་ཚར་འགྲོ་གི་རེད་་་་་ངས་ཚོད་དཔག་ཡིན། ཚོད་ཐུག་མིན་ཟླ་ཤས་རྗེས་ཧ་གོ་འོང་གི་རེད།་་་ཧཧ
ཁང་བ་བཙོང་ན་གཟི་བརྗིད་མིན།
ཁང་བ་མ་བཙོང་གཟི་བརྗིད་མིན།
སྒང་བ་བོད་ཀྱི་སྡུག་བསྔལ་འདི།
སེལ་ན་དེ་ལ་གཟི་བརྗིད་ཟེར།
སྲིད་སྐྱོང་བསྡད་པ་གཟི་བརྗིད་མིན།
ཤེས་ཤེས་འཇོན་འཇོན་གཟི་བརྗིད་མིན།
ལས་དང་རྒྱུ་འབྲས་ལེགས་གཟིགས་ནས།
ངོ་ལྐོག་མེད་ན་གཟི་བརྗིད་ཡིན།
༧གོང་སར་འགྲོགས་ན་གཟི་བརྗིད་མིན།
༧གོང་སས་བསྟོད་ན་གཟི་བརྗིད་མིན།
དེས་ཤིང་རང་གཞན་མཐུན་པའི་ལས།
གསོང་བོར་སྒྲུབ་ན་གཟི་བརྗིད་ཡིན།
འོས་མིར་ལངས་ན་གཟི་བརྗིད་མིན།
དབུ་རང་སྒྲོགས་ན་གཟི་བརྗིད་མིན།
དངོས་ཐོག་བདེན་པ་འཚོལ་བའི་ལམ།
རྙེད་པའི་སྐྱེ་བོ་གཟི་བརྗིད་ཡིན།
༑ མི་ཉག་ཀུན་དགའ་ནི། རང་ཉིད་ལ་ཆོལ་ཁའི་ཕྱོགས་ཞེན་གྱི་མཁྲིས་ནད་ཕོག་ཡོད་རྐྱེན། གཞན་ཚང་མ་སེར་རྐྱང་དུ་མཐོང་གི་ཡོད་རེད། མི་འདི་ལ་སྐྱོན་མཚང་བརྗོད་ཡུལ་དང་རྗོད་མཁན་གཉིས་ཆོལ་ཁ་གཅིག་ཡིན་དགོས་ཏེ་མིན་ན་ནི་ཆོལ་ཁའི་ཕྱོགས་ཞེན་དུ་བརྩི་གི་རེད། ཧ་གོ་ན་དཀྲུགས་ཤིང་ངོ་མ་ནི་འདི་འདྲ་དག་སྟེ། རྣམ་དཔྱོད་དང་སྨྲ་བརྗོད་རང་དབང་གི་གེགས་རྡོ་ཡང་རེད་དོ། །
ལོ་ཡག་ལགས། ངས་སྐྱོན་བརྗོད་བྱེད་མི་ཆོག་པའི་བརྡ་སྤུ་ཙམ་བསྟན་མེད། བསྟན་ན་ཡང་མ་འགྲིག་པ་རེད། ངས་དཀྲོག་གཏམ་རིགས་ལ་མགོ་མ་འཁོར། བརྟག་དཔྱད་བྱོས་ཟེར་ཡོད། སོ་སོར་བཅོས་ཐབས་མེད་པའི་ཕྱོགས་ཞེན་གྱི་མཁྲིས་ནད་ཕོག་ཡོད་པར་བརྟེན་གཞན་ལ་ཡང་དེ་བཞིན་ཡོད་པར་ངོ་འཛིན་བྱེད་པ་རེད། ང་ཆོལ་ཞེན་ཅན་ཡིན་ན་ཡིན་ལུགས་བཤད་མི་དགོས་སམ། དཀྲོག་གཏམ་མ་གཏོགས་གནས་ལུགས་རྒྱ་ཡན་དུ་གཏོང་མཁན་ནི་དོན་དམ་པའི་ཆོལ་ཁའི་དབྱེན་དཀྲུག་པ་རེད། ང་ཡག་པོ་མིན་ཏེ། ད་བར་རང་རེའི་དབུ་ཁྲིད་སུ་ལ་ཡང་གཞི་མེད་པའི་སྙོན་འཛུགས་རིགས་བྱས་མ་མྱོང་། མ་འོངས་པ་ཡང་བྱེད་ཡོང་བསམ་པའི་དོགས་པ་མེད།
ཀུན་དགའ་ཟེར་བ་འདི་མི་ཅི་འདྲའི་གོ་མེད་ཅིག་རེད། ག་རེ་གནས་ལུགས་གནས་ལུགས། གནས་ལུགས་ཡོད་ན་ཨ་རིའི་བུད་མེད་དེ་ལ་གནས་ལུགས་ཤོད་དང་། རྒྱ་གར་གྱི་མི་རྒན་དེ་ལ་གནས་ལུགས་ཤོད་དང་། ཁྱོད་ལྟར་ན་ང་ཚོས་འདི་ཚོ་མ་གོ་མ་ཤེས་ཁུལ་བྱེད་ནས་སྡོད་ཟེར་གྱི་ཡོད་རེད་ལྦཱ། གལ་ཏེ་ཁྱོད་ཀྱིས་ཨ་རིའི་བུད་མེད་དེ་ལ་གནས་ལུགས་ཤོད་ཟེར་གྱི་ཡོད་ཀྱི་ཡོད་ན་ལོ་དང་ཟླ་བ་ཉི་མ་སྐར་མ་བཅས་འཛམ་གླིང་མི་མང་ལ་བཤམས་སོང་བ། འདི་དཀྲོགས་གཏམ་རེད་ཟེར་ན་དེ་ཡིན་པའི་བདེན་དཔང་ཞིག་འཁྱེར་ཕྱོགས་དང་མི་འདུག་གཱ བློ་སེང་གིས་འདི་གོ་ཡོད་མ་རེད་པས། ཨ་རི་ལ་འགྲོ་བའི་ཆུ་ཚོད་མ་རག་པ་རེད་པས། མདོར་ན་ང་ཚོ་ལ་དོགས་པ་ཙམ་ཡང་ཡོད་མི་ཆོག་ཟེར་གི་ཡོད་མ་རེད་པས། ཤེས་མདོག་འཇོན་མདོག་བསྟན་ནས་སྐད་ཆ་རྫོབ་ཏོ་མ་བཤད་ཨཱ། ད་དུང་བློ་སེང་གིས་དམ་འབུལ་མ་གནང་གོང་ལ་ཁང་པ་ཉོས་པ་བོད་པའི་གཟི་བརྗིད་རེད་ཡིན་ན་ཅིག ངོ་ཚ་ཡ་ཏོག་ཙམ་ཡོད་པ་བྱོས། དམ་འབུལ་བྱས་རྗེས་མང་གཙོ་མི་དགོས་ཟེར་བ་དེ་ཡང་བོད་པའི་གཟི་བརྗིད་རེད་པས། བོད་སྐད་དམར་གསོད་བཏང་དེ་ཡང་བོད་པའི་གཟི་བརྗིད་རེད་པས། ཨ་རིའི་དོན་གཅོད་ཁང་༧གོང་ས་མཆོག་གི་སྐུ་པར་མར་བླངས་པ་དེ་ཡང་བོད་པའི་གཟི་བརྗིད་རེད་པས། འདི་ལྟ་བུ་བགྲང་རྫོགས་མཐའ་མེད།
བཙན་པོ་ཟེར་བའི་མི་འདི་དེ་འདྲའི་གོ་བརྡ་འཕྲོད་ཁག་པོ་ཞིག་རེད། སྐད་ཆ་དེ་དཀྲོག་གཏམ་མ་ཡིན་ན། བདེན་པ་ཡིན་པའི་ཁུངས་སྐྱེལ་བྱོས་དང་། ད་གཟོད་དག་ཐེར་བྱ་ངེས་རེད། མ་གཞི་ཁྱེད་ཀྱིས་བོད་ཀྱི་སྲིད་སྐྱོང་འདི་དུས་ཚོད་མ་འཁྱོལ་བའི་མི་ཞིག་རེད་སེམས
ཀྱི་འདུག་གམ། རྒྱ་གཞུང་ལ་ཁ་གཏད་མ་གཅོག་པར་ནང་ཁུལ་ཀུ་ཅོ་མ་ཆེ། ངོ་ཚ་ཡོད་པ་དང་། ལས་རྒྱུ་འབྲས་ལ་བརྩི་སྲུང་བྱོས། བློ་སེང་ཁོང་རང་ང་ཚོ་སྤྱིའི་གཟི་བརྗིད་རེད། མ་རེད་དམ། དེ་བོད་མི་རིགས་ལ་མཚོན་ན། དགའ་མི་འོས་སམ། མང་གཙོ་ཟེར་བ་དེ་མི་གཅིག་གིས་མི་དགོས་ཟེར་བ་མེད་པ་ཆགས་ཀྱི་མ་རེད། མང་གཙོ་རེད་པྭ། དེ་ཡང་ཧ་མ་གོ་ན་འདིར་དུས་ཚོད་འཕྲོ་བརླག་མ་ཐོངས། ཁྱེད་སྐྱོན་བརྗོད་ཡག་ཙམ་དང་། དཀྲོག་གཏམ་འདྲ་ཙམ་སྤེལ་རྒྱུ་མེད་པས།
སྲིད་སྐྱོང་གིས་གསལ་བྱེད་ཀྱི་ཚབ་ཏུ་མི་ཉག་ཀུན་དགས་བྱས་འདུག སྲིད་སྐྱོང་མཆོག་ནས་གསལ་བཤད་མ་བྱས་ན་སུ་གང་གིས་བཤད་ཐུབ་ཀྱི་མ་རེད། སྲིད་སྐྱོང་གིས་ངེས་པར་དུ་གསལ་བཤད་བྱེད་ཀྱི་རེད་སྙམ། །
མི་ཉག། ང་ལ་ཁུངས་སྐྱེལ་ཁུངས་བྱེད་དང་ཟེར་གི་ཡོད་པས། རང་གིས་ཨ་རིའི་བུད་མེད་དེ་ལ་མི་ཟེར་དོན་ཅི་ཡིན། ད་དུང་ཁྱོད་ཀྱི་བློ་སེང་ལ་བཤད་དགོས་པ་དེ་ང་ལ་བཤད་ཀྱི་འདུག་གཱ ད་དུང་བློ་སེང་བོད་པའི་གཟི་བརྗིད་ཡིན་ཅིག འདི་ཁྱོད་ལ་ལན་མེད། གླང་རྒན་ཨུ་ཚུགས་ཅན་ཞིག་གནས་ལུགས་མི་འགྲོ། གང་ལྟར་ཆེས་ཐོག་མར་ཁྱོད་ཀྱིས་བློ་སེང་དང་ཨ་རིའི་བུད་མེད་དེ་གཉིས་ལ་སྐད་ཆ་དྲིས། ཕྱོགས་ཞེན་གཅིག་པོས་ཁུངས་འཁྱོལ་གི་མ་རེད་དོ།
༑ མི་ཉག་པ་ཁྱེད་ནས།
རྩོད་པ་རྒྱག་མཁན་དེ་ཚོ། ལུང་ཚན་དང་ཆོལ་ཁའི་འཐེན་འཁྱེར་རེད་ཅེས་བརྗོད་འདུག་གཱ ལུང་ཚན་དང་ཆོལ་ཁའི་འཐེན་འཁྱེར་ཡིན་པ་ལ་སྒྲུབ་བྱེད་ཅི་ཡོད། སྲིད་སྐྱོང་ལ་སྐྱོན་བརྗོད་པས་ཨེ་རེད། རེད་ན། སྐྱོན་རྗོད་པ་ཕྱི་རྒྱལ་དེ་དག་ཀྱང་ཆོལ་ཁའི་འཐེན་འཁྱེར་ནང་ལ་ལྷུང་ཚར་པ་ཨེ་རེད། ད་དུང་ཁྱེད་ལྟར་ན། སྲིད་སྐྱོང་ལ་སྐྱོན་རྗོད་མཁན་དག་གི་སྙིང་ལ་གདོན་ཡང་ཞུགས་ཚར་འདུག
ང་ནི་མདོ་སྨད་པ་ཞིག་ཡིན་མོད། དང་ཐོག་བློ་སེང་སྲིད་སྐྱོང་ལ་ལངས་དུས་གཡས་གཡོན་གྱི་གྲོགས་པོ་ཚོ་ལ་ཁོང་རང་འདེམས་འོས་པའི་རྒྱུ་མཚན་མང་པོ་བགྲངས་པ་མ་ཟད། རྩོམ་ཐུང་རེ་གཉིས་ཀྱང་སྤེལ་མྱོངས། དེར་མ་ཟད་འོས་ཤོག་གཅིག་པུ་ཡང་ཁོ་ལ་འཕངས་ཡིན། ད་ལྟ་དུས། ཨ་ཁ་ཁ། རྩོམ་ཡིག་ཅིག་གི་ནང་དོན་བློ་ལ་མ་བབས་པས་རྩོམ་པ་པོའི་ལས་ཀ་འཕྲོགས།(ཤར་ཁུག) རང་བཙན་གྱི་ལངས་ཕྱོགས་ཡོད་པའི་མི་ཤེས་འཇོན་ཅན་གློ་བུར་ལས་ཁུངས་ནས་ལས་དབྱུང་བཏང་།(ང་ཕོད) ད་དུང་མི་བྱས་ཅན་གྲགས་འགུལ་མེད་པར་བཏང་པའི་སྐྱོན་གནས་(རྒྱ་རི)སོགས་མང་པོ་གོ་རྒྱུ་འདུག་མོད་མཐའ་གཅིག་ཏུ་བདེན་མིན་མ་ཤེས། ད་བདེན་ངོ་མ་གཅིག་ལ། ནག་ཉེས་རི་འདྲ་བཙུགས་འདུག་ཀྱང་ཁ་གྲགས་མི་ཕོད་པ་འདི་མིག་མཐོང་ལག་ཟིན་རེད་ལ་དོགས་པ་ཐེ་ཚོམ་གྱི་མུན་ནག་འཐིབས་ཡོང་།།
ཨ་ཙི། ད་ཡིན་ན་སྲིད་སྐྱོང་གི་འོས་ཤོག་གཅིག་པུ་སུ་ལ་འཕེན་ནམ། ཨོ་རེད། མུ་གེ་ཐེབས་མི་འདུག གཞན་གསུམ་ཡོད་གི །
ལོ་ཡག་དང་བཙན་པོ་གཉིས་ལ་དགོས་རྒྱུ་ནི་སྲིད་སྐྱོང་ནག་པོ་བཟོ་རྒྱུ་དེ་རེད། དེ་བྱུང་ན་བོད་ལ་རང་བཙན་ཐོབ་པ་དང་ཆ་རེད།་ཨ་རིའི་བུད་མེད་དེས་རང་རེའི་དབུ་ཁྲིད་ནག་པོ་བཟོ་པའི་ས་བོན་ནི་བཏབ་ཚར་འདུག ད་དེའི་ཐོག་ཤུགས་རྒྱབ་ནས་སྲིད་སྐྱོང་ནག་རྐྱང་བཟོ་ན་འདོད་དོན་འགྲུབ་པ་རེད། སྔོན་སུ་ཞིག་གིས་བཙན་དབང་བཏང་ནས་ཁྱེད་ལ་འོས་བླུག་བཅུག་པ་མ་རེད། གཞན་ལ་འཁང་ར་བྱེད་ན་མི་འགྲིག ད་རེས་སྐབས་གཉིས་པའི་སྲིད་སྐྱོང་འོས་བསྡུ་གལ་ཆེ་བས་སྔར་བཞིན་ནོར་འཁྲུལ་མ་བཟོ། བརྟག་དཔྱད་སྔོན་ལ་ཐོངས། ཡང་འགྱོད་ལ་སྐྱེད་ཡོང་གི་རེད། ངས་ནི་སྲིད་སྐྱོང་དཀར་རྐྱང་ཡིན་པ་གཙོ་བོར་བསྒྲུབས་མེད། ཁྱི་རྒན་འགའ་ཡི་རྗེས་སུ་རྒྱུགས་མཁན་གྱི་ཁྱི་ཕྲུག་ཚོར་བརྟག་དཔྱད་བྱོས། སྤྱི་ཚོགས་ནང་འཚུབ་ཆ་མ་ལོངས་ཟེར་བ་ཙམ་ཡིན། ང་ཚོར་ཆིག་སྒྲིལ་དགོས། ལས་མེད་ཚོའི་ཅ་ཅོ་མི་མཁོ། ར་མ་འཕྲོད་པའི་དཀྲོག་གཏམ་ཞིག་དག་སྐྱེལ་བྱེད་དགོས་ཟེར་ན་ཡ་མཚན་རེད། འཛམ་གླིང་གི་མི་སྤྱང་ཤོས་མང་ཆེ་བ་ཨ་རི་ལ་ཡོད་རེད། ཨ་རིའི་ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་རེད། ལྐོག་ཟ་དང་རུལ་སུངས་ཀྱི་རིགས་ལ་ཐར་པ་གཏོང་གི་མ་རེད། རིི་བོང་གནམ་རྡིག་གི་སྡུག་བསྔལ་ཉུང་ཙམ་བྱོས། མང་པོ་ཞིག་མ་འཇོན་ན་ཡང་། ཆིག་སྒྲིལ་གྱི་ཕྱོགས་སུ་གོམ་པ་སྤོ་ཨེ་ཐུབ་ལྟོས།
༑ ཨ། ང་ལ་དགོས་རྒྱུ་ཨེ། སྲིད་སྐྱོང་ནག་པོ་བཟོ་རྒྱུ་དེ་མ་ཡིན། སྡེ་མགོ་འཁྱོངས་ན། དགྲ་མགོ་ནོན་ན། དེའི་ཕྱིར་དཀར་པོ་ཆགས་ན་སྙམ་པས། དཀར་ས་ལ་ཐོན་ཤོག་ཟེར་གི་ཡོད། མི་ཉག་པས་གཏམ་གྱི་གོ་བ་མི་ལོན་གི། དེ་མིན་ན་ལྐུགས་པའི་ཨུ་ཚུགས་རེད། ད་ཡིན་ན་དུས་ཚོད་འཕྲོ་བརླག་རེད་ན། འདི་ནས་ཐོན་པ་ཡིན། བདེ་མོ། །
ཨ་ཨ། གོ་བ་མ་ལོན་པ་མ་རེད། གོ་བརྡ་མ་འཕྲོད་པ་རེད། སྒང་གི་ཡི་གེ་རིང་པོ་དེ་ཡག་པོ་ཞིག་ཀློག་རོགས། སྲིད་གཞུང་གཅིག་གི་ནང་ལ་མ་འགྲིག་པ་དེ་ཚོ་མར་ཕུད་པ་ནི་འགྲོ་སྟངས་ཤིག་རེད། སུ་ཞིག་ལ་གཏན་འཇགས་ཀྱི་ལས་གནས་ཤིག་ཡོད་མ་རེད། མ་གཞི་ཁྱོད་ཤར་ཁུལ་ལ་ཧ་སང་མཁན་ཞིག་རེད་འདུག་པ་དེས་ཁྱོད་ཀྱི་བསམ་བློ་ཡི་ཡང་ལྕི་མཚོན་པ་རེད། ཤར་ཁུག་ལ་འགྲམ་ཆུ་ལྡང་མཁན་ལ་ངས་རྩོད་པ་མི་རྒྱག རིན་ཐང་ཡོད་པ་མ་རེད། ལོ་ཡག་ལགས།