ཡོང་ཁུངས། བོད་ཀྱི་དུས་བབ།
དབུས་གཙང་གི་རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་ང་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༤༠ ཐོག་མེག་གྷན་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཁང་དུ། ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།
ལྷན་ཚོགས་ཐོག་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ཁོང་གི་ལོ་རྒྱུས་ངོ་སྤྲོད་གནང་དོན། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་མཁས་དབང་ཡིན་ལ། ལོ་མང་སྤྱི་འཐུས་ཚོགས་གཙོ་གནང་བའི་ཉམས་མྱོང་ཡོད་པ་དང་། དེ་བཞིན་བློ་བཟང་སེང་གེ་ཧར་ཝ་ཌི་ནས་ཡིན་པ་སོགས་རབ་དང་རིམ་པ་ཡག་པོ་ཡོད་བསྡད་པ་ཞིག་དང་། བཀྲ་ཤིས་དབང་འདུས་ལགས་ལོ་མང་ཉམས་མྱོང་ཡོད་པ་དང་མཐོ་སློབ་ཐོན་པ་ཡིན་པ། སྤེན་པ་ཚེ་རིང་ལགས་སྤྱི་འཐུས་ཀྱི་ཚོགས་གཙོ་དང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གནང་མྱོང་མཁན་དང་ཉམས་མྱོང་ཆེན་པོ་ཡོད་མཁན་གཅིག་ལས་གཅིག་ལེགས་པ་ཡོད་ཀྱང་། ང་ལ་དེ་འདྲའི་ཉམས་མྱོང་གང་ཡང་མེད། ང་བྱང་ཐང་ནང་ལུག་རྫིར་ལོ་ ༡༦ ཕྱིན་པ་དང་དམག་མིར་ལོ་ ༡༤ བསྡད་བཞག་པ་ལས་ཉམས་མྱོང་གང་ཡང་མེད་ཞུ་རྒྱུ་གཅིག་དང་། གཉིས་ནས་ད་ལྟའི་ལས་ཐོག་སྲིད་སྐྱོང་དང་ངོས་གཉིས་བར་ཁྱད་པར་ག་རེ་ཡོད་རེད་ཟེར་ན། སྲིད་སྐྱོང་ཧར་ཝ་ཌི་ནས་ཐོན་པ་ཞིག་ཡིན་པ་དང་ང་རྗེས་ལུས་ལ་ལྷག་བསྡད་པ་ཞིག་ཡིན་པ་ལས་གཞན་ཁྱད་པར་གང་ཡང་མེད། མི་གཅིག་པ་ཡིན་པ་དང་རྣམ་དཔྱོད་གཅིག་མཚུངས་ཡོད་པ་ཆ་ཡིན། ཞེས་བརྗོད་སོང་།
དེའི་རྗེས་ཁོང་གིས་སྲིད་སྐྱོང་ལ་ལངས་དགོས་དོན་གང་ཡིན་སྐོར་བརྗོད་དོན།
དང་པོ། ངས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་མ་འོངས་པར་རྒྱུན་གནས་སྲ་བརྟན་ཐུབ་ཆེད། ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ལ་གནས་སྐབས་ངལ་རྩོལ་བྱེད་ས་བཙལ་ནས་བོད་མི་ལག་རྩལ་བ་དང་སྨན་ཞབས་པ་གང་མང་ཕར་འགྲོ་ཚུར་འོང་བྱེད་ཐུབ་པ་བྱས་ནས་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་ཐུབ་པ་བྱ་རྒྱུ་དང་།
གཉིས་པ། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བོད་མི་རེ་ངོ་རེས་ཟླ་བ་གཅིག་ནང་ཉིན་གཅིག་གི་དགོང་ཟས་སྤང་སྟེ། དེའི་དོད་གཞུང་ལ་ཞལ་འདེབས་འབུལ་རྒྱུ་དང་། ཕ་མ་དང་རྒན་རབས་རྣམ་པས་མ་འོངས་བོད་ཀྱི་སོན་རྩར་འགྱུར་བ་རྣམས་ལ་རང་མི་རིགས་ཀྱི་རིག་གཞུང་གཙོས་པའི་སློབ་གསོ་གཏོང་རྒྱུ།
གསུམ་པ། ད་ལྟ་བོད་མི་ཚོས་རྒྱ་གར་གཞུང་ལ་དཔྱ་ཁྲལ་རྒྱག་བཞིན་ཡོད་པ་དག་རྒྱག་མི་དགོས་པ་བཟོ་ཐབས་བྱ་རྒྱུ་བཅས་སྲ་བརྟན་བྱ་དགོས་པ་གསུམ་དང་།
འཐུས་ཤོར་གཉིས་ནི། དང་པོ། ང་ཚོས་དབུ་མའི་ལམ་གྱི་འགན་ཁུར་མ་ཐུབ་པ་དང་། གཉིས་པ། རང་ངོ་རང་ཤེས་མ་ཐུབ་པ་དང་༧གོང་ས་མཆོག་ལ་བརྩི་བཀུར་གང་འདྲ་ཞུ་དགོས་མིན་མ་ཤེས་པ་དང་།
འགན་མ་ཁུར་བ་ནི། ཚོགས་ཆེན་དང་གྲོས་ཚོགས་སོགས་ནང་སྤྱི་འཐུས་དང་འགན་ཁུར་མི་སྣས་འགན་ཏག་ཏག་ཅིག་འཁུར་མ་ཐུབ་པ་བཅས་དང་། དེ་མིན་དབུས་གཙང་མི་འབོར་ཆེན་པོ་འདི་ལ་སྲིད་སྐྱོང་ལ་ལངས་མཁན་མི་འདུག་ཟེར་མཁན་ཡོད་སྟབས། ངས་དེ་རིང་རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་སྲིད་སྐྱོང་ལ་ལངས་པ་ཡིན། ཞེས་བརྗོད་སོང་།
ཁོང་གིས་བོད་རྒྱ་ཞི་མོལ་གྱི་ལྡེ་མིག་དེ་ང་ཚོར་ཡོད་སྐོར་བརྗོད་དོན། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ང་ཚོ་གཞན་དབང་སྟབས་བསྟུན་ཡིན་པས་བོད་རྒྱ་ཞི་མོལ་ཡོང་གི་མི་འདུག བོད་རྒྱ་ཞི་མོལ་གྱི་ལྡེ་མིག་དེ་རྒྱ་ནག་ལ་འདུག་གསུངས་ཡོད་པ་རེད། ངས་བསམ་བློ་བཏང་བ་ཡིན་ན་སྔོན་མ་ང་ཚོར་ལྡེ་མིག་དེ་རག་ཡོད་པ་མ་ཟད། ད་དུང་རག་རྒྱུའི་ཐབས་ཤེས་བྱ་རྒྱུ་འདུག་ཟེར་གྱི་ཡོད། སྔོན་མ་རྒྱ་ནག་གཞུང་གི་མཐོ་རིམ་མི་སྣས་རང་བཙན་མིན་པའི་སྐད་ཆ་ག་རེ་བཤད་ཀྱང་ཤོད་ཤོག་ཅེས་བརྗོད་ཡོད་སྟབས་ལྡེ་མིག་དེ་ང་ཚོར་གཡུགས་ཡོད་པ་རེད།
གནད་དོན་དེ་རྒྱ་ནག་གི་དཔོན་རིགས་ཀྱིས་ག་དུས་ལབ་འདུག ག་རེ་བྱས་ནས་ལབ་འདུག་ཟེར་བ་དེ་ཡིན་སྟབས། སྐད་ཆ་དེ་ག་དུས་ལབ་འདུག་ཟེར་ན། མའོ་ཙེ་ཏུང་ཤི་ཚར་ཙམ་ཞིག་དང་རྒྱ་དཀར་ནག་གཉིས་བསྡུར་ན། རྒྱ་ནག་ཉག་ཕྲ་བའི་དུས་སྐབས་ཤིག་ཡིན་པ་མ་ཟད། ད་ལྟ་ནང་བཞིན་ང་ཚོ་ཕྱི་རྒྱལ་ལ་ཕོན་ཆེན་པོ་ཕྱིན་མེད་པ་དང་། གསུམ་བཅུའི་དུས་དྲན་གྱི་འབོད་སྒྲ་ཆེན་པོ་བསྒྲགས་སྐབས་བྱུང་ཡོད་ཀྱང་། སྐབས་དེར་ང་ཚོས་དབུ་མའི་ལམ་དང་རང་བཙན་གཙང་མ། བདེན་པའི་ཨུ་ཚུགས། རང་ཐག་རང་གཅོད་བཅས་ལམ་ཀ་བཞི་བཙལ་ནས་བསྡད་ཡོད་སྟབས། དེའི་རྗེས་ང་ཚོ་ནང་ཁུལ་བར་བཀྲ་མ་ཤིས་པ་བྱུང་ནས་དབུས་གཙང་དང་མངའ་རིས། མདོ་སྟོད་གསར་རྙིང་གཉིས་བཅས་བར་རྐུབ་བཀྱགས་ཆེད་འཁྲུག་རྩོད་ཤོར་བ་དང་། ཞྭ་དམར་རིན་པོ་ཆེས་ཡང་སྲིད་ངོས་འཛིན་གནང་བའི་ཀརྨ་པ་དང་བོད་ནང་འཁྲུངས་པའི་ཀརྨ་པ་མཆོག་བར་རྙོག་གྲ་བྱུང་བ་མ་ཟད། པན་ཆེན་རིན་པོ་ཆེའི་ཡང་སྲིད་མཆོག་ལ་སྐུ་ངལ་དང་། དོལ་རྒྱལ་གྱི་རྙོག་གྲ་བཅས་བྱུང་བ་རེད། ད་ལྟ་དོལ་རྒྱལ་གྱི་རྙོག་གྲ་མ་གཏོགས་དེ་སྔོན་གྱི་དཀའ་རྙོག་དེ་འདྲ་མེད་ཀྱང་། ད་ཆ་རྒྱ་ནག་གཞུང་ཧ་ལས་པའི་སྟོབས་ཆེན་པོ་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་རྒྱ་ཞི་མོལ་གྱི་ལྡེ་མིག་དེ་སྒྲོག་ཙེའི་ནང་བླུགས་ནས་སྒོ་ལྕགས་བརྒྱབ་ཚར་ཡོད་ཀྱང་། ངས་ལྡེ་མིག་དེ་རག་རྒྱུའི་ཐབས་ལམ་ཡོད་རེད་བསམ་གྱི་འདུག
ཐབས་ལམ་དེ་ག་རེ་རེད་ཞུས་ན། ༧གོང་ས་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ་ཆགས་ཡོད། དབུ་མའི་ལམ་ཚགས་ཚུད་ཡོང་བར་ག་རེ་དགོས་ཀྱི་འདུག་ཟེར་ན། ངས་ཟུར་བཞི་ནས་བཀྱག་དགོས་པ་ཞིག་མཐོང་གི་འདུག ཟུར་གཅིག་ནས་༧གོང་ས་མཆོག་གིས་ཤུགས་ཆེན་པོ་བསྐྱོན་ནས་བཀྱགས་གནང་ཡོད་པ་དང་། ཟུར་གཞན་ཞིག་ནས་བོད་ནང་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་ཚོས་བཀྱགས་གནང་ཡོད་སྟབས། ཟུར་གཞན་གཉིས་དེ་བཀའ་སྤྱི་གཉིས་ཀྱིས་དཔལ་འབྱོར་རྒྱུན་གནས་དང་ཤེས་ཡོན་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཞིག་འགྱུར་ཐབས་ལ་འབད་བརྩོན་བྱ་རྒྱུ་ཆགས་ཡོད་པ་རེད།
དབུ་མའི་ལམ་གྱི་མི་དེ་གང་འདྲ་ཞིག་དགོས་ཀྱི་རེད་ཟེར་ན། དཔལ་འབྱོར་གྱི་རྒྱབ་ལྗོངས་ཡག་པོ་ཡོད་པ་དང་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཡོད་པ་ཞིག་དགོས་ཀྱི་འདུག དཔལ་འབྱོར་ཡག་པོ་ཡོད་མཁན་གྱི་མི་འར་པོ་ཆེན་པོ་ཞིག་དང་སློབ་སྦྱོང་ཡོད་མཁན་གྱི་མི་ཉམ་ཆུང་ཞིག་ཡིན་ན། དཔལ་འབྱོར་ཡོད་མཁན་གྱི་མི་དེས་སློབ་སྦྱོང་ཡོད་མཁན་གྱི་མི་དེ་ག་པར་ཁྲིད་ཁྲིད་འདྲ་པོ་ཞིག་དང་། ཡང་ན་དཔལ་འབྱོར་ཡོད་མཁན་ཉམ་ཆུང་ཞིག་ཡིན་ན། སློབ་སྦྱོང་ཡོད་མཁན་གྱི་མི་འར་ཆེན་པོ་ཞིག་གིས་སོ་སོའི་ཁེ་ཕན་སྒྲུབ་ཆེད་ག་པར་ཁྲིད་ཁྲིད་འདྲ་པོ་ཆགས་ཡོད་སྟབས། ངས་དབུ་མའི་ལམ་ལ་འགྲོ་མཁན་གྱི་མི་དེ་དཔལ་འབྱོར་དང་སློབ་སྦྱོང་གཉིས་ཀ་ཡོད་པ་ཞིག་དགོས་ཀྱི་འདུག་ལབ་ཀྱི་ཡོད། ཅེས་བརྗོད་སོང་།
བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་གཅིག་སྒྲིལ་གྱི་ངོ་བོ་གང་ཡིན་སྐོར་བརྗོད་དོན། ད་ལྟ་སྲིད་སྐྱོང་མཆོག་གིས་གཅིག་སྒྲིལ་ཡོད་གསུངས་ཀྱི་ཡོད་པ་དེར་ང་མགོ་འཐོམ་གྱི་འདུག ངས་གཅིག་སྒྲིལ་ཟེར་བ་དེ་གཅིག་སྒྲིལ་མེད་པ་ཞིག་ཡག་ཏུ་གཏོང་དགོས་པ་དང་། ཡང་ན་གཅིག་སྒྲིལ་ཡོད་པ་ཞིག་ཡག་ཏུ་གཏོང་ཆེད་གཅིག་སྒྲིལ་དགོས་འདུག་ལབ་དགོས་པ་ཆགས་འདུག་མ་གཏོགས། གཅིག་སྒྲིལ་གྱི་ཚིག་གཅིག་པོ་བེད་སྤྱོད་བཏང་ན་འགྲིག་གི་མི་འདུག་ལབ་ཀྱི་ཡོད། ངས་གཅིག་སྒྲིལ་མེད་པ་དེ་ཐག་རིང་ནས་བརྙན་འཕྲིན་བརྒྱུད། ལོ་གཅིག་ནང་དུས་གཉིས་ཚོགས་བཞིན་ཡོད་པའི་གྲོས་ཚོགས་རྭ་བ་དེའི་ནང་མཐོང་གི་འདུག གྲོས་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ག་ཚོད་འདུག ཀརྨ་ཆོས་འཕེལ་ལོ་གཉིས་དང་ཕྱེད་ཀ་དང་སྤེན་པ་ཚེ་རིང་ལོ་གཉིས་དང་ཕྱེད་ཀ་ཚོགས་གཙོ་བྱེད་དགོས་བྱུང་བ་དེ་འཐེན་འཁྱེར་མ་རེད་དམ། དེ་བཞིན་ཀརྨ་ཡེ་ཤེས་སྤྱི་འཐུས་ཚོགས་གཙོ་མ་ཆགས་པ་དེ་འཐེན་འཁྱེར་བྱུང་བ་མ་རེད་དམ། དེ་སྔོན་ཇོ་ནང་གི་སྤྱི་འཐུས་དགོས་ཀྱི་འདུག་ལབ་སྐབས། མདོ་སྨད་ཀྱི་ལག་པ་བརྐྱངས་ཀྱང་། མདོ་སྟོད་ཀྱི་ལག་པ་བརྐྱངས་མེད་པ་དེ་འཐེན་འཁྱེར་མ་རེད་པས། ལོ་ཤས་གོང་གི་གྲོས་ཚོགས་ནང་མདོ་སྟོད་སྤྱི་འཐུས་ཀྱིས་བསོད་ནམས་སྟོབས་རྒྱལ་ལ་གནམ་གྲུའི་གླ་ཆ་སྤྲོད་དགོས་འདུག་ལབ་ཡོད་པ་དང་། ཡང་མདོ་སྟོད་མིན་པ་དག་གིས་སྤྲོད་དགོས་མ་རེད་ལབ་ཡོད་སྟབས། དེ་ཚོ་འཐེན་འཁྱེར་མིན་ན་གང་རེད།
ང་ཚོའི་མི་མང་ལ་སྲིད་སྐྱོང་ལབ་དུས་མཁས་དབང་དང་ཌོག་ཌར་དེ་འདྲ་དགོས་ཀྱི་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག་སྟབས། ངས་དེ་མ་རེད་ཞུ་རྒྱུ་ཡིན། ང་ཚོར་རྒྱལ་རབས་ལོ་རྒྱུས་བཟོ་མཁན་ཞིག་དགོས་ཀྱི་འདུག་མ་གཏོགས། རྒྱལ་རབས་ལོ་རྒྱུས་ཤོད་མཁན་དགོས་ཀྱི་མི་འདུག་ཅེས་གསལ་པོ་བྱས་ནས་ཞུ་རྒྱུ་ཡིན། ང་ལ་རྒྱལ་རབས་ལོ་རྒྱུས་བཤད་རྒྱུ་མེད་ཀྱང་། རྒྱལ་རབས་ལོ་རྒྱུས་འཕེལ་རྒྱས་གཏོང་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན་ལ། དེ་བཞིན་མི་གཞན་ལའང་རྒྱལ་རབས་ལོ་རྒྱུས་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།
གསར་འགོད་པ། དོན་གྲུབ།
སྔོན་མ་རྒྱ་ནག་གཞུང་གི་མཐོ་རིམ་མི་སྣས་རང་བཙན་མིན་པའི་སྐད་ཆ་ག་རེ་བཤད་ཀྱང་ཤོད་ཤོག་ཅེས་བརྗོད་ཡོད་སྟབས་ལྡེ་མིག་དེ་ང་ཚོར་གཡུགས་ཡོད་པ་རེད།་་ཅེས་པའི་སྐད་ཆ་འདི་གཅིག་པོ་ཁུངས་སྐྱེལ་ཐུབ་ན་འཇོན་པོ་རེད། དཔང་རྟགས་ཚོད་ལྡན་ཡོད་ན་སྟོན་རན་པ་རེད། ཡིག་ཆ་དང་བརྙན་དཔར་སོགས་གང་ཡོད་ན་སྟོན་འོང་རོགས་བྱོས།
ཏན་ཞོ་ཕིང་གིས་རང་བཙན་མིན་པར་ཐམས་ཅད་གྲོས་མོལ་བྱེད་ཆོག་ཟེར་གྱི་འདུག་ཟེར་བའི་སྐད་ཆ་འདི་ལ་ཁུངས་སྐྱེལ་དགོས་པ་རེད། ཏན་ཞོ་ཕིང་ཤི་ཚར་བ་རེད། ཤི་བོ་དཔང་རྟགས་བཙུགས་ནས་བོད་མི་དམངས་མགོ་བཏང་བ་འདི་ཡག་པོ་མ་རེད། དཔང་རྟགས་ཡོད་ན་སྟོན་ཤོག་ཨ།
རྒྱལ་རབས་ལོ་རྒྱུས་མི་ཤེས་མཁན་ཚོས་ལྷ་སའི་ཇོ་ཁང་གི་མདུན་དུ་ཡོད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་བཏངས་ནས་ལོ་རྒྱུས་གསར་པ་བཟོ་བཞིན་པའི་སྒང་རེད། མ་ཤེས་ནས་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་བཏངས་པ་ཡིན་ནམ་ཤེས་བཞིན་དུ་བཏང་པར་ཡིན་མིན་གྱི་ཐོག་ཏུ་དོགས་པ་རེད།
ཧ་བ་ཌའི་མཁས་དབང་ཆེན་མོས་་་བོད་ཆེན་པོ་ཟེར་བ་ཞིག་ལོ་རྒྱུས་ཐོག་ཏུ་མེད་ཅེས་རྒྱ་འཁྱམ་ཚོའི་མཉམ་དུ་བསྒྲགས་པ་རེད། དམག་དཔོན་སྐུ་ངོ་ལགས་་་འཚམས་འདྲི་ཡོད།
དབུས་གཙང་གི་རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་ང་སྲིད་སྐྱོང་ལ་ལངས་པ་ཡིན། ཟེར་ན་སྐབས་འཚོལ་བའི་སྐད་ཆ་རེད།
ཁྱེད་རང་སྲིད་སྐྱོང་ལ་ལངས་ནས་རྟེན་འབྲེལ་ཅི་ཞིག་འགྲུབ་ཡོང་། ༧གོང་ས་མཆོག་གི་དགུང་ལོའི་བབས་དང་། བོད་ཀྱི་འཐབ་རྩོད་གཉན་འཕྲང་གི་དུས་འདིར། ཆོལ་ཁ་ཆོས་ལུགས་ཀྱི་རླུང་བུ་ནི་དོན་གྱི་དགྲ་བོ་ཉག་ཅིག་རེད། སྲིད་སྐྱོང་ཡང་དག་ཅིག་འབྱུང་ན་ལུང་ཚན་དབྱེ་མེད་པས་སྐྱགས་པའི་རྟེན་འབྲེལ་འདི་རེ་ཞིག་བཞག་ན་ཡག་གི་རེད་དོ།
དཔེ་ཡག་པོ་འདུག་ཁོང་སྲིད་སྐྱོང་ལངས་པ་ནི་རྟེན་འབྲེལ་གྱི་ཆེད་དུ་རེད། བྱས་ཙང་འོས་ཐོབ་ན་ལྷ་སྲུང་ཚོ་མུ་མཐུད་ནས་ལུང་བསྟན་གནང་ས་རག་གི་རེད། དག་སྣང་ཡོད་མཁན་ཚོས་དག་སྣང་བཤད་ས་རག་གི་རེད། གཞུང་སྒེར་ཚང་མ་རྟེན་འབྲེལ་རྟགས་པ་དང་། ལས་དོན་ཚང་མ་རྟེན་འབྲེལ་མཚོན་བྱེད་ཆགས་ཀྱི་རེད། རྟག་པ་རེ་བཞིན་རྡ་སར་གསོལ་ཇ་བཞེས་འབྲས་མཚམས་ཆད་ཀྱི་མ་རེད།
ཧ་ཧ་ང་བགད་མོ་ཤོར་སོང་། སྲིད་སྐྱོང་གི་ཞབས་ཀྱག་དེ་ཕྲུ་གུའི་རྩེད་ཆས་མ་རེད་དོ་། དབུས་གཙང་དང་མདོ་སྟོད་ངང་མདོ་སྨད་སོགས་ཆོལ་ཁ་དང་ལུང་ཚན་གྲངས་སྟངས་ལ་བལྟས་ན་ངོ་མའི་སྐབས་འཚོལ་ཞིག་ཡིན་ལེ་ཐག་ཆོད་ ཁྱེད་འོས་ཤོག་བརྒྱ་རག་ན་དབུས་གཙང་གི་རྟེན་འབྲེལ་འབྲིག་ཚར་ལེ་རེད་ སྲིད་སྐྱོང་ལ་ལང་མཁན་ག་ཚོད་ཡོད་ནའང་མི་མང་ལ་ཁྱད་པར་ཡོད་པ་མ་རེ་ སྲིད་སྐྱོང་བློ་བཟང་སེང་གེ་རང་འཇགས་རེད་དོ་།
སྲིད་སྐྱོང་འོས་འདེམས་འདི་ངོ་མ་འཕྲུ་གུའི་རྩེད་ཆས་རང་ཆགས་འདུག ལུག་རྫི་དང་ཁྱམ་པོ་ལྡོམ་པོ་ཚང་མས་འཚང་ཁ་རྒྱག་ས་ལ་བལྟོས་དང་། འོན་ཀྱང་ཕྱོགས་གཅིག་ནས་བཤད་ན་གུང་བྲན་གྱི་ཧུ་ཅི་ཐ་རིག་གསར་སྐབས་ཕག་རྫི་དང་ཕེ་ཡ་པང་་བོད་ལ་རྒྱ་དམག་གིས་བཙན་འཛུལ་སྐབས་འབྲུ་རིགས་གཉེར་པ་དམག་དཀྱུས་ཞིག་རེད་ཟེར།
དབུས་གཙང་ཚང་གིས་ཞབས་འདྲེན་འདི་ལས་ལྷག་ཙམ་ཞིག་གང་ན་ཡོད། དབུས་གཙང་དབུས་རྒྱུན་གྱིས་སྲིད་སྐྱོང་འོས་གཞིའི་མི་འགྲོ་ཞིག་མ་རག་པའི་སྐབས་སུ་བྱང་ཐང་ཨ་ཕོ་ལུག་རྫི་རྒོད་པོ་ཞིག་སྲིད་འོས་ལ་འཚང་ནས་སླེབས་སོང་། མདོ་སྟོད་སྨད་ཀྱི་ལོ་གཞོན་ཤེས་ཡོན་ཅན་རྣམས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་འཚང་བའི་ལོ་འདི། དབུས་གཙང་གི་ལུག་རྫི་དང་བུ་རྫི་རྒན་འགོག་རྣམས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་འཚང་ཡོང་གིན། རྒོད་རྒྱུ་ཡོང་ས་རེད། ཧཧཧཧ།
བཀྲིས་སྟོབས་རྒྱལ་ལགས། ཁྱེད་སྲིད་སྐྱོང་གི་ཞབས་སྟེགས་འགྲན་རྩོད་ནང་ཞུགས་པར་བསྔགས་སོ། ཁྱེད་ཀླད་པ་དང་བློ་སྤོབས་ཡོད་མཁན་བོད་མི་ཞིག་རེད་འདུག འོན་ཀྱང་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་སྐད་ཆ་མ་བཤད་ན་འོས་ཤོག་མི་ཉུང་བ་ཞིག་ཐོབ་ངེས་ཡིན། སྲིད་སྐྱོང་འགྲན་རྩོད་ནང་ཞུགས་པར་མཐོ་སློབ་བམ་བུ་རམ་པའི་ལག་འཁྱེར་ཡོད་མཁན་དགོས་ལེ་མ་རེད། མི་དེ་ལ་སེམས་ཤུགས་དང་མི་རིགས་ཀྱི་ལ་རྒྱ། ཕུགས་འགྱངས་རིང་པོ་བསམ་བློ་གཏོང་ཐུབ་མཁན་དགོས་པ་རེད། དཔེར་ན་རྒྱ་གར་གྱི་མངའ་སྡེ་སྤི་ཧ་རི་མངའ་སྡེ་བློན་ཆེན་སྐད་གྲགས་ཅན་ལ་ལུ་པར་སད་ལ་བལྟོས་ལྟ་བུ་རེད། ཁྱེད་ལ་སྲིད་སྐྱོང་ཞབས་སྟེགས་ཐོབ་རེ་མེད་ནའང་མང་གཙོ་ལོངས་སུ་སྤྱོད་པ་ནི་བསྔགས་པར་འོས་སོ། ཤུགས་རྒྱོབ་ཤོག་ཨ། ཨ་ལ་ལ་ཧོ།
ག་རེ་ཡིན་ཀྱང་། སྐད་ཆ་ཤོད་སྟངས་ལ་བལྟས་ན། ཁ་རྩལ་ཆེན་པོ་ཡོད་ས་རེད། ནམ་ཞིག་སྲིད་སྐྱོང་འོས་མི་རྣམས་མཉམ་འཛོམས་ཀྱིས། བགྲོ་གླེང་གནང་སྐབས། གཞི་ནས་ང་ཚོས་མི་དེའི་རིན་ཐང་དེ་རྟོགས་ཡོང་གི་རེད། དེ་མིན་གནས་སྐབས་བབ་བཅོལ་མ་སྨྲ་ན་ལེགས། འཛམ་གླིང་ཐོག་གི་གྲགས་ཅན་མི་སྣ་མང་པོ་ཞིག་མཐོ་སློབ་ཀྱང་འགྲིམས་མྱོང་མེད་པ་དེ་འདྲ་ཡོད་པ་རེད། དེར་བརྟེན། མཛད་རྗེས་དང་མཚན་སྙན་ཟེར་བ་དེ་རང་ཉིད་ཀྱིས་བཏོད་དགོས་པ་རེད་མ་གཏོགས། ལག་ཁྱེར་དང་མི་རྫིག་པོ་ཞིག་གིས་ཡོང་མདོག་མ་རེད་ཏ།
ཁོའི་སྐད་ཆའི་བཤད་བགྲོས་ལ་བལྟས་ན། ཁ་བདེ་སེ་ཡོད་ས་རེད། ད་ལྟ་ལུག་རྫི་དང་དམིག་ཟེར་ནས་མཐོང་ཆུང་མ་གནང་ཤིག ནམ་ཞིག་སྲིད་འོས་རྣམས་མཉམ་འཛོམས་ཀྱིས་བགྲོ་གླེང་ཞིག་ཚོགས་ན། གཞི་ནས་ང་ཚོས་གཞི་ནས་ཤེས་ཀྱི་རེད། མ་གཞི་ནས། འཛམ་གླིང་ཐོག་གི་སྙན་གྲགས་ཅན་གྱི་མི་ཉུང་བ་ཞིག་ཞིང་པ་དང་ཤིང་བཟོ་བ། ཚཽན་པ་སོགས་བྱས་ཏེ། རིམ་པས་མཚན་སྙན་རྒྱས་པ་མང་པོ་ཡོད་པ་རེད། ད་ལྟ་སྲིད་སྐྱོང་གི་ཞབས་སྟེགས་དེ་ལག་ཁྱེར་སུ་ལ་ཡོད་མིན་གྱི་བདེན་ཁ་གཅོད་ས་དེ་མ་རེད། སུ་ལ་འཇོན་ཐང་དང་ནུས་པ་ཡོད་མིན་བལྟ་ས་རེད་ཏ། གཅིག་བྱས་ན། ལུག་རྫི་དེ་འབུམ་རམས་པ་དང་མཁས་དབང་རྣམས་ལས་ཀྱང་གྱོང་ཡོད་མིན་སུ་ཞིག་གིས་ཀྱང་ཤོད་ཐུབ་ཀྱི་མ་རེད། ད་ལྟ་རྟ་རྒྱུགས་རྒྱུ་རེད། བང་བརྩལ་ལ་བལྟ་རྒྱུ་རེད་ཏ།
སྲིད་སྐྱོང་འོས་གཞི་རྣམ་པས་བགྲོལ་གླེང་སྐབས་ཀླུ་བྱམས་ཀྱིས་གཞན་རྣམས་ཁ་གྲག་མི་ཤེས་བཟོ་རྒྱུ་རེད། ལྟེ་མོ་ཡོད།
བཀྲ་ཤིས་སྟོབས་རྒྱལ་ལགས་སྲིད་སྐྱོང་གི་འོས་མིར་བཞེངས་པར་བཀྲ་ཤིས་བདེ་ལེགས་ཞུ།
ཐེངས་འདིར་དབུས་གཙང་ཆོལ་ཁའི་ནང་མི་ཟད་མེད་པའི་རྟེན་འབྲེལ་དུ་ཁྱོད་རང་བཞེངས་གནང་པ་ཧ་ཅང་ཡག་པོ་འདུག
ལྷག་པར་གསལ་བསྒྲགས་དེ་ཡང་དབུས་གཙང་ཆོལ་ཁའི་ཚོགས་ཁང་དུ་བྱེད་ཐུབ་པ་བྱུང་འདུག་པས་དགའ་བསུ་ཡོད།
མ་ཟད་ཁྱོད་རང་དབུས་གཙང་ཆོལ་ཁའི་རྟེན་འབྲེལ་གྱི་ཆེད་དུ་ལངས་པ་ཡིན་ཙང་དབུས་གཙང་ཆོལ་ཁའི་ཚོགས་གཙོ་ཟླ་བ་ཚེ་རིང་གིས་དགའ་བསུ་གནང་ཡོད་ན་དེ་བས་གཏམ་བཟང་རེད།
ལུག་རྫི་བྱས་པའི་ཉམས་མྱོང་འདི་ཡང་མི་རྫི་བྱེད་པའི་བསླབ་བྱ་ཞིག་ཏན་ཏན་ཡིན་གྱི་རེད།
ད་དངོས་གནས་གཡས་དང་གཡོན་ཚང་མ་ནས་ལངས་ཡོང་གི་འདུག
རྩེད་མོ་ཡིན། བཀྲ་ཤིས་བདེ་ལེགས། ལས་དོན་ལམ་ལྷོང་ཡོང་བའི་སྨོན་ལམ་རྒྱག
གསར་འགོད་པས་ཁོང་གི་སྐྱེས་ལོ་སྐྱེས་ཡུལ། ད་ལྟའི་སྡོད་གནས། ལས་གནས། ཁྱིམ་ཚང་གི་འཚོ་རྟེན། ནང་མི་བུ་ཕྲུག་ཡོད་མེད་སོགས་ཀྱི་འགྲེལ་བཤད་ཉུང་བསྡུས་ཤིག་འགོད་རྒྱུ་ལྟ་ཤིན་ཏུ་གལ་ཆེན་རེད། ངས་ཁོང་གང་དུ་ཡོད་མེད་ཙམ་ཡང་མ་ཤེས།
ཁོང་གི་བཞུགས་ཡུལ། ལ་དགས་བྱང་ཐང་། ད་་ལྟའི་བཞུགས་ས་སྦྲ་ནག་གྲུ་བཞི། འཚོ་ཐབས། འབྲོག་པ། ར་ལུགས་ཁ་གྲངས་ཁྱོན་བརྒྱད་ཅུ་དང་འབྲི་བཅོ་ལྔ། བཟའ་ཟླ་ཡང་འབྲོག་མོ། ཕྲུག་གུ་གཉིས་ཡོད་པ་ནས་གཅིག་རྫི་གཡོག་དང་གཞན་དེ་འབྲི་རྫི་རེད་འདུག་ཀོ
དེ་རིང་འཛམ་གླིང་འཚམས་འདྲིའི་ཉིན་མོར་ངའི་སྙིང་ཉེ་བའི་བརྩེ་ལྡན་དྲྭ་གྲོགས་ཡོངས་ལ་ [Fight][Fight][Fight][Fight][Fight][Fight][Fight]
གུས་བཀུར་གྱི་འཚམས་འདྲི་[Shake][Shake][Shake][Shake][Shake][Shake]
དྭངས་གཙང་་གི་ལག་བཟུང་། [Peace][Peace][Peace][Peace][Peace][Peace]
འཛམ་གླིང་ཞི་བདེ།玫瑰][Rose][Rose][Rose][Rose][Rose][Rose][Rose][Rose]
བརྩེ་སེམས་ཀྱི་མེ་ཏོག་ [Heart][Heart][Heart][Heart][Heart][Heart][Heart][Heart][Heart]
ལྷད་་མེད་ཀྱི་སེམས་པ། [Watermelon][Watermelon][Watermelon][Watermelon][Watermelon][Watermelon][Watermelon་[Watermelon]
བཅུད་ལྡན་གྱི་སྐོམ་སེལ་འོ་ཇ། [Coffee][Coffee][Coffee][Coffee][Coffee][Coffee]ཞིམ་མངར་ཀྱི་འཐུང་ཆུ་
ཡངབསྐྱར་སྲིད་སྐྱོང་གི་ཞབས་སྟེགས་ལ་རྩེད་མོ་རྩེད་མཁན་ཞིག་སླེབས་འདུག། ཨ་ཁྰ། དེ་འདྲའི་བསམ་བློ་གཏོང་སྟངས་སྐྱོ་བ་ལ་ཨང་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་མི་རབས་རྒན་པ་ཚོས་སྐུ་ངལ་འཛེམས་མེད་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་བཙུགས་གནང་ ཡོད་པ་འདི་དག་སྲ་བརྟན་རྒྱུན་གནས་ཡར་རྒྱས་གོང་འཕེལ་ཡོང་ཆེད་ད་ཆ་ང་ཚོའི་གཞོན་སྐྱེས་ཤེས་ཡོན་ཅན་ཚོས་ཞབས་འདེགས་ལྷག་བསམ་རྣམ་དག་ཞུས་དང་། ཞུ་བཞིན་པར་བརྟེན་ཕྱི་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་། དཔལ་འབྱོར་གྱི་རྒྱབ་གཉེར་ལོ་རེ་ནས་ལོ་རེ་ཡར་རྒྱས་སུ་འགྲོ་གི་ཡོད་པའི་སྐབས་འདིར་ང་ཚོ་ནང་ལོག་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་མཐོང་ཆུང་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མཐོང་གི་འདུག་པ་སྲིད་སྐྱོང་གི་འོས་མི་ལངས་སྟངས་ལ་གཟིགས་དང་།
ད་ཆ་༧གོང་ས་༧སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་མང་ཚོགས་ལ་གནང་ཡོད་སྟབས་མ་འོངས་པར་ཆབ་སྲིད་ཚོགས་པའི་གཞུང་འཛིན་ལམ་ལུགས་ཐོག་འགྲོ་ཐུབ་ན་རབ་དང་། དེ་མིན་སྲིད་སྐྱོང་འོས་མིེར་དེང་དུས་ཀྱི་ཤེས་ཡོན་སོགས་འཛམ་གླིང་གི་དབུ་འཁྲིད་ཚོ་དང་དཔུང་པ་མཉམ་བཤིབས་ཐུབ་པའི་དམིགས་བསལ་ཆ་རྐྱེན་ངེས་པར་དགོས་ཀྱི་འདུག་ཅེས་འབོད་བསྐུལ་ཞུ་གི་ཡོད། དེ་མིན་༡༩༥༩ གོང་གི་གནས་སྟངས་མགོ་རུལ་བ་སྣ་བས་མ་ཚོར་བའི་གནས་ཚུལ་དེ་ཡོང་རྒྱུ་རེད། ཡང་བསྐྱར་ནོར་འཁྲུལ་མི་བཟོ་བའི་རེ་བ་
བྱང་ཐང་ནས་རེད། འབྲོག་པ་རེད། ལུག་རྫི་རེད་ཟེར་ནས་མཐོང་ཆུང་བཏངས་མ་སྡོད། བྱང་ཐང་ལུག་རྫི་ལ་ཡང་འོས་མིར་ལངས་ཆོག་པའི་ཐོབ་ཐང་ཡོད་དང་ཡོད། ལུག་རྫི་ཞིག་གིས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་འོས་མིར་ལངས་ཕོད་པ་ཙམ་གྱིས་དབུས་གཙང་པའི་ཤེས་ཡོན་ཅན་རྣམས་ལ་བརྡ་ཞིག་གཏོང་གི་ཡོད་པ་རེད། ཤེས་ཡོན་ཅན་དང་འཇོན་སྟངས་ཅན་ཚོ་ལང་ཤོག་ཟེར་གི་ཡོད་རེད། དབུས་གཙང་ཆོལ་ཁ་ལ་མི་ཟད་མེད་ན་ལང་ཤོག་ཟེར་གི་ཡོད་རེད། ཤེས་སོང་ངམ། རྐུ་མ་ཇག་པའི་འོག་ཏུ་མགོ་སྒུག་ནས་བསྡད་མ་སྡོད་ཅེས་པའི་དོན་རེད་ད།
དབུས་གཙང་གི་རྟེན་འབྲེལ་མ་འཕྱུག་པའི་ཆེད་ཟེར་བ་ནོར་འདུག་དབུས་གཙང་གི་ཞབས་འདྲེན་ཞུ་ཆེད་ལང་བ་ཡིན་ཟེར་ན་གནད་ལ་འཁེལ་བ་དོན་ལ་གནས་པ་རེད། མི་དེས་སྙིང་ཁམས་ན་བོད་པའི་སྒྲིག་འཛུག་དང་སྲིད་སྐྱོང་ཟེར་བ་དེ་དང་བོད་མི་མངས་ལ་ཐོང་ཆུང་ཚོད་མེད་གཏང་འདུག་ལ་ལྷག་པར་དུ་དབུས་གཙང་ཟེར་བའི་ཚིག་གཉིས་དེ་ལ་ཡ་ང་བའི་དམའ་འབེབས་གཏང་འདུག དྲ་གྲོགས་ཚོ་བློ་ཟུ་བོར་གནས་པས་གཏམ་ཞིག་བརྗོད་དང་།
དྲང་མོར་བཤད་ན། ད་རེས་ཀྱི་འོས་མི་ཁོང་མི་སྣ་ཅི་འདྲ་ཞིག་ཡིན་པ་སུ་གང་གིས་ཀྱང་ཤེས་ཀྱི་མེད་པ། གཅིག་བྱས་ན། སྦྲ་ནག་གྲུ་བཞིན་ནས་མཐོན་མཁན་དེ། བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་གསར་གཏོད་པ་ཞིག་ཆགས་སྲིད་པ་རེད། གང་ལྟར། རྟ་བོ་རྟ་ལམ་དུ་མ་རྒྱུག་གོང་ལ་བལ་རྩལ་ལ་འགྲེལ་བཤད་རྒྱབ་ན་ནོར་བ་རེད། གཅིག་བྱས་ན། འབུམ་རམས་པ་དང་མཁས་དབང་དེ་དག་ལས་ཀྱང་ལྷག་པའི་བསམ་བློ་དང་ཤེས་ཚད་ཡོད་སྲིད་པ་རེད་ཏ།
དབུས་གཙང་གི་རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་ང་སྲིད་སྐྱོང་ལ་ལངས་པ་ཡིན་གཟེར་བ་དེ་གོ་རྒྱུ་ཧ་ཅང་ཆེན་པོ་རེད།
སྲིད་སྐྱོང་གི་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་བཀྲ་ཤི་བདེ་ལེགས་ཞུ། བློ་བཟང་སྲིང
གི་ལགས་ཆོལ་གསུམ་གྲོགས་པོ་ཚོགས་པའི་ཚོགས་གཙོ་རེད་དེ་སྤེན་པ་ཚེ་རིང་ལགས་དེ་རང་རེད། དབུས་གཙང་གི་སྲིད་འཛིན་ངོ་མ་དེ་མ་འོང་པར་བོད་གཞུང་དགའ་ལྡན་ཕོ་གྲངས་སླར་སོ་གནང་ནས་དོན་ཡོན་གི་རེད་སེམས་དྲལ་མ་གནང་།
སྲིད་སྐྱོང་གི་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས།
https://www.youtube.com/watch?list=PLE7Wm-v0hYnkLNvOcFbBDpH39BaeXJUkG&t=50&v=2V1MBms02UE