ཁྲོ་གཏུམ།
དལ་བུར་དལ་བུར་མདུན་དུ་བསྐྱོད་ན
ཆེས་ཆེ་བའམ་ཡང་ན་ཅུང་ཆུང་བའི་ས་སྒང་རིལ་མོ་འདིར
ཤོག་བུའི་སྟེང་གི་ནག་ཐིག་འདེད་ཞོར
ངས་ཁྱོད་མཐོང་ཞིང
ཁྱོད་ཀྱིས་ང་རང་མཐོང་བའི་རྐང་གཉིས་དག་མཐོང
གལ་སྲིད
ལམ་འགྲོ་མ་རྒྱུགས་དུས
མི་སེམས་འདྲེ་ཡིན
ནམ་རྒྱུན་གྱི་བལྟོས་བཅོས་སུ་མི་སེམས་ཧ་ཅང་བཟང
འགྲོ་འོང་གི་ཆ་ལ་རིན་དོད་ཆེ
རག་ལྟ་བྱས་པའི་ཁྲོད་དུ
གཤིས་འཇམ་མང་སོང་བས
ཁྱོད་རང་གི་ཡིད་ཀྱི་གཏིང་ལ་ཡིད་རྟོན་འཕེར
ཞིབ་བལྟ་དྲག་ཆེ་བས
ཁྱོད་རང་ཁེར་རྐྱང་དུ་འགུལ་འདོད་ལ
བལྟས་བཅོས་ཀྱི་རྣམ་བཞག་ཡང་གཏོར་འདོད
དེ་བས་གནས་ལུགས་སྔར་བཞིན་སྡོམ་ཚིག་ཏུ་ཡིབ་འདུག
༢༠༡༥།༠༨།༢༡བྲིས།