སྐྱོ་བྲག་དགའ་དབང་།
དེང་སྐབས་དྲ་ལམ་དུ་ཁྱབ་བཞིན་པའི་གསར་འགྱུར་ཡ་ང་བ་ཞིག་ཡོད་པ་ནི། བོད་ཡུལ་སྟོད་སྨད་ཀུན་ཏུ་བྱིས་པ་རྣམས་ཀྱི་དབང་པོ་དང་དོན་སྣོད་གསོན་ལེན་བྱེད་པའི་རྒྱ་རིགས་རྐུན་མ་མང་པོ་ཞིག་ཡོད་པའི་གནས་ཚུལ་བདེན་པ་བ་དེ་རེད།
རྒྱ་རིགས་རྐུན་མ་རྣམས་ཀྱིས་བོད་ཡུལ་གྱི་བྱིས་པའི་དབང་པོ་དང་དོན་སྣོད་གསོན་ལེན་བྱེད་པ་འདིའི་རྒྱབ་ལོགས་སུ་རྒྱ་ནག་གཞུང་གི་ཆབ་སྲིད་ཡོད་པ་ནི་ངེས་པ་སྟེ། རྒྱ་ནག་གཞུང་ལ་མཚོན་ན། བོད་ཀྱི་ཡུལ་ལུང་ནི་ཆུ་དང་གཏེར་ཁའི་ཐོན་ཁུངས་ཙམ་ཡིན་ལ། ཆོས་དང་རིག་གཞུང་ནི་དགོས་མེད་ཀྱི་རྨོངས་དད་ཙམ་དང་། བོད་མི་རིགས་ནི་ས་སྟེང་ན་ཡོད་དུ་མི་རུང་བའི་ཀླ་ཀློ་གདུག་པ་ཅན་ཡིན་ཕྱིར། བོད་ཀྱི་སྣོད་བཅུད་རིག་གཞུང་རྩ་མེད་དུ་གཏོང་བའི་ལག་ལེན་རབས་དང་རིམ་པ་མང་པོ་བསྟར་གྱི་ཡོད་པ་ནི་མངོན་སུམ་གཟུགས་གྲུབ་ཡིན།
ལག་ལེན་འདིའི་ཆ་ཤས་སུ་རྒྱ་རིགས་རྐུན་མ་མང་པོ་བོད་ཡུལ་གྱི་བྱིས་པ་རྣམས་ཀྱི་དབང་པོ་དང་དོན་སྣོད་གསོན་ལེན་བྱེད་དུ་བཏང་བ་ཡིན་པའང་ངེས་པ་སྟེ། རྒྱ་ནག་གཞུང་གིས་དོགས་ཟོན་ཆེན་པོས་ཉིན་མཚན་ཁོར་མོ་ཡུག་ཏུ་སྲུང་བསྡད་པའི་བོད་ས་སྟོད་སྨད་ཀུན་ཏུ་བྱིས་པ་མང་པོའི་དབང་པོ་དང་དོན་སྣོད་གསོན་ལེན་བྱེད་པའི་རྒྱ་རིགས་རྐུན་མ་མང་པོ་ཞིག་རྒྱ་ནག་གཞུང་གིས་མ་ཤེས་བཞིན་དུ་ཡོང་ཐུབ་ཐབས་མེད་པ་ནི་ཕར་བལྟས་ཚུར་གསལ་རེད།
རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བའི་ཆབ་སྲིད་ལྐོག་གཡོ་ཅན་ཞིག་ཡིན་པས་ན། འཇུ་བཟུང་ཐེབས་པའི་རྒྱ་རྒན་འགའ་རེ་སྲོག་ཐོག་ཏུ་གཏོང་བའི་འཁྲབ་སྟོན་ཙམ་རེ་བྱེད་སྲིད་པ་ལས། དོན་དངོས་ཀྱི་ཁྲིམས་ཀྱི་སྲུང་སྐྱོབས་ཤིག་བོད་ཡུལ་ལ་ནམ་ཡང་ཡོང་མི་སྲིད་པ་ཡིན།
ང་ཚོ་བོད་མི་རིགས་མངོན་གྱུར་དུ་དམར་གསོད་གཏོང་བའི་རྒྱ་ནག་གཞུང་གི་དྲག་སྤྱོད་ཐལ་ཆ་ཅན་འདི་རིགས་ཤུགས་ཆུང་དུ་གཏོང་བའི་ཐབས་ལམ་གཅིག་རང་ཡོད་པ་ནི་བདེན་ངེས་ཀྱི་གནས་ཚུལ་ཁྱབ་བསྒྲགས་རེད། རྒྱ་ནག་གཞུང་ཡང་འཛམ་གླིང་གི་སྤྱི་ཚོགས་ནང་དུ་ཡོད་པས་ན་ཁྱབ་བསྒྲགས་ཀྱི་འགོག་རྒོལ་གྱིས་ཅུང་ཟིལ་ཤུགས་ཆུང་དུ་གཏོང་བ་ལ་ཕན་ངེས་པ་ཡིན་ནོ། །
བརྡ་ཁྱབ་མྱུར་དུ་སྤེལ།
ཚང་མས་དོ་སྣང་གནང་རོགས་ཉིན་འདི་དག་ལ་མཚོ་སྔོན་ཞིང་ཆེན་རྟ་ཐང་རྫོང་དང་། སྐུ་འབུམ་རྫོང་། ལུང་མདོ་རྫོང། ད་རུང་དཀར་མཛེས་ཁུལ་གསེར་རྟ་རྫོང་སོཊ་ས་ཁུལ་དུ་མི་བཙན་འཕྲོག་བྱེད་པའི་གྱོད་གཞི་བྱུང་། ཆེད་དུ་ལོ་ན་བཅུ་གཉིས་མན་དང་ལོ་བཞི་ཡན་ཆད་ཀྱི་བྱིས་པ་འཕྲོག་མཁན་མི་བཅུ་བདུན་དང་། དེའི་ནང་ལ་སྐྱེས་པ་དང་བུད་མེད་གཉིས་ཀ་ཡོད་ཅིང་བུད་མེད་ཀྱིས་ལུས་ལ་ཚ་ཕྱུ་གྱོན་ལ། སྐྱེས་པའི་དཔུང་པ་ལ་ཁུག་མ་ནག་པོ་དང་དོར་མའི་ནང་ལ་སྨན་རྫས་སྣ་ཚོགས་ཁྱེར་ཏེ་སྨན་པར་བརྫུས་ཏེ། ཕ་མ་དག་གི་སེམས་ཆུང་བྱས་ཏེ་བྱིས་པ་ལྟ་སྐྱོང་ཡག་པོ་བྱེད་རོགས། ཡུལ་མི་གཞན་གྱི་མི་ཡིན་པར་མཐོང་ན་བྲེལ་བ་བྱེད་མི་དགོས། ཐད་ཀར་ཉེན་བརྡ་བརྒྱབ་ན་ཆོག མང་ཚོགས་ཚང་མ་ལ་བརྒྱུད་བསྐུར་བྱས་ཚར་བའི་བར་དུ། སྔ་ཙམ་དུད་འགྲོ་འདི་དག་ང་ཚོ་གསེར་རྟ་རྫོང་དང་མཚོ་སྔོན་སོཊ་ལས་ཕུད་དགོས་པས་བརྒྱུད་བསྐུར་ལ་རྒྱབ་སྐྱོར་གནང་རོགས། ཁྱེད་ཚོའི་ལག་པ་འགུལ་ཏེ་ང་ཚོའི་བྱིས་པ་ཚང་མ་འདི་འདྲ་ཉེས་མེད་དུ་བོར་སྟོར་འགྲོ་མི་རུང་ངོ་།།
康定。 道孚。 色达。 青海。 德格。 这些地方都出现了这些车。 大家看好自己家里的小孩。 这些都是偷小孩的贩子。大家要小心这种车子。 དར་མདོ། རྟེའུ། གསེར་རྟ། མཚོ་སྔོན། སྡེ་དགེ ས་ཕྱོགས་འདི་དག་ལ་བྱིས་པ་རྐུ་མཁན་རླངས་འཁོར་ཐོན་འདུག་སྐད། རང་གི་བྱིས་པ་དག་པ་ཤ་ཚ་ན་འདི་ཚོའི་ལག་ལ་མི་ཤོར་བའི་ཆེད་དུ། ཚང་མས་རླངས་འཁོར་འདི་འདྲ་རིགས་ལ་དོགས་ཟོན་བྱེད་རོགས།
བོད་རིགས་གྲོགས་པོ་རྣམས། སི་ཁྲོན་ཞིང་ཆེན་ཁྲི་འདུ་རྗོང་སློབ་ཆུང་སློབ་མ། མིང་ལ་པདྨ་ཆོས་སྒྲོན་ཟེར་བ་ཞིག་དང་ཀུན་བཟང་དབང་མོ་ཟེར་བ་གཉིས་ཁ་སང་ཉིན་གུང་དུས་ཚོད་གཉིས་ཡར་མིན་ལ་གར་སོང་མ་ཤེས་པས་སུ་ལ་དྲྭ་ཚོམས་མང་ན་བརྒྱུད་བསྐུར་བྱེད་རོགས། ཁོང་གི་ནང་མིའི་འབྲེལ་གཏུགས་ཨང་གྲངས13549008658-13608029824བརྩེ་སེམས་འདི་དང་དུ་ལོང་ལ་བརྒྱུད་བསྐུར་བྱོས། འདི་བརྒྱུད་སྐུར་མ་བྱས་ན་རང་ཉིད་ལ་ལྷག་བསམ་མེད་པར་མཚོན་ཀྱིན་ཡོད།བརྒྱུད་སྐུར་གནང་རོགས་བཀའ་དྲིན་ཆེ།
ཨ་ཁ་་་་་ད་བྱིས་པ་རྐུ་མཁན་འདི་རྣམས་ལམ་དུ་གཏོང་མི་ཉན། རང་ཡུལ་གྱི་མི་རྣམས་ས་རྩོད་ཆུ་རྩོད་ཀྱི་ནང་དམེ་ག་ཚད་བྱས་ཐུབ་ཀི་འདུག་གམ། ད་ལྟོས་དང་། རྒྱ་རྒན་ཚོས་མི་གསོན་པོ་རྐུ་མ་རྒྱག་ཀི་ཡོད་རེད་ཀྱང་དེར་སེར་གཏོགས་ཅིག་བྱ་ཐུབ་ཀི་མེད། རིགས་གཅིག་གི་སྤུན་ཟླ་རྣམས་པ། གསོན་དང་བྱིས་པ་རྐུ་མ་བཟུང་རྒྱུ་རག་ཚེ་ངེས་པར་དུ་བསད་ཤོག་་་་་་རྒྱ་གཞུང་ལ་རྩིས་སྤྲོད་ན་ཚེ་ཐར་གཏོང་ཀི་རེད། གར་འཁྲབ་ཀྱི་རྔ་བརྡུང་དགོས་རེད་དོ།།