མི་ཉག་ཀུན་དགའ་བཀྲ་ཤིས།
ཁོང་གི་སྐད་ཆར་ཉོན་དང་། མི་འདིས་རྫུན་མ་གཏན་ནས་བཤད་མི་ཤེས། མི་འདིའི་རང་ཚུགས་རི་བོ་ལྟར་བརྟན། རང་ཚུགས་བརྟན་དྲགས་ནས་མཐར་ཁོང་རང་དགའ་སའི་ལས་ཀ་ཡང་རྒྱབ་ཏུ་བསྐྱུར། དེ་དུས་ཁོས་སུ་ཞིག་ལ་འཁང་ར་བྱེད་མ་མྱོང་།
མི་འདིས་གཞན་མགོ་ནམ་ཡང་མི་བསྐོར། ཁོང་གཡོ་སྒྱུ་ཁྲམ་གསུམ་ལ་དགའ་མཁན་ཞིག་ཡིན་ན། ཁོང་སྔ་ས་ནས་རང་འདོད་ཅན་གྱི་བོད་མི་ཚོ་དང་འདྲ་བར། ཁོང་རང་སྒེར་གྱི་བདེ་དོན་ཆེད་ནུབ་ཕྱོགས་ཀྱི་ས་བཟང་ག་གེ་མོ་ཞིག་ལ་སླེབས་ནས་བརྟན་གཞིས་བྱས་ཚར་ཡོད་ངེས།
མི་འདིས་བོད་མི་རིགས་ལ་བཅངས་པའི་བརྩེ་བ་མཚོ་ལྟར་ཟབ། ཟབ་དྲགས་ནས་སྒེར་པའི་མིང་གྲགས་ཀྱི་ཆེད་དུ་ད་བར་སུ་ཞིག་ལ་སྤྲེལ་ལད་འཁྲབ་མྱོང་མེད་ལ། ཐུག་ས་གང་ཞིག་ལ་ཐུག་ན་ཡང་ཁོང་རང་གི་ལྟ་བ་”བོད་རང་བཙན་”གྱི་འབོད་སྒྲ་སྒྲོག་པར་དཔའ་ངར་ཞུམ་མྱོང་མེད།
མི་འདི་ནི་བློ་ཁོག་ཧ་ཅང་ཆེན་པོ་ཞིག་རེད། ཁོང་གིས་ཁོང་དང་དམའ་བ་ཚོའི་གདོང་ལ་ཐུབ་ཚོད་ཀྱི་ཐལ་བ་གཏོར་མྱོང་མེད་ལ། མཐོ་བ་ཚོའི་མདུན་ལ་ཁྱི་རྒན་ལྟར་ཕྲག་དོག་གི་ཟུག་རྔུ་འབྱིན་མྱོང་མེད། མ་ཟད། ཁོང་གིས་ད་སྐབས་ཉམས་རྐང་འོག་གི་གཞུང་ལམ་ལས་དམའ་བའི་མི་རིགས་ཤིག་གི་ཆིག་སྒྲིལ་གྱི་ཀ་བ་འཁྱོག་པོ་དེར་ཕྱོགས་ཞེན་གྱི་རྐང་པས་རྡོག་རྒྱག་བཞུ་མྱོང་མེད།
ཁོང་སྲིད་སྐྱོང་འོས་མིར་ལངས་པའི་རྩ་དོན་ཁག་ལ་གཟིགས་དང་། ཚང་མའི་ནང་ནས་རྩ་དོན་གཅིག་ལ་ཡང་ངོ་དགའ་སྤྲེལ་ལད་ཅན་གྱི་ཚིག་གི་རུལ་དྲི་ཙམ་ཡང་འགོས་མི་འདུག ཐམས་ཅད་ང་ཚོས་ད་ལྟ་རང་བསྒྲུབ་ཐུབ་པ་དང་། གལ་སྲིད། ང་ཚོར་རང་དབང་དགོས་པ་དང་། ང་ཚོ་མདུན་དུ་བསྐྱོད་འདོད་ན། ཐམས་ཅད་ངེས་པར་དུ་ཆེས་ཐོག་མ་བསྒྲུབ་དགོས་པ་རྐྱང་རྐྱང་རེད་འདུག
ཁོང་དགྲ་བོའི་མུན་བཙོན་ནང་ཤི་མེད་པ་དེས་ང་ཚོའི་བསོད་ནམས་ཀྱི་ཟམ་ཆུང་དེ་ད་དུང་ས་ཐོག་ཏུ་འགྱེལ་མེད་པའི་མཚོན་རྟགས་རེད། ཟམ་པ་འདི་ཆུང་ན་ཡང་། མཐར་ཐུག་ན་བརྟན་ཤོས་དེ་རེད། ང་ཚོ་ཚང་མས་སྤོབས་པ་ཆེན་པོས་ལག་གདང་སྦྲེལ་ནས་མཉམ་དུ་འགྲོ ཟམ་པ་འདི་བརྒྱུད་ནས་ཕར་ལ་བསྐྱོད། ཧ་ཅང་རྙོག་པའི་ཆུ་བོ་ཆེན་པོ་འདིའི་སྒང་ནས་ཕ་རོལ་གྱི་མཛེས་པའི་ཡུལ་དུ་སླེབས་པར་བྱེད། གནས་དེ་ནི་ང་ཚོ་ཚང་མའི་འཛོམས་ས་ངོ་མ་དེ་རེད།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་༢༠༡༥ ཟླ་བ་༠༨ ཚེས་ ༢༢ གྱི་མཚན་མོའི་གློག་འོད་འོག་ཏུ་ཤར་མར་བྲིས།།
སེམས་གཏམ་བཤད་འདུག ང་རང་ལའང་ཚོར་བ་དེ་ག་རང་བྱུང་སོང་། དྲང་པོར་ཞུས་ན། ཁོང་སྲིད་སྐྱོང་འོས་མིར་བཞེངས་པ་ཙམ་གྱིས་ལོ་རྒྱུས་གསར་པ་ཞིག་འབྲི་འགོ་བརྩམ་སོང་། ཉུང་མཐར་བོད་འདི་ཤི་ཐག་གསོན་ཐག་ཆོད་ས་ཞིག་ཏུ་སླེབས་ངེས་པར་ལམ་སྟོན་གནང་སོང་།
འདས་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་པའི་རྣམ་ཤེས་ཀྱིས་ཀླུ་མཁའི་གཏམ་འདི་ཐོས་པ་དང་ཅི་འདྲ་བའི་དགའ་ཚོར་སྐྱེ་ལ་ཤུལ་ལུས་ང་དང་ང་འདྲ་བ་རྣམ་ཡང་སེམས་པ་ཅི་ཕྱིར་མི་དགའ། ཀླུ་མཁའ་ལགས། སྲིད་སྐྱོང་རྐུབ་སྟེགས་ཐོབ་མིན་ཡང་གང་ལྟར་མི་རབས་གསར་པ་རྣམས་ལ་སེམས་ནང་ཅོང་བརྡལ་ཅིག་གཏོང་ཡོད་རེད། རྣ་བ་འོན་པ་མིན་ན་གོ་ཡོད་ཤས་ཆེ་་་་་་་་་་་
རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག་ཅེས་མདོ་ཁམས་སྒང་དྲུག་ཡུལ་གྱི་དམ་པ་ཞིག་གི་ཁ་ཆེམས་བཞག་ཡོད་པར་གོ་མྱངས་ཡང་དམ་པའི་ཁ་ཆེམས་ལག་ལེན་བསྟར་ཐུབ་མཁན་ཀྱི་བུ་རྒོད་ཤིག་སྐྱེས་ཡོད་པ་ནི་ཀླུ་མཁར་བྱམས་མིན་ནམ་སྙམ།
བུ་རྒོད་ཁོས་རང་ཚུགས་ཤོར་མེད། སྡུག་གི་མུན་པའི་བཙོན་ཁང་ནང་དུ་བོད་རྒྱལ་ཁབ་ཀྱི་རང་ཚུགས་བཟུང་ཡོད།
བུ་རྒོད་ཁོས་རང་ཚུགས་ཤོར་མེད། སྐྱིད་ཀྱི་རང་དབང་ལུང་ནང་དུ་བོད་རང་བཙན་འཐབ་རྩོད་ཀྱི་རང་ཚུགས་བཟུང་ཡོད།
བུ་རྒོད་ཁོས་རང་ཚུགས་ཤོར་མེད། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བཞག་པའི་ཁ་ཆེམས་ཀྱི་རང་ཚུགས་བཟུང་ཡོད།
བུ་རྒོད་ཁོས་རང་ཚུགས་ཤོར་མེད། དད་པ་ལོག་སྤྱོད་ཀྱི་དྲག་ཆར་རླུང་འཚུབ་ནང་དུ་བཙན་བྱོལ་བོད་གཞུང་གི་རང་ཚུགས་བཟུང་་ཡོད།
བུ་རྒོད་ཁོས་རང་ཚུགས་ཤོར་མེད། བྲན་གཤིས་ཅན་གྱི་མི་ཁ་ཡི་རླིང་འཚུབ་ནང་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་རང་ཚུགས་བཟུང་ཡོད།
རང་ཚུགས་མ་ཤོར་་་་རང་ཚུགས་མ་ཤོར། རྒྱལ་ཁབ་ཀྱི་རང་ཚུགས་མ་ཤོར།
རང་ཚུགས་མ་ཤོར་་་་རང་ཚུགས་མ་ཤོར། ལོ་རྒྱུས་ཀྱི་རང་ཚུགས་མ་ཤོར།
རང་ཚུགས་མ་ཤོར་་་་རང་ཚུགས་པ་ཤོར། འཐབ་རྩོདཀྱི་རང་ཚུགས་མ་ཤོར།་་་་་རང་ཚུགས་ཤོར་ན་ཤོར་བ་ཡིན་ལ་བོད་ཤོར་བ་ཡིན། དམ་པའི་ཁ་ཆེམས་ལ་བསམ་བློ་ཐོངས། འོས་བླུག་དུས་རང་ཚུགས་མ་ཤོར་་་དམ་པའི་ཁ་ཆེམས་ལ་བསམ་བློ་ཡང་གཏོང་བྱོས། བོད་མི་རིགས་འཆི་གསོན་གྱི་ས་མཚམས་འདི་ལ་རང་ཚུགས་མ་ཤོར། འོས་བླུག་ས་མ་ནོར་གནང་རོགས།
ཁོང་ལས་སུ་ཞིག་སྲིད་སྐྱོང་དུ་ཐོབ་ནའང་སྔར་ལྟར་ནང་ཁུལ་རྙོག་གཞི་དང་། རང་དོན་ཁོ་ནས་རྒྱལ་བའི་མཚན་བད་ཀྱིས་ནམ་ཡང་མི་མང་ཡར་ལངས་ཐབས་དང་མི་རིགས་སླར་གསོ་ཟེར་བ་ནམ་མཁའི་མཇའ་བཞིན་རེད།
ཁོང་འོས་ཐབས་པའི་རེ་བ་ཧ་ཅང་དཀའ། ང་ཚོའི་མི་མང་ནི་རྨོངས་དད་དང་ཕྱོགས་རིས་ཀྱིས་ཡོངས་བཟི་ནས་ཡོད་པས་སོ།།
ཡིན་ཡང་འོས་གྲངས་ལས་ང་ཚོའི་མི་མང་འདི་ཇི་ཙམ་སད་མིན་བལྟ་རྒྱུ་ཞིག་ཡོད་རེད།
ཀུན་དགའ་ལགས་གྱི་གནས་ལུག་དག་དང་རྒྱུད་ལྷད་མེད་ཞིག་བཤད་འདུག
སྐུ་ཞབས་ཀླུ་མཁར་བྱམས་ལས་ལྷག་པའི་སྲིད་སྐྱོང་ཞིག་བཙན་བྱོལ་སྤྱི་ཚོགས་ནང་ཡོང་སྲིད་པ་རེད།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས།
༼རང་བཙན་བསྒྲགས་གཏམ་གྱི་དགོངས་རྒྱན་ཕོ་གཏམ་རྒྱབ་ཤ་དཀར་པོ། ༽ ཞེས་པ་ཞིག་བྲིས་གནང་ཏེ་བོད་རང་བཙན་ནི་འདོར་མི་རུང་བའི་རྩ་དོན་ཞིག་ཡིན་རབ་བཤད་འདུག་
ཞིབ་མོ་གཟིགས་ཚེ་འདི་ན་འདུག། http://youshun12.com/?p=6485
རང་བཙན་ཁ་ལ་འཁྱེར་ནས་སྤྱི་ཚོགས་མ་དཀྲུག་ཤིག་
ཀླུ་བྱམས་སྲིད་སྐྱོང་ལ་རེ་བ་མ་བྱེད་རང་བཙན་དགོས་ན་
གུང་ཁྲན་ལ་འཐབ་རྩོད་བྱེད་བོད་པ་ནང་ཁུལ་ལ་མ་བྱེད་
རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ནི་དུས་རབས་གསར་བའི་འཐབ་རྩོད་ཀྱི་དེད་དཔོན་རེད། གཞན་སྲིད་སྐྱོང་འོས་མི་བོད་ནང་མིག་གི་མ་མཐོང་བའི་གཞིས་ཆགས་བུ་གུ་ཞིག་ལ་ནམ་ཡང་རེ་བ་མེད། བཀྲ་ཤིས་དབང་འདུས་དང་སྤེན་ཚེ་ནི་གོ་སྐབས་རིང་ལུགས་པ་རེད་མ་གཏོགས། གཤིས་ཀ་ཞིག་མི་འདུག
ཁྱེད་ཀྱི་རྩོམ་འདི། རང་མོས་སྙན་ངག་རེད་དམ་ཡང་ན་ཇི་བཞིན་བརྗོད་པ་རེད། རབ་རྟགས་རྒྱག་ལུགས་འདིར་བལྟས་ན། ཁྱེད་རང་གིས་ཨ་རག་འཐུང་ཤོར་རང་མོས་སྙན་ངག་བྲིས་པ་འདྲ། ཁྱེད་རང་གིས་སྲིད་སྐྱོང་གི་ཁང་པའི་སྐོར་གྱི་འགག་ལན་དེར་གཅིག་གཟིགས་དང་། གོ་རྒྱུ་ཅང་འདུག་གམ། འགག་པ་རྒྱག་དགོས་ས་རྩོམ་པ་པོར་མི་རྒྱག་པར། རྒྱག་མི་དགོས་ས། གསར་ཁང་ལ་རྒྱབ། གླེང་དགོས་པ་གནད་དོན་དངོས་དེ་མི་གླེང་བར་སྲིད་སྐྱོང་གི་ཁང་པ་གཙང་ཉོ་བྱས་པ་ནི་གཟི་བརྗོད་དང་མཁས་མཛངས་ལྡན་ལུགས་སོགས་མདོར་ན། དགྲ་ཤར་ལ་བཞག གཏོར་མ་ནུབ་ལ་བཏང་ལུགས་དེར་གཞིགས་ན། ཁྱེད་རང་ལ་འོས་ཤོས་རང་མོས་སྙན་ངག་རེད་ཤག དེ་མིན། བསམ་ན་གོ་རྒྱུ་ཡོད་པའི་གཏམ་ཞིག་ཁྱེད་ཀྱིས་ཤོད་ཤེས་ཀྱི་མི་འདུག་ཀོ
བདེན་པའི་ཕོ་ཉ། དབུ་མ་ཁ་ལ་འཁྱེར་ནས་ནང་འཁྲུགས་མ་བྱེད། ཁྱེད་ཚོ་བོད་པ་གཙང་མ་མིན་ཕྱིན་རང་བཙན་ལ་སྡང་གཟུགས་ཡོད་པ་ཤེས་སོང་། དབུ་མ་རྩོད་ན་གུང་ཁྲན་ལ་རྩོད་རང་བཙན་པ་ཚོར་མགོ་བཅག་གི་མ་འདུག མ་གཞི་ནས་དབུ་མ་ནི་རང་བཙན་རྩོད་མཁན་ཚོས་ནམ་ཡང་བཀག་མེད། དབུ་མ་ཁོ་རང་གུང་ཁྲན་གྱིས་ཁས་ལེན་མེད་པར་ལུས་ཡོད།
ལྷ་མོ་ཡིན་ནམ་འདྲེ་མོ་ཡིན་ནམ་ཉོན་ཨང་དབུ་མ་གུང་ཁྲན་གྱི་མཁས་ལེན་མེད་ན་རང་བཙན་མཁས་ལེན་ཡོད་དམ་འཛམ་གླིང་འདི་ཡི་ནང་དབུ་མ་ལ་རྒྱབ་སྐྱོར་ཡོད་པའི་རྒ་ལ་ཁབ་ག་ཚོད་འདུག་རང་བཙན་ལ་རྒྱབ་སྐྱོར་སུ་ཡི་བྱེད་གི་འདུག་ཤོད་དང་
རང་བཙན་འདྲེ་རུ་མཐོང་བའི་ཕོ་ཉ། ཁག་མེད་ཁྱེད་རང་གི་ཁྲག་དེ་བོད་པ་མི་རྐྱེན་རེད། དབུ་མ་གུང་ཁྲན་གྱིས་ཁས་ལེན་ཡོད་དམ། ཡོད་ན་ཡག་ག
བདེན་པའི་ཕོ་ལགས། བོད་རང་བཙན་ནི་བོད་མིའི་ལོ་རྒྱུས་དང་འབྲེལ་བའི་མི་རིགས་གི་ཐབ་ཐང་ཞིག་ཡིན་པས་རྒྱ་དམར་གྱིས་ཁས་ལེན་དང་མ་ལེན་གང་ལྟར་ཡང་མི་རིགས་རང་ལ་དབང་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད། དབུས་ལམ་ནི་བོད་ཀྱི་དངོས་ཡོད་ལོ་རྒྱུས་དེ་རྒྱར་སྒྱུར་གྱིས་ཁས་བཤད་སྟོང་བསམ་འབའ་ཞིག་ལས་མེད་པའི་བོད་ཀྱི་ལོ་རྒྱུས་ནག་པོ་ཞིག་རེད། རང་ཉིད་ཀྱིས་འཐབ་རྩོད་དང་འབད་བརྩོན་མི་དགོས་པར་གཞན་བརྟེན་དང་གཞན་ལ་རེ་བ་ཙམ་ལ་འདོད་མོས་འཛིན་མཁན་གྱི་བོད་གཟུགས་དེ་ཚོས་སྐབས་འཚོལ་བའི་བྱ་འགུལ་ཞིག་རེད། དབུས་ལམ་ནི་གོང་ས་མཆོག་རྒྱ་བོད་ཀྱི་ས་ཁུལ་ཞིག་ཏུ་གདེན་རྒྱུའི་ཐབ་ལམ་མམ་ཆ་རྐྱེན་ཞིག་ལས་བོད་མི་རིགས་ཞིག་གི་དགོས་དོན་སྒྲུབ་རྒྱུར་རེ་བ་མེད་ཁར། བོད་མིའི་ཆིལ་སྒྲིལ་དང་བོད་མིའི་ལོ་རྒྱུས་བོད་མིའི་ལ་རྒྱ་ཡོད་ཚོད་ནུས་མེད་དུ་བཟོ་བའི་ཇུས་ངན་ཞིག་རེད་འདུག་ཞུ་ན་ཆོག། མདོར་ན། དབུས་ལམ་ནི་མི་སྒེར་འགའི་ཁེ་ཕན་ཙམ་ལས་མི་རིགས་ཞིག་གི་ཁེ་ཕན་གཏན་མེད་དུ་བཟོ་རྒྱུའི་ཐབ་ལམ་ནག་པོ་ཞིག་རེད་འདུག་གོ།
རྒྱ་ནག་དཔོན་རིགས་སྐད་ཉན་ཤོར་བ་བཟོ་དགོས་ན་ཀླུ་བྱམས་ལ་འོས་བླུགས། ཕྱི་ལོ་ ༢༠༡༦ ལོའི་ཁོང་སྲིད་སྐྱོང་གི་ཞབས་སྟེགས་ཐོབ་རེ་མེད་ནའང་། རང་ལོ་ ༡༨ ཡན་གྱི་བོད་མི་བཙན་བྱོལ་བ་ཁོངས་རང་བཙན་ལ་རྒྱབ་སྐྱོར་བྱ་མཁན་ག་ཚོད་ཡོད་མིན་གྲངས་འབོར་ཤེས་ངེས་ཡིན།
བདེན་པ་རེད་ལགས།
བདེན་པའི་ཕོ་ཉ་ཟེར་བའི་མིང་འོག་ཏུ་གབ་ཡོད་པའི་མི་དེ་ལ་སྐད་ཆ་བཤད་རིན་ཅང་ཡོད་མ་རེད་དྲ་གྲོགས་ཚོ། བོད་རང་བཙན་ལ་དགྲ་མཐོང་མཐོང་བྱེད་མཁན་གྱི་རྒྱལ་བཙོང་བའི་རྒྱུགས་ཁྱི་ཙམ་རེད། གཏམ་ཁ་ཚིག་གང་བལྟས་ནའང་བོད་དྲི་མེད་པའི་རྒྱ་དགའ་མ་ཞིག་རེད།
ཕོ་རབ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་་་་་རང་ཚུགས་མ་ཤོར།་གཞན་སེམས་མ་དཀྲུག་གསུངས་པའི་བཀའ་མོས་འདི་མི་སེལ་སྤེལ་ཡུལ་ཆགས་པའི་ཡོད་མི་རིགས་ཤིག་ལ་ལུང་བསྟན་ལྟ་བུ་རེད་བསམས་ཀྱི་འདུག
བཙན་བྱོལ་ནང་དུ་རང་ཚུགས་ཤོར་བའི་རྒྱ་དགའ་མ་མང་རེ་འགྲོ་བཞིན་ཡོད་པ་འདི་ནི་སེམས་འཁྲུལ་ལང་དགོས་སའི་གནད་དོན་ཞིག་རེད། མུ་མཐུད་ནས་དབུ་མ་དང་བླ་མ་ཟེར་ནས་རྒྱ་དགའ་མ་དར་སྤེལ་གཏོང་བསྡད་ན་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་རྒྱལ་ཁབ་ཐམས་ཅད་རྩ་མེད་འགྲོ་བའི་ཉེན་ཁ་ཆེན་པོ་འདུག་ག
ང་ཚོས་བོད་པའི་འཐབ་རྩོད་འདི་རྒྱ་ནག་དང་རྩོད་དགོས་པས་ཀླུ་མཁར་ལ་ཆ་རྐྱེན་དང་གདེངས་ཚད་ངེས་ཅན་ཡོད། ཧམ་པ་ཆེ་ཙམ་བཤད་ན་འདས་ཟིན་པའི་བཀའ་ཁྲི་ཚང་མ་ལས་ཀླུ་མཁར་ལ་རྒྱ་ནག་གི་དོ་ཟླ་གང་དགོས་མཐོང་ཐོས་མྱོང་གསུམ་ཡོད། གཞིས་ལུས་མི་མང་ལ་དགོས་རྒྱུ་དེ་རང་ཡུལ་རང་བདག་དེ་རེད། དེ་རྒྱ་ལག་ནས་ལེན་དགོས་རེད་མ་གཏོགས་ནུབ་ཕྱོགས་ནས་ལེན་རྒྱུ་ཡོད་མ་རེད། མཉམ་འབྲེལ་རྒྱལ་ཁབ་གཙོས་རྒྱལ་ཁབ་གཞན་ལ་རེ་བ་བྱས་པ་དེ་འདྲེ་ཤར་སྒོ་གནས་པར་ཀླུད་ནུབ་ཕྱོགས་སུ་འཕེན་པ་དང་གཅིག་མཚུངས་རེད། གང་ལྟར་ཀླུ་མཁར་སྲིད་སྐྱོང་ལ་ལངས་པ་འདིས་བོད་མིའི་ལས་དབང་ལ་ཁ་ལོ་ཅིག་བསྒྱུར་ངེས་ཅན་རེད། རྗེས་སུ་ལྟོས་ཅིག་ཨ་་་་་་་་་་
གཡུ་ཐོག་རྒྱལ་པོ་ལགས། ཁྱོད་སུ་ཡིན་མིན་ངས་ཅང་མི་ཤེས། གཅིག་བྱས་ན་ངས་ཆ་རྒྱུས་ཆེ་བའི་མི་ཞིག་”གཡུ་ཐོག་རྒྱལ་པོ” ཞེས་པའི་མིང་ཚིག་འདི་ཡི་རྒྱབ་ཏུ་ཡིབ་ནས་ང་ལ་སུན་གཙེར་བྱེད་པའི་ཁུལ་ཡིན་རྒྱུ་རེད། ང་ལ་ཁྱད་པར་སྤུ་ཙམ་ཞིག་མེད། ཁྱོད་ཀྱིས་ངའི་རྩོམ་གྱི་བརྗོད་དོན་གཙོ་བོ་ག་རེ་ཡིན་པ་ཧ་གོ་མི་འདུག ཁྱོད་ཀྱིས་གོང་དུ་བྲིས་པའི་ཚིག་སྒྲུབ་འགའ་བཀླགས་རྗེས་ཁྱོད་ལ་ཁག་གཏན་ནས་མི་འདུག་བསམས་སོང་། ངའི་རྩོམ་གྱི་གོ་བ་མ་ལོན་པ་དེ་ཁྱོད་རང་གི་བོད་ཡིག་སྐྱོ་དྲགས་པའི་སྐྱོན་རེད་འདུག དཔེར་ན་”དགག་པ་” ལ་”འགག་པ” དང་”ཨ་རག་འཐུང་ཤོར” དེ་བཞིན་”རབ་རྟགས་རྒྱག་ལུགས་” སོགས་དག་ནོར་དང་སྡེབ་སྦྱོར་འཁྲུལ་བའི་ནག་ཉེས་ཚབས་པོ་ཆེན་ཞིག་བསགས་འདུག སྤྱིར་བོད་ཡིག་འབྲི་མ་ཤེས་པར་ཧ་སང་རྒྱུ་མེད་ཀྱང་། བོད་ཡིག་གི་རྩོམ་ཞིག་འགྲིག་མིན་ཐད་གཞན་ལ་ཁ་རྡུང་དྲག་པོར་གཏོང་མཁན་ཞིག་གི་ལག་ནས་བོད་ཡིག་དེ་འདྲ་ཞིག་མ་གཏོགས་མེད་པ་ནི་སེམས་ཧ་ཅང་སྐྱོ་དགོས་པ་ཞིག་རེད། ངས་སྔོན་དུ་བྲིས་པའི་རྩོམ་ལ་འགྲེལ་བ་ཞིག་བརྩམ་ཆོག་གི་རེད། འོན་ཀྱང་དེས་ཁྱོད་ཀྱི་བོད་ཡིག་གི་དཀའ་ངལ་ཆེན་པོ་དེ་སེལ་མི་ཐུབ། དེ་ལས་ཁྱོད་རང་གིས་བོད་ཡིག་ཡག་པོ་ཞིག་སྦྱོངས། སྙིང་གཏམ་ཡིན། མཁས་པ་དང་རྩོམ་པ་པོ་མང་པོའི་ས་ནས་བསྔགས་བརྗོད་ཐོབ་པའི་ངའི་རྩོམ་ཡིག་དེ་ཁྱོད་ཀྱིས་མགོ་མ་འཚོས་པར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
རང་བཙན་བརྩོད་མཁན་ཞིག་ཡིན་ན་ཆོད་སེམས་བརྟན་པོ་དང་མདུན་ཕྱོངས་ཐུབ་མཁན་ཞིག་དགོས་རེད་།
དབུ་ལམ་བརྩོད་མཁན་ཞིག་ཡིན་ན་ལང་ཕྱོགས་བརྟན་
པོ་ཟིན་ནས་རྒྱ་མིའི་རྩ་ཁྲིམས་ལ་སློབ་སྦྱོང་གནང་ནས་
རྒྱ་ནག་གི་ཡུལ་མི་ལ་ཐོབ་ཐང་གང་ཡོད་པ་དེ་ལེན་ཐུབ་
པ་དགོས་རེད་དེ་མིན་རང་བཙན་དང་ངབུ་ལམ་མ་ཎི་བཞིན་
དུ་ཁ་ནས་གྲངས་རྒྱུ་དང་ཡིག་ཐོག་ཏུ་བཀོད་ནས་རྫིག་པོ་
ག་ཚོད་སྟོན་ཀྱང་ཡིག་སྒམ་ནང་རྒད་སྙིགས་མང་རོགས་
མ་རེད་དམ་།
རྒྱ་ནག་རང་གི་མི་སེར་གྱིས་ཡུལ་མིའི་ཐོབ་ཐང་ཆ་ཚང་ཞིག་ལེན་ཐུབ་མེད་པར་བོད་པར་ཐོབ་རྒྱུ་ཡོ་པའི་རེ་བ་ནི་གནམ་ལ་སྐས་རེད། དམངས་གཙོའི་བཅའ་ཁྲིམས་ལྟར་ན། རྒྱལ་ཁབ་ཀྱི་མངའ་རིའི་བདག་དབང་མི་སེར་ལ་ཡོད་པ་ལས། སྲིད་འཛིན་མི་གཅིག་ལ་མེད། སྲིད་འཛིན་མགྲིན་ཚབ་པ་ཡིན་མོད་དབུ་མའམ་རང་བཙན་གང་ཡིན་ཡང་མི་གཅིག་གིས་ཐག་བཅད་ནས་བཤད་པ་སྒེར་གཅོད་རིང་ལུགས་རེད། རྒྱ་ནག་གི་དམག་མིའི་བཅའ་ཁྲིམས་ལྟར་ན་དམག་དཔོན་གྱིས་ཕ་རོལ་པོ་ཆེ་རབས། བཟང་རབས། སྟོབས་ཡོད་རབས། རང་ཕྱོགས་ངན་རབས། སྡུག་རབས། ནུས་པ་མེད་རབས། འཐབ་ན་ཕམ་ངེས་པ་སོགས་བཤད་ན་རྒྱལ་ཁབ་དང་མི་སེར་ལ་བརྙས་པ་སྟེ། དམག་དཔོན་དེའི་མགོ་བོ་གཅོད་རྒྱུ་རང་རེད། སྲིད་གཞུང་ཞིག་ཡིན་དུས། མི་མང་གི་སེམས་པ་དགའ་བཞིན་འཁོར་ཐུབ་པ་ཞིག་དང་། མི་མང་ལ་སེམས་ཤུགས་སྦར་ཐུབ་མཁན། ཆོས་རྒྱུན། ས་ཕྱོགས། སྡེ་ཚན་འདྲ་མིན་སོགས་སྤྱིའི་འགལ་བ་སེལ་ཐུབ་མཁན། མཐུན་སྒྲིལ་སྲ་བརྟན་ཐུབ་མཁན། ནང་སྲིད། དཔལ་འབྱོར། རིག་གནས། ཕྱི་འབྲེལ། དམག་དོན་བཞི་བོ་བརྟན་རླིང་དང་། རབ་ན་ཡར་རྒྱས་གཏོང་ཐུབ་མཁན་ཞིག་ཆགས་དགོས་པ་ནི་སྐབས་དོན་གལ་ཆེན་ཞིག་རེད། བོད་ཀྱི་སྲིད་སྐྱོང་སོགས་ཆེན་པོ་རྣམས། རང་གི་རྒྱལ་ཁབ་དག་མི་སེར་ལ་བརྙས་པའི་ཁྲིམས་དང་འགལ་ཡོད་མེད་ཡང་དཔྱད་དགོས་པར་སྣང་།
མི་ཉག་ཀུན་དགའ་ལེགས། བོད་ཀྱི་སྲིད་བློན་ལ་ལངས་དགོས་ན་ཆ་རྐྱེན་ཅི་དགོས་ཅིག་གསུང་དང་།
༅། །མི་ཉག་ཀུན་བཀྲ་ལགས་ཀྱིས་ཚངས་ཐིག་བཏབ་འདུག མི་འདི་དངོས་གནས་དེ་ལྟ་བུ་ཞིག་རེད། འོན་ཀྱང་སྲིད་སྐྱོང་ལ་འདེམས་མི་ཕོད། །
ད་དུང་ཆུང་ཡང་བརྟན་ཤོས་ཀྱི་ཟམ་པ་གཞན་ཞིག་ཡོད། ཁོང་ནི་བསྟན་འཛིན་བརྩོན་འགྲུས་རེད། མི་འདི་དག་གི་ལྷག་བསམ་དང་སྙིང་རུས་ནི་སྤྱིར་བཏང་ཞིག་གཏན་ནས་མ་རེད། དབུ་མའི་ལམ་པ་དག་གི་ཁྲོད་ན་འདི་ཚོ་ལྟར་བློས་བཏང་ཆེན་པོས་བོད་དོན་ལ་མི་ཚེ་ཧྲིལ་པོར་ཧུར་ཐག་ལྷོད་མེད་གནང་བཞིན་པ་ཞིག་རྩ་ནས་མཐོང་མ་མྱོང་། འདི་དག་གི་ལ་རྒྱ་ནི་ལ་རྒྱ་ངོ་མ་དང་། འདི་དག་གི་ཨུ་ཚུགས་ནི་ཨུ་ཚུགས་ངོ་མ་རེད། མི་འདི་འདྲ་བརྒྱ་ཐམ་པ་ཡོད་ན། རྒྱ་མི་མི་གཟན་ཚང་ལ་སྐྲག་སྣང་ཞིག་ཏན་ཏན་སྦྱིན་ཐུབ་ངེས་ཡིན། །
ད་ལྟ་བར་མི་ལོ་ལྔ་བཅུ་ང་དྲུག་ལྷག་ཙམ་རིང་མི་ཡུལ་དུ་རང་བཙན་ཁ་ལྕེ་ལ་བཟུང་ནས་འགུལ་སྐྱོག་དང་ཆོད་སེམས་མདུན་ཕྱོངས་མེད་པར་རང་བཙན་གཉིད་ལམ་སྒུགས་ནས་ང་ཚོ་བསྡད་པ་རེད་ མི་ལོ་སུམ་བཅུ་མ་ཟིན་ཙམ་རིང་ང་ཚོའི་དབུ་མའི་ལམ་ཁ་དང་ལྕེ་ལ་སྦྱར་ནས་དབུ་མའི་ལམ་གྱི་དགོས་དམིགས་འགྲུབ་པའི་ཐབས་ལམ་མ་བརྒྱུད་པར་དབུ་མའི་ལམ་ལ་སྐྱབས་སུ་ཆེ་ཞུས་ནས་ནས་བསྡད་པ་རེད་།
ད་ཆ་བོད་མི་རིག་ལ་བསམ་བློ་གཏོང་རྒྱུ་ཡོད་ན་གཏོང་རན་རེད་འདུག་ལ་རིག་པ་འགྲིམ་རྒྱུ་ཡོད་ན་བསྒྲིམས་རན་རེད་འདུ་ལ་བོད་མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་ཡོད་ན་ཁ་བདེ་ལྕེ་བདེ་བྱས་ནས་ཞི་བའི་མི་མང་མགོ་འཐོམ་དུ་མ་བཅུག་པར་མདུན་ཕྱོངས་ཆེན་པོའི་འགུལ་སྐྱོག་རྒྱག་རན་འདུག་།
བོད་ནས་ཕེབས་པ་དང་བོད་དོན་བཤད་པ། བོད་ལ་སེམས་ཤུགས་ལྡན་པ་ཁོང་གཅིག་པུ་རེད། གཞན་ཚོ་སྐབས་འཚོལ་བ་ཙམ་རེད།
ཇུང་ཏོག་ལགས། རྒྱ་ནག་གི་ཁྲིམས་རྩོད་པ་བརྒྱ་ལྷག་བཙོན་དུ་བཅུག་ཡོད་པ་རེད། ཁྲིམས་རྩོད་པ་དེ་དག་རྩ་ཁྲིམས་མཁས་པ་ཡིན་པ་རེད། རྩ་ཁྲིམས་ཤེས་ནའང་ཕན་ཐོགས་ཅང་མེད་པ་རེད། གུན་ཁྲན་ཏང་གིས་ཡུལ་ལུང་ཁྲིམས་ཀྱིས་མི་སྐྱོང་པར་དམག་གནོན་ཁོ་ན་བྱེད་ཀྱི་ཡོད་པ་འདི་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་ཡོད་དུས་དབུ་མའི་ལམ་གྱི་ལོང་བ་ཚོས་མཐོང་མ་ཐུབ་ཀྱང་ཐོས་དགོས་ངེས་རེད་ད།
རྒྱ་ནག་གི་རྩ་ཁྲིམས་ལ་སློབ་སྦྱོང་བྱས་ནས་ཁྲིམས་བརྩད་སའི་མདུན་ལམ་ཞིག་གུན་ཁྲན་ཏང་གི་འོག་ཏུ་མེད་ངེས་རེད། གལ་སྲིད་ཡོད་ན་བཙན་བྱོལ་ནང་གི་དབུ་མའི་ལམ་པ་ཚོ་ལས་བོད་ནང་གི་བོད་རིགས་ལས་བྱེད་པ་ཚོ་རྒྱ་ཁྲིམས་དང་རྒྱ་ཡིག་མཁས་ཀིན་རེད། ཤེས་སོང་ངམ།
བོད་ནས་ཕེབས་པ་དང་སྐབས་ཚོལ་བ་དངོས་གནས་ཀླུ་བྱམས་རེད་ ཁོ་ལ་དམར་ཤོག་གི་ལྟ་བ་ངོ་མ་དེ་ཡོད་ལེ་རེད་བསྡོད་ས་པད་ཁོག་དང་མིག་ལ་ཐལ་བ་ཤོས་ལེ་རེད་གོང་ས་མཆོག་གི་བཀྲིན་དང་བཙན་བྱོལ
་སྒྲིག་འཛུགས་ལ་རྟེན་ནས་འཚོ་བསྡོད་བྱེད་གི་ཡོད་ཀྱང་་་་་་་་་་་?
ཧཧཧཧ་་་་་བདེན་པའི་ཕོ་ཉ་་་་་ཁྱོད་ཀྱིས་ཀླུ་མཁར་ལ་༼དམར་ཤོག་གི་ལྟ་བ་ཡོད་དང་གོང་ས༧མཆོག་གི་བཀའ་དྲིན་དང་དབུས་སྒྲིག་འཛུགས་འོག་འཚོ་སྡོད་བྱེད་ཀི་ཡོད་རེད༽གཏམ་འདི་གཞི་མེད་ལ་སྐྱོན་འཛུགས་ལས་མ་འདས། མདོར་བསྡུས་ནས་བཤད་ན་ཀླུ་མཁར་གྱིས་༼བོད་རང་བཙན༽ལ་བརྩོན་ཀི་ཡོད་པས་རྒྱུ་མཚན་འདི་ལ་ཐུག་ཨེ་འདུག་་་་་་་་་་་་ད་ཅིག་ལྟོས་དང་བོད་མིས་བོད་རང་བཙན་སྒྲུབ་ན་གོང་ས༧མཆོག་དང་དབུས་སྒྲིག་འཛུགས་གིས་གཉའ་ནས་གནོན་ཀི་ཡོད་རེད། ཧཧཧཧཧཧ་་་་་་
ཁ་ནས་ང་རང་བཙན་བརྗོད་པ་ཙམ་གྱི་རང་བཙན་
ཐོབ་ཀྱི་ཡོད་ན་དུས་སྔ་མོ་ནས་ཐོབ་ཚར་ཡོད་རེད་།
རང་བཙན་གྱི་དོན་དུ་ཐབས་བརྩོད་གནང་མཁན་
ཚོ་བོད་ནང་ཡོད་རེད་།
ཕྱི་ལ་ཡོང་མཁན་ཚོ་རང་བཙན་བརྩོད་མཁན་
ཡིན་དང་ཨ་རིར་མ་ཐར་ནས་རང་བཙན་དང་དབུ་
མ་ཁ་ལ་ཁྱེར་ནས་བཙན་བྱོལ་སྤྱི་ཚོགས་ནང་
བསམ་ཚུལ་མ་མཐུན་པ་བཟོ་གི་ཡོད་པ་མ་རེད་
དམ་།་་་་་་ཧ་ཧ་་་་་ཧ་ཧ་ཧ
བདེན་པའི་ཕོ་ཉ་ལྟ་བུའི་ཁྲག་བོད་པ་མིན་པ་མང་བོ་བོད་རང་བཙན་བཤད་ན་དགའ་ལེ་མ་རེད། དོན་ངོ་མའི་ཁྱེད་རང་སྐབས་འཚོལ་བ་བྱེད་ནས་བྲོས་ཟིན་པ་གསལ་བོ་རེད་ད། ཀླུ་མཁར་བྱམས་བོད་རང་བཙན་བརྩད་ནས་རྡ་ས་ན་ཡོད་རེད། སྡར་མ་ཁྱེད་ཚོ་འགྲོ་ཚར་ཡིན་པ། མ་གཞི་ནས་གདན་སའི་གྲྭ་མིན་སེར་མིན་ཁ་ཤས་དང་ཨ་མདོ་བ་གྲྭ་ལོག་མི་མཐའ་ཁ་ཤས་ཀྱིས་རྒྱལ་གཅེས་དཔའ་བོ་ཀླུ་མཁར་བྱམས་ཀྱི་རྐང་བ་ལ་དོ་ཟླ་ཡོང་ལེ་མ་རེད། གད་སྙིགས་དེའི་རིགས་དེ་ག་དུས་ཡིན་ན་མཐའ་མ་རེད།
ཧ་ཧ་ཧ་།། ཀླུ་བྱམས་རྡ་ས་ནས་རང་བཙན་རྩོད་ཀྱི་ཡོད་པ་གད་མོ་རྐུབ་ནས་ཆོར་
རྡ་ས་ནས་དཀྲུག་ཤིང་རྒྱབ་ལེ་རེད་རང་བཙན་ཁ་ལ་འཁྱེར་ལེ་རེད་
བོད་མིའི་སྤྱི་ཚོགས་དཀྲུག་མཁན་དངོས་གནས༼བདེན་པའི་ཕོ་ཉའམ་རྫུན་མའི་ཕོ་ཉ༽ཁྱོད་རང་རེད་འདུག་ག་་་་་་ཀླུ་མཁའ་ཡིས་དཀྲུག་ཤིང་ག་རེ་རྒྱག་སོང་ངམ། ཁུངས་ལུང་དཔང་རྟགས་ཡོད་ན་སྟོན་དང་བདེན་པའི་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་དོ།། གཞན་གཡོ་སྒྱུ་དང་ཕྲག་དྭོགས་ལས་མ་འདས་་་་་་་་
ཀླུ་རྒྱ་ལོ།། ཀླུ་རྒྱ་ལོ།།
བྲན་གཡོག་གཤིས་ཀ་དང་དད་པ་ལོག་སྤྱོད་པར་ངོ་རྒོལ་བྱ་ཡུལ་འགའ་སླེབས་འདུག་ག། ངོ་རྒོལ་བྱོས།
སྐབས་འགར་གོང་གི་མཆན་པ་ཁ་ཤས་ཤིག་གིས་ཨ་མདོ་བ་བོད་པ་མིན་ཚུལ་མང་པོ་འདིར་གླེང་ཡོད་པ་རེད། དེ་རིང་ཨ་མདོའི་ཕོ་རྒོད་ཅིག་གིས་བོད་རང་བཙན་ལེན་པའི་རེ་བ་ཆེན་པོ་རྒྱག་གིན་འདུག མ་གཞི་ང་ཚོ་མི་ཟེར་བ་འདི་འདི་འདྲའི་མགོ་ཉོག་ཅིག་རེད། ལྷག་པར་དུ་བོད་པ་ཟེར་བ་འདི་མགོ་ཉོག་ནང་གི་མགོ་ཉོག་ཅིག་རེད། རང་ཉིད་ལ་ལྟ་བ་དང་ལངས་ཕྱོགས་བརྟན་པོ་མེད་པའི་མི་ཟེར་བ་འདི་སྤྱི་ཚོགས་ཧྲིལབོ་་ཉོག་ཉོག་བཟོ་བའི་རྨང་གཞི་རེད་འདུག འདིར་ཡོད་ཀྱི་མཆན་འདེབས་མཁན་ཚོས་ལྟོས་ཨཱ། སྐབས་རེ་འགར་ཨ་མདོ་བ་བོད་པ་མ་རེད་ཟེར་མཁན་མི་འདི་ཚོ་ལ་གསལ་བོ་ལྟོས་ཨཱ། མི་འདི་ཚོའི་རང་གཟུགས་ངོ་མ་དེ་ག་རང་རེད། ཅི་འདྲའི་དགོད་རེད་བྲོ་ཨང་། གང་ལྟར་ཀླུ་བྱམས་ལ་བཀྲ་ཤིས་བདེ་ལེགས་ཡོད།
རང་བཙན་གྱི་བསམ་ཚུལ་སེམས་ཁོངས་ན་ཡོད་མཁན་མང་པོ་ཡོད་ན་ཡང་། ཁ་ཡོད་ལག་ཡོད་ཀྱིས་བཤད་ཕོ་མཁན་དང་སྒྲུབ་ཕོད་མཁན་ཀླུ་བྱམས་འདྲ་པོ་མེད་པ་འདྲ། གང་ལྟར། རང་བཙན་གྱི་ལྟ་བ་འཛིན་མཁན་ཞིག་སྲིད་སྐྱོང་འོས་མིར་ལངས་པ་དེས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་དང་རྒྱ་ནག་ལ་བརྡ་ལན་ཞིག་སྤྲད་པ་རེད་བསམ།
བཀྲ་ཞིས་བདེ་ལེགས