ཤ་ཀླན་འཇམ་དབྱངས་གྲགས་པ།
ང་གྲང་འདར་གྱིས་ཁེངས་སོང༌།
ནམ་དུས་འདི་ལྟར་གྲང་སོང་བ་བདེན་ལ།
སྒལ་རྒྱབ་ཀྱི་སློག་པ་སྲབ་སོང་བའང་བདེན་པ་རེད།
ཡིན་ཡང་ང་འདར་བྱེད་འདི་དག་གཏན་ནས་མ་རེད།
ཨ་ཕས་རང་སྐད་དུ་ཕྱི་ཚིག་བསྲེས་ནས་སྨྲ་དུས།
ང་འཁྱུག་འདར་ཞིག་ཤོར།
བུས་རང་སྐད་དང་ཕྱི་སྐད་བསྡེབས་ཏེ་བཤད་ཚེ།
ང་སྔངས་འདར་ཞིག་ཤོར།
ཚ་བོས་ཕྱི་སྐད་རྐྱང་རྐྱང་གིས་ཁ་བརྡ་བྱེད་དུས།
ང་གྲང་འདར་གྱིས་ཁེངས་སོང༌།
སྒྲོལ་མས་བོད་ཡིག་རྙོག་དྲ་ཚ་བོར་མཐོང་།
སྒྲོལ་མས་བོད་ཡིག་རྙོག་དྲ་ཚ་བོར་མཐོང་།
ཁོ་མོས་ཟེར་ན།
བོད་ཡིག་གི་གསལ་བྱེད་མང་དྲག་འདུག་ཟེར།
ད་དུང་དབྱངས་ཡིག་རྣམས་ཟང་ཟིང་ཆེ་འདུག་ཟེར་ལ།
མགོ་འདོགས་དེ་དག་གྲལ་བསྟར་གཅིག་ཏུའང་མི་འདུག་ཟེར།
དེ་ཙམ་གྱིས་ཅི་ལ་ཚད།
ཨ་དེ་qལས་རྡབ་འགྱུར་གྱིས་ག་གུག་མང་བ་དང་།
ཉ་དང་ཏ་ཧ་གསུམ་གྱི་རྔ་མ་རིང་དྲག་འདུག་ཟེར།
བོད་པས་བོད་ཡིག་བཟོས་ནས།
སྒྲོལ་མས་བོད་ཡིག་རྙོག་དྲ་ཚ་བོར་མཐོང་།
སྤྱན་རས་གཟིགས་ཀྱིས་བོད་ཡིག་རྙིང་རྗེ་ཅན་ཞིག་གཟིགས།
འཇམ་དཔལ་དབྱངས་ཀྱིས་བོད་ཡིག་རིགས་པ་ཅན་དུ་མཁྱེན།
ཕྱག་ན་རྡོ་རྗེས་བོད་ཡིག་མཐུ་ནུས་ཅན་ཞིག་བཟོས།
ཤཀྱྰ་ཐུབ་པས་བོད་ཡིག་ཕན་ཐོགས་ཅན་དུ་ལུང་བསྟན།
བོད་པས་བོད་ཡིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཁོ་རེ།
ཁྱོད་གྲང་འདར་བྱེད་པ་ཁག་མེད།
ང་ཡང་འདར་སིག་བྱེད།
ད་ནི་བོད་ཡིག་བོད་སྐད་བོད་པ་གསུམ་འཆི་ཁ་མའི་འཕག་འཚག་རྒྱག་གི་ཡོད་པ་རེད།
ཁ་སང་དེ་རིང་བོད་སྐད་གཙང་མ་རྒྱག་རོགས་ཟེར་བ། བོད་ཡིག་སྲུང་སྐྱོབ་ཟེར་བའི་ལས་འགུལ་ཞིག་སླེབས་བཞིན་པ། བོད་པ་ཚང་གི་སྒོ་འགྲམ་ལ་འཆི་བ་སླེབས་ནས་སྒོ་རྡུང་གིན་ཡོད་པ་རེད།
ངལ་གསོའི་སྡིངས་ཆ། http://www.youtube.com/watch?v=cBPgNLtccMQ&feature=PlayList&p=894868A2CE580FB3&playnext_from=PL&index=35
http://www.youtube.com/watch?v=-Vj6J3H1OhI&feature=PlayList&p=894868A2CE580FB3&playnext_from=PL&index=36
http://www.youtube.com/watch?v=qxfeQdSDay8&feature=related
༧རྗེ་བཙུན་སྒྲོལ་མས་བོད་ཡིག་རྙོག་དྲ་ཚ་བོ་མེད་པར་གཟིགས་ཀྱང་། དེང་རབས་བོད་ཀྱི་བུ་མོར་རྙོག་དྲ་ཚ་བོ་ཆགས།