སྤྱན་ཆེན་པོ།
བཙན་བྱོལ་སྒྲིག་འཛུགས་སྲ་བརྟན་དང་།།
ཆོལ་གསུམ་གཅིག་སྒྲིལ་ལྡེ་མིག་ལས།།
བོད་རྒྱ་ཞི་མོལ་བྱེད་འདོད་པའི།།
ན་གཞོན་རུས་པ་ཅན་དགོས་ན།།
བཀྲ་ཤིས་སྟོབས་རྒྱལ་དེ་འདེམས་དང་།།
ང་ལ་བཙན་པོའི་བླ་སྲོག་ཡོད།།
རིག་གནས་ཤིག་གི་སྙིང་སྟོབས་ཡོད།།
སྲིད་དོན་བསྐྱར་ཞིབ་བྱེད་དགོས་ཞེས།།
སྟོང་གཏམ་སྨྲ་བའི་གསར་བརྗེ་བ།།
དགོས་ན་ཨ་ཚོགས་ཀླུ་བྱམས་འདེམས།།
རྒྱུན་གནས་ཤེས་ཡོན་དཔལ་འབྱོར་དང་།།
གྲོས་མོལ་སོགས་ཀྱི་ཐབས་ལམ་ལས།།
བོད་དོན་བདེན་མཐའ་སེལ་འདོད་པའི།།
གཞོན་སྐྱེས་ལྷག་བསམ་ཅན་དགོས་ན།།
བཀྲ་ཤིས་དབང་འདུས་དེ་འདེམས་རོགས།།
ལོ་མང་འབད་པའི་ཉམས་མྱོང་ལས།།
དམངས་གཙོ་ཀ་བ་གསུམ་ལྡན་གྱི།།
ནུས་པ་མཉམ་དུ་སྤུངས་འདོད་མཁན།།
ཤེས་འཇོན་ལྡན་པའི་དབུ་མ་བ།།
དགོས་ན་སྤེན་པ་ཚེ་རིང་འདེམས།།
མཁས་དབང་ཞིག་གི་མཚན་སྙན་དང་།།
ཧར་ཝཱར་སློབ་གྲྭའི་ལག་འཁྱེར་ཞིག།
འབུམ་རམས་པ་ཡི་མིང་ཐོབ་ཅིག།
ཁྲིམས་ལུགས་སློབ་དཔོན་ཞིག་དགོས་ན།།
ཡང་བསྐྱར་བློ་བཟང་སེང་གེ་འདེམས།།
༢༠༡༥-༨-༢༣ མཚན་མོར།
བོད་དོན་བདེན་མཐའ་གསེལ་འདོད་མེད་པའི་བོད་མི་གང་ན་
འདུག།
སྟོང་གཏམ་དང་དཔའ་རྔམ་སོགས་ལ་མགོ་མ་འཁོར་།
སྲིད་བློ་སེང་སླར་ལོ་ལྔ་རང་འཇགས་རེད་དི་།
ངས་མོ་རྒྱབ་པ་ཡིན་།
ཡག་པོ་ཞི་དྲག་བཤད་འདུག་