སྲོང་བཙན།
མང་གཙོའི་བརྒྱུད་རིམ་གྱི་ལམ་ནས་བཀའ་ཁྲིའི་འགྲན་རྩོད་ཁྲོད་བཀའ་ཁྲི་འོས་མི་སོ་སོར་བསྙོན་འཛུགས་ཀྱི་སྐད་ཆ་དང་དངོས་དོན་གྱི་ལབ་གླེང་མི་ཉུང་བ་རེ་བྱུང་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་རྫོགས་རྒྱུ་མེད་པའི་གཏམ་གླེང་རིང་མོ་ཞིག་ཏུ་འཐིམ་མགོ་བཙུགས་པ་རེད། འདི་ནི་ཕྱི་ལོ་༢༠༡༡ ལོའི་བཀའ་ཁྲིའི་འགྲན་རྩོད་ཁྲོད་ཆེས་འཁྲུག་ཆ་དོད་པའི་ལབ་གླེང་ཁ་ཕྱེ་ཞིང་ཁྱེད་ཤི་ང་གསོན་གྱི་གཡུལ་འགྱེད་ཅིག་འབྱུང་སྲིད་སྙམ་པའི་འཇིགས་སྐྲག་རེའང་རིམ་བཞིན་བྱུང་མྱོང་བའི་ལོ་དུས་དེ་ཡིན།
སྐབས་དེར་བཀའ་ཁྲིའི་འགྲན་རྩོད་ཁྲོད་གཡུལ་ལས་རྣམ་པ་རྒྱལ་བ་ནི་བློ་བཟང་སེངྒེ་ཡིན་ན་ཁོང་གིས་སྐྱེས་སྦྱོང་ཤེས་རབ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁ་ཐད་ཀྱི་འགྲན་རྩོད་པ་ཕམ་ཉེས་དང་མི་མང་བློ་འགུག་ཡིད་ཐད་བྱེད་པའི་ནུས་སྟོབས་ཤིག་སྐྲུན་ཏེ་བཀའ་ཁྲིའི་ཞབས་བསྟེགས་ལ་འཁོད་ཐུབ་པ་བྱུང་ཡོང་ཅིང་། ད་རེས་ཀྱི་འགྲན་རྩོད་ནང་དུའང་ཁོང་གིས་སྔར་ནས་ལྷག་པའི་སྟོབས་ཤུགས་སྤྱད་ནས་ཁ་ཐད་ཚོ་རིམ་བཞིན་ཕམ་ཉེས་གཏང་རྒྱུ་ནི་ད་ལྟ་ནས་སྔོན་དཔག་ཐུབ་པ་ཞིག་ཡིན་ལ། ཁོང་ལ་འགྲན་ཐུབ་པའི་ད་ཡོད་སྲིད་སྐྱོང་འོས་མི་སུ་ཞིག་ཀྱང་སླེབས་ཐུབ་མེད་པས་ཁོང་གིས་བདེ་བླག་ངང་སླར་ཡང་སྲིད་སྐྱོང་གི་གདན་ཐོབ་དེ་ལེན་རྒྱུ་རེད།
དེ་སྔར་བློ་སེང་གིས་བཀའ་ཁྲིའི་འགྲན་རྩོད་ནང་དུ་ཕམ་ཉེས་ཆེན་པོ་བཏང་ཡོད་པ་ནི་བཀྲས་མཐོང་ཡིན་ལ། འདི་ནི་བཀྲས་མཐོང་ལ་མཚོན་ན་ཕམ་ཉེས་ཙམ་ཞིག་གཏན་ནས་མ་ཡིན་པར་ཁོང་ལ་སྐྱོན་འཛུགས་ཀྱི་སྐད་ཆ་དག་བདེན་དཔང་དུ་སོང་བ་ལྟ་བུ་ཞིག་ཏུ་གྱུར་ནས་ཁོང་ཉིད་ངོ་ཚ་ཁ་སྐྱེངས་བྱུང་ཡོད་པ་ནི་བཤད་མི་དགོས་པ་ཞིག་ཏུ་གྱུར་ཡོད། སྔོན་འགྲོ་དང་དངོས་གཞི་འོས་འདེམས་གྲངས་ཐོའི་ཁྱད་པ་གནམ་ས་ལྟ་བུ་ཤོར་བའི་གནས་སྟངས་ལས་མི་མང་གིས་བཀྲས་མཐོང་ལ་ཡིད་ཆོས་དང་དགའ་མོས་བྱེད་ཀྱིན་མེད་པར་མཚོན་པས་འདི་ནི་ཁོང་ཉིད་ལ་མཚོན་ན་བསབ་པར་དཀའ་བའི་ཕམ་ཁ་ཞིག་དང་ནན་མི་ཆོག་པའི་ན་ཟུག་ཤིག་ཡིན།
འགྲན་རྩོད་བརྒྱུད་རིམ་ནང་དུ་བློ་སེང་ལ་སྐྱོན་འཛུགས་མང་པོ་བྱུང་ཡོད་ཅིང་ལྐོག་གཡོ་གསང་ཐབས་ཀྱིས་དམག་འཁྲུགས་རེའང་རྒྱག་ཡོད་པ་ནི་ཧ་ཅང་གསལ་པོར་གྱུར་ཡོད། སྐྱོན་འཛུགས་དང་ལྐོག་གཡོ་རེ་འགའ་ནི་ཆེས་སྤྱི་བཏང་ཞིག་གཏན་ནས་མ་ཡིན་པར་མི་ཆེན་དང་དཔོན་ཆེན་ཚོའི་ཐབས་ཇུས་དང་འབྲེལ་བ་ཡོད་ལ་སྐད་ཆ་རེ་འགའ་ནི་མི་མང་སྤྱི་བྱིང་ཚོས་གཏན་ནས་དོགས་པ་གླེང་སློང་མི་ཐུབ་པའི་རིགས་ཡིན་ལ་དེའི་ནང་ནས་བློ་སེང་རྒྱ་ནག་ལ་སོང་བའི་སྐྱོན་འཛུགས། དོལ་ཚོགས་དང་འབྲེལ་ཡོད་ཚུལ། སྐྱབས་བཅོལ་ལག་དེབ་མེད་ལུགས། སློབ་ཆེན་ནང་གཏན་འཇགས་ལས་ཀ་མེད་རབས། དེབ་ལྗང་ཁུའི་སྐོར་སོགས་ཡིན། འོན་ཀྱང་ཁོང་ཉིད་ཀྱིས་དེ་དག་ལ་རེ་རེ་བཞིན་ལན་འདེབས་དང་དཔང་པོ་གསལ་ཁ་འཕེར་བར་བྱས་ཡོད་པའི་བརྒྱུད་རིམ་ནང་དུ་ཁོང་ལ་མི་མང་ཚོས་སྔ་ལས་ཀྱང་ཧང་སང་ཞིང་དགའ་མོས་དང་། མངོན་ལྐོག་གི་འཐབ་ཇུས་དེ་ཚོས་བཀྲས་མཐོང་སྔ་ལས་ཀྱང་ནུས་མེད་དུ་བཏང་ཡོད། ཐབས་ཇུས་དེ་ཚོའི་ཇུས་འགོད་པ་བཀྲས་མཐོང་ཡིན་ཚེ་རང་གིས་རང་གསོད་པ་གཉིས་སུ་ག་ལ་ཡོད།
ད་ལོའི་སྲིད་སྐྱོང་འོས་འགྲན་སླེབས་ལ་ཉེ་བའི་སྐབས་རང་དུ་མུ་ར་མོ་ཧེན་ཟེར་བའི་ཨ་རི་བུད་མེད་དེས་སླར་ཡང་བློ་སེང་ལ་སྐྱོན་འཛུགས་ཀྱི་རྩོམ་ཡིག་ཅིག་བྲིས་ཏེ་དྲ་ལམ་དུ་སྤེལ་བས་བཙན་བྱོལ་སྤྱི་ཚོགས་ཀྱི་ཁ་ཁོམ་པ་ཅན་ཡོད་ཚད་ལ་གཏམ་གསར་པ་ཞིག་བཤད་རྒྱུ་རྙེད་ཡོད། སྐྱོན་འཛུགས་དེ་དག་གི་ནང་དུ་སྐད་ཆ་རེ་འགའ་ནི་སྲང་ལམ་ནས་རྙེད་ཐུབ་པ་ཞིག་མ་ཡིན་པར་མཐོ་རིམ་མི་སྣ་དང་གནད་ཡོད་རེ་ཟུང་གི་ལག་ནས་ཐོབ་པ་ནི་ཧ་ཅང་གསལ་པོ་རེད། ཨ་རི་བུད་མེད་དེའི་རྒྱབ་ཀྱི་མི་སྣ་གཅིག་ནི་བཀྲས་མཐོང་ཡིན་ལ་ད་དུང་རེ་འགའ་ཡོད་པ་ནི་གཤམ་ནས་བཤད་ཆོག
བུད་མེད་དེས་ད་ལན་ཙམ་མ་ཡིན་པར་བློ་སེང་སྒེར་ལ་དམིགས་པའི་རྩོམ་ཡིག་ཐེངས་འགའ་བྲིས་ཡོད། ཁོང་གིས་བློ་སེང་ལ་སྡང་ཟུག་དེ་འདྲ་བྱེད་དགོས་དོན་ནི་ཧ་ཅང་གསལ་ཏེ་ཁོ་མོ་དང་བཀྲས་མཐོང་སྒེར་གྱི་འབྲེལ་བ་ཟབ་ལ་མོའི་ཨ་ཕ་དང་བཀྲས་མཐོང་འབྲེལ་བ་ཡོད་པ་ནས་འགོ་འཛུགས་ཀྱིས་ཁོ་ཚོའི་ཁྱིམ་ཚང་གཉིས་པོ་འབྲེལ་བ་ཟབ་མོར་ཆགས་ཡོད། བཀྲས་མཐོང་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་འགོ་འཛིན་དུ་ཇི་ལྟར་སླེབས་པ་དང་བུད་མེད་དེས་བློ་སེང་སྒེར་ལ་དམིགས་པའི་རྩོམ་ཡིག་འབྲི་དགོས་དོན། རྩོམ་ཡིག་བདུན་ཙམ་བྲིས་པ་དེ་ཚོ་བློ་སེང་ཁྲི་ལ་འཁོད་རྗེས་གསར་དུ་བྱུང་སྟངས། མོའི་སྐད་ཆ་དང་དཔང་རྟགས་རེ་འགའ་མཐོ་རིམ་མི་སྣའི་ལག་ནས་བྱུང་ཚུལ་སོགས་ཕྱོགས་ཡོངས་ནས་དཔྱད་ཞིབ་ནན་ཏན་བྱས་ཚེ་ཧ་ཅང་གསལ་པོ་ཆགས་པ་ནི་བུད་མེད་དེ་ཁ་ཙམ་ལས་དེའི་རྒྱབ་ལ་གསང་བའི་མི་ཞིག་ཡོད་པ་རྟོགས་ཐུབ་ཅིང་། ལྐོག་ཇུས་འཐེན་པའི་གསང་བའི་མི་དེ་ནི་གཞན་ཞིག་མིན་པར་བཀྲས་མཐོང་ཡིན་པར་གསལ་པོ་རེད།
ཨ་རིའི་དོན་གཅོད་འཕོ་འགྱུར་གྱིས་སྐལ་རྡོ་ལགས་དོན་གཅོད་གསར་པར་བསྐོ་བཞག་བྱས་པ་ནི་བློ་སེང་གིས་ཐབས་ཇུས་གསར་པ་ཞིག་ཡིན་ལ་ད་དུང་དོན་གཅོད་ཁང་ཝ་ཤིན་ཊོན་དུ་གནས་སྤོ་བྱས་པ་དེའང་མི་སྣ་རེ་འགའི་ཤུགས་རྐྱེན་གཅོག་ཐབས་ཤིག་ཡིན། ནིའུ་ཡོཀ་བོད་ཀྱི་དོན་གཅོད་ཁང་དང་བོད་ཀྱི་ཐེབས་རྩ་སོགས་ཚང་མ་རྒྱ་རི་རིན་པོ་ཆེ་དང་མི་ཆེན་རེ་འགའི་སྟངས་འཛིན་འོག་ཡོད་ལ་ཁོ་ཚོའི་བློ་ལ་མ་བབ་པར་གང་བྱུང་ལས་དོན་རྩོམ་མི་ཐུབ་པ་ནི་བཤད་ཅི་དགོས། ཡག་པོ་མ་བྱུང་ཚེ་དོན་གཅོད་ཁང་དང་ཐེབས་རྩ་ཁང་འདི་ཚོ་རྒྱ་རི་དང་མི་སྣ་རེ་ཟུང་གིས་ལག་པར་ཉར་ནས་ཆབ་སྲིད་ཁྲོད་ཁེ་ཕན་ལེན་པ་དང་ཁ་ཐད་ཕམ་ཉེས་སུ་གཏོང་བའི་ལག་ཆ་ཞིག་ཏུ་བཟོ་སྲིད་པ་རེད།
མུ་ར་མོ་ཧེན་གྱི་སྐད་ཆའི་ནང་གི་བདེན་དཔང་རེ་འགའ་ནི་རྒྱ་རི་ཚང་གི་ལག་ནས་སླེབས་པ་གསལ་པོ་ཡིན་ལ་རྒྱ་རིས་མོ་ལ་བདེན་དཔང་སྤྲོད་དོན་ནི་རྒྱུ་མཚན་གཉིས་དང་འབྲེལ་བ་ཡོད། དང་པོ་ནི་བཀྲས་མཐོང་ཚང་དང་རྒྱ་རི་ཚང་དབར་མཐོ་རིམ་སྐུ་དྲག་གི་གནས་བབ་དང་ཕན་ཚུན་ཁྱིམ་ཚང་གི་འབྲེལ་བ་ཟབ་ལ་ཁོ་གཉིས་དང་བློ་བཟང་སྙན་གྲགས་སོགས་བོད་ཀྱི་ཐེབས་རྩའི་ནང་དུ་རྐང་པ་འཛུགས་མཁན་ཆ་ཡིན་པས་རྒྱ་རིས་ལྐོག་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་དང་བློ་སེང་ཕམ་ཉེས་གཏོང་ཐབས་བྱས་ཡོད།
ད་དུང་རྒྱ་རིས་བློ་སེང་ཁྲི་ལ་འཁོད་རྗེས་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ནས་དགོངས་པ་ཞུས་ཏེ་རྣམ་འགྱུར་རྩུབ་པོ་ཞིག་བསྟན་ཡོད་ལ། འདིས་ནི་བློ་སེང་གི་སྲིད་སྐྱོང་དུས་ཡུན་ནང་དུ་ཁོས་ནུས་པ་འདོན་འདོད་མེད་པ་ཙམ་མིན་པར་བློ་སེང་གིས་བོད་རྒྱ་འབྲེལ་མོལ་བྱེད་རྒྱུར་འགོག་རྐྱེན་བཟོ་ཐབས་རང་ཡིན། བློ་སེང་གིས་ཀྱང་རྒྱ་རིའི་ལྐོག་གཡོ་དང་བོད་ཀྱི་དོན་གཅོད་ཁང་དང་དེའི་ལས་དོན་ཁག་ལ་སྲིང་བའི་ཤུགས་རྐྱེན་དེ་ཚོ་རང་གིས་ནུས་པ་འདོན་རྒྱུ་ལ་བཀག་རྡོ་ཞིག་ཡིན་པར་སྔོན་ནས་ཤེས་རྟོགས་ཡོད་པས་རྒྱ་རིའི་དགོངས་ཞུ་ལ་དེ་ཙམ་ཨུ་ཚུགས་མ་བྱས་པར་དགོངས་པ་གནང་ཡོད་པ་ནི་བློ་སེང་གིས་རྒྱ་རི་ལ་བསྟན་པའི་ཡ་ལན་རྣམ་འགྱུར་དེ་ཡིན།
ད་རུང་བློ་སེང་གིས་རྣམ་འགྱུར་ཞིག་སྟོན་ཡོད་པ་ནི། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་བོད་ཀྱི་ཐེབས་རྩའི་འགན་འཛིན་ཆགས་རྒྱུ་ཡིན་པའི་ཉིན་མོ་སྟེ་ཟླ་༩ ཚེས་གཅིག་ཉིན་ཏག་ཏག་ལ་དོན་གཅོད་གསར་པ་དབུ་དཀར་ཚང་སྐལ་རྡོ་ལགས་ཀྱིས་ལས་ཀ་དངོས་སུ་དབུ་འཛུགས་བྱེད་རྒྱུ་ཡིན་པའི་གསར་འགྱུར་ཐོན་པ་དེ་རེད།
གཉིས་པ་རྒྱ་རི་ཚང་ལ་བློ་སེང་གིས་དགོངས་པ་གནང་བའི་རྣམ་འགྱུར་ཙམ་མ་ཟད་རྒྱ་རིས་དབང་དུ་བསྡུ་མ་ཐུབ་པའི་སྐལ་རྡོ་དོན་གཅོད་དུ་བསྐོ་བཞག་བྱས་ནས་རྒྱ་རིའི་གཡོན་ལག་དོན་གཅོད་ཁང་དུ་སྲིང་རྒྱུ་སྟབས་བདེ་མེད་པར་བྱས་ཡོད། ད་དུང་དོན་གཅོད་ཁང་གནས་སྤོ་དང་བོད་དོན་ལས་འགུལ་ཁང་དང་ལས་དོན་མཉམ་སྤེལ་བྱས་ཏེ་རྒྱ་རིའི་གཡས་ལག་དེ་ཡང་རྐྱོང་ཐབས་མེད་པར་གནང་རྗེས་རྒྱ་རིས་ནེའུ་ཡོཀ་ནས་ཝ་ཤིན་ཊོན་ལ་རྒྱང་ལྟ་རེ་བྱས་ནས་དབུགས་རིང་གཏོང་རྒྱུ་ལས་ཐབས་མེད་པའི་གནས་སུ་བསྐྱལ་ཡོད།
དེར་བརྟེན་རྒྱ་རིས་མུ་ར་མོ་ཧེན་ལ་བདེན་དཔང་སྤྲད་ནས་རང་གི་སྙིང་ནད་དེ་སེལ་ཐབས་ཀྱི་ལྐོག་གཡོ་ཞིག་སྤེལ་ཡོད་མོད། ལམ་ལྷོང་ཡོང་མིན་ད་དུང་གསལ་པོར་མི་ཤེས་ལ་ཅུང་ངང་སྒུག་བྱོས་དང་འཁྲབ་སྟོན་གྱི་ལེའུ་གསར་པ་ཞིག་གང་མགྱོག་འགོ་འཛུགས་ཡོང་ངེས་རེད།
2015/8/24
ཧ་ཧ་བགད་མོ་ཤོར་རྒྱུའི་སྐད་ཆ་རང་རེད་།
ད་བོད་པ་ནང་ཁུལ་མ་དཀྲུགས་ན་ཡག་ལི་རེད་གོ་།
འོས་བསྡུའི་སྒྲུབ་འབྲས་ཐོབ་ཤོར་རེད་།
དམག་གི་སྒྲུབ་འབྲས་རྒྱལ་ཕམ་རེད་།
ཚོང་གི་སྒྲུབ་འབྲས་མཁེ་རྒུན་རེད་།
དགྲ་དགའ་གཉེན་སྡུག་མང་པོ་མ་བཤད་
ན་ཡག་ལེ་རེད་།
ཨ་མཚན་བོད་ཀྱི་གནད་དོན་འདི་སྐུ་དྲག་ཚོའི་ལག་འོག་གི་རྩེད་ཆས་ལྟ་བུ་ཆགས་འདུག ཨ་རི་བུད་མེད་རྩོམ་པ་པོ་དང་བཀྲས་མཐོང་། རྒྱ་རི་གསུམ་བར་གྱི་འབྲེལ་བ་གསལ་བོ་ཆགས་མི་འདུག ད་རུང་ལེའུ་གསར་བ་ཞིག་མི་འགྱངས་བར་འགོ་རྩོམ་པར་ཡིད་ཆེས་ཡོད།
སྲོང་བཙན། སྔོན་ལ་དག་ཆ་ཡག་པོ་ཞིག་སྦྱོངས། དེ་ནས་རྩོམ་ཡིག་ཕྲིས། ཁྱོད་ཀྱི་ཡིག་ནོར་གྱི་མཛོད་འདི་མི་སྔུན་ལ་འཇོག་ཐབས་མི་འདུག
ཧཧཧཧཧཧ་་་་་དཔེ་འདྲ་ཡག་མོ་བཤད་འདུག་ལ་སྲོང་བཙན་ལ་བདེན་ཤས་ཆེ། གང་ལྟར་ཡང་རྐུབ་ལྕག་དང་ལྐོག་བཟའ་ཡིས་འབྲེལ་བས་ཁྱི་དང་ཞི་མི་ཁ་མཚུངས་བྱས་པ་འདས་མ་ད་གསུམ་ལ་ཡོད་དང་ཡོང་བཞིན་པ་མཐོང་རྒྱུ་ཡོད། ས་འོག་གི་དར་ཐག་བཅིངས་པ་ཚང་མ་སྒང་ལ་བཀྲམ་ཐུབ་ན་ཡག་གི་་་་་་དཔོན་ངན་རིང་ལུགས་དེ་ཚོ་གཙང་མ་བཟོས་ན་མ་གཏོགས་གཞིས་ལུས་རྒྱ་ཆེ་མི་མང་ལ་གདོང་པ་ག་འདྲ་ཅིག་སྟོན་དགོས་རེད། ག་ལེར་གྱིས་དང་རིམ་བཞིན་དྲི་ངན་གང་ཡིན་གསལ་པོ་ཚོར་འོང་ཀི་་་་་་་་་
སྲིང་བཙན་ལགས། མང་ཚོགས་ནས་རྒྱབ་ལ་སུ་ཡོད་མིན་ཤེས་འདོད་མེད། གལ་ཏེ་སྲིད་སྐྱོང་བློ་སེང་ལགས་ཀྱི་ཆེ་མཐོང་ལ་སྲུང་སྐྱོབ་བྱ་དགོས་ན་ཨ་རི་བོུད་མོ་ར་མོ་ཉི་ཧན་གྱི་རྩོམ་ནང་གསལ་ལ་དགག་ལན་རྒྱབ་ཤོག་ བཀྲས་མཐོང་དང་རྒྱ་རི་ཚང་གཉིས་ཀྱི་ལྐོག་ཇུས་ཡིན་ལུགས་བཀོད་པ་ནི་ཁྱེད་ཀྱི་དྭོགས་པ་ཙམ་ལས་ཁུངས་བསྐྱེལ་ཡོད་ན་བཀོད་ན་ལེགས། དེ་མིན་གཞི་མེད་སྐྱོན་འཛུགས་བྱེད་ན་བཟང་སྤྱོད་དང་འགལ་བ་ཡིན་པ་མ་ཟད། སྲིད་སྐྱོང་བློ་སེང་ལགས་དང་ཁོང་རྣམ་པའི་བར་དཀྲུག་གཞི་ལས་མ་འདས། ཁྱེད་ནས་འགན་འཁུར་ཐོག་རྩོམ་འབྲི་དགོས་པ་ཡིན།
སྤྱི་ཚོགས་དཔྱད་བརྗོད་འབྲི་རྒྱུ་ནི་རྟོག་སྒྲུང་འབྲི་རྒྱུ་དང་གཏན་ནས་མི་འདྲ་ཞིང་། དེས་ཁ་གང་ལ་གཏད་པའི་སྤྱི་ཚོགས་དེ་ལ་ཤུགས་རྐྱེན་ཡག་སྡུག་ཅི་རིགས་གཏེར་ངེས། དེས་ན་དཔང་རྟགས་ཁུངས་ལྡན་མེད་པའི་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་ནི་འགན་ཁུར་མེད་པའི་མི་རྣམས་ཀྱིས་སེམས་ནད་སེལ་ཐབས་ཙམ་ཞིག་ལ་ཕན་ན་མ་གཏོགས་སྤྱི་ཚོགས་དངོས་ལ་ནི་ཕན་རེ་དེ་ཙམ་མེད། ཨ་རིའི་མུད་མེད་དེའི་དཔྱད་རྩོམ་ལ་ཁུངས་ལུང་མེད་པ་བཞིན་ཁྱེད་ཀྱི་རྩོམ་འདི་ལ་ཡང་དཔང་རྟགས་དང་ཁུངས་ལུང་མི་འདུག་པས། ཁུངས་ལུང་མེད་པ་ཞིག་གིས་ཁུངས་ལུང་མེད་པ་གཞན་ཞིག་དགག་ཐབས་བྱས་པ་ནི་འདམ་རྫབ་ནང་ལྷུང་པའི་སྤྲེའུ་གཉིས་གཅིག་གིས་གཅིག་ལ་འདམ་གོས་མིན་གྱིས་རྩོད་པ་བྱས་པ་དང་ཅི་མི་འདྲ།
ཨ་རིའི་བུད་མེད་དེས་བྲིས་པའི་རྩོམ་ཡིག་དེའི་གླེང་གཞི་བཟོ་མཁན་དེ་སྐལ་བཟང་སྤེན་པ་རེད། ཁོ་པས་གནད་དོན་དེ་གང་འཚམ་གྱིས་དྲང་པོར་བྲིས་འདུག མ་ཟད་དཔྱད་གཞི་དང་བསམ་བློ་གཏོང་དགོས་པའི་གནད་དོན་ཡང་སྤུངས་འདུག འོན་ཀྱང་། ད་རེས་ཀྱིས་རྩོམ་ཡིག་འདི་ངའི་ངོས་ནས་བརྗོད་ན། དཔྱད་བརྗོད་རྩོམ་ཡིག་ཞིག་ལ་མཐོང་མ་སོང་། དེ་བས་ཚ་སྒང་ཕོ་ཉས་གསུངས་པ་ལྟར་རྟོག་སྒྲུང་ལྟ་བུ་ཞིག་ཆགས་འདུག གོང་དུ་གསུངས་པའི་སྐད་ཆ་དེ་རིགས་ལ་རྒྱབ་བརྟེན་གྱི་གཞི་གཅིག་ཀྱང་མི་འདུག དེ་བས་ཨ་རིའི་བུད་མེད་དེས་རང་ཉིད་ཀྱི་བཤད་པའི་སྐད་ཆའི་རྒྱབ་ལ་དཔང་རྟགས་ཁྲ་ལམ་མེར་བསྟན་ཡོང་གི་འདུག ང་ཚོའི་ཆབ་སྲིད་དཔྱད་རྩོམ་འབྲི་མཁན་ཚོས་ཀྱང་། ཁོང་གིས་འབྲི་སྟངས་དེར་སློབ་སྦྱོང་བྱེད་དགོས་ཀྱི་འདུག
མ་གཞི་ནས། རྒྱ་རི་དང་བུད་མེད་དེའི་འབྲེལ་བ་ཡག་པོ་ཞིག་ཡིན་ལུགས་བརྗོད་པ་ནི་བདེན་པ་ཞིག་མཐོང་མ་སོང་། རྒྱལ་རིའི་བོད་དོན་ལས་འགུལ་ཁང་དེར་རྒྱ་རི་རིན་པོ་ཆེས་ནུས་པ་གང་འཚམ་སྤུངས་ཡོད་པ་རེད། ཁོང་གིས་ངོས་ནས་བརྗོད་ན་ཚོགས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཡོད། འོན་ཀྱང་། ཟླ་གཅིག་ཙམ་གྱི་གོང་ལ་ཨ་རིའི་བུད་མེདདེས་ཚོགས་པ་དེར་འབར་གས་གཅིག་གཡུགས་པ་རེད། བར་གས་དེའི་མིང་ལ་་་ལས་དོན་འཐུས་ཤོར་་་བརྗོད་ཀྱི་ཡོད།
བཀྲས་མཐོང་འོས་བསྡུ་ཕམ་སོང་བ་ཡང་བདེན་པ་རེད། རྒྱ་རིས་སེང་གེའི་བཀའ་ཤག་གི་འོག་ཏུ་ལས་ཀ་མ་བྱས་པ་ཡང་བདེན་པ་རེད། བློ་བཟང་སྙན་གྲགས་སྐུ་ཚབ་དོན་གཅོད་ཀྱི་རྐུབ་སྟེགས་ནས་ཕབ་པ་ཡང་བདེན་པ་རེད། རྟོག་པས་བཟོས་པ་ཞིག་མ་རེད། དངོས་ཡོད་རེད། མིག་གི་མཐོང་སར་རེད།
སྲོང་བཙན་ཟེར་བའི་མི་དེས་སེང་གེ་ལ་སྐྱོན་འཛུགས་བྱས་པའི་རྒྱབ་ཀྱི་གསང་བ་གཉིས་བཤད་པར་འདི་རྒྱུས་མེད་རྒྱུས་གཏམ་དང་རྟོག་བཟོས་གཅིག་པོ་ཅང་རེད་མི་འདུག་ག ཡིན་ཀྱང་སྲོང་བཙན་ཞེས་པའི་མིང་འོག་ཏུ་གབ་པའི་གསང་བའི་མི་སྣ་འདི་ལ་དོགས་པ་དང་། ཚོད་དཔག་བྱེད་ཆོག་པ་ཞིག་རེད།
རྩོམ་ཡིག་གྱི་ཚིག་གི་བརྗོད་པ་ལ་བལྟས་ན་དབུས་སྐད་ཀྱི་བརྗོད་སྟངས་ཐོག་ནས་བྲིས་འདུག རྒྱུས་ཡོད་སྟངས་ལ་བལྟས་ན་ཨ་རི་རླུང་འཕྲིན་ཁང་གི་གསར་འགོད་པ་ཞིག་མིན་ནམ་བསམས་པ་ཞིག་འདུག དྲ་གྲོགས་ཚོས་ཚོད་དཔག་བྱས་ན་གསང་བའི་མི་སྣ་འདི་སུ་རེད་དམ། ་་ཧཧ ལྟད་མོ་འདུག་ད
བཙན་བྱོལ་སྒྲིག་འཛུགས་ཀྱི་སྤྱི་རྒྱུ་དེ་དག་ཨ་ཧྥི་རི་ཀའི་ཡུལ་གྱི་མ་ཧེ་ལྟ་བུ་ལ་དཔེར་བཞག་ན་སེང་གེ་དང་ཁྱི་སྤྱང་ཚོས་མགོ་ནས་བཟའ་མཁན་ཚོས་མགོ་དང་། རྐུབ་ནས་བཟའ་མཁན་ཚོས་རྐུབ་ནས་ཟས་དུས་་་་ཟ་འདྲེ་དེ་དག་གིས་ནང་འཛིང་རྒྱབ་དགོས་པ་ནི་རང་ལ་ཉུང་སོང་་་་གཞན་ལ་མང་སོང་ཟེར་ནས་འཛིངས་ཀྱི་ཡོད་རེད་དོ། ལྐོག་ཟ་རུལ་སུངས་ཚོའི་སྐྱག་ཁུ་ལྡག་མཁན་ཞིག་མིན་ན་གནད་དོན་འདི་དག་གི་ཐོག་ཏུ་དྲང་ཚུགས་འཛིན་ནས་བོད་མི་དམངས་ཀྱི་སྤྱི་རྒྱུར་བཟའ་མཁན་ཚོ་ལ་དགག་ཚིག་འཕེན་དགོས་ངེས་རེད།
རྩོམ་ཡིག་དེའི་ནང་དུ་སྲོང་བཙན་ཞེས་པའི་མིང་འོག་ནས་སྐད་ཆ་རྫབ་ཆེན་དེ་འདྲ་བཤད་འདུག་ག ཁ་བརྡ་ཚང་གིས་འགན་ཁུར་ནས་སྲོང་བཙན་མིང་འོག་ཏུ་གབ་ཡོད་པའི་མི་དེར་ངོ་ཤེས་དགོས་ངེས་རེད། མ་གཏོགས་གྱོད་ཆེན་པོ་བཙུགས་འདུག་ག ཕོ་ལ་ཚོད་མེད་ན་འབྲོང་ལ་མདའ་བརྒྱབ་མདོག་ཁ་པོ་མ་རེད་བ། སྲོང་བཙན་མིང་འོག་ཏུ་གབ་ཡོད་པའི་མི་དེས་ཁོ་རང་གི་བཤད་པའི་སྐད་ཆ་ལ་དཔང་རྟགས་སྟོན་ཐུབ་ན་བུ་རྒོད་ཤིག་ལ་བརྩི་ཆོག་པ་འདུག་ག
རྩོམ་པ་པོ་དང་ཁྲིམས་དཔོན་གཉིས་གཏན་ནས་ནོར་མི་ཉན། རྩོམ་པ་པོ་ཞིག་ལ་གྱོད་གཞི་འམ་སྙོན་འཛུགས་ཀྱི་རིགས་ལ་ཁྲིམས་བཅད་པའི་དབང་ཆ་དང་ནུས་པ་གཉིས་ཀ་མེད་པ་རེད་ལ། ཁྲིམས་དཔོན་ཞིག་གིས་རྩོམ་པ་པོའམ་གསར་འགོད་པའི་བྱེད་སྟངས་ལྟར་ཚོད་དཔག་དང་དོགས་སློང་དེ་ཙམ་མི་བྱེད། ཐམས་ཅད་བདེན་དཔག་ཚད་ལྡན་ཡོད་མེད་ལ་གཞིགས་ནས་ཐག་བཅད། དེས་ན་རྩོམ་པ་པོ་ཚོས་བྲིས་པ་རྣམས་བརྒྱ་༢༥ ཁུངས་སྐྱེལ་ཐུབ་མཁན་གྱི་རིགས་དང་། བརྒྱ་ཆ་༢༥ ཙམ་སོ་སོའི་རྣམ་དཔྱོད་ལ་བརྟེན་པའི་དཔྱད་བརྗོད། གཞན་བརྒྱ་ཆ་༥༠ ཉ་ཉུང་མཉམ་བསྲེ་ཡི་རིགས་རེད། རྩོམ་པ་པོ་དང་གསར་འགོད་པ་ཚོའི་དཔྱད་གླེང་རྣམས་སྐབས་རེ་ཁྲིམས་རྩོད་པ་ཚོས་བདེན་དཔང་གི་ཆེད་དུ་ཞིབ་ཕྲའི་ཞིབ་འཇུག་གི་རྒྱུ་ཆའི་ཁོངས་སུ་འཇོག་མཁན་ཡོད། བོད་པའི་སྤྱི་ཚོགས་ནང་མི་ཞིག་གིས་གཅིག་བྲིས་ཚེ་དེ་ལམ་སང་ཚད་འཛིན་དང་ཁུངས་ལུང་ཡོད་དགོས་ལུགས་དང་། ཡང་ན་རྩོམ་པ་པོ་ཞིག་ཁྲིམས་དཔོན་ཞིག་གི་ངོ་བོར་བསྒྱུར། དེ་ནི་ང་ཚོས་བསྐང་དགོས་པའི་ང་ཚོའི་སྟོང་ཆ་ཆེན་པོ་ཞིག་རེད། ད་རིང་”སྲོང་བཙན་” ལགས་ཀྱིས་ཚད་མཐོ་བའི་དོགས་སློང་ལེགས་པོ་ཞིག་བྱས་འདུག
ཆུ་ངོགས་གཏམ་རྒྱུད་དང་འདྲ་བོ་འདུག ལྟ་ཉན་བྲོ་ཀི མུ་མཐུད་ནས་ཡིན་དཱ། བཙན་བྱོལ་གྱི་ཆུ་ངོགས་གཏམ་རྒྱུད་ལ་དངོས་གནས་བྲོ་བ་ཡོད་ཀི་ཡ།
དཔའ་བོ་བརྒྱ་དང་བརྒྱད་འཇོག་དགོས་ན་སུ་སུ་རེད།
སྤྱི་ཚོགས་དཔྱད་བརྗོད་ཅིག་ཡིན་ཕྱིན་བདེན་དཔང་དང་ཁུངས། དཔང་རྟགས་དང་རྒྱབ་རྟེན་ཚད་མ་ཅིག་ཡོད་མིན་དགོས་པར་སྔོན་དཔག་དང་རིགས་འདེད་ཀྱི་ལམ་ནས་གསང་བ་མངོགས་ཤིང་དོགས་སློང་དང་དགག་སྒྲུབ་བྱས་ཏེ་ཁ་མི་གསལ་བའི་གནད་དོན་མང་པོ་ཞིག་གླེང་སློང་བྱེད་བཞིན་ཡོད། མཚམས་རེ་ཏག་ཏག་གནད་ཁེལ་ཞིང་ལུང་བསྟན་བཞིན་དུ་གྱུར་བའང་ཧ་ཅང་མང་།
རྒྱལ་སྤྱིའི་སྤྱི་ཚོགས་དཔྱད་བརྗོད་མང་པོ་ཞིག་འདི་བཞིན་སྔོན་དཔག་དང་རིགས་འདེད་བྱས་ཡོད་ལ། རྒྱ་ནག་གི་སྐོར་གྱི་དཔྱད་བརྗོད་མང་པོ་ཞིག་འདི་བཞིན་བྱས་ནས་དོགས་སློང་བྱེད་བཞིན་པ་ནི་ང་ཚོས་ཅུང་ཤེས་གསལ་ཡིན།
འོན་ཀྱང་བོད་ཀྱི་སྤྱི་ཚོགས་སུ་སྔོན་དཔག་དང་རིགས་འདེད་ལམ་ནས་དཔྱད་བརྗོད་ཅིག་བྲིས་ན་ཁུངས་དང་ལུང་ཁུར་ཤོག་ཅེས་ངར་ངར་བྱེད་པ་ནི་ཁྲོན་པའི་ནང་གི་སྦལ་བའི་རྣམ་ཐར་སྐྱོང་བ་ལས་གཞན་མིན་ནོ།།
བློ་སེང་ཐེངས་གཅིག་སྲིད་སྐྱོང་ལ་བདམས་ཐོན་བྱུང་པ་ནི། ཁོས་འུར་ཆེན་པོ་ཞིག་བརྒྱབས་ཡོད་ཙང་། བོད་མི་ཚོས་ཁོང་ལ་རེ་བ་ཆེན་པོ་བཅངས་པ་རེད། ཡིན་ནའི་ད་རེས་བོད་མི་ཚང་མ་ཁོང་ལ་ཐང་ཆད་ཡོད་པ་གསལ་ཐག་ཆོད་རེད།
ད་ཡིན་ན་ལྟད་མོ་འདུག བློ་སེང་གི་ཁང་པ་ཉོས་པའི་སྐོར་ལ་ཚོད་དཔག་འདྲ་མིན་སྣ་ཚོགས་བྱས་ནས་རྩོམ་ཡིག་སྤེལ་དང་སྤེལ་བཞིན་འདུག ཁ་ཤས་ཀྱིས་སྐུ་སྒེར་ནས་གནང་ཚུལ། ལ་ཤས་ཀྱིས་རྒྱ་རིགས་ཚོང་པ་དེས་རོགས་རམ་བྱས་ཚུལ། ཁ་ཅིག་གིས་ཁོ་བཟའ་ཟླ་གཉིས་ཀྱིས་ཉོས་ཚུལ་སོགས་འདྲ་མིན་དང་། དེ་དག་གི་རྒྱབ་ལྗོངས་རེ་རེ་ན་གྲོལ་མི་ཐུབ་པའི་གསང་བ་རེ་རེ་འདུག འདི་ལྟར་མུ་མཐུད་ནས་བགྲོ་གླེང་ལྷུག་པོར་གནང་ན་ས་ཟད་ནས་རྡོ་ལྷིང་ལ་འབུད་ཟེར་བ་བཞིན་གང་བདེན་པ་དང་གང་རྫུན་མ་དུས་ཚོད་སྔ་ཕྱི་མ་གཏོགས་གསལ་བོ་ཆགས་འགྲོ་ཀི་རེད། གཅིག་བྱས་ན་བོད་ཀྱི་མཐོ་རིམ་མི་སྣ་ཚོའི་ཁེ་སང་གི་ཆེད་དུ་ཉོག་དྲ་མི་སློང་བའི་ངེས་པ་གཏན་ནས་མེད། ང་ལ་མཚོན་ན་ལྟད་མོ་ལྟ་བ་ལས་ཆ་རྒྱུས་སྤུ་ཙམ་ཡང་མེད། དེ་བས་ལྟད་མོ་ད་སོ་མ་མགོ་ཚུགས་མ་ཐག་ཡིན་ས་རེད།
སྲོང་བཙན་ཟེར་བ་དེ་མི་ཡག་པོ་མི་འདུག་
གནད་དོན་འདི་ཆུང་ཆུང་རྩ་བ་ནས་རེདམི་འདུག འོན་ཀྱང་དཔྱད་བརྗོད་པ་དང་མཆན་འགོད་མཁན་མང་པོ་ཞིག་གིས་དབྱིན་མོ་འདིའི་རྒྱབ་ལ་སུ་ཡོད་མེད་དང་། མོའི་བསམ་བློའི་རྒྱབ་ལྗོངས་འདི་རང་དོན་ཡིད་བྱེད་དང་ལྷག་པའི་བསམ་པ་གང་ཞིག་གིས་ཀུན་ནས་བསླངས་ཡོད་མེད་སོགས་གནད་ལ་དེ་ཙམ་མི་འཁེལ་བའི་ཉག་ཉགོ་མང་པོ་ཞིག་བཤད་ནས། རྩ་བ་བོར་ནས་ཡལ་ཀ་འགྱུས་པའི་རྣམ་ཐར་ཙམ་ལྷུར་ལེན་བཞིན་པ་འདི་ང་ཚོའི་སྤྱི་ཚོགས་འདི་དང་ལྷག་པར་དུ་ཤེས་ཡོན་པའི་སྡེ་འདི་ད་དུང་ཚད་དམའ་དྲགས་པའི་རྟགས་རེད། སྤྱིར་ཡིན་ན་མོའི་དཔང་རྟགས་དེ་ཚོ་དངོས་ཡོད་ཚད་ཐུབ་ཡིན་མིན་དང་། གལ་སྲིད་རྒྱལ་རི་དང་བཀྲིས་མཐོང་སོགས་ཁོང་ཚོའི་པར་གྱི་རྙོག་གླེང་དེ་ཚོའི་ཁྲོད་སུ་ལ་ནོར་འཁྲུལ་ཡོད་མེད་དང་སུས་སྤྱི་པའི་ཆེད་དུ་ལྷག་བསམ་རྣམ་དག་དང་། ཡང་སུས་རང་དོན་ཁོག་བཅུག་གིས་སྤྱི་དོན་ཁ་ལ་ཁྱེར་ནས་རྩེ་མོ་རྩེད་གྱིན་ཡོད་མེད་སོགས་ལ་དཔྱད་པ་མཐིལ་ཕྱིན་བྱེད་རྒྱུ་ཧ་ཅང་གལ་ཆེ། གང་ཡིན་ཟེར་ན་མི་སྣ་འདི་ཚོ་ང་ཚོའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་རྐྱང་ཡིན་པ་དང་། གནད་དོན་འདི་ཚོ་ཡང་ང་ཚོའི་རྩ་དོན་དང་ཐད་ཀར་འབྲེལ་བསྡད་ཡོད་པ་རྐྱང་ཡིན་པས་གནད་དོན་འདི་ཚོ་གཙོར་བཟུང་གིས་ཕུ་ཐག་གཅོད་དགོས་པ་གནད་ཆེ། དེ་མིན་གཅིག་གཅིག་ལ་དགའ་མིན་སོགས་དེ་ཙམ་གལ་མི་ཆེ་སྙམ།
མང་པོ་ཤེས་མདོག་བྱས་འདུག།
ཤེས་པའི་དཔང་པོ་མི་འདུག།
སྡེབ་སྦྱོར་མེད་པ་མ་ཟད།།
བརྗོད་བྱ་མདང་ནུབ་རྨི་ལམ།།
ཁ་སང་ནམ་མཁའི་རྩོམ་དེས།།
ཁང་གསར་སྐད་ངན་ཤོར་འདུག།
དེ་རིང་སྲོང་བཙན་རྩོམ་གྱིས།།
བཙན་པོའི་མཚན་ཤས་ཆགས་འདུག།
མང་པོའི་མཚན་སྟོན་གནང་འདུག།
རྒྱུ་མཚན་གསུང་ཡག་མི་འདུག།
ཁ་ནས་གང་ཐོན་བཤད་དེ།།
སྲིད་སྐྱོང་ནག་པོ་བཟོས་འདུག།
མི་ཤེས་བསྟོད་པ་དེ་ལས།།
ཤེས་པས་སྨད་ན་དགའ་བ།།
གནའ་རབས་རྒད་པོའི་གཏམ་འདི།།
བདེན་པ་མིན་ན་ཅི་ཡིན།།
རྩོམ་ཡིག་འདི་ལ་གནས་ལུགས་གང་འཚམས་འདུག་བསམ་སོང་། བཀྲས་མཐོང་དང་བློ་སེང་བར་འགྲན་རྩོད་ཤུགས་ཆེར་བྱུང་ཡོད་པ་ཚང་མས་ཤེས་གསལ་རེད་ལ། རྒྱ་རི་ལ་མཚོན་ན་རྒྱ་རི་སྒྲོལ་མ་ཡང་དེའི་སྐབས་ཀྱི་སྲིད་སྐྱོང་འོས་བསྡུའི་ཁྲོད་བློ་སེང་གིས་ཕམ་ཉེས་བཏང་བའི་འོས་མི་ཞིག་རེད། དེའི་སྐབས་སུ་ང་ཚོ་མི་སྐོར་ཞིག་གིས་བླེ་སེང་ལ་རྒྱབ་སྐྱོར་གྱི་ཡིག་ཆ་ཞིག་སྤྱི་ཚོགས་ནང་བཀྲམ་པའི་རྐྱེན་གྱིས། རྒྱ་རི་སྒྲོལ་མས་ང་ཚོའི་སློབ་གྲྭའི་རོག་སྐྱོར་བཅད་པ་སོགས་མི་དགའ་བའི་རྣམ་འགྱུར་ཡང་གང་འཚམས་ཞིག་སྟན་མྱོང་། ཁོ་ཚོས་མགོ་སེར་མ་ཞིག་མདུན་ལ་ཐོན་བཅུག་དོན་ཡང་བོད་པ་མང་པོ་ཞིག་གི་རང་གཤིས་ལ་བོད་པ་རང་ཉིད་ཀྱིས་བཤད་པ་ལས་མགོ་སེར་ཞིག་གིས་བཤད་ན་བདེན་པར་འཛིན་པའི་གཤིས་ཀ་ཞིག་ཡོད་པས་གོ་སྐབས་དེ་བེད་སྤྱོད་བྱས་པ་རེད་སྙམ།
ང་རང་གི་བསམ་ཚུལ་བྱས་ན། གནས་ཚུལ་འདིའི་རྒྱབ་ལོགས་ན་སུ་ཡོད་མིན་དེ་དེ་ཙམ་གཙོ་བོ་མ་རེད་སྙམ། གཙོ་བོ་ནི་སྲིད་སྐྱོང་ལ་བཞེངས་པའི་འོས་མི་དེར་གནས་ཚུལ་དེ་འདྲ་ཞིག་ཡོད་མེད་དེ་རེད། རྒྱབ་ལོགས་ན་སུ་ཡོད་ཀྱང་དེར་སྐྱོན་གང་ཡང་མི་འདུག གལ་ཏེ་རྒྱབ་ལོགས་ཀྱི་མིས་བློ་སེང་ལ་སྐྱོན་གང་ཡང་མེད་བཞིན་དུ་དཀྲོགས་གཏམ་དང་བདེན་རྫུན་གོ་ལྡོག་བྱས་ཏེ་སྐྱོན་འཛུགས་བྱས་ན་རྒྱབ་ལོགས་ཀྱི་མི་དེའི་ཀུན་སློང་ལ་རྟོག་ཞིབ་བྱས་ཆོག་གི་རེད། དེ་མིན་བདེན་པ་ཁུངས་འཕེར་ཞིག་ལ་རྒྱབ་ལོགས་ན་སུ་ཡོད་མེད་རྩོད་པ་ནི་རྐུན་མ་མིག་མདུན་དུ་བཞག་ནས་རྐུན་མ་རྩིས་སྤྲོད་མཁན་དེ་ཅིག་རེད་མདོག་མདོག་བྱེད་པ་ལྟ་བུ་རེད་ལ། གནས་ཚུལ་དང་གནས་ལུགས་ཁ་བསྒྱུར་ཏེ་ཆབ་སྲིད་ཀྱི་རྙོག་གླེང་དང་རྩེད་མོའི་ནང་ཁྲིད་པ་ཙམ་རེད། དོན་དངོས་ཐོག་ང་ཚོས་ཨ་རིའི་སྐྱེས་དམན་རྩོམ་པ་པོ་དེས་བདེན་དཔང་དང་ཁུངས་སྐྱེལ་གྱི་དངོས་ཡོད་དེ་ཚོ་གཞི་ལ་བཞག་ནས་གླེང་རྒྱུ་ལས་གཞི་མེད་ཚོད་དཔག་སྣ་ཚོགས་བྱས་ན་སླེབས་ས་གང་ལའང་སླེབས་ཀྱི་མེད་པར། དེ་ལས་ལྡོག་སྟེ་གནས་ཚུལ་ལ་ཡོལ་བ་ཞིག་གིས་བསྒྲིབ་ནས་མུ་མཐུད་མགོ་ཐོམ་དང་གླེང་ལྷག་གིས་སྤྲིན་པ་བསྐོར་ཏེ་སྤྱི་ཚོགས་ལ་བརྡབ་གསིག་བཟོ་བ་ལས་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་ཐོནགྱི་མ་རེད་སྙམ།
ལུང་རྟོགས་ལགས། བློ་སེང་གིས་ག་རེ་བྱས་ནས་རྒྱ་རི་དང་བཀྲིས་མཐོང་བློ་བཟང་སྙན་གྲགས་སོགས་ཟུར་ཕུད་བྱེད་དགོས་རེད། ཁོང་ཚོ་ང་ཚོའི་སྤྱི་ཚོགས་ནང་གི་མི་བྱས་པ་ཅན་རྐྱང་མ་རེད་པཱེ། དོན་དངོས་ཁོང་ཚོས་བོད་དང་བོད་ཀྱི་ལས་དོན་ལ་འགོག་རྐྱེན་བཟོ་གི་ཡོད་རེད་པཱེ། ངས་བསམ་ན་ཁོང་རྣམ་པ་ང་ཚོའི་འཐབ་རྩོད་ལ་གསོན་ཤུགས་བསྐྲུན་མཁན་རྐྱང་རེད་དྲན་གི་ཡོད། ཡིན་ནའང་ཁྱེད་རྣམ་པ་ལ་དངོས་གནས་ཁོང་རྣམ་པའི་གཞུང་དང་མི་རིགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་ཤེས་རྟོགས་ཡོད་པཱེ། ཡང་མིན་ན་སྲིད་སྐྱོང་སྒེར་གྱི་སྣང་བ་འགྲོ་མིན་ཙམ་དང་། རང་སྣང་གང་དྲན་གྱིས་ལས་དོན་བྱེད་པ་ལ་འགོག་རྐྱེན་ཆགས་པ་རེད། དེ་ཙམ་ཡིན་ན་ནི་ཆབ་མི་སྣ་གནག་སེམས་ཆེ་ཤོས་ཚོས་ལས་དོན་བྱེད་སྟངས་ཡིན་པས་ང་ཚོས་ཁོང་ལ་བསྐྱར་དུ་གོ་སྐབས་རྩ་བ་ནས་སྤྲོད་མི་རུང་། གང་ལྟར་་འདི་ལ་ཞིབ་འཇུག་གཏིང་ཟབ་བྱེད་གལ་ཆེ།
ལུང་རྟོགས་ལགས། བློ་སེང་གིས་ག་རེ་བྱས་ནས་རྒྱ་རི་དང་བཀྲིས་མཐོང་བློ་བཟང་སྙན་གྲགས་སོགས་ཟུར་ཕུད་བྱེད་དགོས་རེད། ཁོང་ཚོ་ང་ཚོའི་སྤྱི་ཚོགས་ནང་གི་མི་བྱས་པ་ཅན་རྐྱང་མ་རེད་པཱེ། དོན་དངོས་ཁོང་ཚོས་བོད་དང་བོད་ཀྱི་ལས་དོན་ལ་འགོག་རྐྱེན་བཟོ་གིགནད་དོན་འདི་ཆུང་ཆུང་རྩ་བ་ནས་རེདམི་འདུག འོན་ཀྱང་དཔྱད་བརྗོད་པ་དང་མཆན་འགོད་མཁན་མང་པོ་ཞིག་གིས་དབྱིན་མོ་འདིའི་རྒྱབ་ལ་སུ་ཡོད་མེད་དང་། མོའི་བསམ་བློའི་རྒྱབ་ལྗོངས་འདི་རང་དོན་ཡིད་བྱེད་དང་ལྷག་པའི་བསམ་པ་གང་ཞིག་གིས་ཀུན་ནས་བསླངས་ཡོད་མེད་སོགས་གནད་ལ་དེ་ཙམ་མི་འཁེལ་བའི་ཉག་ཉགོ་མང་པོ་ཞིག་བཤད་ནས། རྩ་བ་བོར་ནས་ཡལ་ཀ་འགྱུས་པའི་རྣམ་ཐར་ཙམ་ལྷུར་ལེན་བཞིན་པ་འདི་ང་ཚོའི་སྤྱི་ཚོགས་འདི་དང་ལྷག་པར་དུ་ཤེས་ཡོན་པའི་སྡེ་འདི་ད་དུང་ཚད་དམའ་དྲགས་པའི་རྟགས་རེད། སྤྱིར་ཡིན་ན་མོའི་དཔང་རྟགས་དེ་ཚོ་དངོས་ཡོད་ཚད་ཐུབ་ཡིན་མིན་དང་། གལ་སྲིད་རྒྱལ་རི་དང་བཀྲིས་མཐོང་སོགས་ཁོང་ཚོའི་པར་གྱི་རྙོག་གླེང་དེ་ཚོའི་ཁྲོད་སུ་ལ་ནོར་འཁྲུལ་ཡོད་མེད་དང་སུས་སྤྱི་པའི་ཆེད་དུ་ལྷག་བསམ་རྣམ་དག་དང་། ཡང་སུས་རང་དོན་ཁོག་བཅུག་གིས་སྤྱི་དོན་ཁ་ལ་ཁྱེར་ནས་རྩེ་མོ་རྩེད་གྱིན་ཡོད་མེད་སོགས་ལ་དཔྱད་པ་མཐིལ་ཕྱིན་བྱེད་རྒྱུ་ཧ་ཅང་གལ་ཆེ། གང་ཡིན་ཟེར་ན་མི་སྣ་འདི་ཚོ་ང་ཚོའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་རྐྱང་ཡིན་པ་དང་། གནད་དོན་འདི་ཚོ་ཡང་ང་ཚོའི་རྩ་དོན་དང་ཐད་ཀར་འབྲེལ་བསྡད་ཡོད་པ་རྐྱང་ཡིན་པས་གནད་དོན་འདི་ཚོ་གཙོར་བཟུང་གིས་ཕུ་ཐག་གཅོད་དགོས་པ་གནད་ཆེ། དེ་མིན་གཅིག་གཅིག་ལ་དགའ་མིན་སོགས་དེ་ཙམ་གལ་མི་ཆེ་སྙམ།་ཡོད་རེད་པཱེ། ངས་བསམ་ན་ཁོང་རྣམ་པ་ང་ཚོའི་འཐབ་རྩོད་ལ་གསོན་ཤུགས་བསྐྲུན་མཁན་རྐྱང་རེད་དྲན་གི་ཡོད། ཡིན་ནའང་ཁྱེད་རྣམ་པ་ལ་དངོས་གནས་ཁོང་རྣམ་པའི་གཞུང་དང་མི་རིགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་ཤེས་རྟོགས་ཡོད་པཱེ། ཡང་མིན་ན་སྲིད་སྐྱོང་སྒེར་གྱི་སྣང་བ་འགྲོ་མིན་ཙམ་དང་། རང་སྣང་གང་དྲན་གྱིས་ལས་དོན་བྱེད་པ་ལ་འགོག་རྐྱེན་ཆགས་པ་རེད། དེ་ཙམ་ཡིན་ན་ནི་ཆབ་མི་སྣ་གནག་སེམས་ཆེ་ཤོས་ཚོས་ལས་དོན་བྱེད་སྟངས་ཡིན་པས་ང་ཚོས་ཁོང་ལ་བསྐྱར་དུ་གོ་སྐབས་རྩ་བ་ནས་སྤྲོད་མི་རུང་། གང་ལྟར་་འདི་ལ་ཞིབ་འཇུག་གཏིང་ཟབ་བྱེད་གལ་ཆེ།
སྲོང་བཙན་ནས་དངོས་ཡོད་གནས་ཚུན་ཕྱོགས་ཞེན་མེད་པའི་ཐོག་ནས་ཡག་པོ་འདུག་་་་་དགའ་བསུ་ཞུ།
བཤད་མི་ཉན་པའི་སྐད་ཆ།
ཞིབ་འཇུག་མ་བྱས་པའི་སྐད་ཆ་དང་། གནས་ལུགས་དང་མི་མཐུན་པའི་སྐད་ཆ། ཆགས་སྡང་གིས་བསླད་པའི་སྐད་ཆ་གསུམ་ནི། མི་རང་རང་གི་མི་གཞི་དང་མདུན་ལམ་ལ་གཏོར་བརླགས་གཏོང་བྱེད་ཀྱི་སྐད་ཆ་ཡིན་པས་ནམ་ཡིན་ཡང་གཟབ་དགོས་སོ།།
ཡ་མ་ལགས། བློ་སེང་གིས་ཁོང་ཚོ་ཟུར་ཕུད་བཏང་བ་མ་རེད། ཁོང་ཚོས་བློ་སེང་དང་མཉམ་ལས་བྱེད་འདོད་མེད་པར་ཟུར་དུ་ཐོན་སོང་བ་རེད། ཐོན་དགོས་པའི་རྒྱུ་མཚན་ཡང་ངས་གོང་དུ་བཤད་པ་དེ་དག་དང་རྩོམ་པ་པོས་གསུངས་པ་དེ་དག་རེད། སྐུ་དྲག་ཚོས་བོད་དོན་ལ་བྱེད་རྗེས་བཞག་མྱོང་བ་བདེན་པ་རེད་དེ། ཁོ་ཚོ་སྒེར་གྱི་ཁེ་ཕན་ཡང་ག་དུས་ཡིན་ན་དམ་འཛིན་བྱས་ཡོད་པ་རེད། བློ་བཟང་སེང་གེ་སྲིད་སྐྱོང་ལ་སླེབས་པ་དེས་བཙན་བྱོལ་སྲིད་གཞུང་སྐུ་དྲག་གིས་དབང་བསྒྱུར་བར་རྫོགས་ཚིག་བྲིས་ཡོད་པས་ཁོང་ཚོ་བློ་མི་བདེ་བ་ལ་རྒྱུ་མཚན་མེད་པ་མ་རེད། དབྱིན་མོ་དེས་ཁུང་ལུང་དེ་ཙམ་མེད་པའི་ཉ་ཉོག་མང་པོ་ཞིག་བྲིས་ནས་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་དུས། ང་ཚོས་ཀྱང་མོའི་བསམ་བློའི་རྒྱབ་ལྗོངས་ཅི་ཞིག་ཡིན་པ་དང་མོའི་རྒྱབ་ལ་སུ་ཞིག་གི་གྲིབ་གཟུགས་ཡོད་མེད་རྟག་དཔྱད་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་སྙམ།
སྲོང་བཙན་ཟེར་བའི་མི་དེའི་མིང་ངོ་མ་ལ་བསོད་ནམས་ཟླ་བ་ཟེར་ཞིང་། སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་གྲྭ་པ་ཞིག་རེད། རྩོམ་འདི་ནི་ཁོ་པའི་དྲྭ་ཚིགས་《སྲོང་བཙན་དྲྭ་བ་》ཞེས་པ་དེའི་ཐོག་བཀོད་ཡོད་པས་དྲྭ་ཐག་འདིར་གཟིགས། ཁུངས་མེད་ཀྱི་གཏམ་འཆལ་སྤེལ་ངག་འཁྱལ་གྱི་སྡིག་ལས་བསོག་རྒྱུ་དེ་རབ་ཏུ་བྱུང་བའི་མིང་ཅན་ཞིག་གི་ལས་ཀ་ཡིན་མིན་ཀློག་པ་པོ་སོ་སོས་དགོངས་བཞེས་མཛད་རོགས་ཞུ།
ངོ་དེབ་ནང་ཁོ་པའི་མིང་ལ་ Tehor Sonam ཅེས་བཀོད་ཡོད་ཅིང་། གོང་གི་རྩོམ་ཡིག་དེའི་ཐོག་མར་བྱུང་སའི་དྲྭ་ཚིགས་སུ་《དྲྭ་བདག་》ཞེས་པ་དེར་འཚོལ་ན་མི་ངོ་ཆོད་ཐུབ།
དྲྭ་ཚིགས་ནི། http://tehorsonam.blogspot.in/2015/08/blog-post_25.html?m=1
ཨ་མ་འོ། དགེ་འདུན་པ་དེས་གཟིགས་རྒྱུ་མི་ཕྱག་དཔེ་མི་གཟིགས་པར། མི་གནང་རྒྱུ་རྐྱང་གནང་གི་ཡོད་པ་འདྲ། ཉིན་མཚན་གཉིས་ལ་དེ་ལྟ་བུའི་ཐོག་སྒོམ་བསྐྱོན་ནས་བཞུགས་ཡོད་པ་འདྲ། ད་སངས་རྒྱས་ཀྱི་བསྟན་པ་མི་སྐྱ་ཚོས་ཟིན་ན་མ་གཏོགས། སེར་མོ་བ་ཚོས་དཀའ་སེ་ཡོད་པ་འདྲ།
སྲོང་བཙན་མུ་མཐུད་ནས་དོན་ཤོག་ཨ།
ཨ་ཁ་ད་ཡིན་ན་སེ་ར་ནས་ཡིན་ན་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་ཞིག་ནས་རེད། ཨ་རིའི་བུད་མེད་དེ་ཡང་ཨ་རིའི་ཤེས་ཡོན་པའི་སྡེ་ཁག་ཞིག་ནས་རེད། ཨ་རི་དང་བོད་གཉིས་ཀའི་ཤེས་ཡོན་པའི་སྡེ་ཁག་གཉིས་ཀའི་དཔྱད་རྩོམ་འབྲི་སྟངས་ལ་བལྟས་ན་འདོད། ཨ་རིའི་བུད་མེད་དེའི་སྐལ་རྡོར་ལ་ལན་བཏབ་པའི་རྩོམ་ཡིག་དེའི་ནང་དུ་དོན་ཚན་ལྔ་བཤད་ཡོད། དོན་ཚན་ལྔ་བོ་རེ་རེ་བཞིན་རྒྱབ་རྟེན་དྲང་ཡོད། དཔེར་ན་བློ་སང་གི་ཁང་པ་ཉོས་པའི་སྐོར་ལ་མཚོན་ན་ཁང་བ་ག་དུས་ཉོས་མིན་དང་ཁང་བའི་རིན་འབབ་ཆ་ཚང་ག་དུས་སྤྲད་མིན་སོགས་ཁང་ཡིག་བཀོད་ཡོད། དེ་ལྟར་དོན་ཚན་རེ་རེ་བཞིན་རྒྱབ་བརྟེན་ཡིག་ཆ་དྲང་ནས་བཤད་འདུག
འོན་ཀྱང་གོང་གི་སེ་ར་རྩོམ་ཡིག་འདི་ལ་དཔང་རྟགས་གཅིག་ཀྱང་མི་འདུག ཁོང་གི་རྣམ་རྟོག་ཤོག་ངོས་སུ་བཀོད་པ་ལྟ་བུ་ཞིག་རེད། འོན་ཀྱང་རྩོམ་པ་པོས་༼རྒྱ་ནག་གི་སྐོར་གྱི་དཔྱད་བརྗོད་མང་པོ་ཞིག་འདི་བཞིན་བྱས་ནས་དོགས་སློང་བྱེད་བཞིན་པ་ནི་ང་ཚོས་ཅུང་ཤེས་གསལ་ཡིན།༽ ཟེར་ནས་ཁ་གསལ་བོ་བཤད་འདུག རྒྱ་ནག་གིས་དཔྱད་བརྗོད་པ་མང་པོས་བོད་ཀྱི་གནད་དོན་ལ་དོགས་སློང་བྱེད་དུས་འདི་ལྟར་བྱས་ནས་དཀྲུགས་བཞིན་པ་རེད། འདི་ང་ཚོས་ཤེས་དགོས་པ་ཞིག་རེད། བོད་པའི་ཁོག་ན་རྒྱ་ནག་གི་གློག་རྫས་བཞག་ཡོད་པ་མང་པོ་ཡོད་པ་བདེན།།
སྲོང་བཙན་གྱིས་སྤྱིར་བཏང་དཔྱད་པ་དང་རིགས་པ་ཡག་པོ་བཏང་འདུག ཡིན་ཀྱང་དྲི་བ་ཁ་ཤས་ཤིག་ལན་འདེབས་ཐུབ་མིན་འདུག དང་པོ་རྒྱ་རི་བློ་སེང་གཉིས་འཆམ་གྱི་མེད་ན་རྒྱ་རི་སྒྲོལ་མ་བཀའ་བློན་དུ་བློ་སེང་གིས་འདེམས་པ་དེ་ཡང་སྙིང་རྒྱུ་མཚན་ག་རེ་ཡིན་ནམ། གཉིས་པ་མོ་རི་ཡ་བུད་མེད་དེས་ཁུངས་སྐྱེལ་དཔང་རྟགས་དང་བཅས་ཏེ་ཨུ་དཀར་གྱིས་རྫུན་གཏམ་གསལ་འདོན་བྱས་པར་ད་བར་ཨུ་དཀར་དང་བློ་སེང་གི་ཕྱོགས་ནས་ལན་འདེབས་ཅི་མེད་པ་དེ་ག་རེ་ཡིན་ནམ། གསུམ་པ་ཉེ་བའི་ཆར་རྒྱ་རི་མཐོང་ཐོས་མེད་པར་ཨེ་ཤི་ཡས་ཡུལ་ལུང་གང་ས་ཞིག་ན་གནས་དགོས་པ་དེས་རྒྱུ་མཚན་ཁྱེད་ཀྱིས་ཤེས་སམ། མ་ཤེས་ན་སྐུ་སྒེར་གྱི་ལས་སྣེ་རེ་གཉིས་ལ་དྲིས་དང་གསང་བ་ཆེན་པོ་ཞིག་ཡོད་བཟོ་འདུག འོན་ཀྱང་ང་ཚོའི་སྤྱི་ཚོགས་དེ་ངོ་ཚ་སྨིན་པས་དབང་གིས་སྐྱོན་དང་སྤྱོད་ངན་གང་ཐུབ་སྦས་གཡོལ་གྱི་གཤིས་སྤྱོད་ཞིག་ཡོད།
ང་རང་ལ་མཚོན་ན། བོད་ཀྱི་འདས་མ་ད་གསུམ་ཐད་རྒྱ་ཡིག་ནང་ལན་་རྒྱག་ཡ་རྟག་ཏུ་ཡོང་བཞིན་པ་ཞིག་ཡིན། གནད་དོན་འདི་དག་ལ་ངེས་པར་དུ་རྒྱུས་ལོན་བྱེད་དགོས་ཀྱི་འདུག དངོས་དོན་མ་ཡིན་པ་གླེང་ཐབས་ཡོད་པ་མ་རེད་ལ། དངོས་དོན་དག་འགེབས་ཐབས་ཀྱང་ཡོད་པ་མ་རེད། དེ་བས། དྲི་བ་ཁ་ཤས་འདུག ༡ ནུབ་མོ་རྩོམ་པ་པོ་དེའི་རྩོམ་ཡིག་གི་རྒྱབ་རྟེན་དུ་དྲངས་པའི་སྒྲུབ་བྱེད་ཀྱི་འབྲེལ་ཐག་ཁག་བོད་སྐད་རེད། བརྙན་ཐག་དེ་དག་ནང་ཐོན་པའི་བོད་པ་དེ་ཚོའང་ཨ་རི་ན་བཞུགས་མཁན་ཡིན་བཟོ་འདུག་པས། དེ་དག་རེ་རེ་བཞིན་ངོ་ཤེས་མཁན་ཡོད་དམ། ༢ མི་རེ་གཉིས་ཤིག་གིས་བརྙན་ཐག་ནང་ཐོན་མཁན་དེ་དག་མཁས་དབང་ཟམ་གདོང་རིན་པོ་ཆེ་ལགས་ནེའུ་ཡོག་ནང་ཆིབས་བསྒྱུར་གནང་བར་བསྟུན་ནས་འགོ་འཛུགས་བྱས་པའི༼དབུ་མའི་ལམ་གཞོན་ནུ་ཚོགས་པ༽ཟེར་བ་དེར་འབྲེལ་བ་འདུག་ཟེར་བ་བདེན་པ་རེད་དམ།
བཀུར་འོས་བསྟན་འཛིན་སྟོབས་ལྡན་ལགས་སུ།
སྐུ་ཉིད་ལ་བཀའ་དྲིན་ཆེ་ཞུ། ངེད་ཀྱི་མིང་དང་ངོ་དེབ། སྒེར་གྱི་དྲ་ཚིགས་དང་བཅས་པ་ངོ་སྤྲོད་གནང་འདུག རིན་མི་དགོས་པར་མཚམས་སྦྱོར་བྱེད་མཁན་ནི་དེ་སྐབས་དཀོན་ཙམ་གདའ་བས་འདི་ནི་ངེད་ལ་མཚོན་ན་མགོ་མི་འགུལ་ལྷ་བབ་པ་རང་ཡིན།
སྒེར་གཉེར་དྲ་ཚིགས་ནས་རྩོམ་ཡིག་ཁག་ངོ་དེབ་དུ་བརྒྱུད་འགོད་བྱེད་བཞིན་པའང་དྲ་ཚིགས་ལ་དོ་སྣང་ཡོང་ཆེད་རང་ཡིན་པས་ངས་བསམ་པ་བཞིན་སྐུ་ཉིད་ནས་ལག་སྟར་གནང་བ་ནི་དགའ་འོས་པ་ཞིག་ལོས་ཡིན།
ཁྱེད་དང་ཁྱེད་འདྲ་བ་ཚོའི་བྱེད་ལུགས་དེ་དག་ལ་བལྟས་ནས་ང་ཚོ་བོད་ཀྱི་སྤྱི་ཚོགས་ན་ལྟ་བ་སྣ་ཚོགས་ཅན་དང་བསམ་ཚུལ་སྣ་མང་ཅན། གང་ལའང་དོགས་སློང་དང་ཅི་ལའང་བསམ་ཚུལ་བསྟན་ཆོག་པའི་ཁོར་ཡུག་ཅིག་གཏན་ནས་མེད་པར་སྐད་བཙིར་ནས་དབུགས་དགག་གཏོང་རྒྱུ་ངན་ལོབས་སུ་སོང་འདུག་པ་ནི་ཤིན་ཏུ་གསལ།
སྔོན་དཔག་དང་རིགས་འདེད་བྱས་ནས་རྩོམ་ཡིག་འབྲི་མི་ཆོག་ཟེར་ན་དེ་སྔ་ཀླུ་མཁར་བྱམས་དང་ཁང་གསར་རྡོ་རྗེ་སོགས་ཀྱིས་བཙན་བྱོལ་དེ་ཁྱིམ་ཚང་གསུམ་གྱི་ལག་འོག་ཡོད་ཚུལ་དང་སྐུ་དྲག་བར་གྱི་འཐབ་རྩོད་སོགས་སྐད་དུ་གྲགས་པའི་རྩོམ་ཡིག་དེ་དག་བྲིས་མྱོང་ཞིང་།
དེ་རིང་ཁ་སང་དུས་བབ་སོགས་ཀྱི་དྲ་ངོས་ན་ཕྱི་མིས་བྲིས་པའི་རྒྱ་ནག་ནང་འཁྲུགས་སྐོར་གྱི་རྩོམ་ཡིག་དེ་དག་དགའ་ལྷང་ལྷང་དང་མིག་རིག་རིག་གིས་ལྟ་བཞིན་པ་དེ་ཚོ་ཡང་སྔོན་དཔག་དང་རིགས་འདེད་ཙམ་ལས་ཁུངས་ཡོད་མིན་རྩོམ་ཡིག་ཞིབ་ཀློག་བྱོས་དང་ཤེས་གསལ་རེད། ཁྱེད་ཚོས་རྒྱ་ནག་ལ་འདི་ལྟར་འབྲི་ཆོག་བོད་ལ་འདི་ལྟར་ནམ་ཡང་འབྲི་མི་ཆོག་ཟེར་བ་ཨེ་ཡིན།
གང་ལྟར་ཁྱེད་ཀྱིས་ངའི་མིང་དང་ལོ་ཕ་མ་སོགས་ཀྱི་ལོ་རྟགས་བགྲང་རུང་དགའ་བསུ་ཞུ་བ་ལས་འོས་མེད་དེ་རང་ཉིད་དང་རང་གི་དྲ་བ་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག མདང་ནུབ་ནས་ད་བར་ཀློག་མཁན2055 སླེབས་འདུག་ལ་ཞོར་དུ་ངེད་ཀྱི་རྩོམ་ཡིག་གཞན་གྱི་ཀློག་གྲངས་ཡང་ཧ་ཅང་འཕར་འདུག འདི་ནི་ངེད་ལ་མཚོན་ལོ་འགའ་ནང་ཆེས་ཀློག་མཁན་མང་ཤོས་སུ་གྱུར་ཡོད་པས་ཁྱེད་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།
བཙན་བྱོལ་ནང་གི་བབ་བརླིང་བརྟན་གསུམ་ཅན་གྱི་རྩོལ་པ་པོ་ལྷ་སྡེ་གནམ་ལོ་ཡག་སྐུ་ཉིད་ཀྱིས་དོགས་སློང་གཞན་ཞིག་གནང་བར་བཀའ་དྲིན་ཆེ་ཞུ། གུས་པས་དེ་སྔ་ནས་སྐུ་ཉིད་ཀྱི་བསྒྱུར་རྩོམ་ཁག་བལྟས་མྱོང་ལ་བོད་དོན་བསྐྱར་ཞུ་ཟེར་བ་དེ་ལན་དུ་མར་བལྟས་མྱོང་།
སྐུ་ཞབས་གནམ་ལོ་ཡག་དང་སྲོང་བཙན་གྱི་དོགས་སློང་བྱེད་སྟངས་ལྟར་བྱས་ན་བཀྲས་མཐོང་དང་རྒྱ་རི་ཙམ་མ་ཟད། བློ་སེང་ལ་མི་དགའ་མཁན་དང་དགག་པ་སྐྱོན་མཁན་ཚོགས་སྒེར་མང་པོར་དོགས་སློང་བྱེད་ཆོག་པ་ཞིག་རེད། དོགས་སློང་བྱེད་སྟངས་དེ་དག་རྒྱ་གར་གྱི་ཨ་ཆི་ཏ་ཡི་གསར་འགྱུར་བཤད་སྟངས་དང་ཧ་ཅང་འདྲ་བོ་འདུག རྒྱ་གར་ནང་ཨ་ཆི་ཏ་གསར་ཁང་ལ་མཚང་མིང་ཞིག་ཡོད་རེད། དེར་གསར་འགྱུར་གླེན་པ་ཟེར་གི་རེད། གཙོ་བོ་ནི་རྣམ་རྟོག་གི་སྤྲོས་བ་ཁོ་ན་བདེན་དོན་དུ་འཛིན་པ་རེད། ཡིན་ཡང་འཛམ་གླིང་སྟེང་གི་གསར་འགྱུར་དང་ཤེས་རིག་གི་བགྲོ་གླེང་ནང་གལ་ཆེ་ཆོས་ནི་བདེན་དབང་ཡོད་པའི་ར་སྤྲོད་རེད། ཞིབ་འཇུག་གི་གནས་ཚད་ལ་སླེབས་པའི་ཤེས་ཡོན་ཅན་ཞིག་ཡིན་ན་དཔྱད་གཏམ་ནང་གི་གལ་ཆེ་ཤོས་ནི་fact རེད། ཤེས་ཡོན་ཅན་གྱི་མིས་སྤྱིར་བཏང་གི་མི་ལས་བརྒལ་ནས་fact ལ་གཞི་བཅོལ་རྒྱུ་ལས་སུ་གང་གི་བཤད་པ་དང་བྲིས་པ་ལ་ཉན་རྒྱུ་མ་རེད། ཨ་རིའི་རྩོམ་པ་པོས་མཐོང་རྒྱུ་ཡོད་པའི་བདེན་དབང་གི་ར་སྤྲོད་ལ་བརྟེན་ནས་དྲི་རྟགས་བཀོད་ཡོད་རེད། འདི་དག་མཐོང་རྒྱུ་ཡོད་པའི་བདེན་པ་རེད། བདེན་པ་འདིའི་ལན་ཅི་འདྲ་ཞིག་ཡིན་པ་བློ་བཟང་སེང་གེས་མ་གཏོགས་སུ་གཅིག་གིས་ཀྱང་རྒྱག་ཐུབ་ཀྱི་མ་རེད། སྲོང་བཙན་གྱི་རྩོམ་ཡིག་དེས་གནད་དོན་དེའི་ངོ་བོ་བཀབ་ནས་རྣམ་རྟོག་གི་སྤྲོས་བ་ཁོ་ན་བཟུང་སྟེ་མི་དབར་ལ་དཀྲུགས་ཤིང་རྒྱག་པའི་བྱ་སྤྱོད་ཅིག་རེད། རྩོམ་ཡིག་འདིའི་ནང་ལ་ར་སྤྲོད་ཀྱི་བདེན་པ་གཅིག་ཀྱང་མི་འདུག མི་ཞིག་གིས་ཁྱེད་རང་ལ་བདེན་དབང་ག་རེ་ཡོད་ཁུར་ཤོག་ལབ་ནས་ག་རེ་སྤྲོད་རྒྱུ་ཡིན་ནམ། རྩོམ་ཡིག་ཅིག་བྲིས་ན་རྩོམ་ཡིག་དེར་སྒྲུབ་ཕྱོགས་ཀྱི་ནུས་པ་གང་འཚམ་དགོས་ཀྱི་ཡོད་རེད། ཕར་དེད་ན་རྩོམ་ཡིག་འདིར་སྒྲུབ་ཕྱོགས་ཀྱི་ནུས་པ་གང་ཡང་མི་འདུག
ཨ་རིའི་བུད་མེད་དེས་བདེན་དཔང་ཅི་དང་ཅི་ཞིག་སྟན་ཡོད་མེད་ཁ་གསལ་ཞིག་འདིར་འགོད་རྒྱུ་ངའི་རེ་བ་ཡིན། དེ་ནས་བདེན་དཔང་དེ་དག་ཅི་འདྲ་ཡིན་མིན་ལྟ་ཆོག་གི་རེད། དེ་མིན་ང་དང་ང་ལྟ་བུའི་དབྱིན་ཡིག་གི་གནས་ཚད་སྐྱོ་བའི་མི་ཚོས་ཤེས་རྒྱུ་ཁག་པོ་འདུག རབ་བྱུང་ན་བསྟན་རྣམ་ལགས་ནས་འདིར་གསལ་ཁ་ཞིག་བཀོད་རྒྱུའི་རེ་བ་བྱེད་ཀྱི་ཡོད།
དུས་བབ་ནང་དུ་བཏགས་པའི་སྐལ་བཟང་རྣམ་རྒྱལ་གྱི་མཆན་ཡིག སྲོང་བཙན་གྱི་རྩོམ་ཡིག་འདིའི་ནང་གནད་ཡོད་བཀའ་ཟུར་གསུམ་གྱི་མིང་འདོན་བྱས་ནས་ཁོང་ཚོ་གསུམ་གྱིས་མུརཱམོནེཧན་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་རེད་ཟེར། དེ་འདྲ་ཡིན་ན་ཁང་པ་ཉོ་བྱེད་ཀྱི་དཔལ་འབྱོར་ཡོང་ཁུངས་ཀྱི་གནས་ཚུལ་མང་པོ་ཞིག་ཁོང་ཚོ་གསུམ་གྱིས་ཤེས་ཀྱི་ཡོད་པ་རེད། བཀའ་ཟུར་གསུམ་པོས་ཁང་དངུལ་ཡོང་ཁུངས་ཀྱི་གནས་ཚུལ་མང་པོ་ཞིག་ཤེས་ཀྱི་ཡོད་པ་དང་། ཤེས་པ་དེ་དག་མཁོ་སྤྲོད་བྱས་པ་དེས་མུརཱམོནེཧན་ལ་གདེང་ཚོད་དང་སྤོབས་པ་རྙེད་ནས་རྩོམ་ཡིག་མང་པོ་སྤེལ་བ་ཡིན་སྲིད།
༡༽བཀྲས་མཐོང་དང་བློ་སེང་བར་སྐབས་སྔོན་མར་འགྲན་རྩོད་བྱུང་བ་དང་མཐའ་མའི་རྒྱལ་ཁ་བློ་སེང་ལ་ཐོབ་པ་དེ་དངོས་ཡོད་རེད། འོན་ཀྱང་རྒྱལ་ཁ་ཐོབ་སྟངས་དེར་སྤྱི་ཚོགས་ནང་རྙོག་དྲ་ཏོག་ཙམ་ཡོད་པ་རེད། བལ་ཡུལ་འོས་ཤོག་བཙན་འཕྲོག་བྱས་པ་དང་ཇི་ལྟར་བཙན་འཕྲོག་བྱས་པའི་གནས་ཚུལ་ཞིག་མི་ཆེ་ཆུང་མང་པོའི་ཁ་ནས་ཐོན་གྱི་ཡོད། དེའི་སྐོར་བཀྲས་མཐོང་གིས་ཤེས་ཀྱི་ཡོད་ན་དེས་བཀྲས་མཐོང་ལ་ན་ཚ་བཟོ་སྲིད་པ་རེད། གལ་སྲིད་བལ་ཡུལ་འོས་ཤོག་བཙན་འཕྲོག་བྱེད་མཁན་དང་ཁང་པའི་དཔལ་འབྱོར་རྒྱབ་སྐྱོར་བྱེད་མཁན་སྦྱིན་བདག་གཅིག་ཡིན་ཚེ་ད་རེས་ཀྱི་གནས་ཚུལ་འདི་གཏིང་ཚད་གང་ཙམ་འདུག ངའི་རེ་བ་ལ་དེའི་ཕྱོགས་སུ་བསམ་བློ་གཏོང་མི་དགོས་པ་བྱུང་ན་སྙམ།
༢༽ཉེ་རབས་ཀྱི་བཙན་བྱོལ་གནས་ཚུལ་ཁྲོད་རྒྱ་རིའི་སྟོབས་ཤུགས་ཧ་ལས་པར་གྱུར་ཡོད་པ་རེད། མཐོ་རིམ་མི་དྲགས་ནང་ཁུལ་དུ་སྐད་ཆ་ཞིག་ཡོད་པ་ནི་དེང་སྐབས་རྒྱ་རིས་ཕོ་བྲང་དཀར་པོ་འགུལ་ཐུབ་ཀྱི་འདུག་ཟེར་བ་དེ་རེད། བློ་སེང་སྲིད་སྟེགས་སུ་བུད་ཐུབ་པ་དང་། ཁང་དངུལ་རོགས་སྐྱོར་བྱེད་མཁན་དེ་མུ་རཱ་མོ་ནེ་ཧན་གྱིས་བཤད་པ་ལྟར་རྒྱ་ཕོ་དེ་དང་། རྒྱ་མོ་དེའི་རྒྱབ་ཀྱི་སྟོབས་ཤུགས་དེ་མིན་པ་ཡིན་ན་སྟོབས་ཤུགས་གཞན་ཞིག་ཡོད་ཀྱི་རེད། གཅིག་བྱས་ན་བཙན་བྱོལ་ནང་གི་སྟོབས་ཤུགས་ཤིག་སྟེ་རྒྱ་རིའི་སྟོབས་ཤུགས་ལ་ཁ་གཏད་ལྕོགས་ཐབས་བྱེད་མཁན་ཞིག་ཡིན་སྲིད། སྟོབས་ཤུགས་དེས་བློ་སེང་སྲིད་ཀྱི་སྟེགས་བུར་བཞག་སྟེ་རྒྱ་རིའི་སྟོབས་ཤུགས་ཕབ་ཉེས་བཏང་པ་དང་། རྒྱ་རིས་སྟོབས་ཤུགས་དེ་འདྲ་ཞིག་གིས་ཁ་གཏད་བྱེད་ཀྱི་ཡོད་པ་དེ་ཡང་ཤེས་ཀྱི་ཡོད་སྲིད།
༣༽བློ་བཟང་སྙན་གྲགས་ནི་བློ་སེང་གི་གྲོགས་པོ་ཉེ་གྲས་ཤིག་རེད། ཡིན་ནའང་ཉེ་བའི་ཆར་བློ་བཟང་སྙན་གྲགས་ལགས་རྒྱ་རིའི་ཕྱོགས་གཏོགས་སུ་ཡོད་པ་རེད། དེར་བརྟེན་བློ་སྙན་དོན་གཅོད་རང་འཇགས་བཞག་ན་རྒྱ་རིར་ཁ་གཏད་ལྕོགས་རྒྱུར་འགོག་རྐྱེན་བཟོ་སྲིད་པས་བློ་སེང་གིས་རང་གི་རྒྱབ་ཕྱོགས་ཀྱི་སྟོབས་ཤུགས་དེའི་བཀའ་བཞིན་རང་གི་གྲོགས་པོ་སྐལ་རྡོར་དོན་གཅོད་ལ་བསྐོས་ཡོད་ཀྱི་རེད། སྐལ་རྡོར་མི་གསར་ལག་གསར་ཡིན་ཙང་བློ་སེང་གིས་བློ་སྙན་ལ་གནས་སྐབས་ཟླ་བ་དྲུག་ཙམ་སྐལ་རྡོར་དང་མཉམ་དུ་དོན་ལས་བྱས་ཏེ་བསྡད་ན། དེ་རྗེས་ཐེབས་རྩའི་འགན་འཛིན་ལ་བསྐོས་ཆོག་ལབ་ཡོད་ཀྱང་བློ་སྙན་གྱིས་མ་ཉན་པར་ལམ་སེང་ཐོན་ཕྱིན་པ་རེད། བློ་སེང་གི་སྟོབས་ཤུགས་དེས་གནས་སྐབས་བློ་སྙན་གྱིས་རྣམ་འགྱུར་གང་འདྲ་ཞིག་བསྟན་ཀྱང་སྡུག་རུས་མ་བྱས་ན་ཡོང་ཐབས་མེད། གང་ཡིན་ཟེར་ན་འགྲོ་བཞིན་པའི་འཐབ་རྩོད་ཀྱི་གནད་དོན་མང་དག་ཅིག་བློ་སྙན་གྱིས་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་མི་འདོད་བཞིན་དུ་ཐེབས་རྩ་ཁང་གི་འགན་འཛིན་ལ་བསྐོས་པ་ཡིན་སྲིད།
༤༽སྐལ་རྡོར་ནི་བློ་སེང་སྟོབས་ཤུགས་ཀྱི་ལག་ཆ་ཆུང་ཆུང་ཞིག་ཡིན་གྱི་རེད། བློ་སེང་ཡང་སྟོབས་ཤུགས་དེའི་ལག་ཆ་ཡིན་གྱི་རེད། གལ་སྲིད་བློ་སེང་སླར་ཡང་སྐྲིད་སྐྱོང་ཐོབ་པ་ཡིན་ན་སྐལ་རྡོར་ཡང་ཨ་རིའི་དོན་གཅོད་ལ་གནས་ཐུབ་ཀྱི་ཨེ་ཡོད། དོན་གཅོད་ལ་སྟོབས་ཤུགས་དེའི་གལ་ཆེའི་མི་སྣ་ཞིག་བསླེབ་སྲིད་པ་རེད། སྐལ་རྡོར་དོན་གཅོད་ལ་བསྐོ་གཞག་བྱས་པ་དེ་སྟོབས་ཤུགས་དེའི་དམིགས་ཡུལ་ངོ་མ་དེ་མིན་པ་སྐལ་རྡོར་ཁོ་པས་ཤེས་ཀྱི་ཨེ་ཡོད།
སྤྱིར་དེང་སྐབས་འོས་བསྡུའི་སྦིར་སྒྲ་ཆེན་པོ་འགྲོ་བཞིན་པའི་སྐབས་ཁང་པའི་སྐོར་དེ་རྩ་བ་ནས་བརྗོད་འདོད་མེད། གང་ཡིན་ཟེར་ན་དེའི་སྐོར་དེ་གསལ་པོ་ཞིག་མེད། གཅིག་བྱས་ན་གསལ་པོ་མེད་པ་དེ་གོ་སྐབས་ཤིག་ཡིན་གྱི་རེད། ང་ཚོའི་སྤྱི་ཚོགས་ནང་ཕྱོགས་ཕན་ཚུན་ཚང་མས་གླེང་ཡོང་བ་དང་། གླེང་བ་དེ་ཡང་ཞེ་དྲགས་ཤེས་མདོག་གིས་གླེང་གི་འདུག དེར་བརྟེན་ངས་ཀྱང་དེ་དག་གི་ལད་མོ་བྱས་ཏེ་ཕྱོགས་གཞན་ཞིག་ནས་དྲ་གྲོགས་ཚོའི་དགོངས་པའི་དཔྱད་གཞིར་དོགས་སློང་བྱས་པ་ཙམ་མོ།།
བློ་སེང་ལ་དངུལ་དེ་ཚོ་ག་ནས་རག་པ་རེད་དམ། དོན་ངོ་མ་དེ་རེད། བསྐོར་བ་མང་པོ་རྒྱབ་དགོས་མ་རེད། དྲི་བ་འདིར་ལན་འདེབས་བྱེད་མཁན་ནི། བློ་སེང་ཁོ་རང་རེད་མ་གཏོགས་དང་བླང་མགྲིན་ཚབ་པར་ཇུས་ཏོག་ག་རེ་འདུག དྲི་བ་འདིར་བློ་སེང་གིས་ལན་འདེབས་བྱ་རྒྱུར་ནི་ལོ་གཅིག་འགོར་གྱི་འདུག
རྩོམ་ཡིག་དེས་དོན་དངོས་གསལ་སྟོན་བྱས་ཡོད་ན་ དེང་གི་སྤྱི་ཚོགས་ནང་གྲག་བཞིན་པའི་བློ་སེང་གི་བྱས་ཉེས་དག་དོན་ལ་གནས་འདུག་ གང་ལགས་ཟེར་ན་ རྩོམ་ཡིག་དེའི་ནང་ བློ་སེང་གི་ཁ་གཏད་གཙོ་བོ་ང་ཚོའི་སྤྱི་ཚོགས་ནང་གི་ཤེས་འཇོན་དང་བྱས་པ་ཅན་མིང་གྲགས་ཅན་གྱི་མི་སྣ་དག་ཡིན་འདུག་ ཡ་མཚན་ཆེ་།