ཁ་བའི་ལྷ་མོ།
མཚན་མོ་ནི་སྤྱིར་བཏང་བ་ཞིག་རེད
དེ་བཞིན་ཉིན་མཚན་ཡང
ཆོས་ཉིད་དུ་གྲུབ་པ་ཙམ་རེད
རེད་དེ
དོ་ནུབ་འོད་ཆེན་གྱི་ཟླ་བ
ཁྲ་ཆིལ་གྱི་སྐར་ཚོགས
ས་སྟེང་གི་མུན་ནག་ཡོད་ཚད
རླུང་བུ་ཞིག་དང་མཉམ་དུ་མིག་ལ་ལྷུང་དུས
འདི་ནས་ཕ་ཡུལ་གྱི་ཁམས་ཆེན་མོ
ཞོགས་པ་དང་ས་སྲོད་ཀྱི་བར་ནས་
མཚམས་སྤྲིན་དང་འོད་ཟེར་གྱི་ཧྲག་ནས
སེམས་བསམ་པའི་གཏིང་རིམ་ལ་ལྷང་ལྷང་འཆར་ཡོང
ཕ་ཡུལ་ཨ
དོ་ནུབ་ཞེ་ཟབ་ས་ནས
ཁྱེད་ཀྱི་ངོ་གདོང་དྲན་
ཁྱེད་ཀྱི་མཛེས་བ་དྲན་
ཁྱེད་ཀྱི་བཅོས་མིན་རང་བྱུང་གི་ལང་ཚོ
ཕ་ཡུལ་གྱི་གཡར་དང་དགུན
ད་དུང་སྟོན་དང་དཔྱིད
ཕ་ཡུལ་ནི
རང་བྱུང་རྒྱན་ཆ་ཡིས་ཁྱབ་ཡོད
མཁྲེགས་པའི་སྒལ་ཚིགས་ཡོད
ང་རང་ཕ་ཡུལ་ལ་ཞེ་བསམ་པའི་དགའ
ཕ་ཡུལ་གྱི་རང་གཤིས་ལ་ལྷག་ཏུ་དགའ
24/08/15