གཞོན་ནུ་ཟླ་མེད
ངས་བསམ་ཚུལ་ཆུང་ཆུང་ཞིག་བཀའ་ཁྲིའི་འོས་གཞི་སྐོར་ལ་ཞུ་ན་འེ་ཆོག ཆོག་ན་དེ་རིང་ད་ང་ར་བཟི་མེད་ངས་ཅུང་ཟད་བཤད་ཀྱི་ཡིན། སྔར་ནས་ད་ལྟའི་བར་དུ་ང་ཚོ་བོད་གཞུང་གི་དཔོན་པོ་ཚོ་སངས་རྒྱས་བྱང་ཆུབ་སེམས་དཔའི་སྤྲུལ་བ་དང་། དེ་ནས་མཁས་པ་བླ་མ་དམ་པ། དེ་བཞིན་དུ་མཁས་པ་རྐྱང་རྐྱང་གིས་བཟུང་ནས་ད་བོད་པ་ཚང་ཟེར་ནོ་ཐིག་ལེ་ན་ད་ལ་ཐིམ་འགྲོ་གི་ཡོད་པ་འདི་རེད། མཁས་པ་མ་བཞག་ནས་བོད་དོན་མ་འཁྱོངས་པ་མ་རེད། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་མ་བཞག་ནས་ཡང་མ་རེད། འོ་ན་གང་རེད་ཟེར་ན། ད་ལྟའི་བར་དུ་ཤེས་ཡོན་མེད་པ་ཡི་གེ་ན་གཅིག་ཀྱང་མི་ཤེས་པ་ཞིག་མ་བཞག་པའི་རྐྱེན་གྱིས་རེད། ཤེས་ཡོན་མེད་པ་འཇོག་དགོས་ཟེར་བ་འདི་དགོད་བྲོ་བ་ཞིག་ཡིན་སྲིད་མོད། འོན་ཀྱང་ཤེས་ཡོན་ཟེར་བ་དེ་ལ་བསམ་བློ་ནང་ན་བཀག་རྒྱ་མང་སོང་ནས་སྲིད་དོན་འཆོལ་འགྲོ་གི་ཡོད་པ་རེད། དཔེར་ན་ཆོས་ལུགས་ཀྱི་ཤེས་ཡོན་ཅན་ཞིག་བཞག་ན། ལས་རྒྱུ་འབྲས་དང་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་ཕྱོགས་ནས་བསམ་བློ་བཏང་ཡོང་དུས། རང་ཉིད་དང་། རང་ཉིད་ཀྱི་ཁྱིམ་ཚང་། རང་ཉིད་ཀྱི་མི་རིགས། རང་ཉིད་ཀྱི་རྒྱལ་ཁབ་ཡོངས་སུ་རྫོགས་པ་གཞན་གྱི་ཆེད་དུ་བཏང་འགྲོ་གི་རེད། དེ་ནས་དུས་སྐབས་ཤེས་ཡོན་ཡོད་པ་ཞིག་འཁེལ་ན་ཡང་དེ་བཞིན་དུ་ཁྲིམས་ལུགས་དང་འཇིག་རྟེན་མི་སྡེའི་བསམ་བློ་དང་བསྟུན་ནས་ལམ་ཁ་གཅིག་ཏུ་ཐིམ་འགྲོ་གི་རེད། དེ་བཞིན་དུ་གནའ་རབས་ལོ་རྒྱུས་ལ་ཆ་བཞག་ན་ཡང་རྒྱལ་བོ་སྲོང་བཙན་ཡར་སྔོན་དུ་བོད་འདི་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་མ་གཏོགས། ཉམས་ཆག་པའི་ཕྱོགས་སུ་རྩ་ནས་བསྐྱོད་མྱོང་མེད། རང་གི་རྒྱལ་ཁབ་རྒྱ་བསྐྱེད་དང་འབངས་མིའི་འཚོ་བའི་ཕྱོགས་ནས། དམག་དོན་གྱི་ཕྱོགས་ནས། ཕྱོགས་གང་ཅིའི་ཐད་ནས་རྒྱལ་ཁབ་གཞན་གྱིས་ཚུར་དམག་གི་གྲ་སྒྲིག་ཙམ་ཡང་བྱེད་ཐུབ་མེད། དེ་གང་ལ་ཐུག་པ་རེད་ཟེར་ན་ཤེས་རིག་མེད་པའི་རྐྱེན་གྱིས་རེད། དེ་ནི་ཤེས་ཡོན་མེད་ན་ཡར་མར་མང་པོ་བསམ་བློ་གཏོང་ས་ཡོད་པ་མ་རེད།
མཐའ་གཅིག་དུ་རང་ཉིད་ཀྱི་འཚོ་གནས་དང་། ཁྱིམ་ཚང་གི་འཚོ་གནས། མི་རིགས་ཀྱི་འཚོ་གནས། རྒྱལ་ཁབ་ཀྱི་འཚོ་གནས་བཅས་ལ་བསམ་བློ་བཏང་ཡོང་གི་རེད། འབད་བརྩོན་བྱས་ཡོང་གི་རེད། འདི་ལྟར་བཤད་ན་ཁ་ཤས་ཀྱིས་བསམ་བློ་གཏོང་སྟངས་འདི་དམའ་དྲག་པ་འདྲ་བོ་མཐོང་གི་རེད། རྒྱལ་ཁབ་ཅིག་དང་མི་རིགས་ཞིག
སུ་ཡིན་ན་ཡང་ཤེས་རིག་སོགས་མང་ཐག་ཆོད་ཅིག་གླེང་ཡོང་ན་ཡང་། ཡོད་ཚད་གཞན་བསྟུན་དང་། ཡོད་ཚད་ཁ་བཤད་ཁོ་ནའི་སྟེང་ནས་བསྐྱལ་འགྲོ་གི་རེད།
དེ་ནས་དེང་སང་གི་ཁྲིམས་ལུགས་ཀྱི་སློབ་སྦྱོང་ཡང་དེ་བཞིན་རེད། རང་བཙན་རེག་པའི་རྒྱལ་ཁབ་སུ་ཞིག་ཡིན་ན་ཡང་རང་ཉིད་ཀྱི་སྲིད་དོན་འཐབ་རྩོད་ལ་རྟེན་ནས་རང་ཡུལ་རང་ལག་ཏུ་བདག་རྗེས་སུ་ཁྲིམས་ལུགས་ཀྱི་སྐད་ཆ་བཤད་པ་མ་གཏོགས། རང་ཡུལ་རང་ལག་ཏུ་མ་བདག་པའི་སྔར་ནས་ཁྲིམས་ལུགས་ཅིག་བཤད་བསྡད་པ་འདི་ནི་གླ་བ་བྲག་ལ་བཞག་ནས་གླ་རྩིའི་རིན་གོང་ཁྲོམ་ནས་གཏམ་པ་དང་གཅིག་པ་རེད། མི་བདེན་ན་ཨ་རིའི་ཁྲིམས་ལུགས་ག་དུས་བྲིས་པ་ཡིན་མིན་དང་རང་བཙན་འཐབ་རྩོད་ག་དུས་བྱས་མིན་ལ་བསམ་བློ་བཏང་ན་ད་བཟོད་བློ་ལ་གསལ་ལྷང་ངེར་ཤར་རྒྱུ་རེད། དགེ་མཚན་གཞན་ཞིག་ཀྱང་ཡོད་པ་ནི། ང་ཚོའི་གཞུང་དེ་སྐུ་དྲག་ཚོས་བདག་བཟུང་བྱས་ན་མི་འགྲིག་ཟེར་གི་ཡོད་པ་རེད། དེ་བཞིན་དུ་གཞུང་གི་སྐུབ་སྟེགས་དེ་སློབ་སྦྱོང་ཡོད་པའི་སྡེ་ཚན་ནས་བདག་བཟུང་བྱས་ན་ཡང་མི་འགྲིག་པ་གཅིག་པ་རེད།
སློབ་སྦྱོང་མེད་མཁན་ཡང་བོད་མི་ཡིན་པའི་ཆ་ནས་ཐོབ་ཐང་སྤྲད་ཆོག་པ། རང་གི་འཇོན་ཐང་གི་གོ་སྐབས་ངོམས་ཆོག་པ་བཅས་སོ། མདོར་བསྡུས་ནས་བཤད་ན་བཀའ་བློན་ཁྲི་བ་ནི་ཡི་གེ་ན་གཅིག་ཀྱང་མི་ཤེས་མཁན་ཞིག་དགེ་མཚན་ཆེ་ཟེར་གི་ཡོད། དེ་མ་བྱུང་ན་ཡང་དེང་དུས་ཀྱི་ཤེས་ཡོན་མེད་མཁན་ཞིག མ་མཐའ་ཡང་ནང་ཆོས་ཀྱི་སློབ་སྦྱོང་མེད་མཁན་ཞིག་ཅིས་ཀྱང་གལ་ཆེ་བར་མཐོང་ངོ་།།
ད་འོ་ན་བཀའ་བློན་ཁྲི་པ་དེ་ལ་གཞོན་ནུ་ཟླ་མེད་ཅིག་སླེབས་རྒྱུ་རེད།
རེད། ཤེས་ཡོན་མེད་མཁན་ཞིག་དགོས་ན་སྤྱི་འཐུས་ནང་གི་བསོད་ནམས་སྟོབས་རྒྱལ་ཟེར་བའི་རལ་བ་ཅན་དེ་ཧྲ་ནི་མིན་ན། ཡང་མིན་ན་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོའི་ནང་དུ་མིང་སྟོང་པ་རེ་མ་གཏོགས་ཡོན་ཏན་ཤིག་གི་སྐྱག་པ་ཙམ་ཞིག་ཀྱང་མེད་ས་མང་ནི་རེད། དེ་ཚོའི་ནང་གི་གཅིག་བཞག་ན།
བཀའ་ཁྲིར་ཡོན་ཏན་རྩ་བ་ནས་མི་དགོས་ན། འོ་ན། ང་ཡང་། བྱ་མ་བྱི་དང་བྱ་མ་བྱིའུ། གཅན་གཟན་དང་རི་དྭགས། ཡུགས་ཕོ་དང་ཡུགས་མོའི་བཀའ་ཁྲིར་ལངས་བགྱིད་ཡིན། རྣམ་པ་ཚོས་ང་ལ་འོས་བླུག་རོགས་གནོངས།
ཡོན་ཏན་སྣེ་གཅིག་མེད་པའི་མི་ཞིག་འཇིག་རྟེན་འདིར་ཡོད་སྲིད་དམ།
ངས་དཔེ་ཐག་ཉེ་བོ་ཞིག་གི་ལམ་ནས་བཤད་ན། ལྷ་ཕྱོགས་གཞི་ཆགས་ཁག་ལྔའི་བྷ་ལོར་ལྷོ་སྤྱི་དེ་ད་ལྟའི་བར་དུ་མང་པོ་བརྗེ་བོ་རྒྱབ་པ་རེད། ཚང་མའི་ནང་ནས་ཡག་ཤོས་དེ་དངོས་གྲུབ་རྡོ་རྗེ་ཟེར་བ་དེ་རེད། ཁོང་ལ་དགོན་པའི་སློབ་སྦྱོང་མེད་ལ་སློབ་གྲྭའི་སློབ་སྤྱོང་ཡང་མེད། རང་ཉིད་ཆུང་དུས་ནས་སོ་ཀྲར་བཙོངས་སར་ཚོང་ལས་བྱས་ནས་བསྡད་པ་རེད། རང་གི་ཚོང་ལས་དང་། དེ་བཞིན་དུ་བོད་པའི་ཁྲོམ་རའི་འགོ་བྱེད་བྱས་ནས་བསྡད་པ་རེད། དེ་ནས་རིམ་བཞིན་གཞི་ཆགས་ཀྱི་བརྒྱ་དཔོན་དེ་ནས་ས་གནས་གཞི་འགོ དེ་བཞིན་ལྷོ་ཕྱོགས་གཞི་དབུ་ཆགས་པ་རེད། ཁོ་རང་ལ་མཚོན་ན་ཆོས་ལུགས་ཀྱི་ཞེན་ཁོག་མེད་ལ་བཀག་རྒྱ་མེད། སློབ་གྲྭའི་ཕྱོགས་ཞེན་མེད་ལ་སློབ་གྲྭའི་ང་རྒྱལ་མེད། ཧུར་ཐག་གིས་རང་ཉིད་གང་དུ་གནས་པའི་འགན་དེ་འཁུར་ནས་རྒྱུགས་རྒྱུ་རེད།
ངས་ཤེས་ཡོན་མེད་པ་ཟེར་བ་ནི་སློབ་གྲྭ་སོགས་ཀྱི་ནང་ནས་ལྷན་སྐྱེས་ཀྱི་བློ་ལ་བསྒྱུར་བཅོས་བཏང་ཟིན་པའི་ཤེས་ཡོན་ལ་ཟེར་གྱི་ཡོད་པ་གསལ་བོ་རེད། དེ་མིན་ལྷན་སྐྱེས་ཀྱི་ཡོན་ཏན་ལོས་དགོས།
གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་བདེན། ཧོར་ཇིང་གིར་རྒྱལ་པོ་ཟེར་བའི་སྐད་གྲགས་ཅན་དེ་ཡང་འབྲོག་རྒན་ཞིག་རེད། མའོ་ཙེ་ཏུང་ཟེར་བའི་མིང་ཐོས་ན་ཡང་ཤ་ཟིང་སྤུ་ཟིང་བྱེད་དགོས་ས་དེ་ཡང་མཐོ་རིམ་གྱི་ཤེས་ཡོན་ཅན་ཞིག་མ་རེད། ང་རང་གི་མི་ཚེ་འདིའི་ཉམས་མྱོང་སྟེང་ནས་བལྟས་ན་ཡང་ཤེས་ཡོན་ཟེར་ན་འདྲ་ཡར་མར་མང་པོ་ཞིག་གོ་མྱོང་ཐོས་གསུམ་བྱུང་བ་དེས་མི་སྡར་མ་ཆགས་འགྲོ་བ་གསལ་པོ་རེད།
ད་ཡིན་ན་བླ་རྒན་ཆ་བོས་རྗེས་མའི་བཀའ་ཁྲིར་ཤེས་ཡོན་མེད་མཁན་གླང་རྒན་འདྲ་བོ་ཞིག་བཞག་ན་འདོད་ཀི་ཡོད་ས་རེད། ངས་ད་བར་དུ་ས་ཆ་གང་སར་བཀའ་ཁྲིར་ཨེ་རྙེད་བལྟས་ཀྱང་བློར་འབབ་ནི་ཟིག་མ་རྙེད་ཐལ།
ད་ཡིན་ན་ག་ལེར་ཁྱོད་ཚོའི་ལེབ་མོར་བྱས་ན་ཡག་ས་རེད་ཡ། ཧ་ཧ་ཧ།
དྲ་གྲོགས་ཚང་མ་སེམས་ཤུགས་ཀྱིས་ཕེབས་ནས་བསམ་ཚུལ་གསུང་བར་ཐུགས་རྗེ་ཆེ། ཚང་མས་མཁྱེན་གསལ་ལྟར་འབྱུང་འགྱུར་བཀའ་བློན་དེ་བོད་པ་ཚང་གི་ལས་དབང་ལ་ཁ་ལོ་བསྒྱུར་བར་གལ་ཆེན་ག་ཚོད་ཡིན་མིན་བཤད་མ་དགོས་པས། སོ་སོ་ས་ནས་བཀའ་ཁྲིའི་འོས་གཞི་ཡི་གེ་ན་གཅིག་ཀྱང་མི་ཤེས་པ་གླང་ངུ་ལྟ་བུ་ཞིག་ཡིན་དགོས། དེབ་ཟེར་ན་མགོ་ལྟིང་ཐུར་ཏུ་ལོག་ན་ཡང་མི་ཤེས་པ་དེ་འདྲ་ཞིག་བཙལ་རོགས། ༧ རྒྱལ་བའི་བཀའ་བརྩི་སྲུང་བྱེད་པ་དང་བོད་ཀྱི་ཕྱག་ལས་ཆེ་མ་ཆུང་གསུམ་ལ་ངོ་ལྐོག་རྒྱབ་མདུན་ཡོད་ནི་མ་རེད།
ཇིང་གིར་འབྲོག་རྒན་ཞིག་ཡིན་པ་བདེན་པ་རེད། ཡིན་ན་ཡང་མའོ་ནི་སྲིད་དོན་པ་གྲགས་ཅན་ཞིག་རེད། མི་བདེན་བསམས་ན་སྐར་མ་དམར་པོའི་འོད་ཟེར་ཀྲུང་གོར་འཕྲོ་བ་ཞེས་པར་གཟིགས་དང་ཤེས་ཐུབ།
མའོ་ཡི་ཡན་ཨན་རིག་རྩལ་ཚོགས་འདུའི་ཐོག་གི་གཏམ་བཤད་དང་གུང་ཁྲན་ཏང་གི་བསྒྲགས་གཏམ་ཁག དེ་བཞིན་ཁོའི་སྙན་ངག་ཕྱོགས་བསྡུས་སོགས་ལ་ལྟོས་དང་འདྲེ་རྒན་དེའི་ཡོན་ཏན་ལ་མཐོང་ཆུང་བྱེད་རྒྱུ་མི་འདུག
སྔོན་མར་འཇུ་སྐལ་བཟང་གིསབསྒྱུར་པའི་མའོ་ཡི་སྙན་ངག་ཁག་ཅིག་ངོ་མ་ཡག་གི
དེས་ན་ངའི་ཕ་ཡུལ་ན་འབྲོག་རྒན་གློའུ་རྒན་རྩི་རྩི་གྲངས་མེད་ཅིག་ཡོད། ངས་གཅིག་ལ་ལམ་ཡིག་ཅིག་ལེན་དུ་བཅུགས་ནས་གཞོན་ནུ་ཟླ་མེད་ཀྱི་སྒོ་ཁར་སྐྱེལ་ཡོང་ང་། ཧ་ཧ་ཧ།
༄༎ དྲ་གྲོགས་ཤེས་རབ་སེངྒེ་ལགས་སུ་ཞུ་རྒུ་ནི་ སྤྱི་འཐུས་བསོད་ནམས་སྟོབ་རྒྱལ་གྱི་བོད་ཡིག་ཤེས་ཀྱི་ཡོད་པ་རེད་ལགས་ གོང་དུ་གཞོན་ནུ་བདག་མེད་ཀྱི་བཀའ་བློན་ལ་ཡི་གེ་ན་གཅིག་མི་ཤེས་མཁན་ཞིག་དགོས་ཀྱི་ཡོད་ཞེས་བཤད་འདུག་་ ང་ཚོ་སློབ་གྲྭ་བཙུགས་དགོས་དོན་གང་ལ་ཐུག་ཡོད་དམ།
བསམ་ཚུལ་ཟེར་ནོ་རེད།
འདྲ་འདྲའི་ནང་གི་མ་འདྲ་བ།
གང་ལྟར་དམངས་ཀྱིས་བསམ་ཞིབ་ཡག་པོ་བྱེད་རྒྱུ་གལ་ཆེན་པོ་རེད།
དགོད་བྲོ་པོ་འདུག བོད་ཀྱི་ལོ་རྒྱུས་ཐོག་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་ཅེས་པའི་མི་འཇོན་པོ་ཞིག་བྱུང་བ་རེད། ཁོང་ཡང་ཤེས་ཡོན་ཅན་དེ་འདྲ་མ་རེད། ཡི་གེ་ཡང་ཤེས་ཀྱི་མེད། དེ་ནས་ཚ་རོང་ཟླ་བཟང་དགྲ་འདུལ་ཞེས་པའི་འཇོན་པོ་དེ་ཡང་ཤེས་ཡོན་ཅན་མ་རེད། ད་དུང་སུ་འདུག ཨོ། བློན་ཆེན་མགར་གྱིས་ཀྱང་ཡི་གེ་མི་ཤེས་རབས་ཤིག་གོ་མྱོང་། ཨེ་བདེན་མི་ཤེས།
ཧ་ཧ། ཚང་མས་བགྲོ་གླེང་ཡག་པོ་བྱེད་བཞིན་འདུག ངས་ཀྱང་བཀའ་བློན་ཁྲི་བ་དེ་ཆི་རྒྱག་པ་རྒྱག་བྱེད་ནི་ཞིག་བྱུང་ན་རབ་རེད་བསམས་ཀི་ཡོད།
ཧ་ཧ་ཧ་ལྟཡ་ཀློག་བྱས་པ་ཡིན།
མི་སྐྱ་ཚོས་ད་དཀའ་གོ་གི་ཡ། བཀའ་བློན་ཁྲི་བ་སུ་འདེམས་དགོས་མ་ཤེས་ཡ། ཨ་ལེ་དང་པོ། འབྲེལ་ཡོད་གསར་འགྱུར་ལས་རིགས་གཉེར་མཁན་ཚོས་བཀའ་བློན་ཁྲི་བའི་ཉིན་རེའི་ལས་ཀ་གཙོ་བོ་ག་རེ་ག་རེ་རེད། དེ་གསལ་བོ་ཞིག་བཟོས་ད། དེ་ནས་ད་བར་གྱི་བཀའ་བློན་ཁྲི་བར་བསྡད་མྱོང་མཁན་དེ་ཚོར་བཀའ་བློན་ཁྲི་བ་བྱེད་ན་མི་ག་འདྲ་ཞིག་དགོས་ཀྱི་ཡོད་མེད་ཁོ་ཚོར་ཉམས་མྱོང་ཡོད་པས་ཁོ་ཚོའི་དགོངས་ཚུལ་ཞིག་ལོངས་ར། དེ་ནས་ང་ཚོའི་བཀའ་བློན་ཁྲི་བའི་ལས་གནས་དེར་སུ་ལན་པོ་འདུག་འཚོལ་རྒྱུ་བྱེད། མ་རེད་དམ།
གཞོན་ནུ་ཟླ་མེད་ཀྱི་བཤད་པ་ལ་སྤྱིའི་ཆ་ནས་འཐད་།མིའི་འཇོན་ཐང་ཟེར་བ་དང་།མི་ལ་ཞབས་འདེགས་སྒྲུབ་ཟེར་བ་འདི་ཡི་གེ་འགའ་ཀློག་ཤེས་བ་དེའི་ཐོག་ནས་བྱུང་བ་མ་རེད་།བོད་ནང་ལ་ལྟོས་དང་།བོད་ཀྱི་དོན་དུ་བཙོན་འོག་ཏུ་སྡོད་པ་དང་།ཐོག་མར་དབུ་ཁྲིད་དེ་ཁྲོམ་སྐོར་བྱས་མཁན་།དེ་བཞིན་རང་སྲོག་བློས་གཏོང་མཁན་མང་ཆེ་ཤོས་དད་པ་བརྟན་པོ་ཡོད་པ་དང་།ཡི་གེ་དེ་འདྲ་མི་ཤེས་མཁན་གྱི་དགེ་འདུན་པ་དང་།བཙུན་མ་།དེ་བཞིན་སོ་ནམ་པ་།འབྲོག་ཕྲུག་དེ་ཚོ་རེད་།ཤེས་ཡོན་པ་ཅན་ཡིན་ཟེར་བ་དག་ཁ་ནས་སྐད་ཆ་ཆེན་པོ་དག་བཤད་དེ་།ཁོག་ན་ཅི་ཡང་མེད་པའི་ཆང་མཐུང་འགའ་ལས་ཅི་ཡང་མི་འདུག་།ལྷག་པར་ཏུ་དེང་དུས་བོད་ཀྱི་མཁས་བ་ཡིན་ཟེར་མཁན་ཞིག་གིས་རྒྱ་མིའི་ཁྲིམས་འོག་ཏུ་སྡོད་མྱོང་བ་དཀོན་པོ་རེད་།ཁོ་ཚོའི་རྒྱ་མའི་སྒོར་རྡོག་འགའ་ཤས་ཀྱིས་མི་བྱེད་མཁན་ཞིག་རྩ་བ་ཉིད་ནས་མེད་།
ངས་བསམ་ན། རྡ་སའི་པ་ལེ་བཙོང་མཁན་ཞིག་གམ། ཡང་ན་ལྷོ་ཕྱོགས་ཀྱི་མོ་མོ་བཙོངས་མཁན་ཞིག་ཡིན་ན་ཡག་པོ་རེད་བསམ། ཁོང་ཚོས་རང་ཁ་རང་གསོ་ཐད་ཧུར་ཐག་བྱེད་བཞིན་ཡོད་པར་མ་ཟད། རང་གི་བཟའ་མི་བུ་ཕྲུག་ཚང་མ་ལ་འགན་ཁས་ནས་ཕྱག་ལས་གནང་གི་ཡོད་པ་རེད། རྒྱལ་ཁབ་ཀྱི་ཆེད་དུ་འགན་ཁས་པའི་དུས་ཚོད་མ་རེག་པ་རེད་མ་གཏོགས། གོ་སྐབས་རེག་པ་ཡིན་ན་གཅིག་པ་གཅིག་རྐྱང་འགན་ཁས་ཀྱི་རེད། ངས་ད་ལོའི་བོད་ནང་དུ་བོད་དོན་གྱི་ཆེད་དུ་བསྐྱོད་པ་དོན་འགྲུབ་དབང་ཆེན་གྱི་འགྲེམ་ཐག་དེར་བལྟས་པ་ཡིན། ཁོང་གི་སྐྱེས་དམན་གྱིས་རང་གི་ཕྲུག་གུ་ཚོར་འགན་ཁས་སྟངས་དང་། དེ་ནས་རང་གི་ཁྱོ་ཀ་ལ་ཐུགས་ཁུར་བྱེད་སྟངས་དེར་བལྟས་ནས་མིག་ཆུ་རང་དབང་མེད་པར་ཤོར་ཡོང་གིས། དེ་འདྲའི་གནས་ཚུལ་འོག་ནས་རང་གི་མི་རིགས་ཀྱི་ཆེད་དུ་སྲོག་འབེམ་ལ་བཙུགས་ནས་བོད་ཀྱི་འགན་ག་ཚོད་ཁས་ཀྱི་ཡོད་པ་རེད། ད་ཟམ་གདོང་དེ་ཤེས་ཡོན་པ་ནང་གི་ཨ་ཡོད་ནང་གི་ད་ཡོད་ཟིག་རེད། ཁོང་གིས་རང་མི་རིགས་ཀྱི་ཆེད་དུ་འགན་ག་ཚོད་ཁས་མིན་རང་བཙན་ལག་དེབ་བཟོ་སྟངས་ལས་ཤེས། རང་གི་ནང་མི་ལ་ནི་འགན་རྩ་ནས་ཁས་མྱོང་ཡོད་ནི་མ་རེད། རང་ཉིད་ལ་འགན་ཁས་སྟངས་ཕྱོགས་ནས་བཤད་ན་ཡང་དེ་བཞིན་རེད། ད་ཁ་ཕོ་བཤད་ནས་ངོ་འགྲམ་བརྒྱུད་ནས་བོད་ལ་གོམས་བགྲོད་བྱེད་ཀྱི་ཡིན་ཟེར་ནས་སྟོང་གཏམ་ལུང་པ་གང་བཤད་པས་བཀའ་བློན་ལ་འོས་ཤོག་བླུག་པ་རེད། འདི་ནི་ཤེས་ཡོན་པའི་འཕྲུལ་རེད། དོན་དངོས་བཞག་ནས་སྟོང་གཏམ་རྐྱང་རྐྱང་བཤད་ནས་སྡོད་པ་འདི་ནི་ཤེས་ཡོན་པའི་ལག་ཆ་རེད། འདི་ལྟར་ཤེས་ཡོན་པ་དང་ཤེས་ཡོན་མེད་མཁན་གཉིས་བསྡུར་ན་ཤེས་ཡོན་མེད་མཁན་དེ་ཚོ་དོན་ཐོག་ལ་གཞོལ་ཡོང་གི་རེད་དྲན། དེ་བས་ནས་ངས་ཤེས་ཡོན་རྩ་ནས་མེད་མཁན་ཞིག་བཀའ་ཁྲི་ལ་ཡག་ཤོས་རེད་ཟེར་གྱི་ཡོད།
མགོན་པོ་ཕྱག་གཉིས་པའི་བཀའ་བློན་ཁྲི་བའི་ལས་ཀ་ག་རེ་ཡིན་མིན་སྔོན་ལ་ཤེས་ནས་དེ་ནས་སུ་འོས་འདེམས་དགོས་པ་འདྲ་བོ་ཅིག་གསུང་འདུག དེ་ནོར་བ་རེད། དེ་ལྟར་བྱས་ན་འགྱུར་བ་གང་ཡང་ཡོད་པ་མ་རེད། ད་ལྟའི་བཀའ་ཤག་གི་འགྲོ་སྟངས་གང་ཡང་མི་ཤེས་མཁན་ཅིག་དགོས་པ་རེད། ད་ལྟའི་བཀའ་ཤག་གི་ལམ་ཁ་རྦད་དེ་འགྲོ་མི་ཤེས་མཁན་ཟིག་དགོས་ནི་རེད། དེ་ནས་ཁོ་རང་གི་ལམ་ཁ་གསར་བ་ཞིག་ཏུ་འགྲོ་གི་རེད། ད་ལྟའི་བཀའ་ཤག་གི་ལམ་ཁ་འདི་ནི་རྒྱ་ནག་གི་ལུས་རྩལ་ནང་ན་ཡོན་ཙི་ཐ་པོ་ཟེར་ནི་ཟིག་ཡོད་པ་དེ་དང་གཅིག་པ་རེད། ས་ཆ་གཅིག་ཏུ་ལངས་བསྡད་ནས་གོམས་པ་མང་པོ་སྤོས་ནས་ལུས་ནས་རྔུལ་ནག་ཐོན་བཅུག་པ་དང་གཅིག་པ་གཅིག་རྐྱང་རེད། བྲེལ་བ་ག་ཚོད་བྱས་ནས་རྒྱུགས་ན་ཡང་ས་ཆ་གཅིག་ན་ལངས་བསྡད་ཡོད་པ་རེད།
དྲ་གྲོགས་ཚོ་། འབྲོག་པ་། འབྲོག་པ་ཟེར་གུན་མ་འདུག། ཅུང་ཙམ་བདེ་བོ་མི་འདུག་། ཆུང་དུས་སུ་་རྒྱའི་བོད་ཞེས་སྣ་གཉེར་། གཞན་པས་འབྲོག་པ་ཞེས་སྣ་གཉེར་། ཚོར་བ་སྐྱུར་མོ་དེ་དག་ལ་ཕྱིར་དྲན་བྱེད་ན་མི་འདོད་གི་།
ཤེས་རབ་སེང་གེ་དང་གཞོན་ནུ་ཟླ་མེད་ཟེར་རྒྱུ་འདི།
ངོ་མ་ཚོད་ཟིན་ཨང་། ཁྱེད་ཀྱི་སེམས་ལ་བསོད་ནམས་སྟོབས་རྒྱལ་ལ་དཔུང་དང་སྟོབས་མེད་སྙམ་གྱི་འདུག་གམ། གང་བྱུང་མང་བྱུང་མ་ཤོད་ཨང་། འཇུ་ཆེན་བུ་མོ་དཀོན་མཆོག་དང་། སྙིང་མའི་ཨུ་རྒྱན་སྟོབས་རྒྱལ་ཁྲིད་ཡོང་གི་ཡིན་དྭ། ད་དུང་ཚོད་མ་ཟིན་ན། བསྟན་འཛིན་མགོན་པོ་དང་དགེ་ལུགས་སྤྱི་འཐུས་རྒན་བེ་རི་འཇིགས་མེད་ལགས་ཁྲིད་ཡོང་གི་ཡིན་ནོ།
ང་ཚོ་ལ་སྟོབས་ཤུགས་ཡོད་ད། སུ་གཅིག་ལ་བཞེད་ཀྱི་མིན་འདུག ང་ཚོ་ལ་བདེན་པ་ཡོད་ད། ང་ཚོ་ཚང་མ་བློས་བཏང་ཐུབ་ཀྱི་ཡོད་ད། རང་བཙན་ཡིན་ནའི་རེད། བོད་མིའི་ཆིག་སྒྲིལ་ཡིན་ནའི་རེད། བོད་དོན་ཡིན་ནའི་རེད། ག་རེ་ཡིན་ནའི་བློས་བཏང་གི་ཡིན་ད། ཁྱོད་ཚོ་ཚོད་ཟིན་ནས་ཁམས་པ་བསོད་ནམས་སྟོབས་རྒྱལ་ལ་འཇོན་ཐང་མིན་འདུག་མ་ལབ་ཨ།
དྲ་གྲོགས་ཚོས་བསམ་ཚུལ་གསུང་པ་ཐུགས་རྗེ་ཆེ། དམིགས་བསལ་འབའ་སྲས་ཀྱི་བསམ་ཚུལ་དེ་ངེད་དང་འདྲ་བོ་ཆགས་ཡོང་གི་འདུག མིང་ཚིག་བེད་སྤྱོད་གཏོང་ཕྱོགས་ཐད་ནས་ཆི་རྒྱག་པ་རྒྱག་དེ་ཚང་མས་གོ་འེ་ཡོང་བསམ་གི དེ་ལས་དེ་དང་ཐག་ཉེ་བའི་མིང་ཚིག་གཞན་ཞིག་བདེ་སྤྱོད་བཏང་ན་ཡག་ས་རེད།
མའོ་ཙེ་ཏུང་སློབ་འབྲིང་མ་གཏོགས་ཐོན་མེད་བསམ་བྱུང་།
མའོ་ཙེ་ཏུང་གིས་སློབ་གྲྭ་དེ་ཙམ་འགྲིམ་མེད་ནའང་ཁོ་ས་ཆ་གང་དུ་སོང་ཡང་རྒྱུན་དུ་ཡིག་ཆ་ཀློག་པ་དང་ཁྱད་པར་དུ་(韶山滴水洞)ནས་ཡིག་ཆ་ཧ་ཅང་མང་པོ་ལ་དཔེ་ཀློག་བྱས་འདུག དེས་ན་ཁོ་ལ་ཤེས་ཚད་མེད་པ་མ་རེད། ཁོས་སྙན་ངག་སོགས་བྲིས་པ་ལེགས་པོ་ཡིན་པའི་རྒྱུ་མཚན་ཡང་དེ་རེད།
མའོ་ཙེ་ཏུང་གིས་སློབ་གྲྭ་དེ་ཙམ་འགྲིམ་མེད་ནའང་ཁོ་ས་ཆ་གང་དུ་སོང་ཡང་རྒྱུན་དུ་ཡིག་ཆ་ཀློག་པ་དང་ཁྱད་པར་དུ་(韶山滴水洞)ནས་ཡིག་ཆ་ཧ་ཅང་མང་པོ་ལ་དཔེ་ཀློག་བྱས་འདུག དེས་ན་ཁོ་ལ་ཤེས་ཚད་མེད་པ་མ་རེད། དེས་ན་ཁོས་སྙན་ངག་སོགས་བྲིས་པ་ལེགས་པོ་ཡིན་པའི་རྒྱུ་མཚན་དེ་རེད།
མའོ་ལ་སློབ་སྦྱོང་མེད་པར་འདོད་པ་དེ་མ་དགའ་བ་གཞི་ལ་བཞག་པ་མིན་འགྲོ ང་ལ་མཚོན་ནའང་དེར་སློབ་སྦྱོང་ཡོད་རབས་ཁ་ནས་ཐོན་ཁག་ཙམ་འདུག ཡིན་ནའང་དོན་དངོས་གླེང་སྐབས་དོན་དངོས་རེད། མའོ་ཡིས་བྲིས་པའི་སྙན་ངག་དང་དཔྱད་གཏམ་གྱི་སྐོར་ལ་ཚན་རིག་དང་གཞུང་ལུགས་ཀྱི་ལྗིད་ཁོག་ཡོད་པ་མཐོང་ཆོས་ཡིན་ལ།
མའོ་ལ་ཤེས་ཡོན་ཡོད་མེད་དེ་སུས་ཀྱང་བལྟས་ན་ཤེས་གསལ་རེད་།ཡིན་ནའང་སོ་ནམ་པ་ཤིག་གི་བུ་ཡིན་པ་ནི་མངོན་གསལ་རེད་།དུས་རྒྱུན་ཞིང་བའི་བུ་ཞེས་དགའ་བ་སྒོམ་མཁན་ཞིག་ཡིན་པར་བཤད་།ལྷག་པར་ཏུ་ལུས་ཀྱི་སྤྱོད་པ་ཐམས་ཅད་རྒྱ་མི་ཞིང་བ་ཤིག་རང་ཡིན་པར་བཤད་།དཔེར་ན་།ཉིན་ཞིག་ཡ་ཨན་ན་ནས་ཨ་རི་གསར་འགྱུར་འགོད་མཁན་ཤིག་ཏུ་མདུན་རྐང་རྣམ་་མར་འཕངས་ཏེ་ཤིག་བཏུས་བར་བཤད་པ་དང་།དེ་བཞིན་ནམ་རྒྱུན་གཡག་ཆེན་པོ་རེ་བཏང་ནས་ད་དུང་ཅི་མི་སྙམ་པར་སྡོད་མཁན་ཞིག་ཡིན་པར་བཤད་།འདི་ལྟར་བསམ་ན་ཁོ་ནི་ཀ་ཆུ་མཁར་ནས་ཡོང་རྒྱ་གླ་བ་དེ་འདྲ་ཞིག་མིན་ནམ་སྙམ་པའི་འདུ་ཤེས་ནི་ཏན་ཏན་འདུག་།
གང་ལྟར་མོའོ་རྒད་པོས་གནའ་རབས་ཤེས་ཡོན་ཅན་བཙོན་ཁང་དུ་བཙུད་པ་དང་། གཞོན་ནུ་ཤེས་ཡོན་ཅན་ཞིང་གྲོང་དུ་གཏོང་བའི་ལས་འགུལ་ཞིག་རྩོམ་པ་རེད། དེས་ཤེས་ཡོན་ཅན་གྱིས་རྒྱུན་མཐུད་བྱེད་པའི་གཞུང་དེ་རྦད་དེ་བརྗེ་བོ་རྒྱབ་ནས་རྒྱ་གཞུང་གསར་བ་ཞིག་བཙུགས་པ་རེད། དེས་རྐྱེན་གྱི་ད་ལྟའི་སྲ་བརྟན་གྱི་གཞུང་འདི་བྱུང་བ་ལོས་ཡིན་སྙམ་པས། ང་ཚོས་བཀའ་བློན་ལ་ཡང་འདི་དག་ནས་ལེན་དགོས་པ་དན་དན་ཡོད་བསམ།
བོད་མི་ཚོས་མའོ་ཙེ་ཏུང་གི་ཤེས་ཡོན་ལ་དཔེ་ལེན་པ་ནི། རང་ཚུགས་ཤོར་བ་དང་། རྗེས་ལུས་རེད། ངས་ནི་མའོ་སྡིག་ཆེན་ཁོ་ནི། ཨེ་ཤ་ཡའི་ཧིཊ་ལཱར་ཡིན་པ་སྒྲོག་བགྱིན་ཡོད།
མའོ་དེ་ག་འདྲ་ཞིག་ཡིན་ན་ཡིན་དེ་སྐོར་ང་ཚོ་ལ་དགོས་པ་མི་འདུག ང་ཚོས་བཀའ་བློན་ཁྲི་བའི་སྐོར་བཤད། དེ་རིང་ངས་བཀའ་བློན་ཁྲི་བའི་སྐོར་ལ་སྐད་ཆ་འགའ་བཤད་རྒྱུ་ཡིན། བཙན་བྱོལ་བོད་གཞུང་ནང་བཀའ་བློན་ཁྲི་བ་ཟེར་དུས་ཚོགས་པ་ཁག་དང་ཆོལ་ཁ་ཁག མི་སྒེར་ཚང་མ་ཟང་ཟིང་འུར་འུར་ཆགས་འགྲོ་གི་འདུག བཀའ་བློན་ཁྲི་བ་མ་ནོར་མ་ཆུགས་པ་ཞིག་བྱུང་ན་དེས་བོད་ལ་རང་བཙན་དགོས་ན་རང་བཙན་དང་། རང་དབང་དགོས་ན་རང་དབང་སོགས་གང་འདོད་པ་རྣམས་སྒྲུབ་སྤོབས་དང་སྒྲུབ་ཐུབ་པ་འགྲུབ་འགྲོ་བ་ལྟ་བུ་ཞིག་བཤད་ཀི་འདུག བཀའ་བློན་ཁྲི་བའི་ཆེད་དུ་བོད་རང་བཙན་གྱི་ལས་འགུལ་ལས་ཀྱང་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་བཞིན་འདུག
དཔེར་ན། བུད་མེད་ཚོགས་པ་ཟླ་བ་འགའི་རིང་བཀའ་ཁྲི་འཚོལ་དུ་འགྲོ་རྒྱུ་ཡིན་ཟེར། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ཀྱང་གཏིང་ཟབ་ཀྱི་ལས་འགུལ་ཞིག་སྤེལ་དང་སྤེལ་མུས་རེད། ཆོལ་ཁ་གསུམ་་གྱིས་ཀྱང་འགྲན་རྩོད་བྱེད་བཞིན་འདུག་ག བཀའ་བློན་ཁྲི་བའི་ཆེད་དུ་དེ་འདྲ་ཞིག་བྱེད་ཨེ་དགོས་སྙམ། བཀའ་བློན་ཁྲི་བ་སུ་ཞིག་སླེབས་ཀྱང་སྐྱབས་མགོན་རིན་པོ་ཆེ་ལས་ལྷག་པའི་ཕྱག་ལས་གང་ཡང་གནང་ཐུབ་རྒྱུ་མ་རེད།
མདུན་ལ་ཤར་སྐྱོད་བྱེད་མཁན་ཞིག་བྱུང་ན་འགྲིག་གི་ཡོད་རེད། ཡང་བསྐྱར་དེ་བྱེད་མི་རུང་ནང་པའི་ལྟ་གྲུབ་དང་མི་མཐུན། དེ་བྱེད་མི་རུང་བྱང་ཆུབ་སེམས་དང་འགལ་འགྲོ་ཟེར་མཁན་ཞིག་བྱུང་ན་འགྱུར་མ་གང་ཡང་་འགྲོ་གི་མ་རེད། དེ་མིན་བཀའ་ཁྲི་འཚོལ་དུ་འགྲོ་མཁན་ཚོའི་དམིགས་ཡུལ་གཙོ་བོ་དེ་ཡང་ཅི་ཡིན་མི་ཤེས། སྔོན་མ་ང་སློབ་གྲྦ་ཞིག་གི་ནང་དུ་དགེ་རྒན་བྱེད་བཞིན་པའི་སྐབས་ངའི་ཆོལ་ཁའི་རྒྱུན་ལས་འགའ་ཤས་ང་སར་ཡོང་ནས་ཁྱོད་ཀྱི་སློབ་མ་ཚོ་ལ་སྐུལ་སློང་བྱས་ནས་ད་རེས་བཀའ་བློན་ཁྲི་བའི་འོས་ཤོག་གང་ཟག་ཆེ་གེ་མོ་ཞིག་ལ་འཕེན་དུ་འཇུག་དགོས། གལ་སྲིད་ཁོང་ལ་ཐོབ་པ་ཡིན་ན་ང་ཚོ་ཆོལ་ཁ་ལ་ཕན་གྱི་རེད་ཅེས་སྐྱག་དྲི་བྲོ་བའི་སྐད་ཆ་འདི་འདྲ་བཤད་སོང་། དེའི་ཕྱིའི་ཉིན་ཞིག་ལ་ཆོལ་ཁ་གཞན་པའི་མི་འགའ་ཤས་སླེབས་ནས་ཁོ་ཚོའི་ཆོལ་ཁའི་དགེ་རྒན་ཞིག་ལ་འབྲེལ་བ་བྱེད་བཞིན་འདུག ཁོ་ཚོས་ཀྱང་ཏན་ཏན་དེ་འདྲ་བཤད་ཡོད་རེད། རིམ་པར་ཆོལ་ཁ་གསུམ་གྱི་རྒྱུན་ལས་སླེབས་སོང་། བཀའ་བློན་ཁྲི་བ་འཚོལ་སྟངས་དེ་འདྲ་ཡིན་ནམ། ད་ཐེངས་ཀྱང་བཀའ་བློན་ཁྲི་བ་འཚོལ་མཁན་རྣམས་ཀྱིས་སྔ་ས་ནས་གྲ་སྒྲིག་བྱེད་བཞིན་འདུག་པ་འདི་ནང་དུ་ཡང་སྐྱག་དྲི་བྲོ་བ་དེ་འདྲ་ཡོད་ཐག་ཆོད་ཡིན་པས་རང་ཚུགས་ཐུབ་པ་ཡོད་དོ་ཅོག་ནས་གཟབ་གཟབ་གནང་རོགས།
བསྟན་འཛིན་བདེ་བྱེད་ལགས་ཀྱི་གསུངས་པ་ཇི་བཞིན་བློ་སེང་ལ་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་པའི་འཚོ་བ་ང་ལ་ཡང་བྱུང་ཟླ་ནིང་ལོ་ཞུགས་ལ་རྡོར་གདན་དུ་གོང་ས་མཆོག་གི་གསུང་ཆོས་སྐབས་ཁོང་བཟའ་ཁང་ཞིག་ཏུ་མཇལ་བྱུང་། དེའི་སྔོན་བློ་སེང་བསྐོར་གསར་ཤོག་ཁག་ནས་མཐོང་ལས་མི་དངོསུ་མཏོང་མྱོང་མེད་བཟའ་ཁང་ནང་གི་མི་ཡོད་ཚད་ལ་ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ཞེས་གསུང་མཁན་ཞིག་འདུག་དེ་དུས་རང་ཚུགས་མེད་མཁན་ཞིག་རེད་སྙམ་བྱུང་། གནས་ཚུལ་དེ་མི་མང་པོས་ཤེས་ཀྱི་ཡོད
བསྟན་འཛིན་བདེ་བྱེད་ལགས་ཀྱི་གསུངས་པ་ཇི་བཞིན་བློ་སེང་ལ་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་པའི་འཚོ་བ་ང་ལ་ཡང་བྱུང་ཟླ་ནིང་ལོ་ཞུགས་ལ་རྡོར་གདན་དུ་གོང་ས་མཆོག་གི་གསུང་ཆོས་སྐབས་ཁོང་བཟའ་ཁང་ཞིག་ཏུ་མཇལ་བྱུང་། དེའི་སྔོན་བློ་སེང་བསྐོར་གསར་ཤོག་ཁག་ནས་མཐོང་ལས་མི་དངོསུ་མཐོང་མྱོང་མེད་བཟའ་ཁང་ནང་གི་མི་ཡོད་ཚད་ལ་ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ཞེས་གསུང་མཁན་ཞིག་འདུག་དེ་དུས་རང་ཚུགས་མེད་མཁན་ཞིག་རེད་སྙམ་བྱུང་། གནས་ཚུལ་དེ་མི་མང་པོས་ཤེས་ཀྱི་ཡོད
གནའ་རབས་ཀྱི་སྤྱི་ཚོགས་ནང་མིའི་རྣམ་དཔྱོད་ཀྱི་རྩལ་གཅིག་པུར་བརྟེན་ནས་རྒྱལ་ཁམས་ཀྱི་དར་ལྕེ་དགུང་དུ་བསྒྲེངས་པའི་ལོ་རྒྱུས་ཡོད་ནའང་། དུས་རབས་ཉེར་གཅིག་པའི་དེ་རིང་མིའི་རྣམ་དཔྱོད་གཅིག་པུ་རྩལ་ཏུ་བཏོན་ནས་རྒྱལ་ཁམས་བྱ་ར་མཛད་པ་ནི་ཡོང་མི་སྲིད་པ་ཞིག་པ་རེད། དཔེ་མཚོན་ཆུང་ཆུང་ཞིག་གི་ངོས་ནས་བཤད་ན། གནའ་རབས་ཀྱི་སྤྱི་ཚོགས་ཀྱི་ལག་ཆ་རལ་གྲི་ལྟ་བུ་དང་། དུས་རབས་ཉེར་གཅིག་པའི་ལག་ཆ་ཤོག་བུ་རེད་སྙམ། དེའི་སྟབས་ཀྱིས་གནའ་རབས་ཀྱི་སྤྱི་ཚོགས་ཀྱི་མིའི་འཚོ་བ་རོལ་སྟངས། དབང་བསྒྱུར་བྱེད་སྟངས། མིའི་རྣམ་དཔྱོད་རྩལ་ཏུ་འདོན་སྟངས་སོགས་དང་དུས་རབས་ཉེར་གཅིག་པའི་མིའི་བྱེད་བབ་སོགས་བསྡུར་དགོས་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་བསམས། ཨོ། བློན་ཆེན་མགར་སྟོང་བཙན་དང་། ཚ་རོང་ཟླ་བཟང་དགྲ་འདུལ་སོགས་རྣམ་དཔྱོད་ཕུལ་དུ་བྱུང་བ་ཏག་ཏག་ཡིན་ནའང་། དུས་རབས་ཉེར་གཅིག་པའི་ནང་ཁོང་ཚོ་སློབ་སྦྱོང་ཞིག་མེད་ཚེ་‘‘དཔའ་ཡོད་རུང་དཔའ་བོ་ལག་རྡུམ’’ཅན་ཏག་ཏག་མ་ཡིན་ནམ།
ཡར་བརྒྱ་བཤད། མར་སྟོང་བཤད། རྒྱ་ཡི་རྒྱུག་ཁྱི་མིན་ཙམ་བྱུང་ན་འགྲིགས། སྤྱི་གནད་ཆེན་མང་དག་ནང་རྒྱུགས་ཁྱི་ནང་དུ་བཞག་ནས་དོགས་པ་ཕྱི་ལ་བྱས་ནས་བསྡད་མཁན་མང་དག་ཞིག་ཆགས་ཡོང་འདུག་ན། དེ་རིགས་ལ་དམ་ཡོད་དགོས་ཆེ། བདེ་འཇག་བས་གཟིགས་ཞིབ་མ་གནང་ནའང་རྒྱ་གར་གསང་ལས་པས་ཚུར་ཤོད་བཞིན་འདུག
དྲ་གྲོགས་ཚོགས་བཀའ་ཁྲིའི་བསྐོར་བགྲོ་གླེང་མང་པོ་གནང་འདུག་ ཤེས་ཡོན་ལྡན་པ་དགོས་ཟེར། ཤེས་ཡོན་མེད་དགོས་ཟེར། ལྷག་བསམ་ཅན་དགོས་ཟེར། འཇོན་ཐང་ཅན་དགོས་ཟེར། ངས་བལྟས་ན་བཀའ་བློན་ལས་བཀའ་བླུན་འདེམས་ཡས་མ་རེད་སྙམ། ང་ལ་མཁོ་བའི་མ་འོངས་པའི་བཀའ་བློན་ནི་རྒྱ་མི་ལ་ངོ་རྒོལ་རྒྱབ་མི་མཆོག་གི་མ་རེད་ཟེར་མཁན་དེ་འདྲ་ཞིག་མི་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན། །ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་ཡིབ་མི་འདོད་མཁན་མི་མང་གིས་མདུན་དུ་མཆོངས་ཐུབ་མཁན་ཞིག་མཁོ། དེ་ནི་རང་བཙན་ཐབས་བརྩོད་པ་བརྩོན་འགྲུས་བལྟ་བུ་ཞིག་དགོས།
འོ་ཡ་དྲ་གྲོགས་ཚོས་བསམ་ཚུལ་གང་མང་བཏོན་འདུག ད་དུང་ཁ་སྣོན་བཤད་རྒྱུ་ཁ་ཤས་ཞིག་ཡོད་པ་ནི། ཤེས་ཡོན་པ་ཞིག་བཀའ་བློན་ཁྲི་བར་སླེབས་ཚེ། སྲིད་དོན་མི་འཁྱོངས་པ་ཕར་ཞོག འཚོ་གནས་ཡང་བཀོད་སྒྲིག་བྱེད་ཐུབ་ཀྱི་མ་རེད། དཔེར་ན་ད་ལྟའི་བཀའ་ཤག་གིས་རང་བཙན་ཐོབ་པ་ལ་བོད་མི་ཡོད་དོ་ཅོག་བྱང་ཆུབ་སེམས་དཔའ་ཆགས་དགོས་ཟེར་བ་དང་། འཁེལ་འཐག་བཟོ་གྲྭ་ཁག་མེད་པར་བཟོས་པ། ཞིང་ལས་འཚེ་མེད་ཅན་དུ་བསྒྱུར་བ་ཟེར་རྒྱུ་འདི་ཚོ་ལ་བལྟས་ཡོང་དུས། ངུ་ན་ངུ་མ་ཤེས་པ། དགོད་ན་དགོད་མི་ཤེས་པ་དེ་འདྲ་རེད། ད་དུང་རྩོད་གཞི་སྒང་ལ་ཡོད་པའི་གནང་སྟངས་སྐོར་ཞིག ཤེས་ཡོན་སྲིད་ཇུས་ཟེར་བའི་བྱ་སྤྲེལ་གཏམ་རྒྱུད་ཀྱི་བཟོ་འདྲ་བོ། བོད་མི་ཕྱི་རྒྱལ་ལ་འགྲོ་རྒྱུ་ལ་བཀག་འགོག་བྱེད་པ་སོགས་ནི་རྩ་བའི་ཐུགས་བསམ་བཞེས་ཚུལ་ནོར་མེད་ན་ཡང་། མགོ་གནམ་གང་ནས་ནོར་ཚར་དུས་ཟླ་མཇུག་པར་དུ་ནོར་བ་ཆོས་ཉིད་རེད།
གོང་གི་མཆན་འདེབས་མཁན་རྣམས་ལས་བརྒྱ་ཆ་དགུ་བཅུ་གོ་ལྔས་ཤེས་ཡོན་རྩ་ནས་མེད་མཁན་ཞིག་བཀའ་ཁྲིར་ངོས་ལེན་བྱེད་ཀྱི་འདུག་ན། ད་ང་ཚོས་འབྱུང་འགྱུར་བཀའ་བློན་ཁྲི་བ་དེ་ཡི་གེ་ན་གཅིག་ཀྱང་མི་ཤེས་མཁན་ཞིག་འདེམས་ཡ་ཡིན་ད།
ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་དེ་རྒྱ་རི་བློ་གྲོས་འདེམས་ན་ལེགས
ཁྱེད་ཀྱི་བསམ་ཆར་ཡག་མདོག་ཁ་པོ་འདུག་སྟེ་རྒྱུ་མཚན་བསྒྲགས་ཚད་རྒྱུ་མཚན་དུ་ཕྱིན་མི་འདུག
དགོངས་དག་ཞུ། ཕྱི་སྡོད་པ་འདི་ཚོ་ཁོམ་སོང་བ་ཡིན་ནམ། ཅི་ཞིག་གླེང་གིན་ཡོད་པའང་མི་ཤེས་ཀི ཤེས་ཡོན་ཟེར་བ་ཧ་གོ་གི་མེད་པ་འདྲ། ང་ཚོའི་བཀའ་སྤྱི་གདམ་ཐོན་བྱུང་རྒྱུ་ལས་སླ་བོ་ཞིག་ག་ལ་ཡིན་ཏེ། འོན་ཀྱང་ལང་ཤོར་ཞིག་ལ་བཀའ་སྤྱིའི་འོས་ཐོབ་མི་རེག་པའི་སེམས་ཤུགས་སྐྱེད་རོགས་ཞུ།
ད་ཡང་རྙོག་དྲ་མང་སློང་གི་འདུག་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་མི་ཤེས་ཤེས་འདོག་གི་བཤད་རྒྱུ་མང་དྲག་སོང་ལྷག་བསམ་ཡོད་ན་བོད་ཀྱི་བཀའ་སློན་ཤེས་འཇོན་གཉིས་ལྡན་ཆོལ་ཁ་གསུམ་གི་བོད་པ་ཡོངས་ཀྱི་ཁས་ལེན་བྱེད་ཐུབ་ཞིག་དགོས་པ་ལས་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་བྱས་བསྡད་ན་ག་དུས་ཡིན་ཀྱང་བཀའ་སློང་ཡག་པོ་ཞིག་བརྙེད་མི་ཐུབ།།
དེང་སང་བོད་ནང་དུ་ས་ཡོམ་གྱི་གནས་ཚུལ་ཛ་དྲག་པོ་འདི་འདྲ་བྱུང་ན་ཡང་། བཀའ་བློན་ཁྲི་བ་མཐོང་ཡ་མི་འདུག འདི་འདྲ་ལ་བསམ་ན་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེ་ཡི་གེ་གང་ཡང་མི་ཤེས་པ་ཞིག་དགོས་པར་ངེས་པ་ལྷག་པར་རྙེད་ཐུབ། ཕལ་ཆེར་རྒྱ་ནག་ཚང་གིས་བཀའ་བློན་ཁྲི་བ་མིའི་མདུན་ལ་འབུད་མི་ཆོག་ཅེས་བཤད་ཡོད་ས་རེད།
དྲ་གྲོགས་གཞོན་ནུ་ལགས་།།།།
སྐུ་ཉིད་ཀྱིས་བསམ་ཚུལ་འདི་འདྲ་བརྗོད་ཐུབས་པའི་སྤོ་པ་ལ་གུས་པས་བསྔག་བརྗོད་དང་རྗེས་སུ་ཡི་རིང་ཞུ་བཞིན་ཡོད །།། འོན་ཀྱང་ཡི་གེ་ན་གཅིག་མི་ཤེས་མཁན་ཟེར་ན་གང་ཤེས།།།།་ འོན་ཀྱང་ཆོས་ལུགས་སློབ་སྤྱོང་གཏན་ནས་རྒྱུས་མངའ་མེན་མཁན་ངེས་པར་དུ་དགོས།།