སྐད་ཡིག་གཙང་མ་བེད་སྤྱོད་གནང་ཕྱོགས་སྐོར། Posted on 2015-08-262015-08-26 By ཁ་བརྡ་ 5 Comments on སྐད་ཡིག་གཙང་མ་བེད་སྤྱོད་གནང་ཕྱོགས་སྐོར། བགྲོ་གླེང་།
ང་། ང་ མདང་ ཕྱིན་པ་ ཡིན། ང་ དེ་རིང་ འགྲོ་བགྱིད་ ཡོད། ང་ སང་ཉིན་ འགྲོ་བགྱིད་ ཡིན། ཁྱོད་རང་། ཁྱོད་རང་ མདང་ ཕྱིན་པ་ རེད། ཁྱོད་རང་ དེ་རིང་ འགྲོ་བགྱིད་ ཡོད་རེད། ཁྱོད་རང་ སང་ཉིན་ འགྲོ་བགྱི་ རེད། ཁོ། ཁོ་ མདང་ ཕྱིན་པ་ རེད། ཁོ་ དེ་རིང་ འགྲོ་བགྱིད་ ཡོད་རེད། ཁོ་ སང་ཉིད་ འགྲོ་བགྱི་ རེད། ་ ང་ལ་ ཡོད། ཁྱོད་ལ་ འདུག ཁོ་ལ་ འདུག འདི་ལ་ འདུག དེ་ལ་ འདུག ་ ང་ཡིན། ཁྱོད་རེད། ཁོ་རེད། འདི་རེད། དེ་རེད། ་ འདི་ངའི་རེད། འདི་ཁྱོད་རང་གི་རེད། འདི་ཁོའི་རེད། འདི་འདིའི་རེད། འདི་དེའི་རེད།
བོད་མི་མང་པོ་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་མེད་པའི་རྒྱུ་མཚན་གཙོ་བོ་བོད་ཀྱི་སྐད་ཆ་ཡིག་གི་ཐོག་ནས་འཚོ་བའི་མདུན་ལམ་ཡག་པོ་མེད་པས་རེད། མི་སུ་ཡིན་ནའང་དང་པོར་སོ་སོའི་སྒེར་གྱི་འཚོ་བའི་མདུན་ལམ་གྱི་ཆེད་དུ་སློབ་སྦྱོང་བྱེད་བཞིན་ཡོད། གྲྭ་པ་ཞིག་ཡིན་ན་འཚོ་བའི་མདུན་ལམ་དགོན་པའི་ནང་དུ་ཡོད་པ་རེད། མི་སྐྱོ་ཕོ་མོ་རྣམས་ཀྱི་འཚོ་བའི་མདུན་ལམ་དགོན་པའི་ནང་དུ་མེད་དུས་བོད་ཡིག་གི་ཐོག་ནས་འཚོ་བ་སྐྱེལ་ཐུབ་ཀྱི་མེད་པར་ཤེས་གསལ་རེད། མི་སྐྱོ་ཕོ་མོ་སུ་ཡིན་ནའང་སྤྱི་ཚོགས་ནང་དུ་འཚོ་བ་བསྐྱལ་དུས་ཕན་ཐོགས་མེད་པའི་སྐད་ཡིག་ལ་འབད་བརྩོན་བྱེད་ཀྱི་མ་རེད། བོད་ཀྱི་སྐད་ཡིག་ལ་དགའ་ཞེན་དང་དོ་སྣང་། འབད་བརྩོན་མི་བྱེད་པའི་རྒྱུ་རྐྱེན་གཙོ་བོ་བོད་ཀྱི་སྐད་ཡིག་ནང་དུ་འཚོ་བ་སྐྱེལ་རྐྱེན་གྱི་རིག་གནས་མེད་པས་རེད། དཔེར་ན། མོ་ཊ་གཏོང་སྟངས་ཤིག་སྦྱོང་དགོས་ནའང་བོད་ཀྱི་སྐད་ཡིག་ནང་དུ་མེད་དུས་སྐད་ཡིག་གཞན་ཞིག་ལ་མི་བརྟེན་ཀ་མེད་རེད། ལག་ཤེས་ཀྱི་རིག་གནས་ཀྱི་ཐོག་ནས་ཀྱང་བོད་ཀྱི་སྐད་ཡིག་ནང་དུ་རྐང་འཁོར་བཟོ་ཐུབ་པའི་རིག་གནས་ཙམ་ཡང་མེད། བོད་ཀྱི་མ་འོངས་མདུན་ལམ་ལ་བསམས་ནའང་གློག་ལས་དང་བཟོ་ལས་སོགས་འཚོ་བ་སྐྱེལ་རྐྱེན་རིག་གནས་སྣེ་གཅིག་མེད་དུས་བོད་མི་རིགས་རང་གི་ལུང་པ་རང་གིས་སྐྱོང་དགོས་ན་ཁག་པོ་ཆགས་ཡོང་གི་ཡོད། འཚོ་བ་སྐྱེལ་རྐྱེན་གྱི་རིག་གནས་ནང་འདྲེན་མ་བྱེད་པར་མུ་མཐུད་ནས་འདི་ལྟར་ཕྱིན་པ་ཡིན་ན་་་བོད་ཀྱི་སྐད་ཡིག་མཁས་པའི་སྐད་ཡིག་ཆགས་ཀྱི་མིན་ལ་གྲྭ་པའི་སྐད་ཡིག་ཆགས་ངེས་རེད། མཐའ་མར་དགོས་སྡེ་ལྷ་ཁང་ནང་དུ་རྒད་ནས་ཤི་ངེས་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ངོས་ནས་བཤད་ན་ཁྱད་ལས་རིག་གནས་ནང་འདྲེན་བྱས་པ་མེད་པ་དང་། བྱེད་བཞིན་མེད་པ་འདི་ནོར་འཁྲུལ་ཆེན་པོ་རེད། བློ་སེང་གིས་ཁྱད་ལས་པ་གསོ་སྐྱོང་བྱེད་ཀྱི་ཡིན་ཟེར་གྱི་ཡོད་ཀྱང་ཁྱད་ལས་རིག་གནས་སྐད་ཡིག་གཞན་གྱི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་མ་གཏོགས་བོད་ཀྱི་སྐད་ཡིག་ནང་དུ་མེད་ལ་ནང་འདྲེན་སྣེ་བྱས་མེད། གནད་འགག་ཐུག་ས་ངོ་མ་ཁྱད་ལས་རིག་གནས་ནང་འདྲེན་མ་བྱས་པ་ལ་ཐུག་ཡོད། འཚོ་བ་ཁྱོག་ཐབས་པའི་སྐད་ཡིག་ལ། འཚོ་གནས་དོན་གཉེར་བ་ཚོས་སྦྱོང་མི་སྲིད། འབྲས་བུ་མེད་པའི་ཤིང་སྡོང་སྐམ་པོ་ལ། ལུད་ཆུ་བླུགས་ནས་ངལ་བ་བརྟེན་མི་སྲིད། འཚོ་རྟེན་ཕུན་ཚོགས་པའི་སྐད་ཡིག་ལ། ཕྲུ་གུ་མི་དགོས་རྒད་པོ་ཡིན་ཀྱང་སྦྱང་། ལང་ཚོ་དར་ལ་བབ་པའི་ཤ་གཟུགས་ལ། མི་སྐྱ་མི་དགོས་གྲྭ་པ་ཡིན་ཀྱང་དགའ།་་་་་་་ཧཧ
ནོར་བཅོས། འཚོ་བ་ཁྱོག་ཐབས་མེད་པའི་སྐད་ཡིག་ལ། འཚོ་གནས་དོན་གཉེར་བ་ཚོས་སྦྱོང་མི་སྲིད། འབྲས་བུ་མེད་པའི་ཤིང་སྡོང་སྐམ་པོ་ལ། ལུད་ཆུ་བླུགས་ནས་ངལ་བ་བརྟེན་མི་སྲིད། འཚོ་རྟེན་ཕུན་ཚོགས་པའི་སྐད་ཡིག་ལ། ཕྲུ་གུ་མི་དགོས་རྒད་པོ་ཡིན་ཀྱང་སྦྱང་། ལང་ཚོ་དར་ལ་བབ་པའི་ཤ་གཟུགས་ལ། མི་སྐྱ་མི་དགོས་གྲྭ་པ་ཡིན་ཀྱང་དགའ།་་་་་་་ཧཧ
ན་གྷ་སངས་རྒྱས་ཀྱིས་བྱ་ཚིག་དང་འཕྲད་སོགས་བོད་རང་གི་བརྡ་སྤྲོད་དང་མཐུན་པ་བེད་སྤྱོད་དགོས་ལས་སྐད་ཡིག་གཞན་དག་གི་འཕྲད་དང་རྣམ་དབྱེ་བསྲེས་མི་རུང་ཟེར་བ་དེ་གནད་འགག་རེད། མ་གཏོགས་གཞན་དངོས་པོ་གསར་པའི་མིང་རྐྱང་གི་ཐ་སྙད་རྣམས་དངོས་མིང་རང་བེད་སྤྱོད་བྱེད་ན་བཟང་། ཁྱབ་ཆེ་བའི་དངོས་པོ་གསར་པའི་དངོས་མིང་བཞག་ནས་ལྷག་མིང་ཞིག་བེད་སྤྱོད་བྱས་ན་བོད་ཀྱི་སྐད་ཡིག་རྒུད་པའི་ཕྱོགས་ཁ་འཁོར་བ་ཡིན། འཛམ་གླིང་འདི་ལ་མིང་རྐྱང་གི་ཐ་སྙད་མང་པོར་གཅིག་གྱུར་གྱི་བེད་སྤྱོད་བཏང་གི་ཡོད། དཔེར་ན། ཀོ་ཧྥེ་ལྟ་བུ་དང་། པེང་ཙ་ལྟ་བུའི་རིགས་ལ་དངོས་མིང་རང་བརྗོད་ན་བཟང་བ་ལས་མིང་ལྷག་བཏགས་ན་འདོགས་ཚོད་མེད་ལ་འཛམ་གླིང་གི་ཐ་སྙད་གཅིག་གྱུར་གྱི་ཁ་ཕྱོགས་ལ་ངོ་ལོག་བྱེད་ཐུབ་ཐབས་མེད་པར་འདོད་ ཐ་སྙད་གཅིག་གྱུར་གྱི་སྟོབས་ཤུགས་འདི་ནི་དབྱར་གྱི་གནམ་ཆུ་བཞིན་བཀག་ཀྱང་ཁོགས་ཐབས་མེད་པའི་བྱ་བ་རེད། རང་མགོ་ལ་ཆར་པ་བཀག་ཐུབ་པའི་དབང་དུ་བཏང་ཡང་ལུང་པ་ཡོངས་ལ་ཆར་པ་བཀག་ཐུབ་ཐབས་མེད་པ་བཞིན་རེད། ལས་ངན་ཅོ་རིའི་སེམས་ཀྱི་ན་ཟུག་འདིར། ཞི་བའི་ཐབས་ཤིག་སྟོན་རོགས་འཇམ་པའི་དབྱངས། ཁྱད་ལས་རིག་གནས་མེད་པའི་བོད་ཡིག་ནང་། རིག་གནས་ནང་འདྲེན་བྱེད་རོགས་ལོ་ཙྭ་བ། ཅོག་རོ་ཀླུ་ཡི་རྒྱལ་མཚན་བཞུགས་ཡོད་ན། སྐད་ཡིག་གསར་བཅད་གནང་རོགས་ཞུ་ན་འདོད། དྲིན་ཆེན་ཐོན་མི་སམ་བྷོ་བཞུགས་ཡོད་ན། རིག་གནས་ནང་འདྲེན་གནང་རོགས་ཞུ་ན་འདོད།།
ང་།
ང་ མདང་ ཕྱིན་པ་ ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱིད་ ཡིན།
ཁྱོད་རང་།
ཁྱོད་རང་ མདང་ ཕྱིན་པ་ རེད།
ཁྱོད་རང་ དེ་རིང་ འགྲོ་བགྱིད་ ཡོད་རེད།
ཁྱོད་རང་ སང་ཉིན་ འགྲོ་བགྱི་ རེད།
ཁོ།
ཁོ་ མདང་ ཕྱིན་པ་ རེད།
ཁོ་ དེ་རིང་ འགྲོ་བགྱིད་ ཡོད་རེད།
ཁོ་ སང་ཉིད་ འགྲོ་བགྱི་ རེད།
་
ང་ལ་ ཡོད།
ཁྱོད་ལ་ འདུག
ཁོ་ལ་ འདུག
འདི་ལ་ འདུག
དེ་ལ་ འདུག
་
ང་ཡིན།
ཁྱོད་རེད།
ཁོ་རེད།
འདི་རེད།
དེ་རེད།
་
འདི་ངའི་རེད།
འདི་ཁྱོད་རང་གི་རེད།
འདི་ཁོའི་རེད།
འདི་འདིའི་རེད།
འདི་དེའི་རེད།
བོད་མི་མང་པོ་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་མེད་པའི་རྒྱུ་མཚན་གཙོ་བོ་བོད་ཀྱི་སྐད་ཆ་ཡིག་གི་ཐོག་ནས་འཚོ་བའི་མདུན་ལམ་ཡག་པོ་མེད་པས་རེད། མི་སུ་ཡིན་ནའང་དང་པོར་སོ་སོའི་སྒེར་གྱི་འཚོ་བའི་མདུན་ལམ་གྱི་ཆེད་དུ་སློབ་སྦྱོང་བྱེད་བཞིན་ཡོད། གྲྭ་པ་ཞིག་ཡིན་ན་འཚོ་བའི་མདུན་ལམ་དགོན་པའི་ནང་དུ་ཡོད་པ་རེད།
མི་སྐྱོ་ཕོ་མོ་རྣམས་ཀྱི་འཚོ་བའི་མདུན་ལམ་དགོན་པའི་ནང་དུ་མེད་དུས་བོད་ཡིག་གི་ཐོག་ནས་འཚོ་བ་སྐྱེལ་ཐུབ་ཀྱི་མེད་པར་ཤེས་གསལ་རེད། མི་སྐྱོ་ཕོ་མོ་སུ་ཡིན་ནའང་སྤྱི་ཚོགས་ནང་དུ་འཚོ་བ་བསྐྱལ་དུས་ཕན་ཐོགས་མེད་པའི་སྐད་ཡིག་ལ་འབད་བརྩོན་བྱེད་ཀྱི་མ་རེད།
བོད་ཀྱི་སྐད་ཡིག་ལ་དགའ་ཞེན་དང་དོ་སྣང་། འབད་བརྩོན་མི་བྱེད་པའི་རྒྱུ་རྐྱེན་གཙོ་བོ་བོད་ཀྱི་སྐད་ཡིག་ནང་དུ་འཚོ་བ་སྐྱེལ་རྐྱེན་གྱི་རིག་གནས་མེད་པས་རེད། དཔེར་ན། མོ་ཊ་གཏོང་སྟངས་ཤིག་སྦྱོང་དགོས་ནའང་བོད་ཀྱི་སྐད་ཡིག་ནང་དུ་མེད་དུས་སྐད་ཡིག་གཞན་ཞིག་ལ་མི་བརྟེན་ཀ་མེད་རེད། ལག་ཤེས་ཀྱི་རིག་གནས་ཀྱི་ཐོག་ནས་ཀྱང་བོད་ཀྱི་སྐད་ཡིག་ནང་དུ་རྐང་འཁོར་བཟོ་ཐུབ་པའི་རིག་གནས་ཙམ་ཡང་མེད།
བོད་ཀྱི་མ་འོངས་མདུན་ལམ་ལ་བསམས་ནའང་གློག་ལས་དང་བཟོ་ལས་སོགས་འཚོ་བ་སྐྱེལ་རྐྱེན་རིག་གནས་སྣེ་གཅིག་མེད་དུས་བོད་མི་རིགས་རང་གི་ལུང་པ་རང་གིས་སྐྱོང་དགོས་ན་ཁག་པོ་ཆགས་ཡོང་གི་ཡོད། འཚོ་བ་སྐྱེལ་རྐྱེན་གྱི་རིག་གནས་ནང་འདྲེན་མ་བྱེད་པར་མུ་མཐུད་ནས་འདི་ལྟར་ཕྱིན་པ་ཡིན་ན་་་བོད་ཀྱི་སྐད་ཡིག་མཁས་པའི་སྐད་ཡིག་ཆགས་ཀྱི་མིན་ལ་གྲྭ་པའི་སྐད་ཡིག་ཆགས་ངེས་རེད། མཐའ་མར་དགོས་སྡེ་ལྷ་ཁང་ནང་དུ་རྒད་ནས་ཤི་ངེས་རེད།
བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ངོས་ནས་བཤད་ན་ཁྱད་ལས་རིག་གནས་ནང་འདྲེན་བྱས་པ་མེད་པ་དང་། བྱེད་བཞིན་མེད་པ་འདི་ནོར་འཁྲུལ་ཆེན་པོ་རེད། བློ་སེང་གིས་ཁྱད་ལས་པ་གསོ་སྐྱོང་བྱེད་ཀྱི་ཡིན་ཟེར་གྱི་ཡོད་ཀྱང་ཁྱད་ལས་རིག་གནས་སྐད་ཡིག་གཞན་གྱི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་མ་གཏོགས་བོད་ཀྱི་སྐད་ཡིག་ནང་དུ་མེད་ལ་ནང་འདྲེན་སྣེ་བྱས་མེད། གནད་འགག་ཐུག་ས་ངོ་མ་ཁྱད་ལས་རིག་གནས་ནང་འདྲེན་མ་བྱས་པ་ལ་ཐུག་ཡོད།
འཚོ་བ་ཁྱོག་ཐབས་པའི་སྐད་ཡིག་ལ།
འཚོ་གནས་དོན་གཉེར་བ་ཚོས་སྦྱོང་མི་སྲིད།
འབྲས་བུ་མེད་པའི་ཤིང་སྡོང་སྐམ་པོ་ལ།
ལུད་ཆུ་བླུགས་ནས་ངལ་བ་བརྟེན་མི་སྲིད།
འཚོ་རྟེན་ཕུན་ཚོགས་པའི་སྐད་ཡིག་ལ།
ཕྲུ་གུ་མི་དགོས་རྒད་པོ་ཡིན་ཀྱང་སྦྱང་།
ལང་ཚོ་དར་ལ་བབ་པའི་ཤ་གཟུགས་ལ།
མི་སྐྱ་མི་དགོས་གྲྭ་པ་ཡིན་ཀྱང་དགའ།་་་་་་་ཧཧ
ནོར་བཅོས།
འཚོ་བ་ཁྱོག་ཐབས་མེད་པའི་སྐད་ཡིག་ལ།
འཚོ་གནས་དོན་གཉེར་བ་ཚོས་སྦྱོང་མི་སྲིད།
འབྲས་བུ་མེད་པའི་ཤིང་སྡོང་སྐམ་པོ་ལ།
ལུད་ཆུ་བླུགས་ནས་ངལ་བ་བརྟེན་མི་སྲིད།
འཚོ་རྟེན་ཕུན་ཚོགས་པའི་སྐད་ཡིག་ལ།
ཕྲུ་གུ་མི་དགོས་རྒད་པོ་ཡིན་ཀྱང་སྦྱང་།
ལང་ཚོ་དར་ལ་བབ་པའི་ཤ་གཟུགས་ལ།
མི་སྐྱ་མི་དགོས་གྲྭ་པ་ཡིན་ཀྱང་དགའ།་་་་་་་ཧཧ
ན་གྷ་སངས་རྒྱས་ཀྱིས་བྱ་ཚིག་དང་འཕྲད་སོགས་བོད་རང་གི་བརྡ་སྤྲོད་དང་མཐུན་པ་བེད་སྤྱོད་དགོས་ལས་སྐད་ཡིག་གཞན་དག་གི་འཕྲད་དང་རྣམ་དབྱེ་བསྲེས་མི་རུང་ཟེར་བ་དེ་གནད་འགག་རེད། མ་གཏོགས་གཞན་དངོས་པོ་གསར་པའི་མིང་རྐྱང་གི་ཐ་སྙད་རྣམས་དངོས་མིང་རང་བེད་སྤྱོད་བྱེད་ན་བཟང་། ཁྱབ་ཆེ་བའི་དངོས་པོ་གསར་པའི་དངོས་མིང་བཞག་ནས་ལྷག་མིང་ཞིག་བེད་སྤྱོད་བྱས་ན་བོད་ཀྱི་སྐད་ཡིག་རྒུད་པའི་ཕྱོགས་ཁ་འཁོར་བ་ཡིན།
འཛམ་གླིང་འདི་ལ་མིང་རྐྱང་གི་ཐ་སྙད་མང་པོར་གཅིག་གྱུར་གྱི་བེད་སྤྱོད་བཏང་གི་ཡོད། དཔེར་ན། ཀོ་ཧྥེ་ལྟ་བུ་དང་། པེང་ཙ་ལྟ་བུའི་རིགས་ལ་དངོས་མིང་རང་བརྗོད་ན་བཟང་བ་ལས་མིང་ལྷག་བཏགས་ན་འདོགས་ཚོད་མེད་ལ་འཛམ་གླིང་གི་ཐ་སྙད་གཅིག་གྱུར་གྱི་ཁ་ཕྱོགས་ལ་ངོ་ལོག་བྱེད་ཐུབ་ཐབས་མེད་པར་འདོད་ ཐ་སྙད་གཅིག་གྱུར་གྱི་སྟོབས་ཤུགས་འདི་ནི་དབྱར་གྱི་གནམ་ཆུ་བཞིན་བཀག་ཀྱང་ཁོགས་ཐབས་མེད་པའི་བྱ་བ་རེད། རང་མགོ་ལ་ཆར་པ་བཀག་ཐུབ་པའི་དབང་དུ་བཏང་ཡང་ལུང་པ་ཡོངས་ལ་ཆར་པ་བཀག་ཐུབ་ཐབས་མེད་པ་བཞིན་རེད།
ལས་ངན་ཅོ་རིའི་སེམས་ཀྱི་ན་ཟུག་འདིར།
ཞི་བའི་ཐབས་ཤིག་སྟོན་རོགས་འཇམ་པའི་དབྱངས།
ཁྱད་ལས་རིག་གནས་མེད་པའི་བོད་ཡིག་ནང་།
རིག་གནས་ནང་འདྲེན་བྱེད་རོགས་ལོ་ཙྭ་བ།
ཅོག་རོ་ཀླུ་ཡི་རྒྱལ་མཚན་བཞུགས་ཡོད་ན།
སྐད་ཡིག་གསར་བཅད་གནང་རོགས་ཞུ་ན་འདོད།
དྲིན་ཆེན་ཐོན་མི་སམ་བྷོ་བཞུགས་ཡོད་ན།
རིག་གནས་ནང་འདྲེན་གནང་རོགས་ཞུ་ན་འདོད།།
ཡག་པོ་འདུག་ སྔོན་ལ་ཁྱེད་གསུམ་ཡང་བྱེད་སྒྲ་དང་འབྲེལ་སྒྲ་སྦྱང་དགོས་འདུག།