——-གསལ་ལེ་རྒྱལ།
མདང་དགོང་ངས་ཁུ་ལྡུར་འདི་ལ་བལྟས་ཀྱིན་བལྟས་ཀྱིན་བོད་ཀྱི་གྲོས་ཚོགས་ར་བ་ཡིད་ལ་དྲན། དེ་ནས་ངས་ཁུ་ལྡུར་འདི་འཐུང་གིན་འཐུང་གིན་སེམས་གཏིང་ནས་ཞེན་པ་ལོག སྐྱ་སེར་གཉིས་ཀ་ཆབ་སྲིད་ཀྱི་ལྡིང་ཆ་གང་ནས་ཐུག་ན་དེ་རུ་རྙོག་དྲ་ཡོད་ཅིང་། རྙོག་དྲ་དེ་ནི་ཁུ་ལྡུར་ལྟ་བུའི་བྲོ་བ་ཅི་ཡང་མེད་པའི་རྙོག་དྲ་ཞིག་ཡིན། ལོས་ཡིན། དེ་ནི་འཚོ་བའི་ཁ་ཕྱོགས་མི་གཅིག་པས་ཡིན། ཡར་འགྲོ་ཞིག་དང་མར་འགྲོ་ཞིག་མཉམ་དུ་འགྲོ་ས་མེད་པས་ཡིན། ཡང་ན་གཅིག་གི་ཁ་གཅིག་གིས་ཤར་ལ་བསྐོར་དགོས་པས་ཡིན། དེ་བས་སླ་ང་ལྟ་བུའི་གྲོས་ཚོགས་ར་བའི་ནང་དུ་ནམ་ཡིན་ཡང་ལྡུ་རུ་ལྟ་བུའི་ཆབ་སྲིད་ཅིག་འཁྲབ་ཀྱིན་ཡོད།
སྐུ་མཁྱེན། ད་བླ་རྒན་ཚོས་སྲིད་སྟེགས་ལ་འཚང་ཁ་མ་རྒྱག ཁ་བཏགས་གཙང་མ་ཞིག་གིས་ལམ་འཇུག་བྱ་ཆོག བླ་རྒན་ཚོར་སྟེགས་བུ་ཞིག་དགོས་ཚེ་ཆོས་ལུགས་པའི་སྟེགས་བུར་འཛེག་རོགས།
དགོན་པ་ནི་གནས་དབེན་པ་སྟེ་གྲྭ་བས་སྦྱོང་བ་དང་ཉམས་ལེན་བྱེད་ས་རེད། དེ་རུ་མ་བཞུགས་པར་གང་ཡིན་སར་དམར་ལྷབ་ལྷབ་རྒྱུག་ཏེ། སེམས་ཤུགས་ཡིན་ཞེས་ཁུ་ཚུར་གནམ་ལ་འཕྱར་ན་ཆོས་བ་ཞིག་གི་བཟོ་ཚུགས་ཀ་ཕར་ཞོགས་ཐ་ན་འཇིག་རྟེན་རྒད་པོ་ཞིག་གི་བཟང་སྤྱོད་ཀྱང་མི་འདུག
གྲོས་ཚོགས་ར་བའི་ནང་གི་བླ་རྒན་དེ་དག་མཐོང་ན་གྲྭ་བ་ཞེས་བའི་ཐ་སྙད་དེའི་འཇུག་ཡུལ་ཚང་མར་ཞེན་པ་ལོག་གིན་འདུག སྐྱབས་སུ་མཆིས། ད་ཕེབས་རོགས་ཞུ། རྩོད་པ་བྱེད་མི་དགོས་བར་རང་འདོད་ཀྱིས་རང་སར་ཕེབས་རོགས། གྲྭ་བ་སྤྱིའི་མཚན་སྙན་དང་མི་སྐྱ་སྤྱིའི་དད་འདུན་ལ་གནོད་པའི་ལས་ལ་མཚམས་འཇོག་རོགས།
གྲོས་ཚོགས་གསར་འཛུག་བྱས་བའི་སྐབས་དེར་བཙན་བྱོལ་བར་མིས་མ་འདང་བར་བླ་རྒན་ཚོ་ཁ་སྣོན་གྱི་ཚུལ་དུ་གྲོས་ཚོགས་ར་བར་བཅུག་པ་རེད། “སྡུག་ཐུག་གི་བྱ་བའི་ནང་ལ་མཛུབ་མོ”་ཞེས་བ་ནང་བཞིན་རེད། ཡིན་ནའང་ད་ནི་མིས་མ་འདང་བའི་དཀའ་ངལ་མེད་པས་ཁྱོད་ཚོ་སྲིད་སྟེགས་ནས་ལོག་རན་རེད། ཚིག་གཞན་ཞིག་གིས་བཤད་ན་ཁྱོད་ཚོ་གྲོས་ཚོགས་ར་བའི་ནང་གི་མྱི་ལྷག་རེད། དེ་བས་ད་ནི་ཕེབས་རོགས། ལོ་ལོན་འགའི་མིག་ལམ་ནས་ཁྱོད་ཚོ་ད་དུང་གྲྭ་གཟུགས་སུ་གྲུབ་པ་མ་ཟད་ཆབ་སྲིད་པ་ཞིག་ཏུ་མཐོང་ནའང་། ཆོས་སྲིད་གཉིས་ཀར་སེམས་འཚབ་ཡོད་པའི་བོད་པ་ཚང་མའི་མིག་ལམ་ནས་ཁྱོད་ཚོ་རས་ལྷབ་དམར་བོ་ཞིག་ལས་ཅི་ཡང་མ་རེད། ཁྱོད་ཚོ་ལ་ཁྱོད་ཚོའི་བྱ་བ་དང་ཁྱོད་ཚོའི་ལམ་ཁ་ཡོད་པས་དེ་རུ་ཕེབས་རོགས། ལས་རོགས་མེད་པའི་ལས་དགྲ་མ་བྱེད་རོགས།
མི་རིགས་དང་རྒྱལ་ཁབ་ནི་སྐྱ་སེར་གཉིས་ཀའི་ཡིན་པས་ན་དེ་ལ་ཚང་མས་སེམས་ཁུར་དང་རྩོལ་བ་བྱེད་ལོས་དགོས་མོད། རྩིས་རིག་དགེ་རྒན་གྱིས་སྐད་ཡིག་ཁྲིད་པ་དང་། སྐད་ཡིག་དགེ་རྒན་གྱིས་རྩིས་རིག་ཁྲིད་པ་བཞིན། བླ་རྒན་ཚོས་སྲིད་སྟེགས་ཉར་བ་དང་མི་སྐྱ་ཚོས་བླ་མ་རྫུན་མ་འཁྲབ་ནས་ཆོས་རྫུན་བཤད་ན་ག་ལ་རུང་།
དེ་བས་ད་ནི་རང་རང་ས་ནས་རང་རང་གི་ལས་ལ་འབད་རོགས། གྲོས་ཚོགས་ར་བའི་ནང་གི་བླ་རྒན་ཚོ་མཐོང་ན་མགོ་ན་གིན་འདུག དཀོན་མཆོག་གསུམ། ༧རྒྱལ་བ་ཡེ་ཤེས།
༢༦/༠༨/༢༠༡༥ ལྷག་དཀར་ཉིན་ལྷག་བསམ་རྣམ་དག་གིས་བྲིས།
སླ་ངའི་ནང་གི་ཕག་ལྟོ་འཕྲོག་མཁན་བླ་རྒན་ཚོ་ཡིན་པར་རེད། ཕག་པ་རྒྱག་པ་དེ་དག་ཕག་ལྟོ་བཟའ་མ་བཅུག་ན་ངར་ལོས་འོང་། ཁག་མེད་ཡ་་་ཧཧཧ
ཕྱོགས་གཅིག་ནས་ཇོ་ནང་ལ་ཆོས་རྒྱུད་ཀྱི་་སྤྱི་འཐུས་དགོས་ཟེར་ནས་མདོ་སྨད་པ་ཚོས་ལག་པ་གནམ་ལ་བཀྱགས་སོང་། ཕྱོགས་གཞན་ཞིག་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་ནས་དགག་ཚིག་གིས་ཆར་པ་འབབ་བཞིན་འདུག དགོས་ཟེར་ནས་ལག་པ་བཀྱགས་པར་བདེན་ནམ། མི་དགོས་ཟེར་ནས་དགག་ཚིག་འཕེན་པར་བདེན། དྲི་བ་འདི་གནད་འགག་རེད། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཐུག་པ་དཀྲུགས་དཀྲུགས་བྱོས་ཤོག་ཨ། ལྟད་མོ་མཐོང་ཡོང་།་་་་་ཧ་ཧཧ
ང་ནི་གྲོས་ཚོགས་སུ་ཡུན་རིང་དུས་ཚོད་སྐྱེལ་མཁན་རྒས་ཁོག་དེ་རྣམས་མཐོང་དུས་མགོ་ན་གིན། རྟ་ལམ་བུང་བུས་བཀག་པ་རང་རེད
ཅོ་རི་ཊ་མ་རུ། གྲྭ་བ་སྤྱི་འཐུས་ནང་མི་ལངས་ཞེས་ཉེ་ལམ་གསལ་བསྒྲགས་གནང་མཁན་གཅིག་དེ་ཆོས་རྒྱུད་སྤྱི་འཐུས་མདོ་སྨད་བློ་བཟང་སྙན་གྲགས་རེད། དེ་མཚུངས་གྲྭ་པ་ཆོལ་ཁའི་ཆོས་རྒྱུད་འོས་མི་ནས་ཉེ་ཆར་དགོངས་ཞུ་གནང་མཁན་དེའང་མདོ་སྨད་པ་རྨོག་བསྟན་རེད། གྲོས་ཚོགས་ནང་མདོ་སྨད་ཀྱིས་ཇོ་ནང་ཆོས་རྒྱུད་ལ་དགོས་ཞེས་ལག་པ་ཚང་མས་བཀྱགས་ཡོད་མེད་མ་ཤེས། བཀྱགས་ཀྱང་ཆོས་རྒྱུད་འཐུས་མི་གྲྭ་བ་ཞིག་ངེས་པར་ཡོད་དགོས་པ་ཡིན་ནམ། ར་བཟི་ཀརྨ་ཆོས་འཕེལ་དང་། རྒྱ་རི་བུ་ཕྲུག་གཉིས་ཆོལ་ཁའི་སྤྱི་འཐུས་རེད་དམ། ཆོས་རྒྱུད་སྤྱི་འཐུས་རེད། སྐད་ཆ་བདེན་པར་ཤོད། བློ་གཟུ་བོར་གནས། དེ་མིན་ཁྱེད་དོགས་པ་ཟ་གཞི་གྱུར་པའི་མི་གྲས་སུ་ལྷུང་ཡོད་པ་རང་གིས་མཁྱེན་པར་བྱས་ཏེ་རང་ཚོད་བཟུང་ན་ལེགས།
ཨེ་་་བྱམས་པ། སྡིག་ར་འདྲ་ཞིག་སྐུལ་མདོག་མདོག་བྱས་མ་འོང་ཨ། ཕོ་ལུས་ལེན་ཡོད་མཁན་བུ་ཞིག་ཡིན། ཇོ་ནང་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་ཟེར་ནས་ལག་བཀྱགས་ཡོད་མེད་ཙམ་ཡང་ཤེས་ན་་་ཅིག་བཤད་ཀི་མ་འདུག ཆོས་རྒྱུད་སྤྱི་འཐུས་ལ་མི་སྐྱ་དགོས་ཟེར་གྱི་ཡོད་པེ། ཡོད་ན་ཁ་གསལ་ན་གོ་བདེ་ཡི་རེད་བ།
དྲང་བདེན་ཅན་གྱི་རྒྱལ་གཅེས་པ་ཀརྨ་ཆོས་འཕེལ་ལ་རྭ་བཟི་འདྲ་ཞིགའབོད་མདོག་མདོག་མ་བྱས་ཨ་་་མངའ་རིས་འབྲོག་པ་ཉམ་ཆུང་རེད་བསམས་ནས་བརྙས་བཅོས་བྱེད་ཀྱི་མཚམས་ཞོག་དང་དགའ་གི་རེད།
ཧཧཧ་་་གསལ་ལེ་རྒྱལ་འདི་གནའ་ནས་ཡིག་ནོར་གཏགས་ནོར་འབྲི་མཁན་ཞིག་ཡིན་ར་་་ད་རུང་རང་འཇགས་རེད་འདུག་་་དགེ་རྒན་ཡག་པོ་ཞིག་གི་ལག་ཏུ་མ་བཞག་ན་ཡོང་ས་མ་རེད་་་
དེང་སང་ནུབ་ལ་ཉེ་བའི་ཆོས་ལུགས་དེ་ཚོ་སླར་གསོ་གནང་ཐུབ་ན་ཡག་འགུ
ད་ལོ་ནས་ཆོས་རྒྱུད་ཁག་གི་སྤྱི་མཐུས་རྣམས་རང་རང་སོ་སོའི་དགོན་པས་ཕྱིར་མཐེན་བྱེད་དགོས། གྲྭ་པ་དེ་རྣམས་དཔེ་ཆ་ལྟ་མཁན་མིན་པ་ཚང་མས་ཤེས་ཀྱི་ཡོད་པས་ ཁོང་ཚོ་དགོན་པའི་མགྲོན་ཁང་དངབཟའ་ཁང་ ཚོང་ཁང་སོགས་ཀྱི་ནང་འཛིན་སྐྱོང་བྱེད་པར་གཏང་ན་ཡག་ཤོས་རེད་། ཆོས་རྒྱུད་ཁག་ནི་མཆོལ་ཁ་གསུམ་ཀྱི་ཁུངས་སུ་རྟོག་པས་ གྲོས་ཚོགས་ནང་ཆོས་ལུགས་ཁག་གི་སྐུ་ཚབ་ཡོད་པའི་མང་གཙོའི་ལུང་པ་གཞན་ལ་མེད་པས་ང་ཚོ་ལའང་མི་དགོས། ད་དུང་྄སྤྱི་མཐུས་ལོ་བཅུ་ལྷག་བྱེད་མྱོང་མཁན་རྣམས་ཀྱང་ངེས་པར་དུ་ད་ལོ་ནསདགོངས་པ་ཞུས་ནས་མི་ཐོག་གསར་པ་རྣམས་ལ་གོ་སྐབས་སྤྲད་དགོས།།།།།།།
བླ་རྒན་ཚོས་རང་ཉིད་ཀྱི་གནས་གང་ཡིན་པ་ངོ་ཤེས་ཡ་འཕྱི་མེད་ན་སྔ་མེད།
ཆོས་བརྒྱུད་སྤྱི་འཐུས་ཡོད་ན་སྐྱོན་མི་འདུག ཡིན་ཡང་། ཆོས་བརྒྱུད་སྤྱི་འཐུས་ཀྱིས་གྲོས་ཚོགས་ནང་ཆ་ཤས་བཞེས་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག དཔེར་ན། སྔོན་རྩིས་གྲོས་ཚོགས་སྐབས་སུ་ཆོས་ཕྱོགས་ཀྱི་སྔོན་རྩིས་འཆར་འབུལ་སྣོན་འཕྲིའི་སྐོར་ལ་ཆ་ཤས་བཞེས་ཆོག་པ་དང་། ལས་བསྡོམས་ཚོགས་ཆེན་སྐབས་སུ་ཆོས་རིག་ལས་ཁུངས་བརྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ནང་གི་ཆོས་ལུགས་ཐད་ལས་དོན་གནང་ཕྱོགས་སྐོར་ཆ་ཤས་བཞེས་ཆོག་པ། དེ་བཞིན་གྲོས་ཚོགས་སྐབས་གང་དུའང་བོད་ཕྱི་ནང་གཉིས་ཀྱི་ཆོས་ཀྱི་བྱ་བ་དང་འབྲེལ་ཡོད་རིགས་ལ་བགྲོ་གླེང་དང་གྲོས་ཆོད་ལ་ཆ་ཤས་བཞེས་ཆོག་པ་བྱ་དགོས། དེ་བཞིན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྒྱུན་ལས་བཅུ་ཐམ་པའི་ས་མིག་མེད་པ་བྱས་ཏེ་ཆོལ་ཁ་གསུམ་གྱི་རྒྱུན་ལས་དྲུག་པོ་མང་རུ་བཏང་ནས་ཆོལ་ཁ་རེ་ནས་ལྔ་རེ་བྱས་ཏེ་རྒྱུན་ལས་བཅོ་ལྔ་བཟོས་དགོས་ཀྱི་འདུག འདི་ལྟར་བྱས་པ་ནི་ན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པར་རང་རེའི་སྤྱི་ཚོགས་ནང་མཐོང་ཕྱོགས་ཡོང་ནས་བཀུར་འོས་དགེ་འདུན་པ་སྤྱི་ལ་མཚན་ཤས་མི་བཟོ་བ་དང་། བོད་ཀྱི་སྤྱི་ཚོགས་ནང་ཆོས་ཀྱི་བྱ་བ་ལམ་ལོག་ཏུ་མི་འགྲོ་བར་འགན་ཡང་འཁུར་ཐུབ་ཀྱི་འདུག
དཔལ་དོན་་་ངས་བལྟས་ན་བཙན་བྱོལ་ནང་གི་མི་འབོར་མང་ཉུང་གི་ཐོག་ནས་སྤྱི་འཐུས་ཡོང་ཐུབ་པ་བྱུང་ན་ཡག་པོ་མེད་འགྲོ་བསམས་ཀྱི་འདུག ཆོལ་ཁ་འགའ་རེ་ལ་མི་འབོར་སྟོང་ཕྲག་བཞི་ལྔ་ལས་མེད་ནའང་སྤྱི་འཐུས་བཅུ་བསླེབས་འོང་གི་འདུག ཆོལ་ཁ་འགའ་རེ་ལ་མི་འབོར་ཁྲི་ཚོ་བཞི་ལྔ་ཡོད་ནའང་སྤྱི་འཐུས་བཅུ་མ་གཏོགས་འགྲོ་ས་མི་འདུག་ག རང་འདོད་མང་དྲག་ན་རྙོག་དྲག་ཡོང་གཞི་ལས་ཅང་མེད་པ་དེ་ཤེས་ནས་ཁ་བཙུམ་ནས་བསྡད་པ་ཡོད་རེད། འདོད་རྔམ་བྱེད་ཀྱི་ལ་ཏོག་ཙམ་སྟངས་འཛིན་བྱེད་ཐུབ་ན་ཡག་པོ་འདུག་ག ཕྱོགས་ཡོངས་ནས་དབང་སྒྱུར་བྱེད་ཀྱི་ཡིན་ཟེར་ན་སུས་ཀྱང་ཁས་ལེན་གྱི་མ་རེད་དོ།།
གཉིས་ནས་་བཙན་བྱོལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འདི་རྐུ་མ་ཇག་པ་ཁོ་ན་ལ་དབང་སྒྱུར་བྱ་བཅུག་འདོད་མེད། དེར་བརྟེན་ལས་རྒྱུ་འབྲས་ཀྱི་བསླབ་བྱ་ཚུལ་བཞིན་སློབ་སྦྱོང་བྱས་མྱོང་མཁན་གྱི་ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་དག་གལ་ཆེན་ཆགས་ཡོད། ཆོས་དང་རིག་གཞུང་གི་རུས་རྐང་འཛིན་གྱི་ཡོད།
ངས་ལོ་མང་སྔོན་ནས་གྲོས་ཚོགས་ནང་གྲྭ་ཡོད་ན་ཡག་པོ་ཡོད་རེད་དྲན་སྡོད་མཁན་དྲན་ཞིག་ཡིན།ཡིན་ན་འམ་ད་ལྟ་ངའི་བསམ་བློ་ལ་འགྱུར་སོང།རྒྱུ་མཚན་ད་ལྟ་གྲོས་ཚོགས་ནང་གྲྭ་བ་འདི་ཚོས་བྱ་སྤྱོད་མཐོང་དུས་བློ་ཕམ་ཚོད་མེད་འདུག།ཡང་དག་པ་གྲྭ་བ་ཞིག་ཡིན་ན་གྲྭ་ས་ལ་སྡོད་ན་ཡག་པོ་འདུག།ཆོལ་ཁ་སྤྱི་འཐུས་ནང་ལ་ལོ་གཞོན་མང་ཙམ་སླེབས་ན་ཡག་པོ་འདུག།ཆོས་ལུགས་སྤྱི་འཐུས་བཅུ་ཚབ་ལ་ཚོགས་པ་འདྲ་མིན་འཐུས་བཅུ་ཡོད་ན་ཡག་པོ་ཡོད་ས་དྲན་སོ།འདི་ངས་བསམ་ཚུལ་ཙམ་ཡིན་པ་ལས་དགའ་མི་དགའ་སྐད་ཆ་རྩ་བ་ནས་མིན།
ཆོས་རྒྱུད་ཀྱི་མཐུན་མི་དགོས་ཀྱི་མེད་ན་ཆོལ་ཁའི་མཐུན་མི་ཡང་དགོས་དོན་མི་འདུག། དགོས་ན་དགོས་མཉམ་དང་མི་དགོས་ན་མིདགོས་མཉམ་ཡིན་པ་ལས་དེ་གཉིས་བར་ཁྱད་པ་མི་འདུག། ལྷག་པར་དུ་མི་གྲངས་ལ་གཞིག་པས་མཐུན་མི་ཡོང་ཁོངས་ཞིག་བཟོ་དགོས་ཀྱི་འདུག། ད་ལྟའི་ཆོལ་ཁའི་མཐུན་མི་ཡོང་སྟངས་ནི་ཁྱི་མགོ་ལ་ཞོ་གང་དང་ཕག་མགོ་ཡང་ཞོ་གང་ཞེས་པ་ལྟར་རེད་འདུག། སྤྱི་འཐུས་ཡོང་ཁོངས་ལ་འགྱུར་བ་གཏོང་ཡོད་ཚེ་བཙན་བྱོལ་བའི་མི་འབོར་དང་ཆོལ་ཁའི་མི་འབོར་ལ་གཞིག་ནས་མཐུན་མིའི་གྲངས་ཚོད་ཞིག་བཟོ་དགོས་རྒྱུ་དེ་རེད།
གསལ་ལེ་རྒྱལ་གྱི་དཔྱད་རྗོད་ཀློག་རྒྱུར་དགའ་པོ་ཡོད་དེ་རིང་མཇལ་བར་དགའ།
མི་རིགས་སུ་ཞིག་གིས་ཀྱང་ལོ་རྒྱུས་སུ་བྱུང་མ་མྱོངས་བའི་ཁ་འཐོར་དགུ་འཐོར་དུ་ཐོར་བསྡད་པ་ནི་བོད་པ་གཅིག་པུ་ཡིན། དེ་ལ་ཁེ་ཕན་དང་གྱོང་རྒུད་གཉིས་ཀ་ཡོད།
ས་གནས་ཀྱི་གྲངས་འབོར་ལ་གཞིགས་པའི་སྤྱི་འཐུས་དགོས་ཟེར་བའི་དགོས་འདུན་དེ་ཧ་ཅང་ཁྱབ་ཆེ་ཞིང་། ཁ་ཚ་དགོས་གཏུགས་ཀྱི་གནས་བབ་ཅིག་ཡིན་རུང་། དེ་ལ་འགྱུར་བ་ཞིག་བཏང་ཐུབ་ཀྱི་མེད་པ་ནི། དབུས་བོད་མིའི་སྒྲིག་འཛུགས་འདི། བོད་གཞིས་བྱེས་གཉིས་ཀྱི་གཞུང་ཞིག་ལ་ངོས་འཛིན་དང་ཡིད་ཆེས་བྱས་པར་ཐུག་ཡོད་པ་འདྲ།
དེང་སང་ཕྱི་རྒྱལ་དུ་བོད་མིའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་སྟབས་སྤྱི་འཐུས་གཅིག་ལས་སྤར་མ་ཐུབ་པ་དེ་ཡང་། ཆོལ་ཁ་ཆོས་རྒྱུད་ཀྱི་ནད་སྙིང་སྦགས་པས་ཡིན།
དངོས་འབྲེལ་བྱས་ན་དུས་ཀྱི་འགྱུར་བ་དང་དགོས་མཁོས་ལ་བསྟུན་ནས་ཕྱི་རྒྱལ་གནས་སྡོད་ཆེ་སའི་འཐུས་མི་རྣམས་མང་དུ་བཏང་དགོས་པ་ནི་ཛ་དྲག་གི་སྨན་བཅོས་ལྟ་བུ་ཞིག་རེད།
ཁ་སང་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་དེ་རང་གསུངས་སོང་། ཡོ་རོབ་ཨ་རིར་སྤྱི་འཐུས་གཉིས་ཙམ་སྤར་ཐུབ་ན་བསམས་ཀྱང་མང་མོས་ཀྱིས་སྤར་མ་ཐུབ་སོང་། ལབས་སོང་།
མདོར་ན། བགྲོ་ཚོགས་སུ་འདི་ཡིན་ཟེར་བའི་ཆ་ཤས་དང་སྙན་ཐོ་གཏམ་བཤད་སོགས་རྩ་ནས་མེད་མཁན་གྱི་སྤྱི་འཐུས་རྒན་པོ་རྒན་མོ་དང་། གཞོན་སྐྱེས་ཆོ་མེད་དེ་ཚོ་དེ་རིང་ཕྱིར་སྤུད་བཏང་མ་ཐུབ་ན། ཁོང་ཚོས་བཟང་སྤྱོད་ཀྱི་སྒོ་ནས་དགོངས་་པ་ཞུ་རྒྱུ་མིན་པ་གསལ་གསལ་རེད།
དེས་ན། ད་ལྟའི་བོད་མིའི་གནས་བབ་ལ་བསྟུན་པའི་ས་གནས་ཀྱི་སྤྱི་འཐུས་མང་དུ་བཏང་ནས་རིམ་བཞིན་ཆོས་རྒྱུད་ཆོལ་ཁའི་སྤྱི་འཐུས་ཀྱི་གྲངས་ཚད་ཉུང་དུ་བཏང་དགོས་པ་ནི་གནད་ཀྱི་གནས་དེ་རེད་བསམས།
བཟང་སྤྱོད་ཀྱི་ཐོག་ནས་སྤྱི་འཐུས་དང་སྲིད་སྐྱོང་དུ་མི་ལང་རྒྱུའི་ཁྱབ་བསྒྲགས་གནང་་བ་དག་ལ་གཟེངས་རྟགས་མཚོན་བྱེད་དར་དཀར་འབུལ་ལོ།།
ལྡུར་རུ་དེ། འཐུང་ནི་ཡོད་ན་འཐུང་གི་བཅིག། རྫོག་ནི་ཡོད་ན་རྫོག་གི་བཅིག། གསལ་ལེ་རྒྱལ། ང་ཚོའི་མགོར་སྡུག་ཆེན་པོ་ཞིག་ཡོང་རྒྱུ་ལྷག་ཡོད་པ་འདྲ། ཤི་མ་སོང་ན་དེའི་འཕྲོ་ནས་ཤུགས་རྒྱག། དེང་སང་གི་མི་ཚང་མ་ཆབ་སྲིད་ལ་མི་སྐྲག་གི། མགོ་གཡུག་ཚད་ཞིག་མ་རེད། ཁ་སྔ་ཚད་ཞིག་མ་རེད། ཨ་ལ་ལ་ལ།
མི་འདིས་གནའ་ཟིག་ནས་ཅིག་འབྲི་གི་ཡོད།ད་རུང་ཡང་རྒྱུ་མཚན་ཡང་དག་པ་ཞིག་འགོད་མ་ཤེས་བར་རྩོམ་ཡང་ཐུག་ལྷག་འདྲ་ཞིག་བྲིས་འདུག ཡིག་ནོར་སྔོན་ལྟར་ཡར་རྒྱས་གཏོང་ཐུབ་མི་འདུག ཇེ་མང་རེད།
ཡག་པོ་བཤད་འདུག་བདེན་པ་རེད།
གངས་ཅན་ཟེར་བ་ལ་མོད་པ། ཆོས་བརྒྱུད་སྤྱི་འཐུས་མི་དགོས་ན་ཆོལ་ཁའི་སྤྱི་འཐུས་མི་དགོས་པའི་དགོས་པ་རྒྱུ་མཚན་ཤོད། གྲྭ་རྒན་ཚོའི་ཕྱོགས་ཞེན་སྐྱུགས་མེར་བ་དེ་གྲོས་ཚོགས་སུ་དགོས་མཁོ་ཅི་ཞིག་ཡོད།
ས་ལེ་རྒྱ་རྩ་བའི་རྩ་དོན་དང་བཤད་པའི་བཤད་དོན་འགྲིག་ཡོད་ཀྱང་། དགོན་པ་གྲྭ་ས་ནས་ཁོངས་མ་འཁྱོལ་མཁན་ཚོས་སྲིད་དོན་གྱི་སྟེགས་བུ་རྩོད་པ་མ་གཏོགས་ལས་ཀ་གཞན་ཡོད་ནི་མ་རེད། ཡེ་ཤུ་ཆོས་ལུགས་ཀྱི་ཆོས་པ་དགེ་འདུན་པ་ཚོ་དངོས་གནས་དྲང་ནས་ཁ་ཡོད་ལག་ཡོད་ཐོག་སྲིད་དོན་ནང་ཐེས་གཏོགས་མི་བྱེད་པར་སྤྱི་ཚོགས་ནང་བྱམས་བརྩེ་དང་སྙིང་རྗེ་ཆེན་ཟུང་འབྲེལ་ངང་གང་ལ་གང་ཐུབ་ཀྱིས་ཞབས་ཞུ་གནང་གི་ཡོད་པ་རེད། བོད་ཀྱི་གྲྭ བ་ཚོས་ཀྱང་སྲིད་དོན་སྟེགས་བུ་ཐོབ་པར་འབད་བརྩོན་མི་བྱེད་པར་སྤྱི་ཚོགས་ཞབས་ཞུ་སྒྲུབ་གནང་ན་དགེ་ཕན་ཤིན་ཏུ་ཆེ། གྲོས་ཚོགས་ནང་གི་གྲྭ་བ་འདི་ཚོས་ཁ་ལ་ཉན་དགོ་ཧ་ཧ་ཧ། གང་ལྟར་མདོ་སྨད་སྤྱི་འཐུས་ལས་ཐོག་རྨོག་རུ་བསྟན་པ་ལགས་དང་བློ་བཟང་སྙན་གྲགས་ལགས་གཉིས་ཀྱིས་མིག་དཔེ་བསྟན་པ་ལྟར་སེར་བ་གཞན་དག་གིས་དེ་ལྟར་བྱེད་ཐུབ་ན་ཡག་པོ་འདུག
ཁྱོད་ཚོས་སྐོར་ར་ག་ནས་བརྒྱབ་ནའང་སྣ་འཐེན་ནས་ཁའི་ནང་དུ་ཡོང་གི་མ་རེད། ས་གནས་འཐུས་མི་མང་རེ་བཏང་ནས་ཆོས་འཐུས་ཆོལ་འཐུས་ཉུང་རེ་གཏོང་ནའང་གཅིག་པ་གཅིག་རྐྱང་རེད། དམངས་གཙོའི་ཡུལ་དུ་མི་དམངས་ལ་སྟོབས་ཤུགས་ཡོད་པ་རེད། ཆོལ་འཐུས་བཅུ་ཡོད་པ་དེ་ཡང་མེད་པར་ཆགས་ཡའི་ཉེན་ཁ་ཡོོད་རེད་དོ། དྲང་གཏམ་ཡིན་ད།
ཅོ་རུ་རང་དོན་ལ་ཐུག་ན་གླེན་པ་ཞིག་མིན་པ་གསལ་པོ་འདུག སྐུ་རྩེད་ཡིན། ཅོ་རུ། ས་གནས་ཀྱི་མི་གྲངས་མང་ཉུང་དབང་གིས་སྤྱི་འཐུས་ཀྱི་གྲངས་འབོར་ཡོང་དགོས་ཚེ། ས་གནས་གང་ལ་བལྟ་དགོས་རེད། བོད་ནང་ལ་བལྟ་དགོས་པ་རེད་དམ། བཙལ་བྱོལ་གྱི་རྒྱ་གར་ལུང་པའི་གཞས་ཆགས་ཁག་ལ་བལྟ་དགོས་པ་རེད། བོད་ནང་ལ་བལྟས་ནའང་རེད། བཙན་བྱོལ་ལ་བལྟས་ནའང་རེད། ཧ་ཅང་ཕུན་ཚོགས་པོ་རེད། ཡིན་ཡང་། xxxཁྱོད་སྡུག་སྐད་ཤོར་ཡོང་ས་གཅིག་ལ་དབུས་གཙང་མི་ཁུངས་ཀྱི་སྤྱི་འཐུས་སུམ་ཅུ་དང་། མདོ་ཁམས་སྟོད་པ་བདུན། མདོ་ཁམས་སྨད་ཀྱི་གསུམ་ལས་ཡོང་མི་ཐུབ་པས་ཁྱོད་ཇི་ལྟར་སྡུག་གི་ངུ་ངག་འདོན་གྱི་ཡིན།
མ་གཞི་ནས་ཆོས་བརྒྱུད་སྤྱི་འཐུས་ཀྱིས་རྒྱུན་ལས་འཁུར་དགོས་པའི་རྒྱུ་མཚན་ཅི་རེད།
བཙན་བྱོལ་ནང་གྲྭ་ལོག་དང་ཇོ་ལོག་གིས་བརྒྱ་ཆ་མཐོན་པོ་ཟིན་ཡོད། གྲྭ་ལོག་མང་པོ་གྲྭ་བ་ལ་སྙིང་ནད་ཡོད་དོན་ཅི་ཡིན་ནམ།
ཨ་རོགས་ཚོ། དེང་སང་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཐུས་མི་འོས་བསྡུ་སྐབས། མདོ་སྨད་ཚང་ལ་སྤྱི་འཐུས་འོས་མིའི་ནང་མེད་པའི་བརྟེན་སོ་སོའི་ལོ་རྒྱུས་ཚད་ལྡན་ཞིག་འབྲི་མི་ཐུབ་པའི་གང་ཟག་མང་པོ་ཞིག་སྤྱི་འཐུས་འོས་མི་ལངས་འདུག དེ་སྐོར་ལ་རྣམ་པ་ཚོས་བསམ་ཚུལ་ཞིག་ཤོད་དང་ཉན་འདོད་ཤིན་ཏུ་ཆེ།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༡ གི་ཆུ་ཚོད་ ༡ སྐར་མ་ ༥༩ གསལ་ལེ་རྒྱལ་ལེགས། ཡིན་ཤས་ཆེ། ཁྱེད་དང་ང་གཉིས་ད་དུང་ལོ་ཤས་མ་ཤི་ན། བོད་ཀྱི་སྐད་ཡིག་རིག་པ། (philology)ངས་སྦྱོང་ངེས་ལ། དེ་བཞིན་དུ། ཁྱོད་ཀྱིས་ཀྱང་སྦྱོང་བའི་རེ་བ་ཡོད་ཀྱི། ལོ་ཁ་ཤས་རྗེས་སུ། རང་རེ་གཉིས་ཐུག་ཐུབ་པ་འབྱུང་ན། ལེགས་པ་འདུག དེ་མིན་བོད་ཀྱི་སྐད་ཡིག་རིག་པ་མ་ཤེས་པའི་ལྐུགས་པ་གཉིས་ཀྱི་རྩོད་པ་ནམ་ཡང་ཐག་མི་ཆོད་པ་ཐག་ཆོད། དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།
་
ཕལ་ཆེར་ལོ་ངོ་བཞི་ལོན་གྲབས་ཡོད་པས། གསལ་ལེ་རྒྱལ་ལེགས་ཀྱིས་བོད་ཀྱི་སྐད་ཡིག་རིག་པ། (philology)སྦྱངས་ཡོད་པ་མ་མཐོང་བས། ད་དུང་ལོ་མང་པོ་འགོར་ངེས་སེམས་སོ།
རྒན་ལ་དྭགས་པ་ལ་བཀའ་འདྲི་ཞིག་ཞུ་རྒྱུ་ཡོད། ཕྲུ་གདུལ་་་་ཞེས་པའི་གོ་དོན་ཅི་ཡིན་ནམ། མཁྱེན་གྱི་ཡོད་ན་གཅིག་གསུང་རོགས་བྱོས། ངས་ཚིག་མཛོད་ནང་དུ་བཙལ་ཀྱང་མ་རྙེད། མིང་ཚིག་འདིར་ཤེས་དགོས་པའི་དོན་དག་ཏོག་ཙམ་འདུག་པས་ཡིན།
ཅོ་རི་ཉི་མ་ལེགས། ཇི་ལྟར་ཡིན་པ་ཚད་ལྡན་ཞིག་རྒྱུས་མེད་ཀྱང་། ཕྲུ་ཞེས་པ་ཕྲུ་གུའི་བསྡུས་ཚིག་དང་། དེ་ཉིད་གདུལ་བར་བྱ་བ་ལ་ཕྲུ་གདུལ་ཞེས་པ་མ་ཡིན་ནམ། དཔྱད་པར་མཛོད།
ཕྲུ་གདུལ་འདི། ནས་འབྲུའི་ཕུབ་མ་རྡུང་བྱེད་ཀྱི་ལག་ཆ་དེ་ལ་ཡང་གོ་སྲིད་པ་རེད།
འདུལ་ བཏུལ་ གདུལ་ ཐུལ ཞེས་པ་ཡོད་པས། ཕྲུ་གདུལ་ཞེས་མ་འོངས་པའི་བྱ་ཚིག་ཡོད་པ་ལ་བསམ་དགོས་སྙམ།