སྲོང་བཙན།
ཁ་ནུབ་སེ་ར་ཐེག་ཆེན་གླིང་གི་གཙུག་ལག་ཁང་དུ་སྐུ་ངོ་སྤེན་པ་ཚེ་རིང་གིས་གཏམ་བཤད་གནང་སོང་ལ་མང་པོ་ཞིག་གོ་མྱོང་དང་རིག་མྱོང་ཡོད་པ་རྐྱང་ལས་གསར་པ་ཞིག་གང་ཡོང་མི་འདུག འོན་ཀྱང་ཐོས་པ་ཙམ་གྱིས་སེམས་ལ་དངངས་སྐྲག་དང་འཇིགས་སྣང་ཚད་མེད་སྟེར་བའི་སྐད་ཆ་ཞིག་བཤད་བྱུང་། གྲྭ་དམངས་ཚོས་སྐུ་ངོའི་གདོང་པ་ལ་ཅེར་ནས་ཡིད་ཆེས་ལ་མ་ཆེས་དང་རང་གི་རྣ་ཆོག་འཁྲུལ་བ་ཞིག་ཨེ་ཡིན་སྙམ་ནས་ཐེ་ཚོམ་དུ་གནས་བཞིན་པའི་མོད་ལ། ད་དུང་སྐུ་ངོས་”༸གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་ཏུ་སྡོད་ནས་བགྲོ་གླེང་ཞིག་ནམ་ཡང་མི་བྱེད་ཟེར།” ད་དུང་རྒྱུད་སྨད་གྲྭ་ཚང་ན་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་འགའ་གཏམ་བཤད་དྲིལ་བསྒྲགས་ཡོང་མི་ཆོག་པ་བཟོས་འདུག ཧ་ཅང་ཡག་པོ་རེད་ཅེས་བསྟོད་བསྔགས་དང་། ཉེ་སྔོན་རླུང་འཕྲིན་ཁང་ཞིག་གིས་ཁ་གཏོང་མཁན་དེ་གྲས་དང་མཉམ་དུ་བགྲོ་གླེང་གོ་སྒྲིག་བྱེད་རྒྱུ་གསུངས་ནའང་ཁས་བླངས་མེད། ང་དེ་གྲས་དང་མཉམ་དུ་གཏན་ནས་སྡོད་ཐུབ་ས་མ་རེད་ཅེས་བསྐྱར་ནན་ཡང་ནན་བྱས་སོང་།
མ་གཞི་སྐུ་ངོ་སྤེན་པ་ཚེ་རིང་ཉམས་མྱོང་ཆེ་ལ་གཏམ་བཤད་མཁས་པ་ཞིག་ཏུ་མང་པོས་ངོས་འཛིན་དང་རང་གིས་ཀྱང་དེ་བཞིན་ལོས་ཡིན་བསམ་པ་རྒྱུན་དུ་ཡོད་མོད། ཁོང་ཉིད་རྐུབ་སྟེགས་མཐོན་པོ་ཞིག་ཏུ་སྡོད་ནས་མི་མང་ལ་སྲིད་ཞུ་སྒྲུབ་མཁན་ཞིག་ཏུ་ཁས་འཆེ་ལ། ད་དུང་བོད་རྒྱ་ཞི་མོལ་དགོས་ཟེར་ནས་ལག་གནམ་ལ་དཀྱག་མཁན་ཞིག་གིས་ངོས་ཐད་ནས་བཤད་ན་དགྲ་བོ་རྒྱ་ནག་ལ་ཞི་མོལ་བྱེད་རོགས་ཞེས་མཐེ་མོ་བསྟན་ཐུབ་ལ། ནང་གི་ལྟ་བ་དང་ལངས་ཕྱོགས་ཁ་ཁར་ཡིན་པ་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་མི་ཐུབ་པ་ཅི་ཡིན་ནམ་བསམ་ནས་ངུ་འཆོར་ལ་ཡིད་མུག་པའི་ནད་གཞི་འདིས་མཚན་མོའི་གཉིད་བཅག་དང་ཉིན་མོའི་ཟས་ཀྱང་ཁོག་ཏུ་མི་འགྲོ་བ་ཞིག་བྱུང་།
སྐོར་ནས་བཤད་མི་དགོས་པར་སྐུ་ངོས་བཤད་ས་དང་འཕེན་ས་ནི་ཀླུ་མཁར་བྱམས་ཡིན་ལ། དགྲ་བོ་རྒྱ་ནག་ལ་བྱེད་ཐུབ་པ་ཞིག་ཀླུ་མཁར་བྱམས་ལ་བྱེད་མི་ཐུབ་དོན་ཅི་ཡིན་མ་ཤེས། ཀླུ་མཁར་བྱམས་དགྲ་བོ་རྒྱ་ནག་དམར་པོ་ལས་ཀྱང་ཐབས་སྡུག་དང་། སྐྱོ་བ་ཞིག་ཡིན་ནམ། མི་ལོ་ཧྲིལ་པོ་བཅོ་བརྒྱད་ཀྱི་ཁྲིམས་ཐག་བཅད་མྱོང་ཞིང་བཙོན་འོག་དུ་མི་ལོ་དེ་ཙམ་སྡུག་སྦྱོང་མནར་གཅོད་དང་འཆི་གསོན་ས་མཚམས་སུ་སླེབས་མྱོང་བའི་མི་ཞིག་ལ་གྲོས་རྭ་གཅིག་ཏུ་མཉམ་སྡོད་དང་སྡིངས་ཆ་གཅིག་ཏུ་མཉམ་ལངས་བྱེད་མི་ཐུབ་པ་ནི་ཇི་ཙམ་བསམས་ཀྱང་ཡིད་ཁ་མི་གང་ལ། ཇི་ལྟར་བྱས་ཀྱང་སྐུ་ངོའི་ཁོག་རྒྱ་དེ་དང་བཀའ་མོལ་དེ་དེ་མུར་བཞག་མ་ཐུབ། སྐུ་ངོས་དོལ་ཚོགས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་མནའ་སྐྱེལ་དམ་འཇོག་དེའི་ནང་དུ་རང་བཙན་འཐབ་རྩོད་པ་དག་ཚུད་པ་རེད་དམ། ཡང་ན་ཀླུ་མཁར་བྱམས་ཆུད་པ་རེད། སྐུ་ངོ་ལ་ཐོབ་ཐང་ཞིག་ཡོད་ན་ཀླུ་མཁར་བྱམས་བསད་ནས་ཟས་ཀྱང་ཚིམ་ས་མ་རེད་ཨང་སྙམ་པའི་ཁོང་ཁྲོ་དང་ཞེ་སྡང་དེ་ཇི་ལྟར་སྐྱེས་པ་ཡིན་ནམ། ངོ་མ་སྐུ་ངོའི་ཉམས་མྱོང་དེ་ཚོ་འདི་འདྲ་བ་རྐྱང་ཡིན་ན་ཞེད་སྣང་དང་དངང་སྐྲག་སྐྱེ་གཞི་ཞིག་ཅི་ལ་མིན་ཨང་།
ལངས་ཕྱོགས་ཁ་ཁར་ཡིན་ཆོག་ལ་རང་བཙན་མི་འདོད་ཀྱང་ཆོག དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་ཆོག་ལ་༸གོང་ས་མཆོག་ལ་དད་པ་དག་སྣང་ཡོད་ན་འགྲིག་མོད། དབུ་མའི་ལམ་ལ་རང་བཙན་འཐབ་རྩོད་པ་ཞིག་དང་མཉམ་དུ་སྡོད་ཐུབ་པའི་གུ་ཡངས་ཤིག་ཀྱང་མེད་མི་སྲིད་ལ། ༸གོང་ས་མཆོག་ལ་དད་པའི་དད་སེམས་ན་ཀླུ་མཁར་བྱམས་འདྲ་བ་ཞིག་ཆུད་པའི་བར་སྟོང་ཞིག་ལོས་ཡོད། མི་གསོད་ལག་དམར་བ་གུང་ཁྲན་དང་མཉམ་དུ་སྡོད་ཀྱི་ཡིན་ཟེར་ནས་ཨུ་ཚུགས་བྱེད་བཞིན་ཡོད་པས་ཀླུ་མཁར་བྱམས་ལྟ་བུ་ཞིག་འགྲོ་ས་འདུག་ས་ཞིག་ལོས་ཡོད་བསམ། འོན་ཀྱང་སྐུ་ངོའི་ཁོག་རྒྱ་ན་གུང་ཁྲན་ཆུད་ལ་ཀླུ་མཁར་བྱམས་མི་ཆུད་པའི་ཡ་མཚན་གྱི་གསང་བ་ཞིག་འདུག་པ་ནི་ཇི་ལྟར་འགྲེལ་དགོས།
ད་སྐབས་ཆུ་ལོག་རྒྱུག་པ་དང་འདྲ་བའི་སྐད་ཆ་རེ་འགའ་མི་མང་ཚོའི་རྣ་ལ་ལྷུང་ཞིང་མིག་ལམ་དུ་བཤམ་བཞིན་པ་ནི་སྤེན་པ་ཚེ་རིང་གིས་གཞོན་ལྷན་དཀྲུགས་སོང་ཟེར་བ་འདི་ཡིན་མོད། ཁུངས་མི་རག་པའི་སྐད་ཆ་འདི་ཙམ་ནི་གཏམ་འཆལ་ཞིག་ལོས་སྙམ་པ་བྱུང་མོད། ད་རེས་ཀྱི་སྐུ་ངོའི་གསུང་སྟངས་དང་ཁོག་རྒྱ་དེ་ལས་རང་བཙན་འཐབ་རྩོད་མཁན་ཚོ་ནི་ཁོ་པའི་མིག་ནང་གི་ཚེར་མ་ཞིག་ཡིན་འདུག་པ་ཤེས་པས་གཞོན་ལྷན་དཀྲུགས་པ་ཟེར་བའི་སྐད་ཆ་དེ་གཞི་འཛིན་ས་མེད་པའི་གཏམ་འཆལ་ཞིག་མི་ཚོད་གདའ།
གཅིག་ཏུ་བྱས་ན་ཁོས་རང་ཉིད་༸གོང་ས་མཆོག་ལ་ལྡོག་མི་ཐུབ་པའི་དད་སེམས་དང་དབུ་ལམ་ལ་སྙིང་ནས་དགའ་མཁན་ཞིག་ཡིན་ཚུལ་བསྟན་པའི་སྒྲུབ་བྱེད་བཙན་པོ་ཞིག་ཡིན་ཁུལ་མི་འགྲོ། འདི་ལྟར་བྱས་ན་སེ་རའི་གྲྭ་པ་ཚོ་བློ་སེམས་བཀུག་ནས་འོས་ཤོག་ཐོབ་ཐུབ་བསམ་པ་ལོས་ཡིན། འོན་ཀྱང་ངེད་ཅག་སེ་རའི་གྲྭ་པ་ཚོ་བློ་མིག་དོག་དྲགས་ནས་ཀླུ་མཁར་བྱམས་མི་ཤོང་བ་ཞིག་མིན་ལ། དད་སེམས་ཆེ་དྲགས་ནས་རང་བཙན་འཐབ་རྩོད་པ་ཚོ་དགྲ་བོ་ལྟ་བུ་ཞིག་ལ་ཆ་འཇོག་བྱེད་ཀྱིན་མེད། ངེད་ཅག་གི་ཁོག་རྒྱ་དང་དད་སེམས་དེ་སྐུ་ངོས་རྒྱུས་མ་ལེན་པ་འདྲ། སྐུ་ངོས་རྩིས་རྒྱག་སྟངས་ཧ་ཅང་དམའ་དྲགས་པ་རེད། མོལ་འདེབས་ཚུལ་ཤིན་ཏུ་ནོར་སོང་བ་རེད། ངོ་མ་ཡིན། ཧ་ཅང་ཐལ་སོང་།
2015-8-27
ཧཧཧཧཧཧ་་་་་་སྤེན་པ་ཚེ་རིང་གིས་བྱ་སྤྱོད་དང་ལྟ་བ་གཏམ་བཤད་ཚང་མ་ལ་ཞིབ་འདངས་གྱིས་དང་ད་དུང་གོ་རྒྱུ་རིག་རྒྱུ་མང་པོ་འདུག་་་་་་་་རྐ་སྟག་སྤྲུལ་སྐུ་ཤི་རྐྱེན་དང་བདག་མོ་ཉར་ལུགས་དེ་བཞིན་རྒྱུ་ནོར་བདག་དབང་བྱེད་ལུགས་ཀི་གཏམ་དེ་ཚོར་བདེན་པ་ལོས་ཡོད་བསམ་པ་དེ་འདྲ་མང་ཀི་་་་་xxxx
ཨ་ཙི་་སྐྱིད་དགའ་ལུས་དག་རེད། གྲྭ་ས་ཁག་གི་གྲྭ་པ་ཚོ་ལ་ཆབ་སྲིད་ཀྱི་གོ་རྟོགས་འདི་འདྲ་ཡོད་པ་ནི་ང་ཧང་སང་སོང་། ངས་ནི་ཁྱོད་རང་ཨ་རི་རླུང་འཕྲིན་ཁང་གི་གསར་འགོད་པ་ཞིག་ཡིན་ས་རེད་བསམས་བྱུང་། ཁྱོད་ཀྱི་བཀའ་མོས་གསུངས་སྟངས་ལ་བལྟས་ན་གྲྭ་སའི་གྲྭ་པ་ཚོ་གོ་རྟོགས་མཐོ་པོ་ཆགས་འདུག་པས་་་དགའ་ངོ་མ་དགའ་ཆོག་པའི་བྱ་བ་ཞིག་རེད། ཐུགས་རྗེ་ཆེ། བོད་མི་ཡོངས་རྫོགས་གོ་རྟོགས་སད་པ་ཡིན་ན་བོད་མི་རིགས་ཀྱི་འཐབ་རྩོད་དབྱར་མཚོ་བཞིན་རྒྱས་འོང་ངེས་རེད་ཡ།
ངས་སྔ་ས་ནས་བཤད་ཡོད། ཀླུ་བྱམས་ཀྱི་བསྒྲགས་གཏམ་དེས་སྤེན་ཚེ་གཟིལ་གྱིས་བསྣན་འདུག། ད་ནི་ལྟད་མོ་ཇེ་ཆེ་རེད། ཁོག་རྒྱ་འདི་ལས་མེད་ན་སྲིད་སྐྱོང་ལ་ཇི་ལྟར་ལངས་བ་རེད། མ་གཞི་ཀླུ་བྱམས་དང་གྲལ་གཅིག་ཐོག་གཏམ་བཤད་གྲོ་གླེང་བྱེད་རྒྱུའི་ནུས་པ་མེད་སོང་བ་རེད་ལ་ཀླུ་བྱམས་ཀྱིས་གནས་ལུགས་རེ་རེ་བྱས་ནས་བཤད་དུས་རྨོངས་དད་གླེང་རྒྱུ་མ་གཏོག་ལྷག་མེད་ཙང་ཞེད་སྣང་སྐྱེས་པ་མིན་ན་ཅི་རེད།
སྔོན་འགྲོའི་འོས་བསྡུའི་སྟ་གོན་འགྲོ་བཞིན་པའི་སྐབས་འདིར་རང་ཉིད་ལ་འོས་འཐོབ་ཆེད་འོས་མི་གཞན་ལ་མཐོང་ཆུང་དང་ཁྱད་གསོད་ཀྱིས་ནག་པོ་བཟོ་སྟངས་འདི་དབུས་འོས་བསྡུ་ལས་ཁུངས་ཀྱི་ཁྲིམས་སྒྲིག་དང་འགལ་ཡོད་མེད་ང་ཚོས་ཞིབ་འཇུག་བྱེད་དགོས་འདུག། ལྷག་པར་དུ་ཁོས་བོད་ཀྱི་རྩ་དོན་འཐབ་རྩོད་པའི་ཆབ་སྲིད་བཙོན་པ་ཞིག་ལ་བལྟ་སྟངས་ལས་སྟངས་འདི་བོད་མི་ཚོས་བསམ་བློ་བཏང་དགོས་པའི་གནད་དོན་ཞིག་རེད། ལར་ནས་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་དད་པ་ཡོད་མེད་འཇོག་སྟངས་འདི་དམངས་གཙོའི་ཁྲིམས་ལུགས་གང་གི་ཁོངས་སུ་གཏོག་མིན་གསལ་བཤད་བྱེད་དགོས་པ་རེད། ལྟ་བ་དང་ལངས་ཕྱོགས་མ་མཐུན་པ་ཙམ་གྱི་ཕན་ཚུན་བཤད་རེས་དང་སྐྱོན་བརྗོད་བྱེད་པ་ནི་དམངས་གཙོའི་འགྲོ་སྟངས་འདུག་སྟངས་ཡིན་པས་ཅང་ཧ་ལས་རྒྱུ་ཡོད་པ་མ་རེད། འོན་ཀྱང་ཁ་དང་ཁ་སྤུ་དབྱེ་འབྱེད་ཆོད་དང་ཟང་ཟིང་གང་ལ་ཡང་འབྲེལ་བ་བྱེད་ཀྱི་མིན་ཟེར་ན། འདི་ཉེན་ཁའི་རང་བཞིན་རེད། ཀླུ་བྱམས་ཡག་ན་སྡུག་ན་ཁོང་གི་རྒྱབ་ན་རང་བཙན་འཐབ་རྩོད་པ་དང་ལྟ་བ་ལངས་ཕྱོགས་གཅིག་མཐུན། མི་རབས་གསར་པ་སོགས་མང་པོ་ཡོད་པས་འདི་ཚོར་མཐོང་ཆུང་བྱས་པ་མ་རེད་པས། མ་གཞི་སྤེན་ཚེ་ཁོང་། སྤྲང་པོ་རྟ་ལ་བརྐྱོན་ན་ས་གཞི་མིག་གི་མ་མཐོང་མཁན་དེ་འདྲ་རེད།
ང་སྐུ་ངོ་ལ་དགའ་པོ་ཡོད། བཙན་བྱོལ་དུ་སྐྱེས་པའི་ཁྲོད་ནས་གྲོས་ཚོགས་རྭ་བའི་ནང་དུ་སྐད་ཆའི་ཉམས་འགྱུར་སོགས་ཧ་ཅང་ཚད་མཐོ་བའི་གྲས་རེད། མི་མང་ལ་བཀའ་སློབ་གནང་དགོས་རུང་བཤད་ཤེས་ལ་ཉན་ཤེས་པ་དེ་འདྲ་རེད། ཁོང་གི་རྒྱབ་ལོག་གི་གནས་ཚུལ་མང་པོ་ཞིག་དྲ་ལམ་དུ་འགྲོ་བཞིན་པ་ཡིན་རུང་ང་ལ་ནི་བདེན་དཔང་ངེས་ཤེས་ཐོབ་པ་མ་བྱུང་བས་འདི་ཡིན་འདི་མིན་ཞིག་བཤད་མ་ཤེས། འོན་ཀྱང་ད་རེས་སྐད་ཆ་དེས་ནི་ང་རང་ཧང་སང་ཞིང་སེམས་རབ་ཏུ་སྐྱོ་སོང་། ངོ་མ་ཡིན། སྐུ་ངོ་ཞིག་ལ་ཁོག་རྒྱ་འདི་འདྲ་ལས་མེད་ན་སྤྱི་ཚོགས་ལམ་དུ་ཁྲིད་ཐུབ་བམ། སྤྱི་ན་ཀླུ་མཁར་གྱིས་རྒྱལ་བ་ལ་དམའ་འབེབ་ཀྱི་ཚིག་བེད་སྤྱོད་གཏོང་ཡོད་པ་བདེན་པ་རེད། དེ་ཡོངས་གྲགས་རེད། འོན་ཀྱང་ང་ཚོ་གཉིས་སྨན་དབུ་མའི་ལམ་དུ་བསྐྱོད་ཀྱིན་པ་ཁས་འཆེ་ལ་དགྲ་ལའང་གཉེན་དུ་ལྟ་དགོས་པའི་བསམ་པ་ཙམ་མིན་པར་ལག་ལེན་གྱི་ཐོག་ནས་ད་བར་ནུས་ཤུགས་འདོན་བཞིན་པ་རེད། ཚུར་ཕྱོགས་ནས་ཀླུ་མཁར་ལྟ་བུ་ལ་སྡིངས་ཆ་གཅིག་ཏུ་མཉམ་ལངས་བྱེད་མི་ཐུབ་ཟེར་ནས་སྡང་ཟུག་བྱེད་བཞིན་ཡོད།
གྲ་སའི་གསར་འབྱོར་ཁྲོད་ན་མི་དྭངས་ནི་མང་གི། འཕྲོད་བསྟེན་ལས་ཁང་དང་སྨན་རྩིས་ཁང་འགན་ཆེ་ཙམ་བཞེས་དགོས་པ་འདྲ། ངོ་མ་མི་རིགས་ཀྱི་ཞབས་འདྲེན་དང་དགེ་འདུན་པའི་ཞབས་འདྲེན་རེད་ཡ། ༸གོང་ས་མཆོག་གི་གྲིབ་བསིལ་འོག་ནས་ཐུགས་རྗེའི་འོག་ནས་བྱམས་སྐྱོང་འོག་ནས། ༸གོང་ས་མཆོག་ལ་ཁ་གཏོང་མཁན་དང་མ་ཉེས་ཁ་གཡོག་མཁན་རིགས་ལ་རྒྱབ་སྐྱོར་ཡིན་མདོག་གིས་མ་རབས་ཐ་ཤལ་རྐྱང་བཤད་བསྡད་ཀྱི་འདུག དགེ་ལུགས་པའི་གདན་སའི་ཞབས་འདྲེན་རེད།
རྩ་བའི་ཆ་ནས་མདོ་སྨད་དབུས་རྒྱུན་ནས་ཀླུ་མཁར་བྱམས་ལགས་ཀྱིས་༼བླ་རྒན༽ཞེས་པའི་ཚིག་དེ་བེད་སྤྱོད་བཏང་པ་མ་གུས་པ་རེད་ཟེར་བཞིན་པ་འདྲ། ཡིན་ནའང་། གོང་ས་མཆོག་གིས་ཀྱང་ཚིག་དེ་ཟམ་གདོང་རིན་པོ་ཆེར་བཀོལ་འདུག དེ་བས། ཁ་གཡར་ས་ཙམ་ལས་ཚབས་ཆེན་ཞིག་མིན་པ་གསལ་པོ་རེད།
གང་ལྟར་སྐུ་ངོས་དོན་ཆེན་ཞིག་སྒྲུབ་འདུག གདན་ས་ཁག་ལ་་ཀླུ་མཁར་བྱམས་ལགས་ཀྱི་ལྕི་ཚད་ངོ་འཕྲོད་བཙུག་འདུག དེ་དང་མཉམ་དུ་སྐུ་ངོའི་ཁོག་རྒྱའང་ངོ་འཕྲོད་ཡོད་པ་འདྲ། སུ་གདམ་སུ་ལྷག་འོས་ཤོག་གིས་ཁ་གྲགས་ཡོང་ས་རེད། ད་ཐེངས་འོས་བསྡུ་འདི་བཞིན་ཞེན་ཁོག་དང་བརྒྱུད་བསྐུལ་ལས་གྲོལ་བའི་ཕྱོགས་སུ་འཔེལ་བཞིན་པ་འདི་ནི་ཡག་རྟགས་ཤིག་རེད།
ཡང་དད་པ་ལོག་སྤྱོད་པ་གཅིག་སླེབས་སོང་ང་། འོ་ན་༧རྒྱལ་བ་རིན་པོ་ཆེས་ང་ལ་བསྐུར་བ་འདེབས་མཁན་སྲིད་སྐྱོང་དང་མདོར་ན་གངས་སྐྱིད་ཀྱི་དཀྱིལ་འཁོར་རྭ་བའི་ནང་ནམ་ཡང་སླེབས་མི་ཆོག་པས་འདི་ལྟར་བགྱིས་ཤོག་ཨ། ཞེས་གསུངས་པ་རེད་དམ། དམངས་གཙོ་མར་གསོལ་རས་གནང་བའི་ལོ་རྒྱུས་རང་བཞིན་དེར་འགྲེལ་བཤད་ཇི་ལྟར་བརྒྱག་རྩིས་ཡོད་དམ། ཆབ་སྲིད་བགྲེས་ཡོལ་ཆ་ཚང་གནང་ནས་སྲིད་དབང་མི་དམངས་ལ་རྩིས་སྤྲོད་ཡོད་དམ་མེད་འགྲེལ་བཤད་གསལ་པོ་དག་པོ་གཅིག་མེད་ན། དད་པ་ལོག་སྤྱོད་པ་འདི་ཚོས་བཀས་བཀོད་རྒྱུན་འཛིན་ལམ་ལུགས་སྐྱར་གསོ་བྱེད་རྒྱུའི་ཉེན་ཁ་འདུག་ག།
ད་ཡིན་ན་ལྟད་མོ་འདུག སྲིད་སྐྱོང་འོས་མི་ཚོས་མི་གཞིའི་དམའ་འབེབས་ཀྱི་གཏམ་འགོ་བཙུགས་སོང་། ལངས་ཕྱོགས་ཟེར་ནས་་ཕར་དེད་ནས་སོང་ཚེ། མི་གཞིའི་དམའ་འབེབས་ཀྱི་ལས་ཀ་ཆགས་འགྲོ་གི་འདུག་གཱ སྐུ་ངོ་སྤེན་པས་ཀྱང་གཞུང་གི་ལྟ་བ་དེ་ཁུར་ཡོད་མདོག་གིས་རང་བཙན་པ་ཚོ་ཕམ་པར་རྒྱག་སྟངས་འདིས། སྐྱུག་བྲོ་བའི་སོ་སོའི་ཁ་ཐད་ཙམ་པོ་རྒྱ་མར་བཅགས་པ་དང་ཁྱད་ཅི།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁ་གསལ་གཏིང་གསལ་གནང་བ་ངོ་མ་བཟང་པོ་གདའ།
གདན་ས་ཟེར་བའི་དགོན་པའི་གྲྭ་བ་འདི་ཚོ་ཡ་མཚན་པོ་ཞིག་འདུག ༸གོང་ས་མཆོག་ས་གནས་ས་ཐོག་ཏུ་ཕེབས་སོང་ན་མགོ་གུག་གུག་དང་ཉྭ་ཞུམ་ཞུམ་བྱས་ནས་རྒྱུག་འགྲོ་གིན་འདུག ཡང་༸གོང་ས་མཆོག་ལ་ཁ་གཏོང་མཁན་ཚོ་དང་མཉམ་དུ་འབྲེལ་བ་ཡོད་མདོག་མདོག་བྱེད་ཀྱིན་འདུག ཆབ་སྲིད་པའི་ཆབ་གདན་དེ་མགོ་མ་ཚོས་པར་རང་ཉིད་གོ་རྟོགས་ཅན་རེ་ཡིན་ཚུལ་བྱེད་ཀྱིན་འདུག ངོ་མ་སྙིང་རྗེ་་་
སྤེན་ཚེ་ཚང་གིས་སྡུག་སྐད་ཤོར་སོང་། འདི་འདྲའི་མི་ཞིག་གིས་བོད་མི་དམངས་གང་ནས་འགོ་ཁྲིད་ཐུབ། བྱིས་པ་ཞིག་གི་ཁོག་རྒྱ་མི་འདུག ད་དུང་ངོ་ཚ་མེད་པར་ཁྱི་ནང་བཞིན་རྔ་མ་གཡུག་མཁས་ནོ་འདི་ཡ་མཚན། ་དངོས་གནས་བོད་ཀྱི་ལས་དབང་ཚར་བ་འདྲ།
བོད་ཀྱི་གྲོས་ཚོགས་ར་བའི་ནང་དུ་སྤྱི་འཐུས་ཤིག་གིས་ཁོའི་གདོང་ལ་མཛུབ་མོ་གེར་སྟེ། མིའི་མི་ཚེའི་ནང་འདེགས་ཐབས་མེད་པའི་ནག་ཉེས་ཆེན་པོ་ཞིག་བཙུགས་དུས། ཅི་བྱ་གཏོད་མེད་ཀྱིས་གྲོས་ཚོགས་ཀྱི་ལས་རིམ་གལ་ཆེན་དེ་འདྲ་སྣང་མེད་དུ་གཡུགས་ཏེ་ཕྱི་ལོགས་སུ་ཐོན་པ་རེད། འདི་ལྟ་བུའི་དཔའ་བློ་ཁོག་མེད་པའི་མི་ཞིག་ལ་རང་ཉིད་ལ་མཚོན་གཏན་ནས་འོས་ལྡུག་རྩིས་མེད། ཁོས་རྟག་པར་ཆབ་སྲིད་གླེང་སར་རྒྱལ་བ་རིན་པོ་ཆེ་བཙོང་ཅི་ཐུབ་བྱེད། དད་འདུན་ཡོད་མདོག་མདོག་བྱེད། xxརྩ་མྱི་ཤིང་མྱི་འགའ་ཁྱི་བཞིན་གསོས་ཏེ་ནང་ཁུལ་གཏོར་བརློག་གཏོང་བ་ལས་འཇོན་ནུས་ཅི་ཞིག་ཡོད། མདོར་བསྡུས་ན་བོད་མིའི་སྲིད་སྐྱོང་ལ་མ་མཐར་ཡང་མི་བསད་ནག་ཉེས་ཕོགས་མེད་པ་ཞིག་ཅི་ནས་ཀྱང་བསླེབ་དགོས།
སྐུ་ངོ་སྤེན་ཚེའི་སྐད་ཆ་དང་ལངས་ཕྱོགས་དེ་གསར་པ་ཅང་མ་རེད། སྤྱི་འཐུས་ལྷན་ཚོགས་ནང་སྔར་ནས་བསྒྲགས་ཟིན་པ་ཞིག་རེད། གྲྭ་པའི་སྙིང་ལ་འཇིག་རྟེན་གྱི་གདོན་དང་ཕྱོགས་ཞེན་གྱི་འདྲེ་ཞུགས་ན་དེ་ནི་དོན་གྱི་རྫབ་རེད། རྒྱལ་བ་རིན་པོ་ཆེས་གསར་སྐྲུན་དང་དབུ་ཁྲིད་དེ་བཞེངས་པའི་སྐྱབས་བཅོལ་བའི་ཁོར་ཡུག་ནང་ཟས་ཟོས། གོས་གོན། ཐ་ན་གཅིན་སྐྱག་གཏོང་ས་ཚུན་ཆད་ཀྱང་བཙན་བྱོལ་བའི་གསང་སྤྱོད་ལས་མེད་པ་ཞིག་གིས་ཕོ་བ་བརྒྱགས་ན། ད་གཟོད་རྒྱལ་བ་རིན་པོ་ཆེར་ཁ་བཏང་ནས་དོལ་ཚོགས་སོགས་ལ་མཐུན་ལམ་བྱས། གཞན་གྱི་ལག་ཆར་གྱུར། ཞེ་འཁོན་གྱི་ནད་མ་སངས། རྨོངས་གཏམ་སྐྱུག་བྲོ་བ་གང་སར་སྒྲོག་མཁན་ཞིག་ལ་མ་རྩ་ཅི་ཡོད་མི་ཤེས་རྒྱུ་ཅི་ཡོད། མི་སེར་བློ་དཀར་ཞིག་ཡིན་ན། རང་གི་དབུ་ཁྲིད་ལས་ཟུར་སུ་ལ་ཡང་རྒྱབ་གཏོད་མི་བྱེད། མི་དེ་ལྟ་བུ་དང་ལྷན་དུ་གླེང་སྟེགས་གཅིག་ལ་མི་བཞུགས་པར་གསུངས་པ་རླབས་ཆེན་རེད། ཆབ་སྲིད་པ་མགོ་བདེ་ཞིག་ཡིན་ན། རང་དོན་དུ་ཐམས་ཅད་བློས་གཏོང་ངེས་ཀྱང་། སྐུ་ངོ་སྤེན་པས་དེ་ལྟར་མ་གནང་བ་ནི་དོན་གྱིས་རླབས་ཆེན་ཡིན་པའི་རྟགས་རེད། སྲོང་བཙན་དུ་འབོད་པའི་མགོ་རིལ་ཁྱོད་ལྟ་བུས་འཇུ་ག་ལ་ཐུབ། མ་གཞི་ནས་དེ་སྔོན་གདན་སའི་ནང་བློ་རྒྱ་ཆེ་མདོག་གིས་དོལ་ཚོགས་ལ་ཡང་རྣམ་འགྱུར་ཙམ་ཡང་མ་སྟོན་མ་ཐུབ་པར་ལོ་ག་ཚད་འགོར་སོང་། ཆིག་སྟོང་དགུ་བརྒྱ་བདུན་ཅུའི་ནང་ནས་་་་་་་་་་མཐར་དོལ་ཚོགས་ཀྱིས་མི་རྒྱུ་གཉིས་ཀ་མེར་བསྲེགས། གཅར་རྡུག་བྱས། འཇིགས་སྐུལ་བྱས། བྱ་བྱེད་ཐམས་ཅད་གདོན་གྱི་བྱ་སྤྱོད་དུ་གྱུར་པ་ན། ད་གཟོད་བྱ་དགོས་བྱུང་སོང་ང་། ད་དུང་བཤད་རྒྱུ་མང་། མུ་མཐུད་ནས་ཡིན་ད།
སྤེན་ཚེ་ཀླུ་བྱམས་ལ་ངོ་ཞེད་ནི་རེད། ཁོང་གིས་སྤ྄ེན་ཚེའི་ནག་ཉེས་དང་མ་དྲང་པའི་རེ་རེ་བཞིན་ཐད་ཀར་མཛུབ་མོ་གཙུག་ཡོང་གི་རེད། སྤེན་ཚེ་དང་ཀླུ་བྱམས་གཉིས་གདན་གྲལ་གཅིག་ཏུ་གླེང་ན་སྤེན་ཚེ་ཁ་གྲག་རྒྱུ་མེད་པ་བཟོ་རྒྱུ་ཉག་ཅིག་རེད། སྤེན་ཚེ་སྐབས་འཚོལ་བའི་ལས་ལ་མཁས་པ་ལས་མི་ངོ་གདུང་ཐུག་གིས་བློ་རྒྱ་དང་ཤེས་རྒྱ་ཡོད་མ་རེད། བློ་རྒྱ་དང་ཤེས་རྒྱ་དེ་ཙམ་ལས་མེད་པས་བོད་ཀྱི་སྲིད་སྐྱོང་གི་འོས་གཞིར་ལང་བ་ནི་ངོ་ཚ་བའི་བྱ་བ་རང་རེདོ།
ཨ་ཁུ་སྲོང་བཙན་གྱི་ཐོས་རྒྱ་ཐུགས་རྒྱ་ཆུང་སོང་བ་མ་ཡིན་ནམ། ཕྱུགས་ཁྱུ་གཅིག་ན་ཁྱུ་གཡག་གཉིས་ཡོད་དུས། དེ་འདྲ་ཞིག་ཡིན་ནི་རེད། འཁོན་དང་རྡུང་རེས་མང་ནི་རེད། དེ་སྐྱོན་ནི་མ་རེད། སོ་སོ་སུའི་མཉམ་དུ་ཉལ་ན་འདོད་ན་དེ་རེད་མོ། ཁོང་གཉིས་ཀྱིས་སོ་སོའི་ཕྱུགས་རྒྱུད་ལ་རྡུང་རེས་བྱེད་ནི་མ་རེད།
ཁྱུ་གཡག་གཉིས་ཀྱིས་འཁོན་རྡུང་བྱས་བ་ལ་ཧང་སང་ན། གྲྭ་རྒན་ནི་གྲྭ་རྒན་རང་རེད། ཧ་ཧ་ཧ།
ངས་དེ་འདྲ་ཞིག་མཐོང་སོང་། ༼ ངས་འདི་ནས་་་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་བྱས་པའི་རྩོམ་ཡིག་ཁག་གི་ནང་དུ་ཡོད་པའི་སྨྱོན་གཏམ་ཁ་ཤས་འོག་ཏུ་བཀོད་ཡོད་དེར་ངེས་གཟིགས་གནང་རོགས།
ཞིབ་ཏུ་༼ མེ་ཕྲེང་༽ལས་ཤེས་པར་འཚལ།། ༡ ཨ་ཚོགས་ཀླུ་མཁར་བྱམས་ཀྱིས ༼ དེ་རིང་གི་ཏྰ་ལའི་བླ་མ་དད་རྟེན་ཙམ་ལས་སང་ཉིན་གྱི་རེ་བ་རྒྱག་ས་མིན་༽དང༼ བླ་རྒན་ལ་དགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད་༽ཅེས་དང། །
༢ ཡང་ཁོས། ༼ ཨ་རིའི་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་ན་རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་སྲིད་༽ཅེས་བཤད།།
༣ ཡང་ཀླུ་མཁར་གྱིས་ཕྱི་ལོ་༢༠༡༠ཟླ་༦ཚེས༡༡ཉིན་དུས་བབ་དྲ་ཚིགས་སུ་སྤེལ་བའི་ཉི་མའི་སྲིབ་འཁྱག་གླེང་བ་ཞེས་པའི་ནང། ༼ ༧གོང་ས་མཆོག་གཙོས་ས་ཡི་སེམས་དཔའ་རྣམ་པས་ཐོག་མར་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་ཚུལ་ལ་བལྟས་ཚེ། ༧གོང་ས་མཆོག་གིས་སྐབས་རེར་རང་ཉིད་ལྷ་ཡིན་ཁུལ་དང་མཚམས་རེར་མི་ཡིན་ཁུལ་བྱེད་ཀྱིན་ཡོད་བཟོ་འདུག༽
༤ ཕྱི་ལོ་༢༠༠༨ཟླ་༦ཚེས༣༠ཉིན་སྤེལ་བའི་དུས་བབ་དྲ་ངོས་སུ་ཡང་ཁོས། ༼ རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ཤུགས་ལྡན་ནམ་རྒྱལ་འགོང་དམ་བསྒྲགས་ཀྱི་ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་༽ཅེས་བཤད།
༥ ཡང་ཁོ་པས། ༼ ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས །རྒྱལ་བ་སྐུ་ཕྲེང་བཅུ་བཞི་བས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་༽ཅེས་དང།
༦ཡང་ཁོས་༼གནས་ཆུང་དང། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤིས། ༧གོང་མཆོག་གིས་ཁོང་གཉིས་དཔང་པོར་བཞག་ནས་ཟན་བསྒྲིལ་གནང་བ་སོགས་གནང་ན་འདུམ་ཐབས་འདི་འགོ་ནས་འཁྱོག་སོང་ཙང། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོགས་ཨ་ཕོ་ལུག་རྫིས་འདུམ་དཔང་དེའི་གྲས་ནས་ཁས་ལེན་གྱི་མ་རེད༽ཅེས་བཤད། སོགས་མང་བ་མ་ཟད་ད་ལོ་གྱ་སྟོན་སྐོར་ལ་བྲིས་པའི་རྩོམ་ཉོག་དེ་ལས་ཀྱང་ཧ་ཅང་མང་པོ་རེད། ཉག་ཕྲུག་གསེར་མིག་ནས། ༽
(”༸གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་ཏུ་སྡོད་ནས་བགྲོ་གླེང་ཞིག་ནམ་ཡང་མི་བྱེད་ཟེར།” ) འདི་ཁོའི་འདྲ་འདྲའི་ནང་གི་མ་འདྲ་ས་དེ་རེད། སྐད་ཆ་འདི་གཅིག་པོས་ཁོ་སུ་ཡིན་བཤད་ཚར་བ་རེད། གོ་ན་དེ་རེད།། དགོས་ན་དེ་རེད། དེ་མིན།
དེང་སང་མྱི་འདི་འདྲ་མེད་ན། ཕ་རྡུང་ནི་འདྲ། མ་འཛེག་ནི་འདྲ་བའི་བུ་གླན་པ་མང་གི་ཡ། དྲིན་ཆེན་ལ་དྲིན་ལོག། གཡང་ཁོ་ལ་རྡོ་ལོག་སྟེར་ནི་མང་གི་ཡ།
ཆབ་སྲིད་མི་ཤེས་སུམ་རྟགས་ཤེས་ནི། ཕྱི་དགྲ་མི་རིག་ནང་དགྲ་རིག་ནི་འདི་ཚོས། ལོ་ངོ་ལྔ་བཅུ་ལྷག་ལ་བརྩིགས་པའི་རྨང་རྡོ་འདི། བོད་ལ་དགའ་མདོག་གིས་འུར་རྡོ་ལ་འཕངས། ཀླད་པ་ཡོད་མདོག་གིས་ཤལ་ཤིང་ལ་བསྒྱུར་ནས། དེ་རིང་ཁ་སང་གི་ལོ་ངོ་འདི་ཚོ།
ལོ་ལོན་འཆི་ཁ་ལ་སེམས་ཁུར། གཞོན་གཞོན་དར་ཁ་ལ་ལམ་ལོག། རྫོབ་ཆེན་ན་རྫོབ་ཆེན་འདི་ཚོ་ལས་རྫོབ་ཆེན་ཞིག་གང་ན་ཡོད།
ངོ་དེབ་སྟེང་དུ་བློ་བཟང་རྒྱ་མཚོ་བེད་སྤྱོད་གཏོང་བཞིན་འདུག ཁ་བརྡའི་ནང་དུ་བསྟན་འཇམ་དུ་གྱུར་ཤག རྫུན་གྱི་འཁོར་ལོ་ཅན། དགེ་སློང་ཞིག་ཡིན་ན་འདུལ་བར་དོ་སྣང་སྤྲད་མི་དགོས་སམ།
བསྟན་འཇམ་གྱིས་་་༢ ཡང་ཁོས། ༼ ཨ་རིའི་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་ན་རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་སྲིད་༽ཅེས་བཤད།།
ལན་་་་སྤྱིའི་ཆ་ནས་ཨ་རིའི་གྲོས་ཚོགས་ཀྱིས་དམངས་གཙོའི་གསེར་གྱི་རྟགས་མ་ཕུལ་ཡོད་པ་ལས་་་དབུ་མའི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་ཟེར་བ་ཞིག་ཕུལ་མྱངས་མེད། དེ་འདྲ་ཡིན་དུས་ཀླུ་མཁར་བྱམས་ལ་མ་ཉེས་ཁ་གཡོག་ཙམ་ལས་ཀླུ་བྱམས་ཀྱིས་བཤད་ཡོད་མེད་ཀྱང་དོགས་པའི་གནས་རེད།
གོང་ས་ཏ་ལའི་བླ་མས་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་གསེར་གྱི་གཟེངས་རྟགས་ལེན་པ་དེས་དབུ་མའི་ལམ་ནུས་མེད་བཟོས་ཡོད། རྒྱ་ནག་དམར་ཕྱོགས་པས་གོང་ས་ཏ་ལའི་བླ་མ་ལ་འཛིན་པའི་སྲིད་བྱུས་མཁྲེགས་རེ་བཏང་ཡོད་ལ་བོད་རྒྱ་གྲོས་མོལ་མཚམས་ཆད་བཅུག་ཡོད།
དབུ་མའི་ལམ་ནས་རྒྱ་ནག་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཤར་བསྐྱོད་བྱེད་ཡིན་ཟེར་ནས་གཅིག་བཤད། ཡང་ཕྱོགས་གཞན་ཞིག་ནས་་དམངས་གཙོའི་གསེར་གྱི་རྟགས་མ་སྐེ་ལ་གྱོན་ནས་དམངས་གཙོ་ལ་དགའ་གུས་ཡོད་མདོག་དང་དམངས་གཙོའི་འཐབ་རྩོད་པ་ཞིག་ཡིན་མདོག་གཅིག་སྟོན། འདི་གཉིས་འགལ་ཟླ་རེད། གཉིས་ཀར་ཡོང་ཡ་མེད།
མ་འོངས་པ་ཡང་དབུ་མའི་ལམ་ནས་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཤར་བསྐྱོད་བྱེད་ཀྱི་ཡིན་ན་་་དམངས་གཙོ་བློས་གཏོང་བྱེད་དགོས། དཔེར་ན་་་་བློ་སེང་ལྟར་ཁ་གསལ་གཏིང་གསལ་བཟོ་ནས་དམངས་གཙོ་བརྩད་ཀྱི་མིན་ཞེས་བསྒྲག་དགོས། དེ་མིན་ན་དབུ་མའི་ལམ་བློས་བཏང་ནས་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་ཆེད་དུ་དམངས་གཙོའི་འཐབ་རྩོད་པ་ཞིག་བྱ་དགོས། གཅིག་གདམ་ཁ་སྐོར་གྱི་ལས་གཉིས་ཀ་ཡོང་ཐབས་མེད། སྐད་ཆ་འདི་འདྲ་ལ་གནས་ལུགས་བཤད་པ་ཟེར་བ་མ་གཏོགས་མཚན་སྨད་ཞུས་སོང་ཟེར་བའི་ཐ་སྙད་སྦྱར་ས་ཁོ་རང་མེད།
བསྟན་འཇམ་ལགས། ཨ་ལགས་འཇིགས་མེད་ཀྱིས་ཟས་ལྷག་སྐྱུག་རོ་དེ་འདྲ་དར་ཆ་འཁྱེར་ནས་ཀླུ་མཁར་བྱམས་ལ་ནམ་ཡང་ནག་པོ་བཟོ་མི་ཐུབ། ཚང་མ་ལ་རྣམ་དཔྱོད་ཡོད་པས་མི་དམངས་ལ་མགོ་བསྐོར་མི་ཐུབ། འཛམ་གླིང་རྩོམ་པ་བོའི་རྩོམ་ཡིག་ཆ་ཚང་མ་ཀློག་པར་ནང་ནས་ཚིག་འབྲི་ཁ་ཤས་བསྡུས་ནས་མི་ལ་སྐྱོན་བཏགས་པ་དེ་བཙན་བྱོལ་གྱི་ཆབ་སྲིད་པ་ཐེབས་ཆགས་ཁ་ཤས་ཀྱིས་ལས་རྒྱུ་མེད་སོང་བའི་ལས་ཀ་རེད། ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཆ་ཚང་ཀློག་ནས་སྐད་ཆ་ཤོད། དོན་མེད་ཚིག་འབྲི་ཁ་ཤས་བཏུས་ནས་མི་ལ་མགོ་བསྐོར་དང་ཁྱེད་ཚོའི་བསམ་དོན་གྲུབ་ལེ་མ་རེད།
མང་གཙོའི་འོས་བསྡུ་ནི་ལྟ་གྲུབ་ཀྱི་ཆ་ནས་བཤད་ན། རང་ཉིད་ཀྱི་ཐུན་མིན་འཆར་གཞི་ལ་བརྟེན་ནས། མི་མང་གི་བསམ་བློ་བཀུགས། དེ་ནས་འོས་ཤོག་རག་ཐབས་བྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན། རང་ཉིད་དང་ལྟ་བ་ཁ་གཏད་དུ་ཡོད་པའི་འགྲན་བརྩོད་པ་གཞན་དང་ཡང་། ལྡིང་ཆ་གཅིག་གི་སྟེང་དུ་ལངས་ཏེ། བགྲོ་གླེང་དང་སྦྱངས་བཤད་གནང་དགོས་པར་མཐོང་། དེ་ནི་འགྲོ་ལུགས་རེད། དེ་མིན་སྙོག་གླེང་བཟོ་བའི་ཉེན་ཁ་ཡོད་པ་རེད། ད་ལྟ་འོས་མི་ཚོས་བརྩོད་བཞིན་པ་དེ་སྲིད་སྐྱོང་གི་རྐུབ་སྟེགས་རེད། རྐུབ་སྟེགས་དེ་རྒྱུ་མཚན་དང་རྣམ་དཔྱོད་ལ་བརྟེན་ནས། བརྩོད་དགོས་པ་ཡིན་དུས་ཟབ་ཟབ་གནང་དགོས
ཡག་པོ་ཞིག་བྲིས་འདུག བརྒྱ་བཤད་སྟོང་བཤད་ག་རེ་བྱེད་ན་ཡང་། ཁ་ཡོད་ལག་ཡོད་ཀྱི་རྩ་དོན་ལྟ་གྲུབ། དེ་བཞིན་འཐབ་རྩོད་གསར་པ་ཁུར་ཡོང་མཁན་ནི་ད་ལྟའི་ཆར་ཀླུ་བྱམས་གཅིག་བུ་རེད། བཀྲ་དབང་གི་གཞིས་ཆགས་སྲ་བརྟན་སོགས་ཀྱི་རྩ་དོན་རྣམས་ནི་ལྕེ་བདེ་ཚོས་ལོ་ངོ་མང་པོར་བཤད་ཚར་བ་རེད། སྤེན་ཚེ་ནི་འོས་མིར་ལངས་པ་ཙམ་ལས་མ་འོངས་པའི་ལས་འཆར་སོགས་གང་ཡང་མི་འདུག བློ་སེང་གིས་ནི་མགོ་བཙུགས་ཚར་བའི་ལས་ཀ་རྣམས་མཇུག་སྒྲིལ་བྱེད་པའི་གོ་སྐབས་སྤྲད་རོགས་གྱིས་ཟེར་མདོག་ཁག་པོ་རེད།
དམངས་གཙོའི་འགྲོ་ལུགས་དང་མི་མཐུན་པའི་སྲིད་སྐྱོང་གི་འོས་གཞིར་ལང་ནས་སླེབས་སོང་། དམངས་གཙོའི་འོས་གཞིར་ཞུགས་མི་ཚོའི་ལྟ་གྲུབ་དང་ལས་འཆར་འཛིན་སྐྱོང་བཅས་ཀྱི་སྐོར་འགྲན་རྩོད་དགོས་པ་ལས་སྤྱི་ཚོགས་ཀྱི་གདེང་ཆའི་སྟེང་དུ་རང་གི་འགྲན་ཡར་རྩོད་གླེང་བྱེད་ཀྱི་མིན་ལབ་མཁན་སྤེན་པ་ཚེ་རིང་མ་གཏོག་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ན་བྱུང་མྱོང་ཡོད་ནི་མ་རེད། ཧཧཧཧ། སྤེན་ཚེ་བླ་མེད་ཁོས་ཞབས་འདྲེན་ཞུ་སོང་། ཀླུ་བྱམས་མི་གཅིག་ལ་ཁ་གཏད་ཆོག་གི་མེད་ན་སྲིད་སྐྱོང་བྱེད་རྒྱུ་བསམ་བློ་དེ་ག་ནས་འཁོར་བ་ཡིན་ནམ། བོད་མི་སྟོང་ཕྲག་མང་པོས་དགའ་མོས་ཞུ་ས་ལ་རྒྱ་ཅན་གྱི་མི་བུ་ཞིག་དང་ཁ་བྲལ་བཟོ་བ་ཡིན་ན། དེའི་ཕྱོགས་གཏོག་གི་མི་ཚོགས་སྟོང་ཕྲག་ཁ་ཤས་དང་ཁ་བྲལ་འགྲོ་རྒྱུ་ཡིན་པ་ནི་གཞི་གྲུབ་པ་རེད། དེ་ཙམ་ལ་ཡང་བསམ་ཞིབ་ཐུབ་མི་འདུག། xxxxxx
བཀུར་འོས་ལྷ་ལྡན་གནམ་ལོ་ཡག་དང་མི་ཉག་ཀུན་དགའ་གཙོས་དྲ་གྲོགས་དག་གིས་རང་རང་གི་དགོངས་ཆ་དང་བསམ་ཚུལ་བཤད་འདུག་པ་ནི་ཧ་ཅང་དགའ་སོང་། ང་ཚོ་ཚང་མས་སྲིད་སྐྱོང་འོས་མི་ཚོར་དོ་སྣང་དང་ཁོ་ཚོའི་ལེགས་ཉེས་ཀྱི་ངོས་གཉིས་ཀ་མཐོང་བར་བྱས་ཏེ་རང་གི་འོས་ཤོག་དེ་འཕྲོ་བརླག་ཏུ་མ་སོང་བ་ཞིག་དང་སྲིད་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་སྒོ་ཀུན་ནས་འབད་དགོས་པ་ནི་འོས་འཕེན་པ་ཚོས་ལས་འགན་ཡིན་གཤིས་ལྷོད་གཡེང་ཤོར་མི་ཉན། དེར་བརྟེན། གུས་པས་ཀྱང་ཆ་ཤས་བླངས་ནས་བཀུས་འོས་ཚོགས་གཙོ་མཆོག་གི་ཤོག་ངོས་ཤིག་ལ་བལྟས་པའི་ཁུལ་ཡིན། འོན་ཀྱང་རེ་འགས་གྲྭ་པ་གྲྭ་སར་འདུག་ཇུས་གཏོགས་ལེན་མ་ཡོང་མདོག་མདོག་གི་སྐད་ཆ་རེ་བཤད་ཡོང་གི་འདུག ཤེས་དགོས་པ་ཞིག་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་གདམ་བྱ་འདེམས་བྱེད་ཀྱི་ཐོ་ཐང་དང་ལས་འགན་དེ་མི་སྐྱ་ཙམ་མིན་པར་གྲྭ་བཙུན་ཚོ་ལའང་སྤྲོད་ཡོད་པས་རང་ལ་སྤྲོད་པའི་ལས་འགན་དེ་མ་བསྒྲུབ་ཚེ་ཁྲེལ་མེད་ཅིག་ཏུ་འགྲོ་ཉེན་ཆེ་ཞིང་། གལ་ཏེ་གྲྭ་པ་སྲིད་ལ་འཚང་པས་སྤྱི་ཚོགས་ལ་གནོད་ཀྱི་ཡོད་ན་གྲོས་ཚོགས་ལ་ཞུ་གཏུགས་བྱེད་རོགས། དེ་ང་ཚོས་བཟོས་བཞག་པ་མིན་པར་སྤྱི་འཐུས་གྲོགས་ཀྱིས་བཅའ་ཁྲིམས་སུ་བཀོད་ནས་ལས་འགན་དེ་ང་ཚོའི་ཕྲག་ཏུ་བཞག་བྱུང་། ཡང་གཅིག་བཤད་ན་སྤྱི་འཐུས་གྲོགས་ཚོགས་ཀྱི་བཅའ་ཁྲིམས་རིན་པོ་ཆེ་འགྱུར་བ་བཏང་སྟེ་ངེད་ཅག་གྲྭ་བཙུན་ཚོ་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོ་ཐང་དང་ལས་འགན་དེ་ཕྱིར་འཐེན་བྱས་ཉིན་དེ་ནས་ང་ཚོ་འཚང་དགོས་པའི་རྒྱུ་མཚན་དང་ལས་འགན་གཉིས་ཀ་མེད་པས་དེ་ཉིན་ཁྱེད་ཚོས་གྲྭ་པ་སྲིད་ལ་འཚང་མ་ཡོང་ཞེས་སྐད་འགོ་མཐོན་པོར་བྱས་ནས་བཤད་ན་འགྲིག་པ་ཙམ་མ་ཟད་ཧ་ཅང་འགྲིག་པ་ཞིག་ཡིན།
སྲོང་བཙན་ལགས་ཀྱིས་ད་དུང་གནད་དོན་གཅིག་ལྷག་འདུག། སྐད་ཆ་བཤད་བཞིན་བཤད་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཟེར་བ་ཡང་དེ་ཙམ་རེད་མང་ཆེ་བ་ཕྱི་རྒྱལ་བ་རྐྱང་རྐྱང་རེད། ཁོ་ཚོ་ང་ཚོ་ལ་རྒྱབ་སྐྱོར་བྱས་པ་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་ང་ཚོའི་ནང་ལ་འཛུལ་ནས་ལས་འགུལ་སྤེལ་ན་མི་འགྲིག་ཟེར། དེ་ལྟར་བཤད་བཞིན་དུ་ཡང་རྒྱུད་སྨད་གྲྭ་ཚང་གི་དགེ་སྐོས་ཀྱིས་རང་བཙན་རྩོད་མཁན་གཏམ་བཤད་བྱེད་བཅུག་རྒྱུ་མིན་ཟེར་བ་ལེགས་པོ་ཡིན་ལུགས་བཤད་སོང་། རྒྱུད་སྨད་དགེ་སྐོས་ནི་བོད་པ་མ་རེད། རྒྱུད་སྨད་དགེ་སྐོས་ལ་དྭག་བ་དེས་ཀྱང་ང་ཚོའི་ནང་ཁུལ་དབུ་མ་དང་རང་བཙན་གཉིས་ཀྱི་བར་ལ་འཛུལ་ན་དཀྲུགས་ན་འགྲིག་དང་མི་འགྲིག། ཨ་རི་ལ་གསུམ་བཅུ་དུས་དྲན་སྐབས་བྱུང་བའི་གནད་དོན་དག་རང་བཙན་རྩོད་མཁན་ཚོ་ལ་ཡོད་ལུགས་དང་། དབུ་མའི་ལམ་གྱི་ལྟ་བ་ཡོད་མཁན་ཚོས་ལས་འགུལ་སྤེལ་སྐབས་དེའི་ནང་ལ་འཛུལ་ནས་རང་བཙན་ལབ་ན་མི་འགྲིག་ཟེར། འོ་ན་དུས་དེ་གསུམ་བཅུ་དུས་དྲན་རེད་དམ་དབུ་མའི་ལམ་དུས་དྲན་རེད་དམ། གསུམ་བཅུ་དུས་དྲན་དེ་དབུ་མའི་ལམ་འདོད་མཁན་གཅིག་པུ་ལ་མ་གཏོགས་རང་བཙན་འདོད་མཁན་ལ་ཐོབ་ཐང་མེད་པ་ཅི་ཡིན་ནམ། ད་དུང་ཁོས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་དང་མཉམ་དུ་ཅོག་ཙེ་གཅིག་གི་སྟེང་ནས་སྐད་ཆ་མི་བཤད་ཟེར། དེས་ན་དགྲ་བོ་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་པའི་གོ་སྐབས་རྙེད་ན་ཅོག་ཙེ་གཅིག་གི་སྟེང་ནས་སྐད་ཆ་བཤད་དང་མི་བཤད། དྲི་བ་ཧ་ཅང་མང་པོ་ཞིག་འདུག་རྐྱང་། གཏམ་བཤད་སྐབས་ཤོག་བུའི་སྟེང་ནས་དྲི་བ་གཏོང་མཁན་མང་དྲན་ནས་གོ་སྐབས་གཏན་ནས་རྙེད་མ་སོང་། གཟབ་གཟབ་མ་བྱས་ན། ཞི་ཅིང་ཧྥིང་གིས་རང་གི་ལྟ་བ་དང་མི་མཐུན་མཁན་གྱི་མགོ་ཁྲིད་རྣམས་ལྐོག་ཟ་རུལ་སོང་གི་ཞྭ་མོ་ནག་པོ་རེ་གཡོག་ནས་རྩ་མེད་བཟོ་བཞིན་ཡོད་པ་ལྟར། རང་བཙན་འདོད་མཁན་ཚོ་ལ་༧གོང་ས་མཆོག་ལ་ཁ་གཏོང་མཁན་ཡིན་ལུགས་བཤད་ནས་ཞྭ་མོ་ནག་པོ་དེའི་འོག་ནས་རྩ་མེད་མི་བཟོ་བའི་ངེས་པ་གཏན་ནས་མི་འདུག། མདོར་ན་མི་འདི་སྲིད་སྐྱོང་ཐུབ་ན་བོད་མི་ནང་ཁུལ་ཁ་མཐོར་གཏོང་བ་ལ་ཐེ་ཚོམ་གཏན་ནས་མི་འདུག། ངོ་མ་ཞེད་སྣང་སྐྱེ་དགོས་པ་ཞིག་རེད་འདུག།
སྐུ་ངོ་སྤེན་པ་འདི་ཟམ་གདོང་བླ་མའི་ཡང་སྤྲུལ་ཡིན། ཟམ་གདོང་བླ་མ་ནི་ལ༸རྒྱལ་བ་དོན་གྱི་བདག་པོའི་ཐུགས་དགོངས་སྒྲུབ་མཁན་དེ་ཡིན། གྲྭ་རྒན་ཚོ་ཆོལ་ཞེན་པ་ཚོར། ཁྱེད་ཚོ་སངས་རྒྱས་བསྟན་པ་དགོས་སམ། ཆོལ་ཞེན་སྐམ་པོ་དེ་དགོས། ད་ནང་ཁུལ་མ་དཀྲུགས་རོགས། སྤེན་ཚེ་རྒྱལ་ན་དོན་གྱིས་བོད་ཆོལ་ཁ་གསུམ་དེ་རྒྱལ།
གྲྭ་རྒན་ཆོལ་ཞེན་པ་ཚོ་ཞེས་བཅོ་རོགས།
ང་ཚོ་ལ་བོད་མི་ས་ཡ་དྲུག་སེམས་ལ་བཅངས་ནས་སྲིད་སྟེག་སྟེང་ལ་ལངས་མཁན་གྱི་སྲིད་སྐྱོང་ཞིག་དགོས་པ་ལས། ཟམ་གདོང་བླ་རྒན་ལྟར་བོད་མི་ས་ཡ་དྲུག་ལ་བསམ་བློ་མ་བཏང་ནས་རང་ཉིད་བླ་མའི་བཀའ་སྒྲུབ་ཆེད་སྤྱི་པའི་སྲིད་སྟེགས་སྒང་ལ་འཛེག་མཁན་དེའི་རིགས་གཏན་ནས་མི་དགོས། སྐད་ཆ་དེ་ཟམ་གདོང་ཁོ་རང་གིས་ལབ་པའི་སྐད་ཆ་རེད། བདེན་པ་ཡིན་མིན་ཁྱོད་རང་ཚོས་བསམ་བློ་ཐོངས། རང་བཙན་རྩོད་མཁན་ལ་དགྲ་ལྟ་བུའི་འདུ་ཤེས་འཛིན་ནས་སྦྱོར་བ་ངན་པ་སྤེལ་བ་འདི་༧རྒྱལ་བ་དོན་གྱི་བདག་པོའི་བཀའ་སྒྲུབ་མཁན་རེད་ལབ་ན་རྒྱལ་བ་རིན་པོ་ཆེ་ལ་ཆ་འཇོག་ཆུང་སོང་བ་མ་རེད་དམ། ཁྱེད་ཚོ་ལྟ་ན་༧རྒྱལ་བ་རིན་པོ་ཆེའི་ཐུགས་ལ་རང་བཙན་རྩོད་མཁན་རྣམས་མི་ཤོང་བ་བསམ་པ་ནི་༧རྒྱལ་དབང་མཆོག་ལ་ཚད་གཞི་ཧ་ཅང་དམའ་དྲག་པ་མ་ཡིན་ནམ། སེམས་ཅན་ཀུན་ཁྱབ་ཀྱིས་བསམ་བློ་ཡོད་མཁན་ཞིག་གི་དགོངས་པ་སྒྲུབ་པ་ལ་སེམས་ཅན་ཀུན་སེམས་དགོས་པ་ལས་སེམས་ཅན་ཡལ་བ་འདོར་མི་རུང་བ་བཞིན། རང་བཙན་རྩོད་མཁན་ཡང་འདོར་ཐབས་གང་ནས་ཡོད་ཨང་། མ་རེད་པས།
བོད་མི་རིགས་བླ་སྲོག་དང་བཅས་པ་ཡུན་གནས་ཡོང་བར་སངས་རྒྱས་བསྟན་པ་དེ་གནས་དགོས་པ་ཡིན། དེ་འདྲའི་འཕྲལ་ཕུགས་གཉིས་ཀྱི་ཆ་ནས་བོད་ཀྱི་ཕྱི་སྲིད་དང་ནང་སྲིད་ཐད། སྤེན་པ་ཚེ་རིང་འདི་ཁ་ཚ་དགོས་གཏུགས་ཤིག་ཡིན། འདི་ན་སྲིད་དོན་པ་ཁ་ཅིག་གིས་ཀླུ་མཁར་བྱམས་ལ་སྟོད་ཁུལ་དང་། སྤེན་ཚེ་ལ་སྨད་ཁུལ་བྱེད་པ་ནི། དོན་ལ་བཤད་ས་བུ་མོ་དང་ཉན་ས་མནའ་མའི་དཔེ་བཞིན་སོང་ཡོད་པ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མཁྱེན་པར་མཛོད་ཅིག
ཟམ་གདོང་བླར་རྒན་གྱི་ཡང་སྤྲུལ་ཡིན་ན་དཔེ་བསགས་པ་རེད། བླར་རྒན་གྱི་བྱ་བ་བྱས་ཚད་ཐམས་ཅད་བོད་མི་རིགས་ཆེད་དུ་མིན་པར་རྩ་བའི་བླ་མའི་བཀའ་སྒྲུབ་དེ་རེད། རྩ་བའི་བླ་མ་ནི་གདོལ་རྒྱལ་གྱི་འབྱུང་ཁུངས་ལྟ་བུ་རེད། ཧ་ཧ། བྱས་ན་ད་གདོལ་སྤྲུལ་ཡང་སྤྲུལ་ཡོང་གི་རེད། བོད་མི་རིགས་རྩ་དོན་འདི་མུ་གེའི་སྒང་ལ་ཟླ་ལྷག་ཟེར་བ་དེ་རེད། ལས་ངན་པ་ལ་ཨ།
སྐུ་ངོས་ཡང་བསྐྱར་ཡལ་གར་བསྡད་ནས་སྡོང་རྩ་བཅད་འདུག ཚོགས་གཙོ་མཆོག་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་མཉམ་དུ་བཞུགས་གྲལ་གཅིག་སྟེང་བསྡད་ནས་བགྲོ་གླེང་བྱེད་པར་སྤོབས་པ་མེད་ན།སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་གང་ཐུབ་གཡོ་ཐབས་ཀྱི་རེད། དེ་མིན་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་དང་བཀྲིས་སྟོབས་རྒྱལ་ལགས་བཅས་གསུམ་བགྲོ་གླེང་བྱེད་པར་བྲོ་བ་ཡོད་ཀྱི་མ་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་མི་མང་ཡོངས་ཀྱིས་ཚོགས་གཙོ་དང་སྲིད་སྐྱོང་། ཀླུ་མཁར་བྱམས་གསུམ་གྱིས་བོད་ཀྱི་གནད་དོན་ཐོག་ལྟ་སྟངས་ལངས་ཕྱོགས་ཀྱི་སྲིད་བྱུས་ཐོག་བགྲོ་གླེང་བྱེད་པར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
མི་མང་གི་རེ་བ་འདི་སྒྲུབ་ཆེད་བཙན་བྱོལ་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་བོད་ཀྱི་དུས་བབ་གསར་ཁང་དང་ཨ་རིའི་རླུང་འཕྲིན་ཁང་། བོད་ཀྱི་བང་ཆེན་གསར་ཁང་། ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཅས་ཐུན་མོང་གི་གོ་སྒྲིག་འོག ༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཚང་མ་འདྲ་མཉམ་གྱི་ཞབས་སྟེགས་སྟེང་ལྷན་བཞུགས་ཐུབ་པའི་གོ་སྐབས་ཤིག་སྐྲུན་ཐབས་བྱས་ཏེ། འོས་མི་སོ་སོས་བོད་ཀྱི་གནད་དོན་དང་འབྲེལ་བའི་འདས་མ་འོངས་ད་ལྟ་གསུམ་གྱི་སྐོར་ལ་བགྲོ་གླེང་བྱེད་ཐུབ་ཚེ། མི་མང་སྤྱི་ཡོངས་ཀྱི་དམངས་གཙོའི་གོ་རྟོགས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པ་མ་ཟད། སོ་སོའི་དམངས་གཙོ་ཁེ་དབང་གཞན་དབང་འོག་མི་འགྲོ་བར་སྲིད་སྐྱོང་འོས་མི་ཏག་ཏག་ཅིག་འདེམས་པར་གདེང་ཚོད་ཡོང་རྒྱུ་རེད།
ཕལ་ཆེར་གོང་གི་རྩོམ་ཡིག་དང་དང་འབྲེལ་བའི་གནས་ཚུལ་གང་ཡོད་གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ཚང་མས་གྲོས་བསྡུར་བྱས་ཏེ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་སྔོན་དུ་སྲིད་སྐྱོང་གི་འོས་མི་ཚོའི་བགྲོ་གླེང་རིམ་པ་གཅིག་དང་།ཆོལ་ཁ་གསུམ་སོ་སོས་སྤྱི་འཐུས་འོས་མི་ཚོར་བགྲོ་གླེང་རིམ་པ་གཉིས་བྱེད་ཐུབ་ན་དགེ་ཕན་ཤིན་ཏུ་ཆེ།
བོད་ཀྱི་ཕྱི་སྲིད་ནང་སྲིད་ལ་མི་གསོད་ལག་དམར་གྱི་གླེང་གཞི་ཅན་ཞིག་དང་། ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་དད་པ་ལོག་སྤྱོད་མཁན་ཞིག་ནམ་ཡང་མི་མཁོ་ཐག་ཆོད་ཡིན་ནོ། ཧེ་ཧེ།
སྤྱིའི་ཆ་ནས་རྩོམ་ཡིག་དེ་ཡག་པོ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ། རྒྱུ་མཚན་ནི་སྐུ་ངོས་རང་ལ་འོས་ཐོབ་ཆེད་༸གོང་ས་མཆོག་གི་མཚན་བེད་ལོག་བཏང་བ་དེར་ལན་ཚ་ཐག་ཆོད་གཅིག་བརྒྱབ་འདུག་པས་སོ། འོན་ཀྱང་རྩོམ་ཡིག་ནང་རིགས་པ་བཏང་དྲག་པའང་མཐོང་རྒྱུ་འདུག་སྙམ་བྱུང་། གང་ཡིན་ཟེར་ན་འོས་མི་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མ་གུས་པའམ་ཐལ་དྲགས་པའི་སྐྱོན་བརྗོད་ཞུས་པ་དང་༼མཆན་འགོད་ཅིག་ནང་དེའི་སྐོར་མང་ཙམ་བཀོད་འདུག༽རྒྱ་གུང་ཁྲན་གྱིས་མཚན་སྨད་ཞུས་པ་གཉིས་གཏན་ནས་མཚུངས་སྡུར་བྱེད་ཐབས་མེད་ཙང་ཚོགས་གཙོས་གོ་སྐབས་དེ་ཟིན་ནས་དེ་འདྲའི་མི་དང་མཉམ་དུ་སྡིངས་ཆ་གཅིག་གི་སྟེང་དུ་སྐད་ཆ་ཤོད་ཐབས་མེད་ཟེར་བ་རེད། དེར་བརྟེན་ཚོགས་གཙོ་ལའང་རྒྱུ་མཚན་གཏན་ནས་མེད་པ་མ་རེད། གང་ཡིན་ཞེ་ན་དེ་གཉིས་ངོ་བོ་ལོགས་ཀ་ཡིན་པས་སོ། ད་དུང་དེ་མ་ཚད་རྩོམ་ཡིག་ནང་རང་བཙན་རྩོད་མཁན་དང་རང་ཉིད་དང་ལྟ་བ་མ་མཐུན་པ་དང་མཉམ་དུ་སྐད་ཆ་ཤོད་ཀྱི་མིན་ཟེར་བ་སོགས་ཀྱི་དོགས་པ་ཁོག་སློང་གི་ལམ་ནས་སྐྱོན་བརྗོད་བྱས་པ་་ཁ་ཤས་གནད་ལ་འཁེལ་མི་འདུག་སྙམ་བྱུང་། ད་དུང་རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བ་ཚོས་ཁོང་གིས་༸གོང་ས་མཆོག་ལ་མ་གུས་པ་དང་སྐྱོན་བརྗོད་ཞུ་གི་ཡོད་པ་ལ་ཁས་ལེན་མ་ཐུབ་པ་ག་རེ་ཡིན་ནམ་ཞེ་ན་ཁོང་ཅག་གི་སེམས་ནང་དུའང་་༸གོང་ས་མཆོག་ལ་མ་གུས་པ་དང་སྐྱོན་བརྗོད་ཞུ་བ་དེ་ནོར་འཁྲུལ་ཡིན་པ་ཤེས་ཀྱི་ཡོད་པས་རེད། དེ་རང་ཉིད་ཀྱི་བསམ་ཚུལ་རང་ཡིན།
སྤྱིའི་ཆ་ནས་རྩོམ་ཡིག་དེ་ཡག་པོ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ། རྒྱུ་མཚན་ནི་སྐུ་ངོས་རང་ལ་འོས་ཐོབ་ཆེད་༸གོང་ས་མཆོག་གི་མཚན་བེད་ལོག་བཏང་བ་དེར་ལན་ཚ་ཐག་ཆོད་གཅིག་བརྒྱབ་འདུག་པས་སོ། འོན་ཀྱང་རྩོམ་ཡིག་ནང་རིགས་པ་བཏང་དྲག་པའང་མཐོང་རྒྱུ་འདུག་སྙམ་བྱུང་། གང་ཡིན་ཟེར་ན་འོས་མི་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མ་གུས་པའམ་ཐལ་དྲགས་པའི་སྐྱོན་བརྗོད་ཞུས་པ་དང་༼མཆན་འགོད་གཅིག་ནང་དེའི་སྐོར་བདེན་པ་ར་སྤྲོད་བྱས་འདུག༽རྒྱ་གུང་ཁྲན་གྱིས་མཚན་སྨད་ཞུས་པ་གཉིས་གཏན་ནས་མཚུངས་སྡུར་བྱེད་ཐབས་མེད་ཙང་ཚོགས་གཙོས་གོ་སྐབས་དེ་ཟིན་ནས་དེ་འདྲའི་མི་དང་མཉམ་དུ་སྡིངས་ཆ་གཅིག་གི་སྟེང་དུ་སྐད་ཆ་ཤོད་ཐབས་མེད་ཟེར་བ་རེད། དེར་བརྟེན་ཚོགས་གཙོ་ལའང་རྒྱུ་མཚན་གཏན་ནས་མེད་པ་མ་རེད། གང་ཡིན་ཞེ་ན་དེ་གཉིས་ངོ་བོ་ལོགས་ཀ་ཡིན་པས་སོ། ད་དུང་དེ་མ་ཚད་རྩོམ་ཡིག་ནང་རང་བཙན་རྩོད་མཁན་དང་རང་ཉིད་དང་ལྟ་བ་མ་མཐུན་པ་དང་མཉམ་དུ་སྐད་ཆ་ཤོད་ཀྱི་མིན་ཟེར་བ་སོགས་ཀྱི་དོགས་པ་ཁོག་སློང་གི་ལམ་ནས་སྐྱོན་བརྗོད་བྱས་པ་་ཁ་ཤས་གནད་ལ་འཁེལ་མི་འདུག་སྙམ་བྱུང་། ད་དུང་རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བ་ཚོས་ཁོང་གིས་༸གོང་ས་མཆོག་ལ་མ་གུས་པ་དང་སྐྱོན་བརྗོད་ཞུ་གི་ཡོད་པ་ལ་ཁས་ལེན་མ་ཐུབ་པ་ག་རེ་ཡིན་ནམ་ཞེ་ན་ཁོང་ཅག་གི་སེམས་ནང་དུའང་་༸གོང་ས་མཆོག་ལ་མ་གུས་པ་དང་སྐྱོན་བརྗོད་ཞུ་བ་དེ་ནོར་འཁྲུལ་ཡིན་པ་ཤེས་ཀྱི་ཡོད་པས་རེད། དེའི་ཕྱིར་དེ་ནི་ཁོང་ལ་སྦར་བཀབ་མ་དགོས་སར་བཀབ་པ་ལས་མ་འདས་སོ། དེ་རང་ཉིད་ཀྱི་བསམ་ཚུལ་རང་ཡིན།
བོད་ཀྱི་མི་རིགས་དང་རིག་གཞུང་། རང་ས་སོགས་མཚོན་པའི་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག་དང་། ང་ཚོ་གཞན་ཡུལ་ལུང་པར་བར་དོའི་སེམས་ཅན་ལྟར་འཁྱམས་དགོས་པ་བཟོ་མཁན་དང་། ད་དུང་གོང་ས་མཆོག་ལ་རྟག་ཏུ་མཚན་སྨད་བྱེད་མཁན་རྒྱ་གཞུང་ལ་སྤྲེལ་ལད་ཁྲབ་ཐུབ་པ་དང་། ཀླུ་འཁར་བྱམས་ལ་ལྡིང་ཆ་གཅིག་གི་སྟེང་དུ་སྐད་ཆ་བཤད་མི་ཕོད་པ་དེ་ནི་གོང་ས་མཆོག་ལ་དད་པ་གཏན་ནས་མིན་པར་ཁོ་རང་སྒེར་དོན་གྱི་སྐྱོན་རྣམས་ཐེར་འདོན་བྱ་མི་ཡོང་ངམ་སྙམ་པས་རེད། རྒྱུ་མཚན་གཞན་པ་ཅི་ཡང་མ་རེད། ཡིན་གཅིག་ཁོང་རྣམས་ལྡིང་ཆ་གཅིག་གི་སྟེང་དུ་བགྲོ་གླེང་གནང་དགོས་ཡོད། བོད་མི་ས་ཡ་དྲུག་གི་དོན་དུ་སྲིད་སྐྱོང་ལ་ལང་པ་ཡིན་ན་གོང་ས་མཆོག་གི་མཚན་བེད་སྤྱོད་མ་གནང་རོགས། དེས་ན་རྒྱ་ནག་གིས་ཀྱང་ཏཱ་ལའི་བླ་མའི་སྒེར་དོན་ཡིན་པ་ལས་བོད་མི་མང་གི་དོན་དུ་མ་རེད་ཟེར་དགོས་ཀྱང་འདི་ལ་ཐུག་ཡོད།
བོད་པས་རང་བཙན་འཇོན་གི་རེད་བས།ཀླུ་བྱམས་ཀྱིས་ཆོལ་གསུམ་གྱི་ཁ་ཆོད་ཀི་རེད་པས།
རྒན་འཇམ་རྡོར་གྱིས་ཡག་པོ་བཤད་འདུག
རྒན་འཇམ་རྡོར་ལགས། ཆབ་སྲིད་རིག་པའི་གཞུང་ལུགས་དང་དམངས་གཙོའི་ལམ་ལུགས་འོག་ནས་སྲིད་དབང་འཛིན་མཁན་འགོ་འཁྲིད་ཚོར་ཆབ་སྲིད་ལྟ་གྲུབ་མཐུན་མིན་གྱིས་སྐྱོན་བརྗོད་བྱེད་མི་ཆོག་པའི་ལམ་ལུགས་ཤིག་གང་ན་འདུག། དེས་ན་ཀླུ་མཁར་བྱམས་ཀྱིས་རྣམ་པ་ཐམས་ཅད་དུ་༧གོང་ས་མཆོག་ལ་དཀར་པོ་དང་རྣམ་པ་ཐམས་ཅད་དུ་ནག་པོར་ནམ་ཡང་བལྟ་ཡི་མེད་པ་རེད། འདི་ནི་ཀླུ་མཁར་བྱམས་ལ་ཆབ་སྲིད་ཁེ་དབང་ཡོད་པའི་ཆ་ནས་དང་སྲིད་དོན་རིག་པའི་གཞུང་ལུགས་དང་འགལ་ཡོད་པ་རེད། དེ་མིན་ཀླུ་བྱམས་ཀྱི་ལྷ་ཆོས་རིག་གནས་ཀྱི་ཁྱབ་ཁོངས་དབང་དང་གདམ་ངག་ཞུས་ཏེས་སྡོམ་པ་བླངས་ཡོད་ན་མཚན་སྨོད་ཞུས་པར་ངོས་འཛོན་བྱས་ན་གནས་ཚུལ་ཐ་དད་རེད།
ནམ་རྒྱུན་ཀླུ་བྱམས་ཀྱིས་༧རྒྱལ་བ་རིམ་བྱོན་ཁག་པ་བལྟ་ཚུལ་ཞིག་ཡོད་པ་རེད། ༧རྒྱལ་བ་བཅུ་བཞི་འདི་པའི་དམངས་གཙོའི་ལྟ་གྲུབ་དང་འཇིག་རྟེན་ཀུན་ཁྱབ་རང་བཞིན་གྱི་ཐུགས་འཁུར་ལ་ཡིད་ཆེས་བྱེད་མཁན་ཞིག་རེད། ༧རྒྱལ་བ་བཅུ་གསུམ་པ་རྒྱལ་གཅེས་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག། ༧རྒྱལ་བ་ལྔ་པ་སྲིད་དོན་མཁས་པའི་མི་སྣ་ངོ་མ་ཞིག་དང་༧རྒྱལ་བ་རིམ་བྱོན་བཅུ་བཞི་འདིའི་ནང་ནང་ནས་གཞུང་ལུགས་མཁས་ཤོས་རྗེ་དགེ་འདུན་གྲུབ་རེད། བྱས་ཙང་གཞུང་ལུགས་ཤིག་སྦྱང་དགོས་ན་འདི་ལྟར་སྦྱངས་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
སྲིད་དོན་རིག་པའི་གཞུང་ལུགས་དང་འགལ་ཡོད་པ་མ་རེད། ལ་བཅོས
ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་སྟངས་དེ། རྒྱ་མི་སྲིད་ཇུས་དང་སྦྱར་ཏེ་དོལ་གཅིག ཚོགས་ཀྱི་འདོད་པར་བསྟུན་པ་དང་། བོད་མི་མང་གིས་འདི་ཕྱི་གཉིས་དང་ཆོས་སྲིད་གཉིས་ཀའི་སྐྱབས་སུ་བསྟེན་པ་ལ་རེ་རྒྱག་ས་མིན་པར་བཤད་པ་སོགས་རེད་ལ། རྒྱ་མིའི་བཤད་ཚུལ་དང་གཅིག་མཚུང་རེད། ད་དུང་ཁོ་པ་མི་མང་ལ་འཇིགས་པ་མ་གཏོགས་མི་དེའི་ཁ་ནས་རྒྱ་དོལ་གཉིས་ལས་ལོད་པའི་གཏམ་ངན་དེ་འདྲ་ཡོང་མི་སྲིད་པ་མིན། བླ་འཁྱམ་ཁོ་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྲིད་ལུགས་ཀྱི་གོ་རྟོགས་བརྟན་པོ་ཞིག་ཕར་ཟད། སློབ་ཆུང་སློབ་མའི་ཤེས་ཡོན་ལས་ཚད་མཐོ་ཙམ་ཞིག་ཡིན་ཚོད་གདའ། གཉིས། སེ་ར་ཏྲེ་ཧོར་པ་སྲོང་བཙན་བསོད་ཟླའི་བསམ་ཕུགས་ན་ཅི་ཡོད་མི་ཤེས་པ་ཅི་ཡོད། དེ་ལས་ཀྱང་གསལ་བ་ནི། ཀླུ་བྱམས་སྲིད་སྐྱོང་དུ་འགྱུར་སྲིད་པར་འདོད་པ་སུ་གཅིག་ཀྱང་མེད་པ་དེ་རེད་ལ། ཀུན་ལས་ཡ་ང་བ་ནི། ཀླུ་བྱམས་ཁོ་སྲིད་སྐྱོང་དུ་འཇོག་འདོད་མཁན་ཁོའི་ཆུང་མ་མ་གཏོགས་གཞན་གཅིག་ཀྱང་མེད་པ་དེ་རེད། རྒྱབ་སྐྱོར་བྱེད་པ་ལ་རིགས་གཉིས་ཏེ། གཅིག་ནི་སྲིད་དོན་གྱི་གཡོ་འཕྲུལ་དང་། གཉིས་པ་དེ་རྨོངས་ཞེན་པ་ཉུང་ངུ་ཞིག་རེད། གསུམ། ཚོགས་གཙོ་མཆོག་ཀླུ་བྱམས་སོགས་ལ་འཇིགས་དོན་གང་ཡང་མེད། འགྲན་རྩོད་ཀྱི་སྡིངས་ཆ་ནི་གཡུལ་འགྱེད་དང་མཚང་འབྱིན་པའི་སྟེགས་བུ་མིན་པ་ཀུན་གྱིས་ཤེས་ལ། གལ་ཏེ་དེ་ལྟ་བུ་བྱས་ཚེ་འོས་ཁོངས་ནས་ཐོན་དགོས་པ་འོས་བསྡུའི་ཁྲིམས་རེད། འོན་ཀྱང་། རང་གི་བླ་མར་སྐྱོན་བརྗོད་དང་བོད་མི་བྱིངས་ཀྱི་དགྲ་བོར་མཐུན་ཕྱོགས་བྱེད་མཁན་དང་ལྷན་དུ་སྡིངས་ཆའི་སྟེང་མི་བཞུགས་གསུང་པ་ནི་ལངས་ཕྱོགས་བརྟན་པའི་རྟགས་རེད། གདན་སའི་དགེ་འདུན་པ་ཞིག་ལ་འདི་ལྟ་བུའི་གོ་རྟོགས་ཀྱང་མེད་ན། མི་ནག་དག་ལ་ཅི་ཁག
རྟག་པར་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་འདི་ཞོ་ལྟར་ཆཊ་པ་ཁྲག་བཞིན་དཀྲུགས་མཁན་ཚོའི་ཕལ་བ་ཆེ་ནི། ནང་ཆོས་ལ་ཐོས་བསམ་སློབ་གཉེར་བྱེད་ཀྱིན་པའི་སེར་མོའི་སྡེ་རེད། ཁོང་ཚོར་སུ་གང་ལའང་མེད་པའི་ཆོལ་ཞེན་དང་ཆོས་ལུགས་རེས་གཅོད་ཀྱི་རང་ལྟ་མཆོག་འཛིན་ཞིག་ཡོད་པ་རེད། ད་དུང་ཅིའི་ཕྱིར་ཁོ་པ་ཚོར་གཞན་ལས་ལྷག་པའི་ང་རྒྱལ་ཞིག་དང་། ཀུན་ལས་ལྷག་པའི་ཕྲག་དོག་དང་ཀླད་རྙིང་མཁྲེགས་གཟུང་ཞིག་ཡོད་པ་རེད། ཆོས་ཟེར་བ་དེ་སེམས་རྒྱུད་འདུལ་བྱེད་ཅིག་ཡིན་རབས་བཤད་དུ་ཡོད་པ་མིན་ནམ། ཁྱོད་ཚོའི་སེམས་རྒྱུད་དེ་ཆོས་སྦྱོང་གིན་”ཨར་འདམ་སྟེང་དུ་ཆུ་བླུག་པ་ལྟར་”མཁྲེག་ཏུ་མཁྲེག་ཏུ་ཅིའི་ཕྱིར་བྱིན་པ་རེད། སྐུ་ངོ་སྤེན་པ་ཚེ་རིང་གིས་རང་བཙན་ལྟ་བ་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་མཚན་སྨོད་ཞུ་བསྡད་མཁན་དེ་ཚོ་དང་མཉམ་དུ་བགྲོ་གླེང་བྱ་འདོད་མེད་ཟེར་བ་དེ། སྐྱོན་ཅི་ཞིག་འདུག མི་སུ་འདྲ་ཞིག་དང་སྐད་ཆ་མིན་སོ་སོའི་ཐོབ་ཐང་རེད་ལ། དམངས་གཙོའི་ཁེ་དབང་ཡང་རེད།
སྐུ་སྤྲུལ་བསད་པའི་གླེང་གཞི་ཡོད་མཁན་སྤེན་ཚེ་རེད། ཆོས་རྒྱུད་ཀྱི་སྤྱི་འཐུས་དགེ་བཤེས་དེ་དག་འདྲེ་མཐོང་མཐོང་བཟོ་བསྡད་མཁན་ཡང་སྤེན་པ་ཚེ་རིང་རེད། གྲྭ་པ་ཚོ་སྤྱི་འཐུས་ཀྱི་རྐུབ་སྟེགས་ཐོག་ཏུ་ཕེབས་པར་བཀག་འགོག་གང་ཐུབ་བྱེད་མཁན་སྤེན་ཚེ་དང་རྒྱབ་སྐྱོར་བ་ཚོ་རེད། འདི་དག་གདན་ས་ཁག་གི་གྲྭ་དམངས་ཀྱིས་ཀྱང་ཤེས་ཀྱི་ཡོད། དགོན་པའི་ལྕགས་རིའི་ནང་དུ་བརྡ་འཕྲིན་རིག་གནས་བསླེབས་ཚར་བ་རེད།
སྤེན་པ་ཚེ་རིང་ལགས་ནི་མདོ་སྨད་པའི་ནང་ནས་མི་ཨང་དང་པོ་དེ་རེད་ཆོལ་གཞན་གང་ཡང་མེད་པས་མི་དེ་ཁོང་རེད་ལྷག་པར་དུ་ཁོང་རྒྱལ་གཞན་སེམས་ནང་ཡོད་པ་ངས་གསལ་པོ་ཧ་གོ་བྱུང་ཤུག་རྒྱོབ་ཤུག་རྒྱོབ་།
བསྟན་འཇམ་གྱིས་བཀོད་པའི་མཆན་གྱི་ནང་དུ་མ་རུང་བ་མི་འདུག་ག རྒྱལ་བ་རིན་པོ་ཆེ་ནས་ཀྱང་བོད་པས་རྨོངས་དད་བྱེད་ཀྱི་འདུག་ཅེས་ཉེ་སྔོན་ཁ་གསལ་གསུང་བ་མ་ཐོས་སམ། དེ་མིན་བླ་རྒན་ལ་བགྲེས་ཡོལ་གྱི་ལམ་ཁ་མི་འདུག་ཅེས་པ་དེང་སྐབས་སྲིད་དོན་པ་ཚོས་ལག་ཆར་བེད་སྤྱོད་གཏོང་བཞིན་པ་དང་འདྲ་བོ་མི་འདུག་གམ། དེ་རིང་གི་རྒྱལ་བ་རིན་པོ་ཆེ་སྲིད་སྟེགས་ལས་བབས་ཟིན་པས་དད་རྟེན་ལས་སྲིད་དོན་གྱི་རེ་བ་རྒྱག་ས་རེད་དམ། སྤྱིར་གནས་ཆུང་སོགས་ནི་དཀོན་མཆོག་གསུམ་ལས་འཇིག་རྟེན་པའི་ལྷར་སྐྱབས་སུ་མི་འགྲོ་བའི་ཚོགས་སྡེ་ཞིག་གི་མཆོད་ཡུལ་དུ་རུང་ངམ། དེ་མིན་ཤུགས་ལྡན་གནད་དོན་ནི་གཟིམ་ཁང་གོང་འོག་གི་མི་བསད་གྱོད་གཞི་ཞིག་ཡིན་པས། མ་འོངས་པར་ཁྲིམས་ཐོག་ནས་ཕྱོགས་གཉིས་ཀར་སྐད་ཆ་བཤད་བཅུག་ནས་ཐག་གཅོད་དགོས་པ་ལས་ཕྱོགས་གཅིག་ཁོ་ནའི་བཤད་སྟངས་བདེན་པར་འཛིན་མི་འོས། ད་རེ་རེ་བཞིན་བགྲོ་གླེང་གནང་རོགས།
སེ་ར་ཐེག་ཆེན་གླིང་ན་ཁྱོད་ལྟ་བུ་ཡོད་པ་བདེན་ན་ང་ངོ་མ་སེམས་སྐྱོ་སོང་།
དབུ་མའི་ལམ་ལ་ཁ་གཏོང་བ་དང་ཀླུ་དཀར་བྱམས་ལ་རྒྱབ་སྐྱོར་བྱེད་ཁུལ་བྱས་ཀྱང་དོན་ལ་་བོད་བཙན་བྱོལ་སྒྲིག་འཛིག་དང་་གོང་༧་མཆོག་ལ་བསྙོན་འཛུགས་བྱེད་ཀྱིན་ཡོད་པ་གླུན་པོ་ལུག་འདི་ཞིག་མི་ན་ལག་མཐིལ་རི་མོ་རེད། སྲོང་བཙན་ཟེར་བ་ཁྱོད་ཀྱིས་བཤད་སྟངས་ལ་བལྟས་ན་ད་དུང་སེ་ར་ཐེག་ཆེན་གླིང་ན་གཙང་མ་བཟོ་དགོས་ཡ་མང་པོ་ཡོད་ས་རེད་བསམ་བྱུང་།
ད་གཟབ་དགོས་ས་རེད། གདན་ས་ཁག་གི་ནང་དུ་དབུ་མའི་ལམ་ལ་གཏན་ནས་མི་དགའ་མཁན་ཧ་ཅང་མང་པོ་ཡོད་ས་རེད།
སྤྱིར་བཏང་རབ་ཏུ་བྱུང་བའི་བྱ་བ་ནི་གསུམ་སྟེ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་དང་བྱ་བ་ལས་ཀྱི་འཁོར་ལོ་བཅས་ཡིན་པ་ལས། ཆབ་སྲིད་རྙོག་འཛིང་ཅན་འདིའི་ནང་འཛུལ་ནས་ཕྱོགས་ལྷུང་གི་གཏམ་བཤད་དང་ཡིག་རྙོག་སྤེལ་རེས་བྱས་པ་ནི་འོས་ཤིང་མཚམས་པ་ཞིག་མིན། ཁྱིམ་པ་སུན་འབྱིན་གྱི་ལས་དེ་མཚམས་མེད་ཀྱི་ལས་ཡིན་པ་ཀུན་གྱིས་བསྐྱར་དྲན་བྱེད་དགོས་པ་གལ་ཆེ།
ག་རེ་བཤད་ཀྱང་མ་བཤད་རུང་ཆོལ་ཁའི་དམག་འཁྲུག་རེད་འདུག་ག
ཡག་པོ་རེད། གང་ཡིན་ཟེར་ན་རྒྱ་གར་ལ་ཡོང་ནས་གདན་སར་སློབ་སྦྱོང་བྱས་པའི་གྲུབ་འབྲས་རེད།
གང་ལྟར་ཀླུ་མཁར་བྱམས་ལག་པ་ཕྱིས་བྱེད་མ་བྱས་ན་ཡག་པོ་འདུག
ངས་ངོ་མ་ཡིན་དགེ་ལུག་པའི་གྲ་བ་མང་ཆེ་བ་དེ་ཚོ་ཡག་པོ་མི་འདུག་ཆོལ་ཁའི་ཞེན་ཁོག་ཚ་པོ་ཀྱང་ཀྱང་རེད་འདུག་ལྷག་པར་བློ་སྲིང་ལང་པས་རྒང་ལ་ཁམས་ཞིན་ཆེན་པོ་བྱུང་སོང་ང་ནི་ངུ་ཤོར་སོང་བོད་མི་དམངས་ཀྱི་མ་འོང་པ་བསམ་མཁན་དཀོན་པོ་རེད་
རྒྱ་དམར་པོ་ཚང་གི་འདོད་ཐོག་ལ་རྟ་རྒྱུག་གིན་འདུག མུ་མཐུད་དུ་ཁ་ལ་ཡོང་ཚད་ཤོད། གྲྭ་བ་དང་བུད་མེད་ཀྱི་ཁ་ལ་སྒོ་ལྕགས་མེད་ཟེར་བ་ཅིས་མ་བདེན། ལྷག་པར་གདན་ས་ཟེར་བའི་གཡེར་ཆེན་དེར་ཡོད་པའི་མགོ་རིལ་ཚོ། ཁྱེད་ཚོས་ཆོས་ཕྱོགས་དང་འགྲེལ་བའི་རྩོམ་ཡིག་ཅིག་ད་བར་དུ་དྲ་ལམ་ཅི་ཙམ་སྤེལ་ཡོད། ཁྱེད་ཚོར་ད་ལྟའི་བཞུགས་གནས་དང་མཐུན་རྐྱེན་སུ་ཞིག་གིས་གོ་སྒྲིག་བྱས་རེད། ཁྱེད་ཚོ་ལ་ད་ལྟའི་སློབ་སྦྱོང་བྱེད་སའི་གནས་མལ་དེ་ཇི་ལྟར་རག་རེད། ཁྱེད་ཚོས་ཁ་ནས་བཤད་པ་དང་སྦྱོང་སའི་སློབ་གཞི་གཉིས་མཐུན་གྱིན་འདུག་གམ། མདོར་ན་ཟམ་གདོང་བླ་མས་ཁྱེད་ཚོ་ལ་སྡོམ་ཚིག་ཅིག་རྒྱབ་ཡོད་པ་མཐོང་བྱུང་ངམ། ངོ་མ་བུད་མེད་དང་གྲྭ་བ་དག་གིས་སྐབས་ཐོག་གི་ཚོར་བ་གཅིག་པུ་མ་གཏོགས་མིག་རྒྱ་ཨབ་རའི་རྔ་མ་ལས་ཐུང་ཟེར་བ་ཅིས་མ་བདེན། བོད་མི་སྤྱིའི་མིག་ལམ་གྲྭ་བ་ཟེར་བ་ཚད་ཅི་ཙམ་ཐོན་ཡོད། འདི་དག་ཁྱེད་ཚོས་བྱས་པའི་མཇུག་འབྲས་རེད། ཕྱིན་ཆོད་སུ་ལའང་འཁེང་ར་མ་བྱེད། རང་གིས་བཙོས་པའི་ཆང་རེད། མ་ཞིམ་ནའང་འཐུང་དགོས་རེད། ད་བར་དུ་བཙན་བྱོལ་སྤྱི་ཚོགས་ནང་ཁྲག་དཀྲུག་རྣག་དཀྲུག་བྱེད་མཁན་ཚོ་སུ་རེད། དཔེར་ན་གྲོས་ཚོགས་ནང་སྔ་ཕྱི་དག་ལ་རྙོག་དྲ་བཟོ་མཁན་སུ་རེད།
ཕོ་རབ་ཀྱིས་བསམ་ཚུལ་གླེང་བ་དང་། ཕོ་འབྲིང་གིས་བྱུང་རབས་གླེང་བ། ཕོ་ཐ་མས་དཀྲུག་ཤིང་དང་ཇུས་གཏོགས་གླེང་བ་ནི་ཆོས་ཉིད་ཅིག་ལོས་ཡིན། ལར་ནས་སྲོང་བཙན་མིང་ཅན་དེ་དགེ་འདུན་པ་ཞིག་ཡིན་བཟོ་འདུག་ཀྱང་རྟག་ཏུ་ཁམས་ཞེན་གྱི་བསམ་བློའི་ནད་རྙིང་ཕོག་ནས་རང་ལས་གཞན་པའི་ཆོལ་ཁའི་འོས་མི་རྣམས་ལ་སུན་འབྱིན་དང་རྨ་འབྱིན་ཁོ་ན་བྱེད་པ་ནི་ཡིད་སྐྱོའི་གནས་ཚུལ་ཤིག་ལས་མ་འདས།
གྲ་པ་ཚོར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གོ་རྟོགས་མེད་ཙང་། སྲིད་དོན་པའི་ལག་ཆ་ཆགས་པ་དེ་ཞན་ཆ་གཙོ་བོ་དེ་རེད། དེ་ཁོང་ཚོས་ཁས་ལེན་མི་བྱེད། ཡིན་ཡང། དོན་ངོ་མ་དེ་རེད། རང་གི་ཆེད་སྦྱོང་སྟེང་འབྱར་ནས་བསྡད་ན་དེ་ཡག་གི་རེད། དེ་མིན་དགེ་འདུན་པ་སྤྱིའི་ཞབས་འདྲེན་ཆགས་ན་མི་བཟང།
སྤྱིར་དེང་དབྱར་དུས་སུ་ནང་པའི་དགོན་པ་ཚང་མར་བཅོམ་ལྡན་འདས་ཀྱིས་བཅས་པའི་དབྱར་གནས་མཚམས་ལ་བཞུགས་ཡོད། དེའི་དགོས་དམིགས་ནི་དབྱར་ཟླ་གསུམ་གྱི་རིང་ལ་ཆོས་ཀྱི་ཉམས་ལེན་དང་། འཁྲུགས་ལོང་མི་བྱ་བ་སོགས་མདོར་ན་ཆོས་ཕྱོགས་ཀྱི་བྱ་བས་དུས་འདའ་དགོས་ཀྱང་། འོན་ཀྱང་གདན་ས་ཁག་ཏུ་ནི་དེ་ལས་ལྡོག་སྟེ་ཕན་ཚུན་དགའ་མིན་དང་ཕྱོགས་ལྷུང་དང་འཁྲུགས་ལོང་འབྱུང་བའི་གཏམ་གྱི་འདའ་ནས་ཡོད་པ་ནི། ཆབ་སྲིད་ཀྱི་ཤན་ངན་ཞུགས་ཆེ་བའི་སྐྱོན་རེད་འདུག་སྙམ།
གྲྭ་བ་ཚོ་དངོས་གནས་ཆོལ་ཁ་དང་ཆོས་ལུགས་ཕན་ཚུན་དབར་ལ་འཐབ་རྒོལ་དང་དམག་འཁྲུག་སྣེ་འཁྲེད་བྱེད་མཁན་གྱི་དམག་དཔོན་རྐྱང་རྐྱང་བྱས་ན་ཏག་ཏག་རེད། (གནས་བརྟན་འདུལ་བ་འཛིན་པ་རྣམས་ལ་དགོངས་དག་ཞུ། )
གནམ་སྡེ་ལྷ་ལོ་ཡག་ཞུ་བ་དེས་ནམ་རྒྱུན་དཔྱད་དཔྱོད་ཡག་ཙམ་སྤེན་གྱི་འདུག འོན་ཀྱང་དོལ་རྒྱལ་སྐོར་ལ་ཤེས་ཀྱི་མེད་ན་ཁ་བཙུམས་ནས་བསྡད་ན་འགྲིག་གི་རེད། མགོ་མ་ཚོད་ནའང་ཚོད་མདོག་བྱས་ན་དགོས་པ་ཅང་མེད་དོ།
རང་ཉིད་ལ་འཇོན་ཐང་མེད་པར་གཞན་ལ་འཕྱ་བའི་མཆན་བུ་བ་རྣམས་ནས་བློ་གཟུ་བོར་གནས་ཏེ་གླེང་ཡོད་ན་མ་འགྲིག་པ་ཅི་ལ་ཞུ། འོན་ཀྱང་རྒྱའི་ཕོགས་གཟན་པ་དང་གདོན་འདྲེའི་བརླམས་ནས་རྗོད་ཀྱི་ཡོད་ན་ཞུ་ཧམ་ཆེ་ལ་སོ་སོའི་མི་རིགས་ཀྱི་ལ་རྒྱ་འཚོང་མཁན་གྱི་སྟེང་དུ་མ་རབས་ཐ་ཤལ་བ་ཞིག་ལ་ངོས་འཛིན་ཞུ། དེས་ན། གཟུར་གནས་བློ་ལྡན་གྱིས་མཆན་རྒྱག་པ་ལས། སྐྱོན་མེད་སྐྱོན་འཚོལ་གྱིས་མཆན་མ་རྒྱག ཅེས་ཡོད་པ་བཞིན་བློ་སེམས་ནང་དུ་བཀུག་སྟེ་བརྟགས།
སྲིད་སྐྱོང་གི་འོས་གཞིར་སུའང་ཕེབས་ཆོག་པས་བཀག་འགོག་མེད། རང་ཉིད་ལ་འཇོན་ཐང་ཡོད་ན་གཞན་སྐྱོན་འཚོལ་མ་དགོས་པར། ས་སྟེང་སྒང་དུ་འཐོན་ཤོག དེ་ནས་བལྟ་ཆོག དེ་མིན་བོད་མི་རྩམ་གཟན་པ་ཞིག་ཡིན་ཕྱིན་མང་གཙོའི་ཁེ་དབང་ལ་ལོངས་སུ་སྤྱད་དེ་ང་ཚོའི་མང་གཙོའི་ཡར་རྒྱས་སླད་མཐུན་འགྱུར་གནང་དགོས་སོ།།
སྤྱི་ཚོགས་ཞི་འཇམ་ཡིན་དུས་གྲྭ་སའི་ནང་ཆོས་སྒྲ་མ་གཏོགས་གོ་རྒྱུ་མེད། འོས་བསྡུ་ལྟ་བུ་ཆབ་སྲིད་ཀྱི་གཡོ་འགུལ་རེ་ལངས་ཡོང་དུས་ཆོས་སྒྲ་དེ་ཆབ་སྲིད་ཀྱི་སྐད་ཆར་འགྱར་འགྲོ་བར་ལས་སླ་པོ་རེད། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལས་འགུལ་ཐ་ཤལ་རིགས་མང་པོ་དགེ་ལུགས་པའི་གདན་སའི་ནང་ནས་ཐོན་ཡོང་དུས་དུས་རྒྱུན་ཞ་སེར་བསྟན་པ་ལས་ལྷག་ཅིག་མེད་མདོག་བྱེད་པ་དེའི་རང་ཚང་དེ་ཡང་དེ་དུས་མཐོང་གི་རེད། འདིར་རྩོམ་འབྲི་མཁན་དང་མཆན་འབྲི་མཁན་ཡང་རེ་གཉིས་མ་གཏོགས་གྲྭ་པ་དང་གྲྭ་ལོག་རེད། མཐར་གཏུགས་ན་གདན་སའི་གྲྭ་པ་དང་གྲ་ལོག་རེད། མཁས་དབང་ཟམ་གདོང་རིན་པོ་ཆེས་གདན་ས་འོས་ཤོག་གི་བཟོ་གྲྭ་ཆགས་ན་ཡག་པོ་མེད་ཅེས་བཀའ་གནང་ཡོད་ཀྱང་དེ་རིང་ཡང་གྲྭ་ས་ཆབ་སྲིད་པའི་འོས་ཤོག་གི་བཟོ་གྲྭ་ཆགས་པ་ཙམ་མ་ཟད། ཆབ་སྲིད་པའི་ཆེད་དུ་སྲོག་ཀྱང་གཏོང་སྲིད་པ་དང་། དེ་ཡང་ཕྱོགས་རིས་ཀྱི་དུག་རྩ་ར་འགྱུར་འགྲོ་བ། མདོར་ན་ཆབ་སྲིད་པ་ནག་པོ་དེ་ཚོའི་ཆེད་དུ་སངས་རྒྱས་ཀྱི་བསྟན་པའང་བློས་བཏང་ཉེན་འདུག་སྙམ། དེ་སྔོན་བཀྲས་མཐོང་གི་འོས་ཤོག་དྲིལ་བསྒྲགས་བབྱེད་མཁན་ཕོ་གསར་ཞིག་ལ་ཉེས་བརྡུང་བཏང་སྟེ་དྲིལ་བསྒྲགས་ཡིག་ཆ་འཕྲོག་པ་དང་། ད་རེས་སྤེན་པ་ཚེ་རིང་གིས་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན་དང་མཉམ་སྡོད་བྱེད་ཀྱི་མིན་ལབ་པ་དེ་སྐད་ཆ་རྫབ་ཆེན་རེད་ཅེས་དགེ་ལུག་གྲྭ་པའི་ཁ་ནས་ཐོན་ཡོང་དུས། དུས་རྒྱུན་བདག་གི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཞེས་བརྗོད་པ་དེ་ཚིག་སྐམ་ཞིག་ཡིན་པའི་རང་ཚང་བསྟན་པ་མ་ཡིན་ནམ། ལར་ནས་སྤེན་ཚེས་རང་བཙན་རྩོད་མཁན་མཉམ་དུ་སྡོད་ཀྱི་མིན་ལབ་མི་འདུག ཁྱེད་རང་དང་ང་ཚོའི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ལ་མཚན་སྨད་ཞུ་མཁན་དང་མཉམ་དུ་བསྡད་ཀྱིན་ལབ་འདུག ད་ལྟའི་དུས་འདིར་གྲྭ་པ་ཚོས་ཆབ་སྲིད་ཤེས་ཀྱི་མེད་དུས་ཆབ་སྲིད་ཀྱི་ཆེད་དུ་མང་ཇ་གཏོང་མཁན་མང་པོ་རེད། བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་ལ། །ཆབ་སྲིད་པ་ཡི་བསྲེ་ལྷད་མེད་པ་ཤོག །
མཆན་འགོད་པ་དགེ་འདུན་ཟེར་བ་དེས་ཚིག་ཁ་ཤས་ཚོགས་གཙོའི་གསུང་གི་གོ་བ་དག་དག་ཅིག་མ་ལོན་པ་འདྲ། ཚོགས་གཙོས་ཀླུ་མཁར་བྱམས་མཉམ་དུ་རང་བཙན་རྩོད་ཀྱི་ཡོད་པའི་ཆ་ནས་རྐུབ་སྟེགས་གཅིག་ཏུ་བསྡད་ནས་བགྲོ་གླེང་བྱེད་ཀྱི་མིན་ཟེར་གྱི་མེད་པ་དང་། ༸གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་ཡིན་པའི་རྐྱེན་གྱིས་རྐུབ་སྟེགས་གཅིག་ཏུ་བསྡད་དེ་བགྲོ་གླེང་མི་བྱེད་ཟེར་གྱི་ཡོད་པ་དེ་གཉིས་ཁ་དང་ཁ་སྤུ་དབྱེ་དགོས་པ་ཞིག་རེད་སྙམ། འདི་ལྟར་འབྲི་མཁན་ཁྱེད་རང་གཅིག་པུ་མ་རེད། ད་དུང་མཆན་འགོད་པ་མང་པོ་ཞིག་གིས་བྲིས་འདུག་པས། ཁོང་རྣམ་པ་རང་ཉིད་ལ་བསམ་བློའི་གོ་རྟོགས་དང་སྨྱུག་རྩལ་ཡོད་བསམ་པའི་བློ་སྤོབས་ཡོད་མཁན་ཤ་སྟག་ཡིན་དུས་དོན་གནད་ཀྱི་དབྱེ་མཚམས་སོ་སོ་གསལ་པོ་ཕྱེས་ནས་འབྲི་རྒྱུ་གལ་ཆེན་རེད་སྙམ།
ད་མི་མང་མགོ་འབོས་སོང་།
མིག་རྩུམ་ནས་སྲིད་སྐྱོང་ལ་འོས་འཕེན་གྱི་ཡིན་།
སུ་འཐོན་ན་ཡང་ཁྱད་པར་མེད་།ཧཧཧཧཧཧ་་་་
ཁམས་བཟང་་་་
དགྲ་དགའ་གཉེན་སྡུག་གི་ལས་བརྒྱུད་མར་བྱེད་པའི་བོད་ཀྱི་ཕོངས་འདྲེ་ཚོ། ལག་ཟུང་གནམ་ལ་ཟེད་པའི་བོད་ཀྱི་ཟ་འདྲེ་ཚོ། མི་རིགས་འདིའི་ཆབ་དཔལ་རིག་གསུམ་གྱིས་དབུལ་ཞིང་། དེང་དུས་ཤེས་ཡོན་ནི་ཡུངས་འབྲུ་ཙམ་ཡང་མེད་པའི་མགོ་སྟོང་ཀླད་རྙིང་ཚོ། ཡུལ་གྱར་གཞུང་འདི་ཕུ་དཀྲུགས་མདའ་དཀྲུགས་བྱེད་ཅིང་། ༸རྒྱལ་བ་དོན་གྱི་བདག་པོ་ལ་མཚན་སྨོད་ཤུགས་ཆེར་བྱེད་མཁན་ཚོར་རྒྱབ་སྐྱོར་ཞེ་གཏིང་ནས་བྱེད་པའི་དོལ་ཕྲུག་ཚོ། ལུས་ལ་གྲྭ་ཆས་མནབས་ཁ་ནས་བྱམས་སྙིང་རྗེ་སྐྱོར་པའི་ཁ་ཡག་ཁོག་རྩོག་ཚོ། ཆོལ་ཞེན་དང་ཆོས་ལུགས་རེས་གཅོད་ལྟ་བ་ངན་པ་སྙིང་ལ་ཞུགས་པའི་རྒྱ་འདྲེ་ཚོ། ད་མཚམས་ཞོག ད་ཚོད་ཟུངས། སློབ་དཔོན་ཟམ་གདོང་རིན་ཆེ་སོགས་རྒན་རབས་པ་སྐོར་ཞིག་ཡར་ཕུད་པའི་ཤུལ་དུ། སྐུ་ངོ་སྤེན་པ་ཚེ་རིང་ལྟ་བུའི་ཤེས་ཡོན་གྱི་རྒྱབ་ལྗོངས་ཡོད་ས། མཉམ་མྱོང་ཅན། ལྷག་བསམ་ཆེ་བ། དྲང་པོ་དྲང་བཞག བཤད་ཕོད་པ་བསྒྲུབ་ཐུབ་མཁན། ༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་སོགས་ཀྱི་དགོངས་གཞིའི་འོག་ཏུ་ཁ་ཞེ་གཉིས་མེད་ཀྱི་ཤར་བསྐྱོད་བྱེད་ཐུབ་མཁན་ཞིག་གང་ན་འདུག ཡོད་ན་ད་ལྟ་མི་དམངས་ཀྱི་མདུན་ལ་ཐོན་ནས་སྲིད་སྐྱོང་གི་འོས་མིར་བཞེངས་དགོས་པ་ལ། དེ་ལྟར་གནང་ཐུབ་མཁན་ཧ་ཅང་ཉུང་ཉུང་རེད་པཱ། བོད་རྒྱལ་ལོ། བདེན་པ་རྒྱལ་ལོ།
སྤེན་ཚེའི་རྒྱབ་སྐྱོར་བ་ཁྱོད་ཅག་གིས་གྲྭ་པ་སྡང་སྟངས་ལ་བལྟས་ན་ཧང་སང་ཡ་རེད་འདུག་ག རྒྱ་གུན་ཁྲན་ལས་ཀྱང་གྲྭ་པ་དགྲ་ཆེ་བ་བརྩི་དགོས་དོན་ཅི་ཡིན། སྙིང་ན་སྟངས་ལ་བལྟས་ན་གྲྭ་པ་ཚོ་གསོད་ཡང་གསོད་ས་རེད། སྤེན་ཚེས་སྤྲུལ་སྐུ་ཞིག་བསད་པ་རེད་ཟེར་བའི་གླེང་རྙོག་དེ་གཞི་འཛིན་ས་མེད་པ་ཞིག་དང་ཡིན་ས་མ་རེད་ད། རྒྱབ་སྐྱོར་བ་ཚོས་སྤྱོད་པ་ལ་བལྟས་ན་སངས་རྒྱས་ཡིན་ནའང་གསོད་འཇོག་ས་རེད། ཨ་་་ཁཁཁཁ་་་སྡིག་ཅན་མི་ལ་རྒྱབ་སྐྱོར་བ་རེ་གཉིས་ཡོད་པ་དེ་ཡང་སྡིག་སེམས་ཅན་རྐྱང་རྐྱང་རེད།
མི་གསོད་ལག་དམར་དུ་གྲགས་པའི་སྤེན་ཚེའི་ཕྱོགས་གཏོགས་ཚོ་ཁ་ཚུམས། ༧གོང་ས་མཆོག་གིས་བོད་ཀྱི་སྲིད་ཁྲི་ལས་དགོངས་པ་ཞུས་ནས་ཆོས་ཕྱོགས་ཁོ་ནའི་དབུ་ཁྲིད་གནང་བཞིན་པའི་དུས་འདིར། སྤེན་ཚེ་སོགས་ཀྱི་དད་པ་ལོག་སྤྱོད་ཀྱི་བྱ་ངན་སྤེལ་བ་ནི་བོད་མའི་མཐུན་སྒྲིལ་ལ་གཏོར་གཤིགས་རང་རེད།
གྲྭ་པ་དགོན་པའི་ནང་དུ་ཆོས་མ་གཏོགས་ཆབ་སྲིད་བྱས་མ་ཉན་ན་སྤེན་ཚེ་དགོན་པའི་ནང་དུ་ཆབ་སྲིད་བཤད་མཁན་འགྲོ་དགོས་དོན་ཅི་རེད། གྲྭ་པ་ཚོ་བསྡད་ཡོད་དུས་བསྡད་མ་བཅུག་པར་དགོན་པའི་ནང་དུ་ཆབ་སྲིད་བཤད་མཁན་བཤད་སུ་རེད། གྲྭ་པས་ཆབ་སྲིད་ལ་ཇུས་གཏོགས་བྱེད་འོང་དུས་མི་འགྲིག་མདོག་མདོག་་་ཧཧཧ
སྤེན་ཚེ་འཁོར་བཅས་སྨྱོན་གྱི་ཡོད་པ་ཡིན་གྱི་མ་རེད་བ། སྤེན་ཚེ་དགོན་སྡེ་ཁག་ཏུ་ཕྱིན་ནས་ཆོས་བཤད་པ་དང་ཡིན་གྱི་མ་རེད་བ། གྲྭ་པ་ཚོའི་རྣ་བའི་ནང་དུ་ཆབ་སྲིད་བླུག་མཁན་ཕྱིན་པ་ཡིན་གྱི་རེད་བ། བྱས་ཡ་དེ་སོ་སོས་བྱས་ནས་་་ད་དུང་གྲྭ་པས་མ་བྱུང་མདོག་མདོག་་་ཁྱོད་ཚོའི་ཁ་ལ་ཐལ་བ་བཏབ་ན་མ་གཏོགས་ཡོང་ས་མ་རེད།
མ་བྷན་ཟེར་ན་སྤེན་ཚེ་འཁོར་བཅས་འདྲ་པོ་ལ་ཟེར་བ་རེད། ལྐོག་ཟ་རུལ་སུངས་ཚོས་སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་ནས་མུ་མཐུད་ནས་གཞུང་རྒྱུ་སྒེར་བདག་ཡོང་ཐབས་བྱེད་བཞིན་ཡོད་པ། སྤེན་ཚེ་ལ་འོས་ཐོབ་ན་རྐུ་མ་ཇག་པ་ཚེ་ཐར་གཏོང་གྱི་ཡིན་པ། ལྐོག་ཟན་ཚོ། ཉམ་ཐག་བོད་མིའི་ཁྲག་འཇིབ། ད་དུང་་གྲྭ་པ་དང་སྤྲུལ་སྐུ་གསོད་དགོས་བསམ་བཞིན་ཡོད་པེ།
སྤྲུལ་གསོད་ཤན་པ་ཧམ་པ་ཚ་ཚ་ཡིས།
དགོས་སྡེའི་ནང་དུ་ཆབ་སྲིད་བཤད་མཁན་ཕྱིན།
རྒྱབ་སྐྱོར་ལྐོག་ཟན་འདོད་རྔམ་ཆེ་ཆེ་ཡིས།
གྲྭ་པ་བསད་ནས་ཤ་ཡང་བཟའ་ས་རེད།།
རྐུ་མ་ཇག་པའི་རྐུན་ལམ་བཀག་སོང་ན།
སངས་རྒྱས་ཡིན་ཀྱང་དམར་གསོད་གཏོང་ས་རེད།
ལྐོག་ཟན་ཁྲམ་པའི་ཡོང་འབབ་བཀག་སོང་ན།
དགོན་སྡེ་ཁག་ལ་དམག་ཡང་རྒྱབ་ས་རེད།།
འདིར་མཆན་རྒྱག་མཁན་ཚོའི་ནང་ན་བློ་གཟུ་བོར་གནས་ནས་སྐད་ཆ་ཤོད་མཁན་ག་་ཚོད་ཅིག་ཡོད་དམ། གོང་ན་ཅོ་རི་དང་གནམ་ལོ་ཡག་ཟེར་འདི་ཚོ་ཁ་ཤས་ཤིག་གིས་སྤྱང་མདོག་ཞེ་དྲག་སྟོན་གྱི་འདུག ཅོ་རི་ཁྱོད་ཀྱི་སྤེན་ཚེ་དང་ཀླུ་བྱམས་གང་རུང་གིས་མི་མང་ལ་ཞབས་འདེགས་ཞུས་པའི་ཟུར་ཙམ་བྱེད་ཨེ་མྱོང་། མེད་པ། རང་ཉིད་ཀྱིས་འོས་ཤོག་གཅིག་པོ་སུ་ལ་བླུགས་འདོད་ཡོད་ན་དེ་འགྲིག་པ་རེད། ཁྱོད་ལ་བཙན་པོ་དབང་ཡོད་ཤོས་མཁན་ཡོད་མ་རེད། དེ་མ་གཏོགས་རང་ཉིད་དགའ་ཕྱོགས་རྒྱུ་མཚན་དུ་བྱས་ནས་ཕ་རོལ་བའི་སྐད་ལ་འགྲེལ་བཤད་ཡང་བཤད་དང་ལོག་འགྲེལ་སྐོར་འགྲེལ་བྱེད་དགོས་དོན་ཡོད་མ་རེད། གནམ་ལོ་ཡག་གིས་གཏིང་ལོན་ཡོད་མདོག་མདོག་སེམས་ཁྲལ་ཆེ་མདོག་མདོག ཁྱོད་མི་ཤེས་པ་ཅི་གང་མེད་པ། ཀླུ་བྱམས་ཤ་ཚ་ནས་རང་བཙན་ལ་ཞེན་ཆེ་རྡ་ནས་མི་འདུག་པར་རྩྭ་བཟང་སར་བྲོས་ཅི་བྱེད། རང་ལག་བྲང་ཁར་བཞག་ནས་དང་པོ་རང་ཉིད་ཀྱིས་རང་ལ་དྲ་ི་ཁ་ཤས་ཤིག་དྲིས། ༼ ངས་དེ་འདྲ་ཞིག་མཐོང་སོང་། ༼ ངས་འདི་ནས་་་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་བྱས་པའི་རྩོམ་ཡིག་ཁག་གི་ནང་དུ་ཡོད་པའི་སྨྱོན་གཏམ་ཁ་ཤས་འོག་ཏུ་བཀོད་ཡོད་དེར་ངེས་གཟིགས་གནང་རོགས།
ཞིབ་ཏུ་༼ མེ་ཕྲེང་༽ལས་ཤེས་པར་འཚལ།། ༡ ཨ་ཚོགས་ཀླུ་མཁར་བྱམས་ཀྱིས ༼ དེ་རིང་གི་ཏྰ་ལའི་བླ་མ་དད་རྟེན་ཙམ་ལས་སང་ཉིན་གྱི་རེ་བ་རྒྱག་ས་མིན་༽དང༼ བླ་རྒན་ལ་དགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད་༽ཅེས་དང། །
༢ ཡང་ཁོས། ༼ ཨ་རིའི་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་ན་རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་སྲིད་༽ཅེས་བཤད།།
༣ ཡང་ཀླུ་མཁར་གྱིས་ཕྱི་ལོ་༢༠༡༠ཟླ་༦ཚེས༡༡ཉིན་དུས་བབ་དྲ་ཚིགས་སུ་སྤེལ་བའི་ཉི་མའི་སྲིབ་འཁྱག་གླེང་བ་ཞེས་པའི་ནང། ༼ ༧གོང་ས་མཆོག་གཙོས་ས་ཡི་སེམས་དཔའ་རྣམ་པས་ཐོག་མར་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་ཚུལ་ལ་བལྟས་ཚེ། ༧གོང་ས་མཆོག་གིས་སྐབས་རེར་རང་ཉིད་ལྷ་ཡིན་ཁུལ་དང་མཚམས་རེར་མི་ཡིན་ཁུལ་བྱེད་ཀྱིན་ཡོད་བཟོ་འདུག༽
༤ ཕྱི་ལོ་༢༠༠༨ཟླ་༦ཚེས༣༠ཉིན་སྤེལ་བའི་དུས་བབ་དྲ་ངོས་སུ་ཡང་ཁོས། ༼ རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ཤུགས་ལྡན་ནམ་རྒྱལ་འགོང་དམ་བསྒྲགས་ཀྱི་ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་༽ཅེས་བཤད།
༥ ཡང་ཁོ་པས། ༼ ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས །རྒྱལ་བ་སྐུ་ཕྲེང་བཅུ་བཞི་བས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་༽ཅེས་དང།
༦ཡང་ཁོས་༼གནས་ཆུང་དང། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤིས། ༧གོང་མཆོག་གིས་ཁོང་གཉིས་དཔང་པོར་བཞག་ནས་ཟན་བསྒྲིལ་གནང་བ་སོགས་གནང་ན་འདུམ་ཐབས་འདི་འགོ་ནས་འཁྱོག་སོང་ཙང། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོགས་ཨ་ཕོ་ལུག་རྫིས་འདུམ་དཔང་དེའི་གྲས་ནས་ཁས་ལེན་གྱི་མ་རེད༽ཅེས་བཤད། སོགས་མང་བ་མ་ཟད་ད་ལོ་གྱ་སྟོན་སྐོར་ལ་བྲིས་པའི་རྩོམ་ཉོག་དེ་ལས་ཀྱང་ཧ་ཅང་མང་པོ་རེད། ཉག་ཕྲུག་གསེར་མིག་ནས། ༽འདི་ཚོ་ཀླུ་བྱམས་ཀྱི་སྐད་ཆ་མ་རེད་ཟེར་ས་ཡོང་མ་རེད། ལོ་དང་ཟླ་བ་ཚེས་གྲངས་བྱེད་ནས་ཡོད་རེད། ངས་ཀླུ་བྱམས་ལ་དད་པ་ཡོད་མེད་བཤད་ཀྱི་མེད། འདི་སྒེར་དོན་ཞིག་རེད།
སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་དང་སྡིངས་ཆ་གཅིག་ནས་སྐད་ཆ་བཤད་ཀྱི་མིན་ཟེར་བ་དང་། རྒྱུད་སྨད་ཀྱི་གནང་སྟངས་ལ་བསྟོད་བསྔགས་བྱས་པ་འདིས་འོས་བསྡུའི་སྒྲིག་གཞི་རྡོག་རོལ་དུ་བཏང་ཡོད་པར་མ་ཟད། རྒྱལ་བ་རིན་པོ་ཆེ་མཆོག་གིས་གསོལ་རས་བསྩལ་བའི་དམངས་གཙོར་བསྙོན་འབྱིན་བྱས་ཡོད་པས། འདི་ནི་དད་པ་དམ་ཚིག་ཡོད་མཁན་ཚོས་མ་ཐོས་མ་མཐོང་བ་གནང་མི་རུང་བའི་གནད་དོན་ཚབས་ཆེན་ཞིག་རེད་ལ། རང་དབང་དམངས་གཙོར་དགའ་བའི་མི་རྣམས་ཀྱིས་ཀྱང་ངེས་པར་དུ་གདོང་ལེན་བྱེད་དགོས་པའི་དོན་ཆེན་རྣོ་ངར་ཅན་ཞིག་རེད།
ཧ་ཧ་་་བཙན་པོས་ཉོན། སྤེན་ཚེའི་འོས་འཐོབ་ཆེད་དུ་གོང་ས་ཏ་ལའི་བླ་མ་བེད་སྤྱོད་གཏོང་གྱི་མཚམས་ཞོག སྤེན་ཚེས་རྒྱུ་དང་བུད་མེད་ཀྱི་ཆེད་དུ་སྤྲུལ་སྐུ་བསད་པའི་གླེང་རྙོག་ཐག་གཅོད་བྱོས། མུ་མཐུད་ནས་སྤེན་ཚེའི་ཆེད་དུ་སྤྲུལ་སྐུ་དང་བླ་མ་རྐྱང་རྐྱང་བེད་སྤྱོད་གཏོང་དགོས་པ་ཨེ་རེད།
དོན་དངོས་ཐོག་༧གོང་ས་ཏ་ལའི་བླ་མའི་རྗེས་སུ་ཤི་དགོས་ས་ཤིག་ཡོད་ན་ཀླུ་བྱམས་སྔོན་དུ་མཆོང་གི་རེད། བེད་སྤྱོད་གཏོང་དགོས་ས་ཤིག་ཡོད་དུས་སྤེན་ཚེས་སྔོན་དུ་གཏོང་གི་རེད། སྤེན་ཚེས་རྒྱལ་བ་རིན་པོ་ཆེན་ལ་དད་པ་ཡོད་མདོག་མདོག་བཤད་བསྡད་པ་དེ་ལ་སུ་ཡིས་ཡིད་ཆེས། དངུལ་དང་བུད་མེད་ཀྱི་ཆེད་དུ་སྤྲུལ་སྐུ་བསད་པའི་གླེང་རྙོག་ཡོད་བཞིན་དུ་སྤྲུལ་སྐུ་ཏ་ལའི་བླ་མ་ལ་དགའ་མདོག་དང་གུས་མདོག་བྱེད་ཀྱི་ཡོད་པ་འདི་མི་དམངས་མགོ་སྐོར་གཏོང་ཆེད་དུ་མིན་ན་ཅི་རེད། གཟབ་གཟབ་མ་བྱས་ན་་་སྐུ་སྒེར་ཡང་རྒྱུ་ཆེན་རེད་ད།
སྤེན་ཚེས་ཁ་གཅིག་ནས་ཆིག་སྒྲིལ་བཤད་མདོག་མདོག ཁ་གཅིག་ནས་རྒྱལ་གཅེས་པ་ཀླུ་བྱམས་དང་རྒྱ་ཅོག་གཅིག་གི་ཐོག་ཏུ་སྐད་ཆ་ཡང་མི་བཤད་མདོག་མདོག ཆིག་སྒྲིལ་ཁ་ནས་བཤད་པར་བདེན་ནམ་གཏོར་བཤིག་ལག་པས་བཏང་པར་བདེན། ཕོ་ཁྲམ་པའི་ཁ་ནས་ཁྲམ་གཏམ་ཤར་ར་ར་ཟེར་བ་འདིར་རེད།
སྤེན་ཚེ་དང་ཟླ་ཚེ་ལྟ་བུའི་སྐུ་ངོ་ཚོས་་་མི་དམངས་ཀྱི་མདུན་དུ་ཡོང་ནས་༧རྒྱལ་་བ་རིན་པོ་ཆེན་དང་རྒྱལ་བ་རིན་པོ་ཆེན་ཟེར་ནས་མིག་བཙུམ་མདོག་དང་དད་དམ་ཡོད་མདོག་བཤད། དོན་དངོས་ཐོག་གོང་ས་ཏ་ལའི་བླ་མ་ལ་ཉམ་ཐག་བོད་མི་སྐྱོང་རོགས་བྱེད་ཀྱི་བཞག་དང་གཞུང་རྒྱུ་སྒེར་བདག་བྱས་ནས་བཙན་བྱོལ་བོད་གཞུང་མི་ལོ་ལྔ་བཅུ་ཕྱིན་ནའང་དཔལ་འབྱོར་གྱི་ཐོག་ནས་རང་མི་འཐོན་པ་བཟོས་ཡོད་པ། གནད་དོན་འདི་བོད་མི་དམངས་ཀྱི་མིག་མདུན་དུ་རེད།
ད་དུང་་རྒྱུ་འབྲས་དྲང་བདེན་ཅན་གྱི་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་གྲོས་ཚོགས་ནས་ཕྱིར་འབུད་གཏོང་ཐབས་ཀྱི་ལྐོག་ཇུས་འཐེན་བཞིན་པའི་སྒང་ཡིན་པ། ཆོས་རྒྱུད་ཀྱི་སྤྱི་འཐུས་དག་གྲོས་ཚོགས་ནང་དུ་མེད་ན་གཞུང་རྒྱུ་ཟེར་བ་ཞིག་བཞག་ས་རེད་པེ། ལྐོག་ཟ་རུལ་སུངས་དང་གཞུང་རྒྱུ་སྒེར་བདག་གྱི་ཆེད་དུ་རྐུ་རྒྱབ་ཇག་ལངས་བྱས་ཀྱི་ཡོད་པ་འདིར་བོད་མི་དམངས་ཀྱི་མིག་མདུན་དུ་ཡོད་པ།་་་ཧཧཧ ད་དུང་་རྒྱལ་གཅེས་དྲང་བདེན་གྱི་ཕྱུག་པའི་ཀླུ་བྱམས་དང་སྐད་ཆ་མི་བཤད་མདོག་མདོག་་་་ཧཧ
ནོར་བཅོས།
# 66 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
August 29th, 2015 at 4:27 AM
སྤེན་ཚེ་དང་ཟླ་ཚེ་ལྟ་བུའི་སྐུ་ངོ་ཚོས་་་མི་དམངས་ཀྱི་མདུན་དུ་ཡོང་ནས་༧རྒྱལ་་བ་རིན་པོ་ཆེན་དང་རྒྱལ་བ་རིན་པོ་ཆེན་ཟེར་ནས་མིག་བཙུམ་མདོག་དང་དད་དམ་ཡོད་མདོག་བཤད། དོན་དངོས་ཐོག་གོང་ས་ཏ་ལའི་བླ་མ་ལ་ཉམ་ཐག་བོད་མི་སྐྱོང་རོགས་བྱེད་ཀྱི་བཞག་ནས་གཞུང་རྒྱུ་སྒེར་བདག་བྱས། ་བཙན་བྱོལ་བོད་གཞུང་མི་ལོ་ལྔ་བཅུ་ཕྱིན་ནའང་དཔལ་འབྱོར་གྱི་ཐོག་ནས་རང་མགོ་མི་འཐོན་པ་བཟོས་ཡོད་པ། གནད་དོན་འདི་བོད་མི་དམངས་ཀྱི་མིག་མདུན་དུ་རེད།
ད་དུང་་རྒྱུ་འབྲས་དྲང་བདེན་ཅན་གྱི་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་གྲོས་ཚོགས་ནས་ཕྱིར་འབུད་གཏོང་ཐབས་ཀྱི་ལྐོག་ཇུས་འཐེན་བཞིན་པའི་སྒང་ཡིན་པ། ཆོས་རྒྱུད་ཀྱི་སྤྱི་འཐུས་དག་གྲོས་ཚོགས་ནང་དུ་མེད་ན་གཞུང་རྒྱུ་ཟེར་བ་ཞིག་བཞག་ས་རེད་པེ། ལྐོག་ཟ་རུལ་སུངས་དང་གཞུང་རྒྱུ་སྒེར་བདག་གྱི་ཆེད་དུ་རྐུ་རྒྱབ་ཇག་ལངས་བྱས་ཀྱི་ཡོད་པ་འདིར་བོད་མི་དམངས་ཀྱི་མིག་མདུན་དུ་ཡོད་པ།་་་ཧཧཧ ད་དུང་་རྒྱལ་གཅེས་དྲང་བདེན་གྱི་ཕྱུག་པའི་ཀླུ་བྱམས་དང་སྐད་ཆ་མི་བཤད་མདོག་མདོག་་་་ཧཧ
དེ་རིང་འོ་ཅག་གི་དཔའ་བོ་བློ་ཁོག་ཅན། མཁས་པ་དཔྱོད་ཤེས་ཅན་མང་པོ་ཞིག་འདི་གར་འཛོམས་ནས་ཨ་ཞིང་ཚང་གི་ཞབས་གཡོག་སྒྲུབ་ཀྱིན་འདུག ཉེ་སྔོན་ཏག་ཏག་གི་རྒོད་པོ་ཞིས་གཏམ་བཤད་དེའི་མཇུག་སྐྱོང་བཞིན་པ་ཨེ་ཡིན། ད་དུང་དབང་ཆེན་ཉི་མ་ལྟ་ལོག་པ་དང་མེ་ཏོག་མཚོ་སོགས་ཕེབས་མི་འདུག ཁོང་ཚོའི་དྲ་མིང་གཞན་ཡོད་ན་མ་གཏོགས་ཁོང་ཚོ་དེ་རིང་གི་བཞུགས་མོལ་འདིར་ངེས་པར་ཡོད་དགོས་པ་རེ་ཡིན། ཅིག་བྱས་ན་ཁོང་ཚོས་ད་དུང་ཨ་ཞིང་ཚང་ལ་བཀའ་བཀོད་ཅི་ཞིག་ཡོད་མེད་ལ་ཨང་ཉན་བྱས་པ་ཡིན་ནའང་ཐང་། ད་ཤོད་མི་མུ་མཐུད་དུ་ཤོད།
ཚང་མ་ལ་སྲིད་ནད་ཞུགས་ནས་ར་བཟི་བ་དང་མཚུངས་པའི་དོན་མེད་ཀྱིས་བྱས་རྗེས་ཅན་ཀུན་ནག་པོ་བཟོ་བཞིན་པ་ནི་སེམས་པ་སྐྱོ་བའི་གནས་ཡིན། འོས་འཕེན་འོས་འཕེན་ཟེར་ན་མི་རྒྱུས་མེད་ཁ་བདེ་པོ་འུར་སྒྲོག་བྱེད་མཁན་རེ་འདེམས་ནས་བྱས་རྗེས་ཅན་རྣམས་ནག་བསུབ་གཏོང་བར་འབད་པ་ནི་དགྲ་དགའ་གཉེན་སྡུག་རང་ཡིན། ལེགས་པར་ཡིད་ལ་སོམས་ལ་ཕྱིས་སུ་འགྱོད་ན་ཅང་མི་ཕན།
གླེན་པ་རྐྱང་རྐྱང་གིས་གླེན་བཤད་ལ་སུན་སོང་།
དབུ་མའི་ལམ་དང་རང་བཙན་གང་ཞིག་འདོད་པ་དང་གང་ཞིག་རྩོད་ཀྱང་བོད་དོན་ཆེད་ཡིན་པས་གཉིས་ཀར་ཟུར་ཟ་དང་ངན་སྨད་བྱེད་དེ་ཕུར་དཀྲུག་འདབས་དཀྲུག་ཀྱི་ཡིག་རྙོག་མང་པོ་སྤེལ་བ་རང་ཉིད་ངལ་བའི་རྒྱུ་ལས་མ་འདས། བླ་རྒན་དཔེ་ཆ་མི་ཤེས་མཁན་དེ་ཚོ་ལུས་ལ་གྲྭ་ཆས་ཤིག་གྱོན་ཁ་ནས་ཆགས་སྡང་གི་སྐད་ཆ་རྐྱང་བཤད་མ་བསྡད། དེ་བས་ཉམས་ལེན་རེ་བྱེད་ན་འདོད།
འདས་པའི་བྱས་པ་ཅན་ལ་ཁ་གཏོང་བ་དང་ད་ལྟའི་ལས་ཐོག་རྣམས་ནང་ཕན་ཚུན་མི་མཐུན་པ་བཟོས་ནི་སྤྱི་སྒེར་ཚང་མར་གནོད་སྐྱོན་མ་གཏོགས་ཕན་ནུས་སྤུ་ཙམ་མེད་པ་ཚང་མས་ཤེས་ཐུབ་ན་ཡག་པོ་འདུག་
སྲིད་སྐྱོང་གི་འོས་གཞིར་བོད་མི་ཚོས་ཧ་ཅང་གི་གལ་ཆེན་དུ་བརྩི་དགོས་པ་ནི། འོས་མི་དེ་ཉིད་ལ་བོད་མིའི་ལ་ཞེན་ཡོད་པ་ཞིག་དགོས་ཤིང་། ༸གོང་ས་མཆོག་གི་བཀའ་དགོངས་སྙིང་ཁོང་ནས་དང་ལེན་གནང་མཁན་ཞིག་ཀྱང་ཡིན་དགོས། གངས་ཅན་བོད་མི་རིགས་གསོན་འཇིག་གི་མཚམས་འདིར་ང་ཚོར་ཡོད་པའི་རེ་བ་གཅིག་པུ་ནི་༸གོང་ས་མཆོག་ཁོང་རྐྱང་ཡིན་པ་བོད་མི་ཙམ་མ་ཡིན་པར་རྒྱ་དམར་ནས་ཀྱང་ཁས་ལེན་བྱེད་བཞིན་ཡོད་པའི་དུས་འདིར། ༸ཁོང་ལ་མཚན་སྨད་ཞུ་མཁན་གྱི་གང་ཟག་ཅིག་སྲིད་སྐྱོང་གི་འོས་མིར་བཞེངས་པ་ཡིན་ན། སྲིད་སྐྱོང་གི་རྐུབ་སྟེགས་འཐོབ་པའི་རེ་བ་ཟུར་ཙམ་ཡང་མ་མཆིས་ཀྱང་ང་ཚོའི་ལས་ངན་གྱི་འཕྲུལ་གྱིས་གལ་ཏེ་སྲིད་སྐྱོང་དུ་ཆགས་པ་ཡིན་ན། བོད་མིའི་བདེན་དོན་ས་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་རྒྱུ་ཡིན་པའང་ང་ཚོས་རྟོགས་ཐུབ། འོན་ཀྱང་གང་ཟག་དེ་རིགས་ལ་རང་ཉིད་ཀྱི་མང་གཙོའི་ཁེ་དབང་དུ་སྒེར་གྱི་བསམ་ཚུལ་གཅིག་མཚུངས་མ་ཡིན་པ་ཞིག་ཡོད་ཆོག་པ་ལ་བསྙོན་འཛུགས་གང་ཡང་མེད།
དེས་ན་ཚོགས་གཙོ་མཆོག་གི་ལངས་ཕྱོགས་དེ་གང་ཟག་སྒེར་ཞིག་གི་ལངས་ཕྱོགས་ཡིན་པས། དེར་སྐྱོན་འདོགས་བྱེད་དགོས་དོན་མེད། གནས་ཚུལ་དེས། ཚོགས་གཙོ་མཆོག་རང་ཉིད་སྲིད་སྐྱོང་དུ་འོས་འཐོབ་བྱུང་ཚེ་ལངས་ཕྱོགས་ཇི་ལྟར་འཛིན་མིན་གསལ་པོ་ཆགས་པ་དང་། ༸གོང་ས་མཆོག་ལ་མཚན་སྨད་ཞུ་བ་པོ་ལ་ཆེ་མཐོངས་བྱས་ཏེ་རང་ཉིད་གླད་མེད་བབ་ཅོལ་བ་ཞིག་ཏུ་སྣང་རྒྱུའི་འདོད་པ་མེད་པ་བསྟན་པའང་རྟོགས་ཐུབ་པས། གཟི་བརྗིད་ཅན་གྱི་བཀའ་མོལ་དུ་མཐོང་།
ད་ལྟའི་སྲིད་སྐྱོང་གིས་ཁས་ལེན་དམ་བཅའ་བྱས་པ་ལྟར་ཕན་ནུས་ཐོན་པ་བྱུང་མིན་ལེགས་པར་དཔྱད་ནས་ཧ་ཅང་གལ་ཆེ་བའི་2016སྲིད་སྐྱོང་དེ་མ་ནོར་བ་ཞིག་འཕེན་རྒྱུ་གལ་ཆེའི་ནང་གི་གལ་ཆེ་ཞིག་མཐོང་ན་དེར་འབད་པ་ལས་རང་གིས་མ་དགའ་ས་ཤིག་འདུག་ན་དེར་གཞི་མེད་སྐྱོན་འཛུགས་རྐྱང་རྐྱང་བྱེད་བསྡད་་ན་ཆོལ་ཁ་དང་ཆོས་ལུགས་དབར་འཐེན་འཁྱེར་བཟོ་བྱེད་ལས་གཞན་ཕན་ཐོག་་རྩ་བ་ནས་མེད་ལྷག་པར་དུ་དགོན་སྡེ་ཁག་གི་ནང་དུ་སྲིད་དོན་ལ་རྒྱུད་་མངའ་རྩ་བ་ནས་མེད་མཁན་རང་གི་་ཆོལ་ཁ་ལུང་མཚན་ཆོ་དང་ས་ལུགས་ཁག་གི་མི་ཞིག་འདུག་ན་དེར་སྐྱོན་ག་ཚོད་ཡོད་ནའང་་མར་སྦད་རྒྱུ་དང་མ་འཇོན་ནའང་འཇོན་འཇོན་གྱི་ཞེན་ཁོག་རྐྱང་་རྐྱང་བྱེད་་མཁན་གྲྭ་བ་ཧ་ཅང་མང་པོ་ཡོད་པའི་རྐྱེན་གྱིས་འཐེན་འཁྱེར་དེ་དག་ཡོང་གི་ཡོད་་་དེར་བརྟེན་ཕྱོགས་གཅིག་ནས་མང་ཚོགས་ངོས་ནས་དད་པ་ལོག་ཡ་དང་གཉིས་ནས་སྤྱི་ཚོགས་ཀྱི་འཐེན་འཁྱེར་འདྲ་བོ་ཆགས་འགྲོ་ཡི་ཡོད་པས་གཟབ་གཟབ་བྱེད་གལ་ཆེ་སྙམ།།
ད་ཐེངས་ཕྱོགས་ཞེན་པ་མང་པོ་ཞིག་ལ་གོ་སྐབས་རག་འདུག བཟང་གི་མུ་མཐུད་དུ་ཡིན། ད་ཐེངས་ཨ་མདོ་ནང་དཀྲུག་ཡག་ཐག་ཆོད་ཅིག་བྱས་པ་དེས་སྐུ་ངོ་སྤེན་ཚེ་ནག་པོ་བཟོ་ཐུབ་ན་དོན་གྱི་དགོས་པ་འགྲུབ་རེད། གཏམ་དཔེར། “ཤ་ཞིམ་པོ་ཨ་ཕོ་སྤྱང་གིས་ཟོས།། ཁག་ངན་པ་ཨ་ཅེ་ཝ་མོ་དཀྲུ།།” ཟེར་བ་ལས་མ་འདས་སོ།
མི་གསོད་ལག་དམར་དང་སྤྱི་རྒྱུ་སྒེར་བདག་མཁན་རྒྱ་དམར་གཞུང་གིས་ཀྱང་ཚར་ཐག་གཅོད་བཞིན་པའི་སྐབས་འདིར་རང་རེ་བོད་པ་ཚང་གིས་མི་གསོད་ལག་དམར་སྤེན་ཚེ་སྲིད་སྐྱོང་འོས་མི་དང་སྤྱི་རྒྱུ་སྒེར་བདག་མཁན་ཟླ་ཚེ་སྤྱི་འཐུས་འོས་མིར་བཏོན་སྟངས་ལ་ལྟ་དུས་ངོ་མ་བོད་པ་ཚང་མང་གཙོ་ཚད་ལྡན་ཞིག་ཡིན་པའི་བཟང་རྟགས་འདྲ།
རེ་སྐུལ་ཞུ་རྒྱུ་ཞིག་ལ་དགྲ་ངོ་ཙམ་ཡང་མི་ཤེས་མཁན་འདི་དག་གིས་དམིགས་ཡུལ་ནི་ཆོལ་ཁ་དང་ལུང་ཚན་ཕྱོགས་ལ་འཐེན་ཁྱེར་བྱས་ནང་ཁུལ་དཀྲུགས་འདོད་ཀྱི་བསམ་བློ་ཁོ་ན་མ་གཏོགས་ཡོད་པ་མ་རེད། ལྷ་སྡེ་གནམ་ལོ་ཡག་གཙོའི་ཤེས་ཡོན་པ་དང་རྣམ་དཔྱོད་པ་དག་ཁྱེད་ཚོ་གཞན་འོག་ཏུ་མི་ཚུད་རྒྱུ་དང་ཉོག་དཀྲུགས་ཀྱི་དམིགས་ཡུལ་འདི་དག་ནང་དུ་ལག་པ་མི་འཆང་རྒྱུ་རེ་སྐུལ་ཡིན། གང་ཡིན་ཟེར་མི་འདི་དག་ནི་ཕལ་བའི་བུ་ལ་ཕལ་བའི་སྤྱོད་པ་ཡོད་ཟེར་བ་ནང་བཞིན་རེད། ཡིག་ཆོག་ཤེས་པ་དེ་གཞན་སྐྱོན་ཁོ་ན་ལས་རང་སྐྱོན་ཏིལ་འབྲུ་ཙམ་ཡང་མི་མཐོང་མཁན་ཏག་ཏག་རེད། དེ་བས་ཁྱེད་དག་གིས་རྟག་པར་སྙུག་ཁ་བསྐོར་ས་དགྲ་དངོས་ཡིན་པ་ཤེས་ནས་སྤྱིའི་དོན་ཁོ་ནར་ལས་ཀ་བྱེད་ཀིན་ཡོད་པ་ཤེས་ཡོད། དགོས་མེད་ཀྱི་གཏམ་ལ་ཡིད་འཇོག་མི་རྒྱུ་རེ་སྐུལ་ཞུ་ཀིན་ཡོད། དྲ་བདག་ལ་ཞུ་རྒྱུ་ཞིག་ལ་འདི་དག་གི་རིགས་ལ་བདེན་རྫུན་གྱི་དབྱེ་བ་ཕྱེ་ནས་དྲ་གྲོགས་ཐོག་ཏུ་གཏོང་དགོས་པ་ལས་སྐུར་པ་ཙམ་གྱི་གང་བྱུང་མི་དཀོད་རྒྱུ་རེ་བ་ཞུ་བཞིན་ཡོད། དཔེར་ན། སྲོང་བཙན་གྱི་འདི་དང་བཀྲིས་མཐོང་རྒྱབ་སྗོངས་ན་ཡོད་ཟེར་བའི་སྙོམ་འཛུགས་ཆ་ཚང་རྫུན་ཁོ་ན་རེད། ད་སྤྱི་ཚོགས་ཕན་སོང་ང་གནོད་སོང་། དྲ་བདག་གི་ཡིན་ན་ཡང་རྩོམ་ཡིག་འདི་དག་རིགས་ལ་ངེས་པར་དུ་གཟབ་དགོས། ང་རང་སྤྱིར་ནང་དཀྲུགས་འདི་དག་ནང་ལ་མགོ་འཛུལ་འདོད་མེད་མཁན་ཞིག་ཡིན། ཡིན་ན་ཡང་མྱི་ཞིག་ཡིན་ན་དྲང་བདེན་དང་གནས་ལུགས་ཤིག་དགོས་པས་ཁོ་བོས་ཁོང་གི་དཀྲོགས་གཏམ་ལ་ཡིད་བརྟོལ་མི་བྱེད་རྒྱུའི་ཆེད་ཁོ་ནར་ཡིན།
དགོངས་དག་ཞུ་རྒྱུ་ཞིག་ལ་ཡི་གེ་འབྲི་ས་ཆུང་དྲག་ནས་ཡིག་ནོར་འགའ་ཤོར་འདུག དགོངས་དག་ཞུ། ད་ནས་བཟུང་དྲ་ཐོག་འདི་ནས་བུད་འགྲོ རེ་བསྐུལ་ཐ་མ་ཡིན། བཀའ་དྲིན་ཆེ།
བཀའ་སྤྱི་སྔོན་མའི་སྔོན་འགྲོ་འོས་བསྡུ་སྐབས་སུ་ཀརྨ་ཆོས་འཕེལ་དགེ་ལུགས་སྤྱི་འཐུས་ལ་བླུགས་པ་དང་གཅིག ཨུ་རྒྱན་སྟོབས་རྒྱལ་དང་གཡུང་རྒྱལ་གཉིས་འོས་གྲངས་ཆེན་པོ་གཉིས་ལ་བརྟེན་ནས་ཟམ་གདོང་བླ་མས་གདན་ས་བ་ཚོ་ལ་བསྡོམས་ཆེན་པོ་རྒྱག་ཡོད།
ད་ཆ་གདན་ས་བ་ཚོས་ཀླུ་བྱམས་དང་རང་བཙན་གཙང་མ་ལ་རྒྱབ་སྐྱོར་ཤུགས་ཆེར་བསྟན་བཞིན་པ་འདིས་༧གོང་ས་མཆོག་གིས་བསྡོམས་ཆེན་པོ་རྒྱག་རྒྱུ་རེད། ༧གོང་ས་མཆོག་དགུང་གྲངས་ ༡༡༣ བར་དུ་བདེ་མོར་བཞུགས་བཅུག་རོགས།
མང་བཤད་ཉུང་བཤད་འཆལ་མོའི་གཡོ་འཕྲུལ་འདྲ་བོས་ཅི་བྱེད། ཆོལ་ཁ་གང་ཡིན་ན་དེའི་ཁོངས་མི་ཞིག་འདེམས་དགོས་པ་རེད། ང་ནི་ཨ་མདོ་ཞིག་མ་གཏོགས་མི་འདེམས་ཐག་ཆོག་ཡིན། སུས་འཇོན་དང་སུས་མི་འཇོན་གྱིས་རོ་ལ་རྒྱོབས།
ཡག་དུ