གནས་ཚུལ་སྤྲོད་མཁན། བསྟན་འཇམ།
བོད་མདོ་སྨད་བླ་བྲང་ཁུལ་གྱི་བསང་ཁོག་ཡུལ་ཚོའི་དངུལ་རྭ་གྲོང་སྡེ་ཡི་བུད་མེད་བཀྲ་ཤིས་སྐྱིད་ལགས་ཀྱིས་ཕྱི་ཚེས་༢༧ ཉིན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་དུ་རང་ལུས་མེར་སྲེག་གནང་འདུག་པ་དང་། དེ་ནས་ཅུང་ཙམ་ལས་མ་འགོར་བར་ཡུལ་མི་ཚོས་ཁོང་མོའི་ལུས་སྟེང་གི་མེ་བསད་ནས་སྐྱོབ་ཐབས་བྱས་ཡོད་ཀྱང་། མཚན་མོའི་ནམ་སྨད་ཀྱི་ཆུ་ཚོད་༣ པ་ཡས་མས་ལ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཚེས་༢༨ ཉིན་གྱི་ཞོགས་པ་ནམ་ལངས་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་མང་པོ་སླེབས་འབྱོར་གྱིས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་འདུག
བཀྲ་ཤིས་སྐྱིད་ལགས་ནི་རང་ལོ་༥༥ ཙམ་ཡིན་ཞིང་། རང་ལུས་མེར་སྲེག་གནང་ཡུལ་ནི་བསང་ཁོག་ཡུལ་ཚོའི་ཉེ་འགྲམ་གྱི་ཁང་དམར་ཞེས་པ་དེ་རུ་ཡིན་འདུག ཁོང་མོའི་ཨ་ཕ་ལགས་ནི་ད་ལྟ་དགུང་ལོ་༨༠ ལ་སོན་ཡོད་པ་དང་། བུ་༤ དང་བུ་མོ་༡ བཅས་ཕྲུ་གུ་ལྔ་ཡོད་ཅིང་། ཁྱོ་གའི་མིང་ལ་སངས་རྒྱས་སྐྱབས་ཟེར།
ཕྱི་ལོ་༢༠༠༩ ནས་ད་ལྟ་བར་དུ་ཡོངས་གྲགས་སུ་རང་ལུས་མེར་སྲེག་གནང་མཁན་༡༤༢ བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོའི་ནང་དུ་བཀྲ་ཤིས་སྐྱིད་ལགས་ཀྱིས་ཚུད་པའི་བོད་མི་བདུན་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་འདུག
དཔའ་མོ་ལགས།ཁྱེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ།ཡིན་ཡང་ད་ངོ་མ་མཚམས་འཇོག་ངེས་བར་དུ་བྱེད་དགོས་ཀྱི་འདུག བཙན་བྱོལ་སྤྱི་ཚོགས་ལ་ཁྱེད་ཚོས་རྒྱལ་སྤྱིའི་སྟེང་སྨྲ་ལྕེ་སྐྲུན་པ་མང་སོང་།ཡིན་ཡང་ནུས་པ་ཞིག་མ་ཐོན་པ་རེད།ནུས་པ་ཐོན་པའི་ལས་ཀ་ཡང་ལས་ཀྱི་མི་འདུག
ཁྱེད་ཀྱི་མཆེད་དུ་མཆོས་མེ་ཕུལ་གྱི་ཡོད་ འོན་ཀྱང་ཁྱེད་ཀྱི་རང་ཤི་རྒྱབ་པར་རྒྱབ་སྐྱོར་རྩ་བ་ནས་མེད་ ང་ཚོའི་མི་རིགས་དེ་འཇིག་རྟེན་དེ་མ་སྟོང་བར་འཚོ་དགོས་ བདེན་པའི་ཆེད་དུ་འཚོ་དགོས་་ ང་ཚོ་བོད་པའི་ལོ་རྒྱུད་དང་རྒྱལ་རབས་ནང་རང་ཤི་རྒྱབ་མཁན་ལ་དཔའ་བོ་རྩ་བ་ནས་མི་ཟེར་།།།།
ཁམས་པའི་ལ་རྒྱ་སྣ་ལ་ཡོད་ཨམ་འདོའི་ལ་རྒྱ་གཞས་ཡོད་དབུས་པའི་ལ་རྒྱ་ཁོག་ལ་ཡོད། སྐྱེ་བ་ཕྱི་མར་ཡང་བོད་མི་ཞིག་བྱེད་འདོད།
དད་མོས་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་རྣམ་ཤེས་ཡིན་ལ། དེ་བས་ཀྱང་མི་སྒེར་ཞིག་གི་བསམ་པའི་འཇིག་རྟེན་གྱི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཀྱང་ལགས།
སྐྱེས་ཆེན་དམ་པས་གསུངས་པ་ལྟར་ན།
མི་ཞིག་ལ་ངེས་པར་དུ་དད་མོས་ཡོད་དགོས། དད་མོས་མེད་པའི་མི་ནི་བསོད་ནམས་མེད་པའི་མི་ཞིག་རེད།
ང་མཆོད་མཇལ་དུ་ཐེངས་དང་པོ་ག་དུས་ཕྱིན་ཡོད་མེད་སྐད་ཆ་མ་དྲིས་རོགས། ང་དང་དཀོན་མཆོག་གི་འབྲེལ་འདྲིས་ནི་སྐྱེ་བ་སྔོན་མའི་འགྲུལ་བཞུད་ནས་བྱུང་ཟིན།
ཉིན་མོ་དེར།
ཨ་མའི་ཕྱག་ཟུང་དྲོན་མོས་ངའི་ལག་ཆུང་ནས་འཇུས་ཏེ་དགོན་པར་འཁྲིད། བྱམས་བརྩེའི་སྤྱན་གྱིས་ང་ལ་ཡིག་དྲུག་བསླབས།
ཉིན་མོ་དེར།
ངས་ལག་ཟུང་སྙིམ་པར་གོང་སྟེ་དཀོན་མཆོག་ལ་རྐྱང་ཕྱག་ཕུལ།
འགྲོ་བ་རིགས་དྲུག་གི་སླད་དུ་སྨོན་ལམ་གདབ་རྒྱུ་དུས་དེ་ནས་ཤེས།
ངའི་མི་ཚེའི་འགྲུལ་བཞུད་ལ།
སྔ་ཕྱི་བར་གསུམ་དུ་དཀོན་མཆོག་གི་སྤྱན་གྱིས་གཟིགས།
ངས་དྭངས་གཙང་གི་མིག་ཟུང་ལ་བརྟེན་ཏེ།
མི་ཡུལ་གྱི་ནག་ནོག་རྣམས་བཀྲུས།
ངས་ལྷད་མེད་པའི་རྣམ་ཤེས་ཤིག་འཁྱེར་ནས།
འཇིག་རྟེན་གྱི་མི་གཙང་བ་དག་ཕྱིས།
ང་ཡིས་ལག་ཟུང་གི་སྙིམ་པ་སྙིང་གར་གོང་།
ཁྲ་ཆུང་འདྲེན་བྱེད་གཉིས་པོ་དམ་དུ་བཙུམ་སྟེ།
འཇིག་རྟེན་གྱི་ཆགས་ཞེན་ཡོད་ཚད་རྒྱང་དུ་བོར།
རྣམ་ཤེས་ཀྱི་ཆེས་གཏིང་རིམ་ནས།
དཀོན་མཆོག་དང་ཐེངས་གཅིག་མཇལ་བའི་སྨོན་ལམ་བཏབ།
ལོ་ཟླའི་གནས་ཚང་དུ།
འགྲུལ་བཞུད་པ་མུ་མཐུད་ནས་ཉར་བའི་བར་སྟོང་མེད་པས།
ང་ཡི་ཚེ་སྲོག
ལོ་འདབ་ས་ལ་ཟགས་པའི་ལས་དབང་གི་འཁྲབ་རར་ཞུགས།
འོན་ཀྱང་།
རྟག་བརྟན་འགྱུར་མེད་དུ་གནས་པ་ནི།
ངས་ཁྱེད་ཉིད་འདི་ཕྱིའི་སྐྱབས་གནས་སུ་བསྟེན་པ་དེ་ཁོ་ན་ལགས།
ང་དང་དཀོན་མཆོག་གི་ལས་དབང་།
ནམ་ཞིག་ནས་མགོ་ཚུགས་པ་ད་ལྟ་གསལ་པོར་མི་དྲན་ཡང་།
ཚེ་རབས་ནས་ཚེ་རབས་བར་ཁྱེད་དང་ཁ་ཆད་བྱས་པ་ཡིད་ལ་གསལ་པོར་འཆར།
ངའི་སྙིང་དབུས་ཀྱི་དཀོན་མཆོག
ཁྱེད་ཀྱིས་ཁོ་བོས་ཐེངས་དང་པོར་ཁྱེད་ལ་ཕྱོགས་ནས་དམ་བཅའ་བཞག་པ་ད་ལྟ་ཨེ་དྲན།
ང་ཚེ་ཕྱི་མར་བསྐྱར་ཡང་བོད་རིགས་ཤིག་བྱེད་འདོད།
ང་ཚེ་ཕྱི་མར་བསྐྱར་ཡང་ཁྱེད་དང་མཇལ་འདོད།
གལ་ཏེ་བྱིས་དུས་ཀྱི་བསམ་པ་ལྷད་མེད་དྭངས་གཙང་ཞིག་ཡིན་ན།
ང་དགའ་འོས་པ་ཞིག་ལ།
རང་ཉིད་ཀྱི་བསམ་པ་ཆེས་དྭངས་ཤིང་གཙང་བའི་དུས་དེར།
གནས་འདིས་བདག་ལ།
ཆེས་རིན་བྲལ་གྱི་འཚེ་མེད་ཞི་བའི་དད་མོས་ཤིག་བསྩལ།
ངས་གླིང་བསྐོར་གྱི་ལམ་བུར་བཞུད་དེ།
ལག་གིས་ཕྲེང་བ་བསྐོར་བཞིན།
ཁུ་སིམ་དུ་མ་ཎི་ངག་ནས་བཏོན།
ངའི་ཚེ་འདིའི་སྡུག་བསྔལ་ནི་ཐོག་མེད་དུས་ནས་བསགས་པའི་ལས་ཀྱི་འབྲས་བུ་ཞིག་ཡིན་ཡང་།
ང་ད་དུང་རེ་ཐག་ཆད་མི་སྲིད།
དེ་བས་ཀྱང་ངས་འཁང་ར་དང་འཁུན་སྒྲ་རྒྱང་དུ་དོར་ཏེ།
སྡུག་བསྔལ་དེ་དག་ཕྱི་མའི་བདེ་བའི་རྒྱུ་རུ་འགྱུར་བར་འབད་བརྩོན་གྱི་འཐབ་མོ་བཀྱེད་སྲིད།
ངས་དཀོན་མཆོག་ལ།
སྡིག་པ་ཞེས་པ་ཅི་ཞིག་ཡིན་པ་དྲིས།
དཀོན་མཆོག་གིས།
ཚེ་སྲོག་ཡོད་དོ་ཅོག་གི་རྩ་བ་ནི་སེམས་བཟང་རེད།
ཡིན་ནའང་། མི་འགའ་ཞིག
དུས་སྐབས་ཤིག་གི་རིང་ཁ་ཕྱོགས་འཛོལ་ཏེ།
ཁྱེད་དང་མཇལ་བའི་སྐལ་བ་མ་གྲུབ།
རབ་རིབ་ཀྱི་འཇིག་རྟེན་འདིར།
ངས་ཁྱེད་ལ་ཐུགས་རྗེ་ཞུ།
དཀོན་མཆོག
ཁྱེད་ཀྱིས་ང་ལ་དྭངས་གཙང་གི་མིག་ཟུང་གནང་།
ཉིན་ཞིག
ངའི་ཚེ་སྲོག་དང་རྣམ་ཤེས་གཞི་གཅིག་ཏུ་འདྲེས་པའི་སྐབས་དེར།
དཀོན་མཆོག་གིས་ང་ལ།
དེ་ནི་ཚེ་སྔོན་བསགས་པའི་བསོད་ནམས་ཀྱི་བདེ་བ་རེད་ཅེས་གསུངས།
ཉིན་ཞིག
ངའི་ཚེ་སྲོག་དང་རྣམ་ཤེས་གྱེས་པའི་སྐབས་སུ།
དཀོན་མཆོག་གིས་ང་ལ།
དེ་ནི་སྐྱེ་བ་ཕྱི་མའི་ལས་འབྲེལ་གྱི་མགོ་བརྩམས་པ་ཞིག་རེད་ཅེས་གསུངས།
མི་ཚེའི་མཐའ་མཇུག་གི་འབབ་ཚིགས་དེར།
ངས་རེ་ཞིག་སྡོད་སྲིད།
འོན་ཀྱང་།
ངའི་སྙིང་དབུས་ཀྱི་དཀོན་མཆོག
འུ་གཉིས་པོའི་སྐྱེ་བ་ཕྱི་མའི་ཁ་ཆད།
ཁྱེད་ཀྱིས་མ་བརྗེད་པ་གནང་རོགས།
ང་ཡིས་སྒོ་གསུམ་ནས་དད་པའི་མཆོད་པ་ཁྱེད་ལ་ཕུལ་བ་ནི།
འཇིག་རྟེན་འཁོར་བའི་སྡུག་བསྔལ་གྱི་ཀློང་ནས་བྲལ་བའི་ཆེད་དུ་ལགས།
ངས་ཡན་ལག་ལྔ་པོ་ས་ལ་བརྡབ་སྟེ།
ཁུ་སིམ་གྱིས་ངང་ཆོས་ཀྱི་སྒྲ་དབྱངས་ཡང་ཡང་ཉན་བཞིན་བསྡད།
བདག་གིས་ལུས་འདོམས་གང་གྲུ་བཞི་སྤྱད་དེ།
རྒྱང་རིང་གི་གནས་མཇལ་བའི་ལམ་བུ་ཚད་དུ་འཇལ།
ཁྱོད་ཚོས་བདག་གི་ལུས་ཐོག་ནས་དཀའ་ངལ་གྱི་རྔུལ་ཆུ་བཞུར་བ་མཐོང་ན་ཡང་།
ངའི་སེམས་པ་ནི་ཇི་འདྲའི་ལྷིང་ཞིང་འཇགས་པ་ཞིག་ཡིན་པ་མ་ཚོར།
ངས་རྐྱང་ཕྱག་འཚལ་ཐེངས་རེ་རེར།
ངའི་མིག་ལམ་དུ་དཀོན་མཆོག་གསུམ་པོ་མཇལ།
ང་ལ་དཀོན་མཆོག་གསུམ་པོ་མཇལ་ཐེངས་རེ་རེར།
ངས་རྐྱང་ཕྱག་རེ་ཕུལ།
ངས་ལག་ཟུང་གོང་སྟེ་གསོལ་བ་གདབ་ཐེངས་རེ་རེར།
ངས་འཇིག་རྟེན་གྱི་གནས་ལུགས་ཡོད་ཚད་རྟོགས།
རང་ཉིད་ཀྱི་སེམས་པའི་ཆེས་གཏིང་མཐའ་དང་།
མི་ཚེའི་བཞུད་ལམ་གྱི་རྩེ་མོ་ཡང་རིག
དེ་ལྟར་ངས་སྐད་ཅིག་དེ་ཉིད།
བསྐལ་བརྒྱར་གནས་ན་བསམ།
མི་ཚེའི་ཆེས་མཐའ་མཇུག་ཏུ།
འཆི་བའི་སྡུག་བསྔལ་གྱིས་ཁྱོད་ཀྱི་ལས་དབང་ལ་འཁྲིལ་བའི་སྐབས།
ཁྱོད་ཀྱི་ལུས་ཐོག་ནས་གཡོ་སྒྱུས་དབེན་པའི་མི་གཤིས་དེ་མངོན་སྲིད།
ཁྱོད་ཀྱིས་འཇིགས་དངངས་བྱེད་སྲིད་ལ།
ཁྱོད་ཀྱིས་འཁང་ར་དང་འཁོན་འཛིན་ཡང་བྱེད་སྲིད།
རྒྱུ་མཚན་གང་ལགས་ཤེ་ན།
ཚེ་སྲོག་ཀྱིས་ཁྱོད་དོར་བའི་རྗེས་སུ།
ཁྱོད་ལ་དབང་བ་ནི་ཅི་ཡང་མེད།
ཡིན་ནའང་།
ང་ནི་དེ་ལས་ལྡོག་སྟེ་སེམས་པ་ལྷིང་ཞིང་འཇགས་ལ།
སྡུག་བསྔལ་དང་བྲལ་བའི་སྒོ་ནས་མིག་ཟུང་བཙུམ་སྲིད།
ཅི་ཞེ་ན།
སྐབས་དེར་ང་ལ་དད་མོས་ཀྱིས་མཉམ་དུ་འགྲོགས་ནས་ཡོད་པའི་རྐྱེན་གྱིས་ལགས།
མཐའ་མཇུག་གི་འབབ་ཚིགས་དེར།
ངའི་ཆེས་མཐའ་མའི་ཕྱག་དང་མཆོད་པ་རེད་དམ་ཞེ་ན།
མ་རེད།
སྐྱེ་བ་ཕྱི་མར།
ངས་མུ་མཐུད་ནས་ཁྱེད་ལ་ཕྱོགས་ཏེ་ཕྱག་འཚལ་དགེ་སྦྱོར་གྱི་བྱ་བ་མང་དུ་སྒྲུབ་སྲིད།
སྐྱེ་བ་སྔ་ཕྱིའི་འགྲུལ་བཞུད་ཀྱི་ལམ་སྟེང་དུ།
མུན་ནག་སྟུག་པོས་བཙན་འཛུལ་བྱས་ན་ཡང་།
མཆོད་རྟེན་དཀར་པོ་ཞིག་གིས།
རྒྱུན་གཏན་ནས་ང་ཚོར་འོད་སྣང་གི་བདེ་བ་སྟེར།
ངས་དད་མོས་ལ་དེ་ལྟའི་བསྟོད་པ་འབུལ་དོན་གང་ཞེ་ན།
དད་མོས་ནི་ངའི་ཚེ་སྲོག་གཞན་པ་ཞིག་ལགས།
རྣམ་ཤེས་ཀྱི་ཆེས་གཏིང་རིམ་ན།
དེས་གཞན་ཕན་སྙིང་རྗེའི་འོད་ཟེར་གྱིས་བདེ་བ་ཞིག་བསྣམས་པས།
དེ་ནི་རིགས་དྲུག་གི་སླད་ན་འཚོ་བ་ཞིག་མ་ལགས་སམ།
ང་ཡིས་སྡུག་བསྔལ་ཇི་ཙམ་མྱང་ཡོད་མེད་ཁྱོད་ཀྱིས་སྐད་ཆ་མ་དྲིས་རོགས།
ངའི་ལུས་པོ་ས་ལ་བརྡབ་པའི་ཤུལ་དེ་ནི།
དཀོན་མཆོག་གི་སྙིང་དབུས་སུ་གསལ་ལེར་བཀོད་ཟིན།
ང་ནི་སངས་རྒྱས་ཆོས་ལུགས་པའི་དད་ལྡན་པ་ཞིག་ལགས་པས།
སྡུག་བསྔལ་དང་སྙིང་རྗེས།
སླད་ཕྱིན་ངའི་མི་གཤིས་ལ་སྦྱོང་བརྡར་བྱེད་སྲིད།
ང་རིགས་དྲུག་དང་འདྲ་བར་འཚོ་བཞིན་ཡོད་ལ།
ང་རིགས་དྲུག་དང་འདྲ་བར་འཇིག་རྟེན་ཕྱི་མར་ཡང་འགྲོ་སྲིད།
ཡིན་ནའང་།
འཕག་འཕག་ཏུ་ལྡིང་ཞིང་།
ལྷོག་ལྷོག་ཏུ་བཞུར་བའི་སྙིང་ཁམས་ན།འཕག་འཕག་ཏུ་ལྡིང་ཞིང་།
ལྷོག་ལྷོག་ཏུ་བཞུར་བའི་སྙིང་ཁམས་ན།
ཡང་ཡང་འཆར་བ་ནི།
སྐྱེ་བ་ཕྱི་མར་ཡང་བོད་མི་ཞིག་ཡིན་ན་ཅི་མ་རུང་སྙམ།