ལྷ་སྡེ་གནམ་ལོ་ཡག
ཁ་སང་དེ་རིང་བཙན་བྱོལ་བོད་མིའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཚ་ཚ་འུར་འུར་གྱིས་གླེང་བཞིན་པ་ནི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་རང་ཉིད་ཕྱི་ལོ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་ལངས་པའི་ཕྱོགས་བསྐྱོད་གཏམ་བཤད་སྐབས།སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་ཡོངས་ཀྱི་མདུན་དུ་༼༸གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་ཏུ་སྡོད་ནས་བགྲོ་གླེང་ཞིག་ནམ་ཡང་མི་བྱེད།༽དང་། ༼རྒྱུད་སྨད་གྲྭ་ཚང་ན་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་འགའ་གཏམ་བཤད་དྲིལ་བསྒྲགས་ཡོང་མི་ཆོག་པ་བཟོས་འདུག ཧ་ཅང་ཡག་པོ་རེད་ཅེས་བསྟོད་བསྔགས་དང་། ཉེ་སྔོན་རླུང་འཕྲིན་ཁང་ཞིག་གིས་ཁ་གཏོང་མཁན་དེ་གྲས་དང་མཉམ་དུ་བགྲོ་གླེང་གོ་སྒྲིག་བྱེད་རྒྱུ་གསུངས་ནའང་ཁས་བླངས་མེད། ང་དེ་གྲས་དང་མཉམ་དུ་གཏན་ནས་སྡོད་ཐུབ་ས་མ་རེད།༽ ཅེས་བསྐྱར་ནན་གནང་སོང་ཞེས་༼སྲོང་བཙན་དྲ་བ།༽བརྒྱུད་ནས་ཐོན་པའི་གནས་ཚུལ་འདི་རེད།
དོན་ལ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་སྐྱོན་འཛུགས་འདི་དག་གསར་བ་གང་ཡང་མ་ཡིན་པར་ལོ་ལྔའི་ཡར་སྔོན་སྤྱི་འཐུས་འདེམས་སྐབས། སྐུ་ངོ་སྤེན་པ་ཚེ་རིང་དང་ཀླུ་མཁར་བྱམས་བར་བྱུང་བའི་ཨ་མདོའི་སྤྱི་འཐུས་འགྲན་རྩོད་དང་འབྲེལ་བའི་དོན་དག་ཅིག་རེད། སྐབས་དེར་དོན་དག་འདི་གནད་ཡོད་མི་སྣ་ཡིན་ཟེར་མཁན་ཚོས་སིམ་ལ་ཁྲིམས་ཁང་དུ་བསྐྱལ་ཡང་ཁྲིམས་རྩོད་པས་གཞི་འཛིན་ས་མི་འདུག་ཅེས་གྱོད་གཞིར་གྲུབ་མེད་པའི་དགའ་མ་དགའ་སྡུག་གམ། སྒེར་འཁོན་གྱི་ངོ་བོར་འཕེལ་བ་ཞིག་ཡིན།དེ་བས། སྐྱོན་འཛུགས་དངོས་ལ་ཁྲིམས་རྩོད་པའི་བསྡོམས་ཚིག་བཀོད་ཟིན་པས། ཁྲིམས་ནི་མཐའ་མའི་འབབ་ས་ཡིན་པས་བསྐྱར་གླེང་བྱེད་ཀྱི་མིན།
རྩོད་རྙོག་འདི་བསྐྱར་དུ་གླེང་བའི་ཤུགས་རྐྱེན་ལ་ཞིབ་ཏུ་བསམ་བློ་གཏོང་བའམ། རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་དམངས་གཙོ་གསོལ་རས་བསྩལ་ནས་གོམ་པ་རིམ་བགྲོད་ཀྱིས་ཕྱག་བསྟར་གནང་བའི་བརྒྱུད་རིམ་ལ་ལྟ་སྐབས། ཉུང་མཐར་གཤམ་གྱི་གནད་དོན་ཁག་ལ་དབྱེ་ཞིབ་མི་བྱེད་རང་བྱེད་ཆགས་ཡོད།
༡ དམངས་གཙོའི་འགོག་རྐྱེན་ནི་དབང་ཆ་གཅིག་སྡུད་ཀྱི་བསམ་བློ་ཡིན།
བཙན་བྱོལ་སྤྱི་ཚོགས་ནང་དུ་དམངས་གཙོ་ལག་བསྟར་གནང་ནས་དུས་རབས་ཕྱེད་ཙམ་འགྲོ་བཞིན་ཡོད། གོ་རིམ་འདིའང་བཀའ་ཁྲི་ཐད་བསྐོས་ནས་ཕྱེད་ཐད་བསྐོས། མང་ཚོགས་ཀྱིས་འོས་འདེམས་གསུམ་རེ་རེ་བཞིན་ཡོང་ཡོད་པས། དམངས་གཙོར་གོ་རྟོགས་གང་འཚམས་སླེབས་འོས་པ་དང་དབང་ཤུགས་ཆ་བགོས་ལ་གོམས་དགོས་པར་མ་ཟད། དམངས་གཙོའི་འགྲོ་སྟངས་ལ་སྲུང་བརྩི་ཐུབ་དགོས་ཀྱི་ཡོད།
དེ་ལས་ལྡོག་ནས་མི་མང་གིས་འོས་འདེམས་དང་ལོ་མང་སྤྱི་འཐུས་ཞབས་སྟེགས་སྒང་བཞུགས་ཀྱིན་པའི་སྤྱི་འཐུས་ཚོགས་གཙོའི་ངོས་ནས་དགའ་མ་དགའ་སྡུག་གི་དོན་དག་ཅིག་ལ་ཁ་གཡར་ནས་དམངས་གཙོའི་འགྲོ་སྟངས་ལ་སྲུང་བརྩི་མ་གནང་བ་ནི་རྒྱལ་བ་རིན་པོ་ཆེ་ཡི་དགོངས་གཞིའི་ལྡོག་ཕྱོགས་སུ་ལངས་པ་ཙམ་མ་ཟད། དབང་ཆ་གཅིག་སྡུད་ཁོ་ནར་རྨི་ལམ་གཏོང་བཞིན་པ་དང་དབང་ཤུགས་ཆ་བགོས་
དགྲ་རུ་ལྟ་བཞིན་པ་དང་གཅིག་པ་ཆགས་ཡོད།
ཚོགས་གཙོའི་གནང་སྟངས་འདི་བཞིན་དམངས་གཙོའི་འཕེལ་རིམ་ཁྲོད་ཀྱི་དོན་དག་ཡ་མཚན་ཞིག་ཏུ་གྱུར་ཡོད་པ་དང་། གཅིག་བྱས་ན་འོས་ཞུགས་འགྲན་རྩོད་པའི་ལྷན་དུ་བགྲོ་གླེང་མི་བྱེད་པ་འདི་ནི་འཛམ་གླིང་གི་ཡ་མཚན་ཟིན་བྲིས་ནང་(The Guinness Book of records)ཐོ་འགོད་ཆོག་པའི་གྲས་སུ་གཏོགས་སྲིད།
༢ དབུ་མའི་ལམ་ནས་མ་གཏོགས་སྲིད་སྐྱོང་སླེབས་མི་ཆོག་པ་ཡིན་ནམ།
བོད་ཀྱི་རྒྱལ་ཁབ་སླར་གསོའམ་བོད་རང་བཙན་གླེང་མི་ཆོག་ལབ་མཁན་ནི་རྒྱ་ནག་གཞུང་གཅིག་པུ་མ་གཏོགས་དེང་གི་བར་ཡོངས་གྲགས་སུ་གཞན་སུ་གང་ཡང་བྱུང་མྱོང་མེད། སྟབས་མ་ལེགས་པར་ཉེ་བའི་ལོ་ཤས་རིང་། སྤྱི་འཐུས་ཚོགས་གཙོའི་སྣེ་ཁྲིད་པའི་མི་རེ་ཟུང་གིས་ལམ་དབུ་མ་ཁ་ལ་ཁྱེར་ནས་ལས་ཀ་མི་ལེགས་པ་མང་པོ་བསྒྲུབས་ཡོད།
དཔེར་ན། མདོ་སྨད་དབུས་རྒྱུན་ནང་དུ་རང་བཙན་ལྟ་བ་ཁུར་མཁན་ཡོད་མི་ཆོག་པ་བཟོས་ཡོད། སྤྱི་འཐུས་ནང་དུའང་རང་བཙན་ལྟ་བ་འཁུར་མཁན་སླེབས་པར་འགོག་རྐྱེན་རབ་དང་རིམ་པས་བཟོས་ཡོད། ཐ་ན་ཉེས་པ་ཡོད་པའི་མི་བདུན་ཤོག་ཁག་ཅིག་བཟོ་རྩིས་ཀྱང་གནང་ཡོད།
དེང་གི་ཆར་སྲིད་སྐྱོང་འོས་མི་ལའང་ཚད་གཞི་དེ་འཛིན་རྒྱུའི་གྲབ་ཤོམ་གནང་བཞིན་ཡོད། འདི་ནི་དམངས་གཙོའི་ལམ་སྲོལ་ལྡོག་ཕྱོགས་སུ་འཁྲིད་ཀྱིན་པ་ཞིག་དང་། རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་ནས་ཕྱག་བསྟར་གནང་བཞིན་པའི་དམངས་གཙོ་ནི་རྫུན་མ་ཡིན་ཟེར་བར་གཞོགས་འདེགས་སུ་གྱུར་ཡོད། དེ་ལས་ལྡོག་ནས་ཨ་ཚོགས་ཀླུ་མཁར་བྱམས་ནས་དབུ་མའི་ལམ་ལ་དོགས་སློང་གནང་བཞིན་པ་དེས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་ནི་ཡང་དག་ཅིག་ཡིན་པར་མ་ཟད། ལྟ་བ་མ་འདྲ་བ་མཉམ་གནས་ཆོག་པ་སྒྲུབ་ཐུབ་ཡོད་པས། འདི་ནི་དོན་དངོས་སུ་སྨད་པའི་ཚུལ་གྱི་བསྟོད་པའི་རྒྱུ་རུ་གྲུབ་ཡོད།
༣ བརྒྱུད་བསྐུལ་ནི་སྤྱི་ཚོགས་ཟང་ཟིང་བཟོ་བའི་བྱེད་གཏེ་ཡིན།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་སེ་ར་ནས་རྒྱུད་སྨད་མཁན་པོའི་གནང་སྟངས་ལ་ཡོངས་གྲགས་སུ་བསྔགས་བརྗོད་གནང་བ་ནི་བརྒྱུད་བསྐུལ་དུ་གྱུར་ཡོད་པར་མ་ཟད། མང་ཆེ་བའི་སྤྱི་འཐུས་ཚོགས་གཙོའི་ངོས་ནས་བསྔགས་བརྗོད་གནང་བ་ནི་རྒྱལ་བ་རིན་པོ་ཆེ་ཡི་དགོངས་པ་ཡིན་པར་ནོར་ཉེན་ཤིན་ཏུ་ཆེ་ལ། རང་བཙན་དང་དབུ་མ་ཁ་ཁ་བྱེད་པའི་དུས་སུ་བབས་པའི་མཚོན་དོན་དུའང་གོ་སྲིད་པས། བཙན་བྱོལ་སྤྱི་ཚོགས་ཟང་ཟིང་དུ་འགྱུར་སྲིད་པ་དང་། སྒོས་སུ་སྐྱ་སེར་གཉིས་ནས་གཞིས་བྱེས་གཉིས་བར་གྱི་མགོ་རྙོག་ཆེན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པའང་གཏན་ནས་མེད།
མ་གཞི་སྤྱི་འཐུས་ཚོགས་གཙོ་ནི་སྤྱི་མི་ཞིག་དང་། བྱ་བ་ཆེ་མ་ཆུང་གསུམ་གྱི་བར་གནས་པ་ཞིག་ཡིན་དགོས་པའི་ཁར། སྲིད་སྐྱོང་ལ་བཞེངས་ཀྱིན་པ་དེའང་བོད་མི་རིགས་ལ་མིག་དཔེ་སྟོན་མི་ཐུབ་ཀྱང་བཙན་བྱོལ་སྤྱི་ཚོགས་དཀྲུགས་གཞིར་མི་འགྱུར་བ་ཞིག་ཡོང་དགོས་ཀྱི་ཡོད། འདི་ནི་ཆེས་མ་མཐར་སྲིད་དོན་པ་ཚོར་ཚང་དགོས་པའི་ཆ་རྐྱེན་ཡིན་ལ། བཙན་བྱོལ་བོད་མིར་ངོ་འཕྲོད་དགོས་པའི་གནད་དོན་ཡང་ཡིན།
༤ བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་མཐོང་ཆུང་བྱས་པ་ཡིན།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཡོངས་གྲགས་སུ་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་དང་སྡིངས་ཆ་གཅིག་ནས་སྐད་ཆ་བཤད་ཀྱི་མིན་ཞེས་སྔ་རྗེས་སུ་འདུས་སྡེ་དང་རླུང་འཕྲིན་སོགས་སུ་བསྒྲགས་པ་ནི་མི་སྒེར་བ་ཞིག་ལས་བརྒལ་ནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པར་གྱུར་ཡོད།
ཨ་ཚོགས་ཀླུ་མཁར་བྱམས་ནི་བོད་རང་བཙན་རྒྱལ་ཡོངས་ལྷན་ཚོགས་ནས་བཏོན་པའི་སྲིད་སྐྱོང་འོས་མི་གཅིག་པུ་དེ་ཡིན་ལ། ལྷན་ཚོགས་དེ་བཞིན་ཨ་རིར་རྟེན་གཞི་དང་ཡུ་རོབ། རྒྱ་གར་ནང་བཅས་སུ་ཡན་ལག་ཡོད་པའི་བོད་རང་བཙན་བསྐྱར་གསོ་དམིགས་འབེན་དུ་བཟུང་བའི་སྲིད་དོན་ཚོགས་པ་ཞིག་ཡིན། དེ་བས། སྤྱི་འཐུས་ཚོགས་གཙོ་ལགས་ནས་ཨ་ཚོགས་ཀླུ་མཁར་བྱམས་ལ་འཛིན་པའི་བྱེད་སྟངས་ནི་
བོད་རང་བཙན་རྒྱལ་ཡོངས་ལྷན་ཚོགས་ལ་ངོས་ལེན་མེད་པ་ཡོངས་བསྒྲགས་གནང་བ་དང་གཅིག་པ་ཆགས་ཡོད།
ཡང་གཅིག་བཤད་ན། འདི་ནི་ཁྲིམས་ཐོག་ཏུ་སླེབས་སྲིད་པའི་གྱོད་གཞི་ཞིག་ཀྱང་ཡིན། གལ་སྲིད་ཨ་རིའི་ཁྲིམས་ཁང་ནང་བསྐྱལ་བ་ཡིན་ན།ཚོགས་གཙོ་ལགས་དེང་ཕྱིན་ཨ་རིའི་ནང་སླེབས་མ་ཐག་གནམ་ཐང་ནས་ཐད་ཀར་ཁྲིམས་ཁང་ནང་འགྲོ་དགོས་པར་ཐུག་ཡོད།
༥ རྒྱལ་བ་རིན་པོ་ཆེར་ཁ་གཏོང་མཁན་ངོ་མ་ནི་རྒྱ་ནག་གཞུང་ཆགས་ཡོད།
སྤྱི་འཐུས་ཚོགས་གཙོ་ལགས་ཀྱིས་ས་བསྒྲགས་གནམ་བསྒྲགས་གནང་བཞིན་པའི་རྒྱལ་བ་རིན་པོ་ཆེར་ཁ་གཏོང་མཁན་དང་ལྷན་དུ་སྡིངས་ཆ་གཅིག་ལེན་གྱི་མིན་ཟེར་བ་འདིར་བདེན་པའི་ཆ་ག་ཚད་ཅིག་ཡོད་དམ། གལ་སྲིད་བདེན་པའི་ཆ་ཡོད་ཚེ་ཛ་དྲག་གི་གནད་དོན་གཞན་གཅིག་ལྷགས་ཀྱིན་པ་ནི་ཉུང་མཐར་མ་འོངས་སྲིད་སྐྱོང་གིས་རྒྱ་ནག་གཞུང་དང་མཉམ་དུ་མངོན་ལྐོག་གང་རུང་ནས་རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་ཐུབ་མིན་དང་གནད་དོན་སྐོར་ཞིག་ལ་སྐད་ཆ་བཤད་དགོས་ཀྱི་ཡོད་ལ། རྒྱལ་སྤྱིའི་སྒང་དུའང་སྐད་ཆ་བཤད་པར་གྲ་སྒྲིག་ཡོད་ཅེས་རྣམ་འགྱུར་སྟོན་དགོས་པས། རྒྱ་ནག་གཞུང་གིས་སྔ་རྗེས་བར་གསུམ་དུ་རྒྱལ་བ་རིན་པོ་ཆེར་མཚན་སྨོད་བྱས་ཡོད་པར་མ་ཟད། དེང་གི་ཆར་དབུ་མའི་ལམ་ཁྱོན་ཡོངས་ནས་ངོས་ལེན་མེད་ཅེས་བསྒྲགས་ཡོད་པས། ཚོགས་གཙོ་ལགས་ཀྱིས་གནད་དོན་འདི་མ་འོངས་པར་ཇི་ལྟར་གནང་བར་མང་ཚོགས་ནང་ངོ་འཕྲོད་གནང་ཐུབ་བམ།
གལ་སྲིད་རྒྱ་གཞུང་དང་སྡིངས་ཆ་གཅིག་ལེན་གྱི་ཡིན་པ་དང་བོད་པ་ནང་ཁུལ་ལ་ལེན་གྱི་མིན་ལབ་པ་ཡིན་ན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་པའི་ངོ་བོར་གྲུབ་ཡོད་པས། འདི་ལྟ་བུའི་སྲིད་སྐྱོང་ཁ་ཁོག་མི་མཚུངས་པ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དགོས་མཁོ་ཡོད་དམ། འདི་ནི་མང་ཚོགས་ལ་ལྷགས་པའི་དྲི་བ་ཆེན་པོ་ཞིག་ཡིན།
མཇུག་བསྡུ་བ།
བརྒྱ་བཤད་ཚིག་གི་རྩ་བ། སྟོང་བསྲུབས་འོ་མའི་མར་ལོ་གང་ཡིན་ཟེར་ན། སྤྱི་འཐུས་ཚོགས་གཙོ་སྤྱི་མི་ཞིག་དང་མ་འོངས་སྲིད་སྐྱོང་ལ་ལངས་ཀྱིན་པའི་མི་སྣ་གནད་འགག་ཅན་ཞིག་ཆགས་ཡོད་པས། ཁོང་གི་གནང་སྟངས་ལ་རྗེས་འདེད་ཀྱིས་ཞིབ་འཇུག་དང་དོགས་སློང་བྱེད་རྒྱུ་ནི་སྲིད་དོན་པ་ཚོ་བཙན་བྱོལ་བོད་མིར་སྣེ་ཁྲིད་ཡག་པོ་ཞིག་དང་མིག་དཔེ་བཟང་བོ་ཞིགབར་གནས་དྲང་སྙོམས་ཅན་ཞིག་ཡོང་མིན་དང་། རྒྱལ་བ་རིན་པོ་ཆེ་མཆོག་གིས་གསོལ་རས་བསྩལ་བའི་དམངས་གཙོའི་ལམ་སྲོལ་འདི་བཞིན་འཐུས་ཚང་དང་ཡང་དག་ཅིག་ལ་བསྐུལ་འདེད་གཏོང་ཐུབ་མིན། རྒྱལ་བ་རིན་པོ་ཆེ་ནས་ནམ་རྒྱུན་ང་མེད་པ་ནང་བཞིན་ལས་ཀ་བྱོས་ཟེར་བའི་བཀའ་སློབ་ཇི་བཞིན་དུ་ལག་ལེན་ནང་བསྟར་ཐུབ་མིན་བཅས་ལ་ཐུག་ཡོད་པར་མ་ཟད། དེང་ཕྱིན་བཙན་བྱོལ་སྤྱི་ཚོགས་དད་པ་ལོག་སྤྱོད་བྱེད་མཁན་ཚོའི་བསླུ་བྲིད་འོག་མི་འགྲོ་བར་རང་ཉིད་ཀྱི་སེམས་ཁུང་དུ་ཡོད་པའི་འདོད་འདུན་ངོ་མར་ཞབས་འདེགས་ཞུ་ཐུབ་ས་རེད་སྙམ་པའི་འོས་མི་མ་དོར་བ་གནང་གལ་ཆེ་བ་ངོ་འཕྲོད་ཐབས་སུ་སྦྱར་བའི་ཁུལ་ཡིན།
ཕྱི་ལོ༢༠༡༥ ལོའི་ཟླ་༨ ཚེས་༣༠ ཉིན་ཨོ་སི་ཁྲི་ཡ་ནས་བྲིས་པ་དགེའོ།
མདོ་དོན་བོད་མིའི་སྤྱི་ཚོགས་ནང་ཀྱི་ཆོས་སྲིད་གང་ཐད་ལ་རྒྱུས་མངའ་ཟབ་ཤོས་དེ་༸གོང་ས་མཆོག་ཡིན་པ་ཁས་ལེན་ཐུབ་ན། ༸གོང་ས་མཆོག་ལས་མཁྱེན་རྒྱ་ཡོད་མདོག་སྟོན་མཁན་དག་ལ། སྐད་ཆ་ཤོད་རྒྱུ་ཞིག་བསྡད་མེད། དེར་བརྟེན་སྐུ་ངོ་སྤེན་པ་ཚེ་རིང་གི་དགོངས་ཚུལ་མ་འགྲིག་པ་ཞིག་མི་འདུག་སྙམ། ལར་ནས་༸གོང་ས་མཆོག་ལ་ཁ་གཏོང་མཁན་ཟེར་བ་དེ་ཀླུ་མཁར་བྱམས་ཡིན་པའི་བདེན་དཔང་ཅི་ཞིག་ཡོད། དེ་གཅིག་ཐང་ན་དོལ་རྒྱལ་རྗེས་འབྲང་པ་ཚོ་ཡིན་ཡང་སྲིད། དེ་ཚོ་ཡིན་ན་༸རྒྱལ་བ་དོན་གྱིས་བདག་པོས་སྔ་ཕྱིར་གནས་ལུགས་གསེབ་དཀྲོལ་རིམ་པར་གནང་ནས་ཉན་ཤེས་མེད་པ་ཞིག སྐུ་ངོ་སྤེན་ཚེ་བཤད་ནས་ཉན་ཤེས་མེད་པ་ཟུར་བལྟས་ལེབ་མཐོང་ལ་སོང་། དེ་ཚོ་དང་མཉམ་དུ་སྐད་ཆ་གདན་གྲལ་གཅིག་ཏུ་མི་བཤད་ཅེས་བརྗོད་པ་འདི་ཅི་ལ་མི་འགྲིག ལར་ང༸རྒྱལ་བ་དོན་གྱིས་བདག་པོས་གཙོས་བོད་མི་ཚང་མས་རང་བཙན་ལོས་ཀྱང་འདོད། འོན་ཀྱང་རང་བཙན་འཐབ་རྩོད་འདི་རྒྱ་ནག་གཞུང་དང་། རྒྱ་ནག་མི་དམངས་ཀྱིས་ཁས་ལེན་ཐུབ་བམ། ང་ཚོའི་སྒྲིག་འཛུགས་འདི་རང་བཙན་འཐབ་རྩོད་ཀྱི་གཞུང་ཞིག་ལ་བསྒྱུར་ཉིན་ནས་སྐྱབས་བཅོལ་སྒྲིག་འཛུགས་འདི་རྒྱ་གར་ནས་ཅི་ཙམ་ཞིག་ཏུ་གནས་ཐུབ་མིན་ལ་བསམས་གཞིགས་བྱས་སམ། གནམ་ལོ་ཡག
སྐུ་ངོ་སྤེན་པ་མཆོག་གི་བསམ་བློ་བཏང་ཕྱོགས་ཡོངས་ལ་ནོར་འཁྲུལ་ཆེན་པོ་ཞིག་མཐོང་། དེ་ནི་ཁོང་རང་ཉིད་སྒེར་ལ་དམིགས་ནས་སྲིད་སྐྱོང་འོས་གང་མང་མང་ཞིག་རག་ཐབས་ཙམ་ལས་བོད་མི་རིགས་དང་༧རྒྱལ་བ་ཡིད་བཞིན་ནོར་བུའི་མཚན་སྙན་ལ་བསམ་བློ་བཏང་མེད་པ་གསལ་པོ་རེད་། དོན་དམ་པའི་དམངས་གཙོ་ཞིག་ཡོད་ན་བོད་རང་བཙན་འདོད་ཆོག་ལ་རང་བཙན་འདོད་མཁན་ཞིག་ཡིན་ནའང་བོད་མི་རིགས་དང་མཉམ་ཏུ་སྡོད་མ་ཆོག་པ་དེ་བས་མེད་། དེ་ཡང་རང་གི་འདོད་པ་གླེང་ཚེ་འདོད་ཕྱོགས་གཞན་ལ་དཔྱད་བརྗོད་དང་དགག་བྱ་བྱས་པ་འགྲོ་སྟངས་ཤིག་མ་རེད་དམ། མ་གཞི་དབུ་མའི་ལམ་འདི་༧རྒྱལ་བས་ལམ་སྟོན་གནང་བ་ཞིག་ཡིན་ནའང་བོད་རིགས་མང་ཚོགས་རྒྱབ་སྐྱོར་ཐོབ་པ་དང་གྲོས་ཚོགས་ཀྱི་བསྟན་ལ་ཕབ་པའི་སྲིད་ཇུས་ཤིག་ཡིན་པས་རང་བཙན་འཐབ་བརྩོད་པས་དབུ་ལམ་ལ་དགག་པ་སྐྱོན་ཚེ་༧རྒྱལ་བར་སྐྱོན་བརྗོད་དང་ཟུར་ཟ་རེད་ཅེས་ཤོད་པ་འདི་སྐུ་ངོ་སྤེན་པས་དབུ་ལམ་གི་རྒྱལ་ཁ་བགྲང་འདོད་མིན་པར་ཉེས་པ་ཡོད་ཚད་༧རྒྱལ་བའི་མཚན་ཐོག་གཏེར་འདོད་ཁོ་ན་ཡིན་པ་ཟུར་བལྟས་ལེབ་མཐོང་རེད་། དོན་དངོས་ཆབ་སྲིད་ཀྱི་སྐུ་དབང་དགོངས་ཞུ་གནང་ཟིན་པའི་རྒྱལ་བའི་མཚན་དེ་ཆབ་སྲིད་ནང་བེད་སྤྱོད་གནང་གལ་ཡལ་ནས་མེད་།
གོང་གི་རྩོམ་ཡིག་གི་བརྗོད་བྱ་ལམ་ལོག་པར་མ་ཁྲིད་རོགས་་་་་་་རིག་པ་དང་རྒྱུ་མཚན་ཡོད་ན་ལྟ་བ་རང་ལ་ཕྲིས།
བྱམས་པ་ལགས། གནས་ལུགས་བཤད་བསམ་ན་ཞེན་ཁོག་བཞག་ནས་ཕེབས་དང་བདེན་པ་བརྡར་ཆོག་
གནམ་ལོ་ཡག གནད་དོན་ལ་དབྱེ་ཞིབ་བྱེད་སྐབས། གཡམ་རྒྱུགབྱས་ན་ཡོང་གི་མ་རེད། གྲོགས་པོའི་ངོ་འཛིན་བྱེད་པ་ནི་དོར་བྱའི་གྲས་རེད། ངས་ཁྱེད་རང་ཞིབ་འཇུག་པ་རྣལ་མ་ཞིག་རེད་བསམ་ཡོད་དེ། ད་བྱས་ལྟ་སྟངས་དེ་ནོར་བ་འདྲ། རང་བཙན་རྩོད་མི་ཆོག་སུས་ཀྱང་ལབ་ཀྱི་ཡོད་པ་མ་རེད། ཚོགས་གཙོས་ཀྱང་ལབ་མྱོང་ཡོད་པ་མ་རེད། རང་བཙན་ཁ་ལ་འཁྱེར་ནས་རྒྱལ་བ་རིན་པོ་ཆེར་ཁྱད་གསོད་དང་མཚན་སྨོད་ཞུས་ན་དེ་འགྲིག་པ་ཞིག་མ་རེད། གནས་ལུགས་དང་འགལ་བ་རེད་ཅེས་ཤོད་ཀྱི་ཡོད་པ་རེད། དམའ་མཐར་ཡང་འདི་ཙམ་ནི་མཁྱེན་རྟོགས་དགོས་པ་རེད་འདོད། གནས་ལུགས་དང་རྒྱུ་མཚན་གྱི་ཐག་ཉེ་ཞིག་ནས་ལངས་པའི་རེ་བ་ཡོད།
རང་བཙན་ཁ་ལ་འཁྱེར་ནས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་མང་ལ་ཁྱད་གསོད་བྱེད་པ་འདི། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་འཐབ་རྩོད་ཁ་ཕྱོགས་གཙོ་བོ་མིན་པའི་རེ་བ་བྱེད་ཀྱིན་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་དམིགས་ཕྱོགས་མིན་པའི་རེ་བ་བྱེད་ཀྱིན་ཡོད། ད་ལྟ་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་སུ་གྱེས་དོན་ཡང་། བོད་རང་བཙན་ཁ་ལ་འཁྱེར་ནས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཁྱད་གསོད་བྱེད་མཁན་དག་གིས་གཞོན་ནུའི་སྒྲིག་འཛུགས་འདི་ཁོ་པ་ཚོའི་བེད་སྤྱོད་ལག་ཆར་བེད་སྤྱོད་ཀྱི་མཐོང་ཚུལ་བྱུང་ནས་ལོགས་ཀར་ཐོན་བཞིན་པའི་སྣང་ཚུལ་ཞིག་རེད་འདོད། ནོར་ཡོད་ན་དགོངས་དག་ཞུ།
༡ ཚོགས་གཙོ་སྤེན་པ་ཚེ་རིང་གིས་རྒྱ་ལ་འབྲེལ་མོལ་བྱེད་ཀྱི་ཡིན། བོད་པ་ནང་ཁུལ་ལ་སྐད་ཆ་ཤོད་ཀྱི་མིན་ཟེར་བའི་དོན་འདི་སྣང་བར་འགྲོ་མ་སོང་། གང་ལྟར་ཁོ་རང་གི་ལྟ་ཚུལ་ལམ་བསམ་ཚུལ་བཤད་པ་ཡག་པོ་རེད།
༢ ཀླུ་མཁར་བྱམས་ལ་གཏམ་བཤད་བྱེད་མ་བཅུག་ན་འགྲིག་གི་རེད། ཡིན་ནའང་བོད་ཀྱི་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལ་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་སྤེལ་མ་བཅུག་ན་རྩ་བ་ནས་ཡག་པོ་མ་རེད། དེ་ཡང་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་སྤེལ་མི་ཆོག་ན་ཚང་མ་འདྲ་མཉམ་གཅིག་གྱུར་བཟོ་དགོས་པ་ལས། རེ་ཟུང་ལ་སྤེལ་བཅུག རེ་ཟུང་ལ་མ་བཅུག་ན་དངོས་གནས་ཡག་པོ་མ་རེད།
༣ གནད་དོན་འདིའི་ཐད་དབུས་འོས་བསྡུ་ལས་ཁུངས་ནས་གཅིག་གྱུར་དགོས་པའི་ལམ་སྟོན་ཕེབས་དགོས་པ་ལས། མ་མཐོང་མདོག་མདོག་བྱས་ན་ཡག་པོ་རྩ་ནས་མ་རེད།
དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ཟེར་བ་དེ་ཆོས་སྒར་གཅིག་ཡིན་པར་ངོས་འཛིན་པ་ལས། ཆབ་སྲིད་ཚོགས་པ་ཞིག་ཡིན་གྱི་རེད་རྩ་བ་ནས་བསམ་གྱི་མེད། ཡིན་ནའང་སྔ་ནས་ད་བར་བྱུང་མ་མྱོང་བ་སྟེ། འཇམ་མགོན་ཙོང་ཁ་པས་སྲོལ་གཏོད་མཛད་པའི་མདོ་སྔགས་གཉིས་ཀྱི་གྲུབ་མཐའ་དེས་མ་ཆོག་པར།
ད་དུང་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་འཛིན་དགོས་པའི་ཚོགས་པ་ཞིག་ཡིན་ན། སྐབས་དེར་ཐོག་མར་ཁྱེད་ཅག་གིས་རྗེ་བླ་མ་ཡབ་སྲས་གསུམ་གྱི་ཚབ་ཏུ་གཞན་པ་འགའ་བཞག་ན་མ་གཏོགས། རྗེ་བླ་མའི་རིང་ལུགས་སྐྱོང་བའི་ཆོས་སྡེ་དེ་ཚོ་ཆབ་སྲིད་ཚོགས་པར་བསྒྱུར་ན་རྩ་བ་ནས་འགྲིག་གི་མ་ཪེད་ཅེས་ཧ་ཅང་ནན་པོ་བྱས་ནས་ཞུ་འདོད་བྱུང་།
བླ་ལོག་ཡག་ལྟ་བུ་མི་རེ་ཟུང་ཞིག་གིས་ཚོགས་གཙོའི་སྐད་ཆ་ལོག་འགྲེལ་བྱས་ནས་སྤྱི་ཚོགས་ཟང་ཟིང་བཟོ་འདོད་པ་ཙམ་པོ་རེད། དེ་ལས་ཆུང་དུ་བཏང་ནས་བཤད་ན་ཚོགས་གཙོའི་འོས་ཤོག་རེ་གཉིས་ཤིག་ཉུང་དུ་གཏོང་འདོད་པ་དེ་རེད། ངས་འདིས་ནས་ཀླུ་བྱམས་ཀྱི་སྐད་ཆ་ཁ་ཤས་ཤིག་འདིར་འཁྱེར་ཡོང་བླ་ལོག་ཡག་གིས་དེ་དག་རེ་རེ་བཞིན་འགྲེལ་གསལ་བོ་ཞིག་བྱོས། ༼ངས་དེ་འདྲ་ཞིག་མཐོང་སོང་། ༼ངས་འདི་ནས་་་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་བྱས་པའི་རྩོམ་ཡིག་ཁག་གི་ནང་དུ་ཡོད་པའི་སྨྱོན་གཏམ་ཁ་ཤས་འོག་ཏུ་བཀོད་ཡོད་དེར་ངེས་གཟིགས་གནང་རོགས།
ཞིབ་ཏུ་༼མེ་ཕྲེང་༽ལས་ཤེས་པར་འཚལ།། ༡ ཨ་ཚོགས་ཀླུ་མཁར་བྱམས་ཀྱིས ༼དེ་རིང་གི་ཏྰ་ལའི་བླ་མ་དད་རྟེན་ཙམ་ལས་སང་ཉིན་གྱི་རེ་བ་རྒྱག་ས་མིན་༽དང༼བླ་རྒན་ལ་དགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད་༽ཅེས་དང། །
༢ ཡང་ཁོས། ༼ཨ་རིའི་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་ན་རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་སྲིད་༽ཅེས་བཤད།།
༣ ཡང་ཀླུ་མཁར་གྱིས་ཕྱི་ལོ་༢༠༡༠ཟླ་༦ཚེས༡༡ཉིན་དུས་བབ་དྲ་ཚིགས་སུ་སྤེལ་བའི་ཉི་མའི་སྲིབ་འཁྱག་གླེང་བ་ཞེས་པའི་ནང། ༼༧གོང་ས་མཆོག་གཙོས་ས་ཡི་སེམས་དཔའ་རྣམ་པས་ཐོག་མར་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་ཚུལ་ལ་བལྟས་ཚེ། ༧གོང་ས་མཆོག་གིས་སྐབས་རེར་རང་ཉིད་ལྷ་ཡིན་ཁུལ་དང་མཚམས་རེར་མི་ཡིན་ཁུལ་བྱེད་ཀྱིན་ཡོད་བཟོ་འདུག༽
༤ ཕྱི་ལོ་༢༠༠༨ཟླ་༦ཚེས༣༠ཉིན་སྤེལ་བའི་དུས་བབ་དྲ་ངོས་སུ་ཡང་ཁོས། ༼རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ཤུགས་ལྡན་ནམ་རྒྱལ་འགོང་དམ་བསྒྲགས་ཀྱི་ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་༽ཅེས་བཤད།
༥ ཡང་ཁོ་པས། ༼ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས །རྒྱལ་བ་སྐུ་ཕྲེང་བཅུ་བཞི་བས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་༽ཅེས་དང།
༦ ཡང་ཁོས་༼གནས་ཆུང་དང། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤིས། ༧གོང་མཆོག་གིས་ཁོང་གཉིས་དཔང་པོར་བཞག་ནས་ཟན་བསྒྲིལ་གནང་བ་སོགས་གནང་ན་འདུམ་ཐབས་འདི་འགོ་ནས་འཁྱོག་སོང་ཙང། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོགས་ཨ་ཕོ་ལུག་རྫིས་འདུམ་དཔང་དེའི་གྲས་ནས་ཁས་ལེན་གྱི་མ་རེད༽ཅེས་བཤད།༽
གོང་གི་སྐད་ཆ་འདི་ཚོ་ཀླུ་བྱམས་ཀྱི་སྐད་ཆ་རེད། འདིར་གསལ་བོར་བརྗོད་འདོད་པ་ཞིག་ལ་ངས་ཀླུ་བྱམས་ལ་དད་པ་ཡོད་མེད་ཟེར་བ་འདི་ལ་སྐད་ཆ་མེད། འདི་སྒེར་དོན་ཞིག་རེད། དེ་མིན་གཞན་དེ་དག་ལ་གནས་ལུགས་འདུག་གམ། མདོར་ན་༧གོང་ས་མཆོག་ལ་ཁྱད་གསོད་ལྟ་བུ་མ་རེད་དམ། ཚོགས་གཙོ་༧གོང་ས་མཆོག་གི་བཀའ་དགོངས་ལ་བློ་གཉིས་ཐེ་ཚོམ་མེད་པར་ཡིད་ཆེས་རྙེད་པའི་མི་ཞིག་གིས་(གལ་ཏེ་སྐད་ཆ་དེ་ཀླུ་བྱམས་གཟས་པ་ཡིན་ན་) དེ་ལ་གནད་འགག་ཅི་ཞིག་འདུག ད་སྐབས་བོད་པ་ཚང་ལ་མཁས་དབང་དང་ཉམས་ཞིབ་པའི་མཚན་སྙན་འབྱོར་རྒྱུ་ཧ་ཅང་སྟབས་བདེ་ཡིན་པའི་སྐབས་འདིར་ཁྱོད་ཀྱང་དེའི་གྲས་ལ་འཚང་བའི་མི་ཞིག་རེད་ལྦཱ། བྱིས་པའི་ལབ་བརྡོལ་བྱེད་མ་ཡོང་།
རེད་ཡ། རང་བཙན་ཁ་ལ་འཁྱེར་མཁན་དང་དབུ་མ་ཁ་ལ་འཁྱེར་མཁན་སུ་ཡིན་མིན་ཞིབ་འཇུག་བྱོས། ཀླུ་མཁར་ལྟ་བུ་གུང་ཁྲན་ཏང་གི་མེ་མདའི་ཁ་གཏད་དུ་ལངས་ནས་ལོ་མང་བཙོན་ཁང་དུ་བསྡད་དེས་གཤི་གསོན་གྱི་ས་འཚམས་སུ་བསྐྱལ། འདི་རང་བཙན་ཁ་འཁྱེར་ཨེ་རེད། འོ་ན་གཞིས་ཆགས་ཀྱི་རྒྱ་གར་རྒྱ་ཕྲུག་མཉམ་དུ་ཚར་ལོངས་བྱས། བོད་མིག་གིས་མ་མཐོང་། ཀྲུང་གོའི་རྩ་ཁྲིམས་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད། རྒྱ་གུང་ཁྲན་དང་མཉམ་དུ་སྐར་མ་གཅིག་གི་དུས་ཡུན་ཙམ་གཤིབ་མྱོང་མེད། ད་དུང་ལམ་དབུ་མའི་རང་སྐྱོང་བཤད་རྒྱུ་ཞིག་ཨེ་འདུག། གུང་ཁྲན་དང་ཅོག་ཙེ་གཅིག་གི་སྟེང་དུ་སྐད་ཆ་བཤད་རྒྱུའི་ནུས་པ་ཞིག་ཨེ་འདུག། ༧གོང་ས་མཆོག་དང་ལམ་དབུ་མ་ཁ་འཁྱེར་གྱིས་བོད་མི་རིགས་ཀྱི་དོན་དུ་ལོ་མང་བཙོན་དུ་མནར་གཅོད་ཚད་མེད་མྱོང་མཁན་ཆབ་སྲིད་བཙོན་ཟུར་ཞིག་ལ་འདི་འདྲའི་སྡང་ཟུག་བྱེད་སྟངས་འདི་བོད་མི་རིགས་ཀྱི་དགྲ་བོ་ངོ་མ་ཡིན། བཙན་བྱོལ་བ་འདི་ཚོས་ཁ་གདངས་ཚད་གཞིས་ལུས་མི་དམངས་གཞིས་ལུས་མི་དམངས་ཞེས་ཁ་ནས་མཎི་བགྲངས་བགྲངས་བྱས་ཀྱང་། དོན་དངོས་གཞིས་ནས་མི་རིགས་ཀྱི་དོན་དུ་བཙོན་ནས་མནར་གཅོད་ལས་གྲོལ་ཙམ་གྱི་བཙན་བྱོལ་དུ་སླེབས་ཀྱང་བལྟ་སྟངས་ལས་སྟངས་འདི་ལས་མེད་པ་ནི་བཙན་བྱོལ་བའི་ནུབ་ཕྱོགས་སུ་སློང་མོ་བརྒྱག་ཆེད་གཅིག་པུའུ་ཆེད་དུ་ཡིན་པ་ར་འཕྲོད་གསལ་པོ་བྱས་པ་རེད། དཔེ་མཚོན་ཙམ་བྱས་ན་སྟག་སྣ་འཇིགས་བཟང་ལགས་དང་། ངག་དབང་གསང་སྒྲོལ། ཕུན་ཚོགས་ཉི་སྒྲོལ་ལ་སོགས་པའི་བོད་མི་རིགས་དོན་དུ་བློས་བཏང་ཚད་མེད་གནང་བའི་རྒྱལ་གཅེས་པ་དེ་ཚོར་བཙན་བྱོལ་བས་ཆེ་མཐོང་ཙམ་ཡང་མེད་པ་མ་ཟད། ལམ་དབུ་མའི་དར་དམར་འཕྱར་མཁན་དེ་ཚོར་ཆེ་མཐོང་སྤྲད་སྟངས་འདིས་ད་ནི་གུང་ཁྲན་ཏང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་འདྲེ་ལག་བཙན་བྱོལ་བའི་མཐོ་རིམ་མི་སྣའི་ནང་དུ་བསྐྱངས་མེད་ན་ཅི་རེད།
སྲོན་པོ་རྫ་རྒན་ལགས་ རང་བཙན་ཁ་ལ་འཁྱེར་ནས་༧ གོང་ས་མཆོག་ལ་མཚན་སྨོད་ཞུས་པ་དང་ དབུ་མའི་ལམ་ཁ་ལ་འཁྱེར་ནས་བོད་མི་རིགས་འདི་ཕུ་བཀྲུག་མདའ་བཀྲུག་བཟོ་མཁན་གཉིས་ལ་ཁྱད་པར་ཞིག་ཡོད་དམ་
སྲོན་པོ་རྫ་རྒན་ལགས་ རང་བཙན་ཁ་ལ་འཁྱེར་ནས་༧ གོང་ས་མཆོག་ལ་མཚན་སྨོད་ཞུས་པ་དང་ དབུ་མའི་ལམ་ཁ་ལ་འཁྱེར་ནས་བོད་མི་རིགས་འདི་ཕུ་བཀྲུག་མདའ་བཀྲུག་བཟོ་མཁན་གཉིས་ལ་ཁྱད་པར་ཞིག་ཡོད་དམ་
ཁོ་རེ་བཙན་ནག། ཁྱོད་ཀླུ་བྱམས་ཀྱི་རྩོམ་ཡིག་ཆ་ཚང་འདིར་བརྒྱུད་འགོད་བྱས་ན་ཁྱོད་ཀྱི་དད་པ་ལོག་སྤྱོད་པའི་རྫུན་རྐུབ་བརྡོལ་རྒྱུ་རེད་བསམ་པ་ཨེ་རེད། ལར་ནས་ཀླུ་བྱམས་ཀྱིས་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་དང་མི་མཐུན་པའི་༧གོང་ས་མཆོག་གི་ཆབ་སྲིད་རིག་པའི་ལྟ་གྲུབ་ཀྱི་དགོངས་གཞིར་འགག་པ་ཙམ་གྱི་ཁྱོད་ཚོས་མཐའ་གཅིག་ཏུ་དད་དམ་ལ་བསྒྱུར་གང་ཐུབ་ཀྱི་ལམ་ལུགས་འདི་ཅི་རེད། འདི་བཙན་བྱོལ་བའི་དམངས་གཙོ་ཨེ་རེད། འདི་བཙན་བྱོལ་བའི་སྨྲ་བརྗོད་རང་དབང་ཨེ་རེད། འོ་ན་ཀླུ་བྱམས་ཀྱི་ཆབ་སྲིད་ཁེ་དབང་ཁྱོད་ཚོས་ཕྲོགས་སོང་བ་ཨེ་རེད། འོ་ན་ངས་དོན་ཚན་རེ་རེ་བྱས་ནས་ལན་བཏབ་ཀྱི་ཡིན།
༡༽ ༧གོང་ས་མཆོག་གིས་ཆབ་སྲིད་བགྲེས་ཡོལ་གནང་ཟིན་ནས་ཆབ་སྲིད་སྐུ་དབང་ཆ་ཚང་མི་དམངས་ལ་གནང་བསྒྲུབས་ཟིན་པ་མ་ཟད་ཁོང་གི་འཛམ་གླ྄ིང་གང་སར་ཆོས་ཕྱོགས་ཀྱི་མཛད་འཕྲིན་མ་གཏོག་ཆབ་སྲིད་ཀྱི་མཛད་འཕྲིན་གནང་གི་མེད་ཞེས་ས་བསྒྲགས་གནམ་བསྒྲགས་རེད། གནད་དོན་འདི་ཁྱོད་ཀྱིས་མིག་རྣ་གཉིས་བཀབ་ནས་བསྡད་ཡོད་རྒྱུ་རེད་པཱ། བྱས་ཙང་ཆབ་སྲིད་གནད་དོན་འདི་ཁོང་སྐུ་འཚོ་བཞུགས་སྐབས་གཞོག་འདེགས་གནང་སྲིད་ཀྱང་ཁོང་འཚོ་བཞུགས་མེད་པའི་རྗེས་ནས་་གནད་དོན་གཅོད་མ་བྱུང་ན་ཁོང་ལ་རེ་བ་ཇི་ལྟར་བརྒྱག་རྩིས་ཡོད་དམ། སྐུ་ཕྲེང་རྗེས་མར་བཤད་སྲིད་ཀྱང་རྗེས་མ་འདི་ལྟར་ཡོང་མིན་སུས་ཤེས། དེས་ན་ཁོང་ད་ཆ་ཆོས་ཕྱོགས་མཛད་འཕྲིན་དང་འཛམ་གླིང་ཞི་བདེའི་མཛད་འཕྲིན་ལ་འཛམ་གླིང་མི་དམངས་ཀྱིས་དད་གུས་ཚད་མེད་ཞུ་བཞིན་པ་ནི་རྩོད་མེད་ནུས་ལྡན་རེད། བླ་རྒན་ཞེས་པའི་ཚིག་འདི་སྡུག་ཅག་གང་མན་ཚད་མཚན་སྨོད་བླ་མེད་ཅིག་ཡིན་ན་ནི། ཟམ་གདོང་བླ་རྒན་གངས་སྐྱིད་ཀྱི་ཁྲི་ཐོགས་གཉིས་པའི་འོས་ཐོབ་སྐབས་༧གོང་ས་མཆོག་གིས་ཡང་བླ་རྒན་མགོ་དཀར་དེ་ཡང་སྐྱར་འདམས་བཞག་འདུག་ཞེས་གསལ་གསལ་དག་དག་གསུངས་པ་ཁོང་གི་བཀའ་སློབ་ལ་ཉན་མཁན་ཞིག་ཡིན་ན་མ་ཐོས་མ་མཐོང་ཟེར་བའི་ལམ་ཁ་ཁོ་རང་ལྷག་མེད་པ་རེད། བྱས་ཙང་༧གོང་ས་མཆོག་གིས་བླ་སྤྲུལ་གྱི་མཚན་གནས་ཡོད་པ་ཙམ་མ་ཟད་བོད་མི་དམངས་ཀྱིས་ཐད་ཀར་འདམས་ཐོན་བྱུང་བའི་དབུ་འཁྲིད་ཞིག་ལ་མཚན་སྨོད་ནམ་ཡང་གནང་མི་སྲིད་པ་མངོན་མངོན་བརྗེན་བརྗེན་རེད། མ་གཞི་ནས་བླ་རྒན་ཞེས་པའི་ཐ་སྙད་འདི་ཐད་ཀར་ཚིག་འགྲེལ་བརྒྱབ་ན། དཔེར་ན། དགེ་རྒན། ཕ་རྒན། མ་རྒན། ལྟ་བུ་བླ་མ་རྒན་པར་འབོད་ཀྱིན་པ་མིན་ན་ཅི་རེད། འོ་ན་དགེ་རྒན་ལ་སོགས་པ་ཚང་མར་མཚན་སྨོད་དུ་ཐལ་ཏེེས། ཚི་འབྲུ་གཉིས་པ་རྒན་རྒན་ཞེས་ཡོད་པས་ཕྱིར། མིན་ན་བླ་ནི་མཚན་སྨོད་དུ་མི་འགྱུར་ཏེས། བླ་ནི་སེམས་ཅན་ཀུན་གྱི་བླ་། མ་ནི་སེམས་ཅན་ཀྱི་མ། དེ་ཕྱིར་བླ་མ་ཞེས་བྱའོ་གསུངས་པ་ལྟར་རོ། དེས་བླ་རྒན་མཚན་སྨོད་ཡིན་པའི་སྒྲུབ་བྱེད་ཇི་ལྟར་འཇོག་རྒྱུ་ཡིན་ནམ།
༢༽ ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་དེ་ཁོང་གིས་འཛམ་གླིང་ཞི་བདེ་དང་ཀུན་ཁྱབ་སེམས་འཁུར་གྱི་མཛད་འཕྲིན་ལ་གཟེངས་སྟོད་ཡིན་རྒྱུ་རེད་མ་གཏོག། ཁོང་གི་དབུ་མའི་ལམ་གྱི་དགོངས་གཞི་ལ་ཕུལ་ཡོད་རྒྱུ་མ་རེད། རྒྱུ་མཚན་ལམ་དབུ་མའི་སྲིད་ཇུས་ལ་ད་བར་སྒྲུབ་འབྲས་འདི་ཡིན་ཟེར་བ་ཞིག་བཏོན་རྒྱུ་མེད་མཁར་ཀྲུང་གོས་ནམ་ཡང་མཁས་ལེན་མི་བྱེད་པ་མ་ཟད་བོད་ནང་གི་ཛ་དྲག་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཡིན་ཙང་གྲུབ་འབྲས་མེད་པར་རྟགས་མ་ཞིག་ཡོང་མི་སྲིད་པ་རེད། བྱས་ཙང་གྲུབ་འབྲས་མེད་པའི་རྟགས་མ་ཞིག་ཁོང་གི་བཞེས་མི་སྲིད་པ་རེད་ལ། གལ་ཏེ་ཡིན་དབང་དུ་བཏང་ན་ད་བར་གཞིས་ལུས་དཔའ་བོ་དང་དཔའ་མོ་བརྒྱ་ཕྲག་མང་པོ་རང་བཙན་དོན་དུ་སྐུ་སྲོག་གི་འགྲོ་གྲོན་བཏང་ཟིན་པ་རྣམས་ལ་འགྲེལ་བཤད་ཇི་ལྟར་བརྒྱག་རྩིས་ཡོད་དམ། ད་དུང་བཙན་ནག་གིས་དད་པ་ལོག་སྤྱོད་ལམ་ལུགས་འོག་ཀླུ་བྱམས་ཀྱི་རྩོམ་ཡིག་རྡོག་སྦྲུག་བརྒྱབ་པའི་དོན་ཚན་རེ་རེ་བཞན་ལན་འདེབས་མུ་མཐུད་ནས་ཡིན་ད།
འཚོ་བཞུགས་མེད་པའི་རྗེས་གནད་དོན་ཐག་གཅོད་མ་བྱུང་ལ་བཅོས།
གོང་དུ་བྱམས་པ་ཟེར་བ་དེས་ཕལ་ཆེར་ཞེན་འཁོག་གླ་ཆེན་སྨྱོན་པ་སྟེ་སྐུ་དྲག་གི་དུག་ཆུ་འཐུང་བ་ཡིན་ས་རེད། དེ་འོག་གི་བཙན་པོ་ཟེར་བ་དེས་ཀླུ་མཁར་བྱམས་ལགས་ཀྱི་སྐད་ཆ་མགོ་མཇུག་མེད་པ་ཞིག་འཁྱེར་ཡོང་ནས་རྒྱུ་མཚན་ཡོད་མདོག་བྱེད་པ་ཕངས་པོ་རེད།
དེང་སང་རྒྱུ་མཚན་ཡོད་ན་ཤོད་དང་ངོ་མ་ཉན་འདོད་ཡོད། དེ་མིན་ཚོར་ཤུགས་ཀྱི་སྐམ་པ་ཐོག་ནས་ཉ་རྙོག་མ་བྱེད་རོགས།
བོད་ཁམས་སྡེ་་ལགས།
ཉིད་རང་ནས་༼རང་བཙན་ཁ་ལ་འཁྱེར་ནས་༧ གོང་ས་མཆོག་ལ་མཚན་སྨད་་ཞུས་པ་དང་། དབུ་མའི་ལམ་ཁ་ལ་འཁྱེར་ནས་བོད་མི་རིགས་འདི་ཕུ་བཀྲུག་མདའ་བཀྲུག་བཟོ་མཁན་གཉིས་ལ་ཁྱད་པར་ཞིག་ཡོད་དམ༽ཞེས་དྲིས་སོང་། གཉིས་ཀ་དགོས་མཁོ་མེད་པ་རེད་ཅེས་ཞུ་བ་ཡིན། གང་ལ་ཟེར་ན། དབུ་མའི་ལམ་ཡིན་ནའང་འདྲ། རང་བཙན་ལབ་ཀྱི་ཡོད་ནའང་འདྲ། ཁ་ཕྱོགས་སའམ་ཁ་གཏད་ས་དེ་རྒྱ་ནག་གཞུང་ཡིན་འོས་པ་ལས། རང་བཙན་ཁ་ལ་འཁྱེར་ནས་གོང་ས་མཆོག་ལ་མཚན་སྨད་ཞུ་བ་དང་། དབུ་མ་ཁ་ལ་འཁྱེར་ནས་བོད་པ་ནང་ཁུལ་ལ་རྙོག་དྲ་བཟོས་བསྡད་པ་ཡིན་ན། ནོར་བ་རེད། ཡིན་ནའང་། ནོར་བ་ལ་མཛུབ་མོ་བཙུགས་ནད་ལམ་སྟོན་དང་གདོང་ལེན་གནང་མཁན་ཚོ་ལ་དེ་ཚོད་ཀྱི་ངོས་འཛིན་མ་བྱས་པར། ཁོང་ཚོའང་རྙོག་དྲ་བཟོ་མཁན་དུ་འགྲེལ་བརྗོད་བྱས་པ་ཡིན་ན། དེ་ནི་གནས་ལུགས་དང་ལྡན་པའི་སྐད་ཆ་མ་རེད། དྲང་པོར་ཞུས་ན་འདི་འདྲ་ཞིག་རེད།
ང་ཚོའི་སྤྱི་ཚོགས་ནང་ལ། རང་བཙན་ཁ་ལ་འཁྱེར་ནས་གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་། དབུ་མ་ཁ་ལ་འཁྱེར་ནས་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་གཉིས་ཀ་ཡོད་པ་རེད། འོན་ཏེ། ད་ལྟ་གླེང་བཞིན་པ་ནི། རང་བཙན་ཁ་ལ་འཁྱེར་ནས་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས་ན་འགྲིག་གི་མི་འདུག གནས་ལུགས་མི་འདུག་ཟེར་བ་ལས། ཆབ་སྲིད་བཙོན་མ་ཡིན་མིན་བཤད་ཀི་ཡོད་པ་མ་རེད། དེ་ཤེས་པ་གནང་དགོས་པ་རེད། ཆབ་སྲིད་བཙོན་མ་ཚང་མར་བོད་གཞུང་གིས་ལྟ་སྟངས་གཅིག་རེད། དེ་ལ་གཉིས་པ་ཞིག་ཡོད་པ་མ་རེད། སྐད་ཆ་དྲང་མོར་བཤད་དགོས་པ་རེད་འདོད།
ཚང་མས་དོ་ཁུར་ལྷུར་ལེན་གྱིས་བགྲོ་གླེང་གནང་བཞིན་པ་ནི་ཧ་ཅང་གི་དུས་སུ་བབས་པ་ཞིག་ཡིན། དོན་དག་གསུམ་ལ་ཚང་མས་མཉམ་འཇོག་གནང་རོགས།
༡ རྒྱལ་བ་རིན་པོ་ཆེར་ཁ་བཏང་སོང་ཟེར་བའི་བཤད་ཚུལ་དེ་བཞིན་རྒྱ་གར་སིམ་ལའི་ཁྲིམས་ཁང་ལ་སྐྱེལ་བར་ཉེས་པར་མ་གྲུབ་པ་ཞིག་ཡིན་པ་རྩོམ་ཡིག་ནང་བཀོད་ཡོད་པས། ཁ་བཏང་སོང་ཟེར་བ་དེ་སྨྲ་བརྗོད་རང་གི་ཁྱབ་ཁོངས་ལས་འདའ་མེད་པ་དང་། སྟོན་པ་ཤཀྱཱ་ཐུབ་པའི་བསྲེག་བཅད་བརྡར་གསུམ་ལས་བརྒལ་མེད་པ་གསལ་བོ་ཆགས་ཡོད། དེ་མིན་སྒྲུབ་བྱེད་གསར་བ་ཡོད་ན་མ་གཏོགས་ཚིག་རྙིང་འདི་ཁུར་མ་ཡོང་།
༢ ང་རང་ལ་མཚོན་ན། མདོ་སྨད་མཚོ་སྔོན་གྱི་གསར་འབྱོར་རྙིང་འབྱོར་གཉིས་ལས་སྲིད་སྐྱོང་འོས་མི་གཉིས་སླེབས་པ་ནི་ཕ་ཡུལ་གཅིག་པ་ཡིན་པ་གཅིག་མཚུངས་ཡིན་པས། སུས་དྲང་བདེན་མ་བྱས་པ་དང་བར་ཆད་དུ་འགྱུར་གྱི་ཡོད་ན་དེ་ལུགས་ཐེར་འདོན་བྱེད་
ཀྱི་ཡོད་མ་གཏོགས་གཅིག་དོར་གཅིག་བསྐྱོར་བྱེད་དགོས་དོན་མི་འདུག་ལ། བྱས་ཀྱང་ཕན་ཐོགས་ཀྱི་མ་རེད། མཐའ་མཇུག་ཐག་གཅོད་གནང་མཁན་མང་ཚོགས་རེད།
༣ མི་རེ་འགས་དབུ་མ་དང་རང་བཙན་གཉིས་ལ་ངོ་རྒོལ་ཡོད་ཚུལ་དང་རྒྱལ་བ་རིན་པོ་ཆེ་ཁོ་ན་གཙོ་ཚུལ་ལབ་ཀྱི་འདུག ཡིན་ནའང་། རྒྱལ་བ་རིན་པོ་ཆེ་ནས་ནམ་རྒྱུན་ང་རང་མེད་པ་ནང་བཞིན་ལས་ཀ་བྱོས་ཟེར་བ་དེར་ཨམ་འཇོག་མི་གཡར་དོན་ཅི། སྐུ་གཙོ་བ་ངང་གསུང་མི་བརྩི་་བ་འདི་འགལ་བ་མ་རེད་དམ།
དམངས་གཙོ་སྒེར་གཅོད་ཅེས་པའི་ཐ་སྙད་ཅིག་ཡིད་ལ་འཁོར་སོང་། དབུ་མ་བས་དོལ་ཚོགས་དང་རང་བཙན་པ་ནང་དགྲ་ལྟར་ལྟ་བ་དང་། རྒྱ་གཞུང་གི་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་བྱུས་ལ་ཕྱི་དགྲ་ལྟར་ལྟ་བས། ཀླུ་མཁར་བྱམས་དང་ལུང་བ་གཅིག་གི་ཆུ་མི་འཐུང་བའི་དབང་ཆ་དང་འོས་འགན་ཡོད། དེ་ནི་དབུ་མ་བའི་བཙན་ས་དང་ལངས་ཕྱོགས་རེད། དེ་ལས་དབུ་མ་བས་རྒྱ་ཆེ་བའི་བོད་ཀྱི་ཁེ་ཕན་དང་རྒྱ་ནག་མང་ཚོགས་དགྲ་ལྟར་ལྟ་གིན་མེད་པའི་དཔང་རྟགས་རེད།
དེ་ཕྱིར་ཀླུ་མཁར་བྱམས་ཀྱིས་དབུ་མ་བའི་ཆབ་སྲིད་ཚོགས་པ་ནས་རང་བཙན་པའི་ལྟ་བའི་དར་བསྒྲེང་རྒྱུ་ཡིན་ཟེར་བ་དེ་རྙིང་མ་བ་ཞིག་དགའ་ལྡན་གསེར་ཁྲི་ལ་འདུག་རྒྱུ་ཡིན་ཟེར་བའི་བཟོ་ལྟ་ཞིག་མི་འདུག་གམ།
ཧ་ཧ་ཧ། ད་བསྡོམས་ཚིག་ཏག་ཏག་ཅིག་རྒྱབ་འདུག ཡིན་ནའང་། ད་ལོ་གཞི་ནས་ཤོག་ཁག་འགྲན་རྩོད་ཀྱི་དམངས་གཙོའི་འགྲོ་སྟངས་འགོ་བཙུགས་མ་ཐག་ཡིན་པས། སྔོན་གྱི་གྲུབ་མཐའི་རྩོད་པ་མ་ཡོང་བ་ཞིག་ལ་ཚང་མས་བསྐུལ་འདེད་བྱེད་འོས་སུ་མཐོང་།
ཡང་འདིར་གནས་ལུགས་མི་བཤད་པར་ཞེན་ཁོག་གིས་རུལ་བའི་མི་འགའ་སླེབས་འདུག
རྩོམ་པ་པོས་དྲང་གཏམ་བཤད་འདུག
རིག་ཡག་ལགས། ངས་ནམ་ཡང་ཞེན་ཁོག་ཅིག་བྱེད་ཀྱིན་མེད། དེང་སྐབས་འཛམ་གླིང་ཁྱིམ་རྒྱུད་གཅིག་ཅན་དང་སྐད་ཡིག་གཅིག་གྱུར་ལ་ཕྱོགས་པའི་སྐབས་འདིར། བོད་མི་རིགས་གཅིག་གི་ཁྲོད་སྲིད་སྐྱོང་ཤེས་འཇོན་ལྡན་པ་དང་། ༸རྒྱལ་བའི་དགོངས་གཞི་སྒྲུབ་མཁན། དྲང་ཚུགས་བརྟན་ལ་གཡོ་སྲོལ་མེད་པ་སུ་ཞིག་བྱུང་ན། དེར་རང་ཉིད་ལ་དབང་བའི་འོས་གཅིག་པོ་དེ་ཕན་རྐྱང་ཡིན། འདི་ན་ངས་ཚོགས་གཙོ་སྤེན་པར་དམིགས་བསལ་ཞེན་ཁོག་བྱ་དགོས་གང་ཡང་མེད། ཁྱེད་ཉིད་གནས་ལུགས་ཐད་ནས་མི་གཟུར་བའི་ཤོད་རྒྱུ་ཅན་ཞིག་ཡིན་ན། ཤོད་དང་། ཁོམ་སྐབས་དང་བསྟུན་བགྲོ་གླེང་རིམ་གྱིས་བྱ་ཆོག
ཞེན་ཁོག་དངོས་ན་པ་དེ་གནམ་ལོ་ཡག་གིས་བྱས་འདུག་ཟེར། ཁོ་ཀླུ་མཁར་བྱམས་དང་དགའ་ཉེ་ཡིན་མ་ཟད། མཚོ་སྔོན་ནང་ཁུལ་གྱི་རྫོང་ཡང་གཅིག་ཡིན་ཚུལ་གོ་རྒྱུ་འདུག དེ་བདེན་མིན་ཁྱེད་ཨ་མདོ་བ་ཚོར་དྲིས་དང་ཤེས་ཡོང་།
སྤེན་ཚེ་ནས་་་ཀ་སྟག་བླ་མ་ཟེར་བ་ཞིག་བསད་པ་བདེན་ན་ཁོ་ཁྲིམས་ཁང་ལ་བསྐྱལ་དགོས་ངེས་རེད།
ལྷ་སྡེ་གནམ་ལོ་ཡག་ལ་ཁག་ཡོད་མ་རེད། ཁོ་ལ་སློབ་སྦྱོང་གི་རྨང་གཞི་མེད་པ།
ཁོས་ག་རེ་ཧ་གོ་གི་རེད་དམ། ཆུང་ཟད་ཧ་གོ་མཁན་ཚོས་སྐད་ཆ་དྲང་མོར་བཤད་ན་ཡག་པོ་ཡོད་རེད།
རྒྱལ་བ་རིན་པོ་ཆེ་རང་གི་རྩ་བའི་བླ་མར་བསྟེན་པ་དང་། དབང་བསྐུར་གསུང་ཆོས་སོགས་ཐོབ་མཁན་གྱི་སློབ་མ་་ཞིག་གི་ངོས་ནས་བཤད་ན་བླ་སློབ་དམ་ཚིག་གཙང་མ་དགོས་པ་དེ་ཡང་གལ་ཆེན་པོ་རེད།
རང་གི་རྩ་བའི་བླ་མ་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་གི་སྟེང་དུ་འདུག་པ་ཕར་ཟད་། མཉམ་དུ་ཟ་མ་ཟ་བ། ཆུ་འཐུང་བ་དང་། ཐ་ན་དྲི་མ་ཕོག་པ་ཡན་ཆད་ལ་གཟབ་དགོས་པ་ནི་ནང་ཆོས་ཀྱི་གྲུབ་དོན་དང་རྡོ་རྗེའི་སློབ་མའི་ཆོད་སེམས་ཞིག་ཡིན་དགོས་ངེས་རེདད།
དེས་ན་སྤེན་ཚེ་བཤད་པ་དེ་འགྲིག་པ་རེད་ལ། རྒྱུད་སྨད་དགེ་སྐོས་ཀྱིས་བྱེད་པ་དེ་ཡང་འགྲིག་པ་རེད། འདི་རྒྱ་ནག་དང་ཀླུ་མཁར་བསྡུར་བ་གླན་རྟགས་ཚ་བོ་རེད། རྒྱ་ནག་དང་ཞི་འགྲིག་བྱེད་པ་དེ་ཐབས་ཤེས་མེད་པའི་ཐབས་ཤེས་རེད། རྒྱ་ནག་དང་མཉམ་དུ་བསྡད་འདོད་སུ་ཡང་ཡོད་པ་མ་རེད།
རྒྱ་བོད་ཀྱི་གནད་དོན་དེ་གནད་དོན་གཞན་ཞིག་རེད། ངཚོ་ཀླུ་མཁར་དང་ཞི་འགྲིག་ལ་གོ་བསྡུར་བྱེད་ཀྱིན་ཡོད་མ་རེད། གནད་དོན་འདི་མི་ཤེས་མཁན་ལྷ་སྡེ་གནམ་ལོ་ཡག་གཅིག་པུ་མིན་པར་ང་ཚོའི་དྲྭ་གྲོགས་ཚོའི་ཁྲོད་ན་གང་འཚམས་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།
འགའ་ཤས་ཀྱིས་མགོ་བདེ་འཁྲབ་ཀྱིན་ཡོད་རེད་དེ་་་དེ་ནི་སྲིད་དོན་ཞིག་མིན་པར་མི་རང་ཉིད་ཀྱི་རིན་ཐང་རང་ཉིད་ཀྱིས་ཕྱིར་ངོམ་པ་ཙམ་རེད།
འདི་ནི་རང་བཙན་དང་དབུ་མིའི་ལམ་གྱི་གནད་དོན་ཞིག་མིན་པར་ཀླུ་མཁར་ནས་གོང་ས་མཆོག་ལ་དམའ་འབབ་བྱས་ཡོད་མེད་ཀྱི་གནད་དོན་རེད།
ང་ཚོའི་ས་ཆ་ཡོངས་རྫོགས་རྒྱ་ནག་པའི་ལག་ཏུ་ཤོར་ཚར་བ་རེད། ཕྱིར་ལེན་པ་ལ་ཐབས་ཤེས་འདི་མ་གཏོགས་ཡོད་མ་རེད། རང་བཙན་གྱིས་ལམ་ནས་ལེན་ཐུབ་ན་སུས་ཀྱང་བཀག་འགོག་བྱེད་ཀྱིན་ཡོད་མ་རེད། སུ་འཇོན་ན་འཇོན་པ་རེད། དགའ་བསུ་ཡོད་རེད། ཁ་དཀྲིས་ས་འཚོལ་བ་དེ་ཚོ་ཡག་པོ་མ་རེད།
ཀླུ་མཁར་དང་མཉམ་གནས་གྲོས་མོལ་བྱེད་དགོས་ན་ཀླུ་མཁར་ནས་སྔོན་ཆད་བཤད་པའི་སྐད་ཆ་་དེ་ཚོ་ཕྱིར་འཐེན་བྱེད་དགོས་ངེས་རེད་ལ། ཕྱིན་ཆད་མི་བཤད་པའི་དམ་བཅའ་ཡང་འཇོག་དགོས་ངེས་རེད།
ཡང་ན་ཀླུ་མཁར་ནས་སྐད་ཆ་དེ་འདྲ་བཤད་མེད་པའི་མཐའ་སྐྱེལ་བྱེད་དགོས་པ་རེད། བཤད་ཡོད་ན་བོད་རྒྱ་ཆེའི་མི་དམངས་ལ་དགོངས་སེལ་ཞུ་དགོས་ངེས་རེད། དེ་འདྲ་བྱས་པ་ཡིན་ན་ད་གཟོད་རྩྭ་མཉམ་ཟ་དང་ཆུ་མཉམ་འཐུང་བྱེད་ཆོག་གི་རེད།
མདོར་་བསྡུས་ཏེ་བཤད་ན།
རང་བཙན་དང་དབུ་མའི་ལམ་དེ་གཞན་རེད་ལ།
ཀླུ་མཁར་དང་་༧གོང་ས་མཆོག་ཡང་གཞན་ཞིག་རེད།
བོད་རྒྱལ་གྲོས་མོལ་ནི་དེ་བས་ཀྱང་གཞན་ཞིག་རེད།
ཉ་དང་ཉུང་མ་བསྲེས་ནས་བཤད་པའི་སྐད་ཆ་དེ་ཚོ་ཡག་པོ་མཐོང་མ་སོང་།
ཡིག་ནོར་ལ་དགོངས་དག་
ང་འགྲོ་རན་སོང་
ལྷ་སྡེ་གནམ་ལོ་ཡག་ལ་སློབ་སྦྱོང་གི་ཆི་ཚད་མཐོན་པོ་ཡོད་པ་མ་ཟད་བོད་ཕྱི་ནང་གི་གནད་དོན་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གསལ་ལེར་མཁྱེན་པའི་ཤེས་རྒྱའང་ཡོད་པས་འདི་ན་ཁོང་ལ་དོ་བའི་སོ་སྐྱེས་་མང་ཙམ་མེད། དེ་བས་ཀྱང་གལ་ཆེ་བ་ནི་ཁོང་ལ་རིགས་ཞེན་གྱི་ལྷག་བསམ་བླ་ན་མེད་པ་ཞིག་བདོག་པ་དེ་ཡིན།
ཆུ་ཚད།
# 9 བཙན་པོ།་ལགས་ཀྱིས་མཆན་བཏབ་པ།:
August 30th, 2015 at 3:58 PM
བླ་ལོག་ཡག་ལྟ་བུ་མི་རེ་ཟུང་ཞིག་གིས་ཚོགས་གཙོའི་སྐད་ཆ་ལོག་འགྲེལ་བྱས་ནས་སྤྱི་ཚོགས་ཟང་ཟིང་བཟོ་འདོད་པ་ཙམ་པོ་རེད། དེ་ལས་ཆུང་དུ་བཏང་ནས་བཤད་ན་ཚོགས་གཙོའི་འོས་ཤོག་རེ་གཉིས་ཤིག་ཉུང་དུ་གཏོང་འདོད་པ་དེ་རེད། ངས་འདིས་ནས་ཀླུ་བྱམས་ཀྱི་སྐད་ཆ་ཁ་ཤས་ཤིག་འདིར་འཁྱེར་ཡོང་བླ་ལོག་ཡག་གིས་དེ་དག་རེ་རེ་བཞིན་འགྲེལ་གསལ་བོ་ཞིག་བྱོས། ༼ངས་དེ་འདྲ་ཞིག་མཐོང་སོང་། ༼ངས་འདི་ནས་་་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་བྱས་པའི་རྩོམ་ཡིག་ཁག་གི་ནང་དུ་ཡོད་པའི་སྨྱོན་གཏམ་ཁ་ཤས་འོག་ཏུ་བཀོད་ཡོད་དེར་ངེས་གཟིགས་གནང་རོགས།
ཞིབ་ཏུ་༼མེ་ཕྲེང་༽ལས་ཤེས་པར་འཚལ།། ༡ ཨ་ཚོགས་ཀླུ་མཁར་བྱམས་ཀྱིས ༼དེ་རིང་གི་ཏྰ་ལའི་བླ་མ་དད་རྟེན་ཙམ་ལས་སང་ཉིན་གྱི་རེ་བ་རྒྱག་ས་མིན་༽དང༼བླ་རྒན་ལ་དགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད་༽ཅེས་དང། །
༢ ཡང་ཁོས། ༼ཨ་རིའི་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་ན་རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་སྲིད་༽ཅེས་བཤད།།
༣ ཡང་ཀླུ་མཁར་གྱིས་ཕྱི་ལོ་༢༠༡༠ཟླ་༦ཚེས༡༡ཉིན་དུས་བབ་དྲ་ཚིགས་སུ་སྤེལ་བའི་ཉི་མའི་སྲིབ་འཁྱག་གླེང་བ་ཞེས་པའི་ནང། ༼༧གོང་ས་མཆོག་གཙོས་ས་ཡི་སེམས་དཔའ་རྣམ་པས་ཐོག་མར་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་ཚུལ་ལ་བལྟས་ཚེ། ༧གོང་ས་མཆོག་གིས་སྐབས་རེར་རང་ཉིད་ལྷ་ཡིན་ཁུལ་དང་མཚམས་རེར་མི་ཡིན་ཁུལ་བྱེད་ཀྱིན་ཡོད་བཟོ་འདུག༽
༤ ཕྱི་ལོ་༢༠༠༨ཟླ་༦ཚེས༣༠ཉིན་སྤེལ་བའི་དུས་བབ་དྲ་ངོས་སུ་ཡང་ཁོས། ༼རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ཤུགས་ལྡན་ནམ་རྒྱལ་འགོང་དམ་བསྒྲགས་ཀྱི་ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་༽ཅེས་བཤད།
༥ ཡང་ཁོ་པས། ༼ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས །རྒྱལ་བ་སྐུ་ཕྲེང་བཅུ་བཞི་བས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་༽ཅེས་དང།
༦ ཡང་ཁོས་༼གནས་ཆུང་དང། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤིས། ༧གོང་མཆོག་གིས་ཁོང་གཉིས་དཔང་པོར་བཞག་ནས་ཟན་བསྒྲིལ་གནང་བ་སོགས་གནང་ན་འདུམ་ཐབས་འདི་འགོ་ནས་འཁྱོག་སོང་ཙང། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོགས་ཨ་ཕོ་ལུག་རྫིས་འདུམ་དཔང་དེའི་གྲས་ནས་ཁས་ལེན་གྱི་མ་རེད༽ཅེས་བཤད།༽
གོང་གི་སྐད་ཆ་འདི་ཚོ་ཀླུ་བྱམས་ཀྱི་སྐད་ཆ་རེད། འདིར་གསལ་བོར་བརྗོད་འདོད་པ་ཞིག་ལ་ངས་ཀླུ་བྱམས་ལ་དད་པ་ཡོད་མེད་ཟེར་བ་འདི་ལ་སྐད་ཆ་མེད། འདི་སྒེར་དོན་ཞིག་རེད། དེ་མིན་གཞན་དེ་དག་ལ་གནས་ལུགས་འདུག་གམ། མདོར་ན་༧གོང་ས་མཆོག་ལ་ཁྱད་གསོད་ལྟ་བུ་མ་རེད་དམ། ཚོགས་གཙོ་༧གོང་ས་མཆོག་གི་བཀའ་དགོངས་ལ་བློ་གཉིས་ཐེ་ཚོམ་མེད་པར་ཡིད་ཆེས་རྙེད་པའི་མི་ཞིག་གིས་(གལ་ཏེ་སྐད་ཆ་དེ་ཀླུ་བྱམས་གཟས་པ་ཡིན་ན་) དེ་ལ་གནད་འགག་ཅི་ཞིག་འདུག ད་སྐབས་བོད་པ་ཚང་ལ་མཁས་དབང་དང་ཉམས་ཞིབ་པའི་མཚན་སྙན་འབྱོར་རྒྱུ་ཧ་ཅང་སྟབས་བདེ་ཡིན་པའི་སྐབས་འདིར་ཁྱོད་ཀྱང་དེའི་གྲས་ལ་འཚང་བའི་མི་ཞིག་རེད་ལྦཱ། བྱིས་པའི་ལབ་བརྡོལ་བྱེད་མ་ཡོང་།
ཡག་པོ་བྲིས་འདུག
ཨ་ལགས་འཇིགས་མེད་ཀྱི་ལྐོག་ལ་སྤེན་ཚེ་འཛུལ་ནས་ཀླུ་མཁར་བྱམས་ལ་མ་ན་མགཏོགས། མ་བྱས་པ་རྩ་ནས་མེད། ཁྲིམས་ཁང་བསྐྱལ་གི་ཡིན་ལབ་རེད། རྒྱ་ནག་ལ་རྩིས་སྤྲད་ཀི་ཡིན་ལབ་རེད། སྐྱུགས་བྲོ་བའི་ལས་ཀ་མང་བོ་བྱས་ཚར་རེད། ལྷག་པར་ཀླུ་མཁར་བྱམས་ཀྱི་རྩོམ་ཡིན་བསྟན་དོན་ཆ་ཚང་མ་བཀླགས་པའི་ཐོག་ནས་ཚིག་འབྲི་ཁ་ཤས་དར་ཆ་འཁྱེར་ནས་སྨྱོན་རྟགས་མང་བོ་བསྟན་ཚར་རེད། ད་དུང་༧ གོང་ས་མཆོག་གི་མིང་བེད་སྤྱོད་གཏོང་ནས་ཟིང་སླངས་རེད། ཡིན་ན་ཡང་བདེན་པ་དང་གནས་ལུགས་རྒྱུ་མཚན་ཟེར་བ་དེ་མིའི་རིགས་ཧ་གོ་རྐྱེན་ཅང་བྱས་མ་ཐུབ་པ་རེད། མ་འོངས་ལོ་རྒྱུས་ནང་ནས་ཡིན་ན་ཡང་སྤེན་ཚེ་དང་ཀླུ་མཁར་བྱམས་གཉིས་སུ་དཀར་བོ་ཆགས་མིན་དང་སུ་ནག་པོ་ཆགས་མིན་ཧ་གོ་གི་རེད།
གོང་གི་ཀླུ་བྱམས་ཀྱི་རྩོམ་ནང་ནས་ཁུར་བསླེབས་པའི་ཚིག་ཐ་རེ་འཐོར་ར་དེ་དག་ཅི་ཟེར་གྱི་ཡིན་ནམ། ཐེངས་བཅུ་མཆན་ཡང་དང་བསྐྱར་བཏབ་སོང་། སྤེན་ཚེ་ཨབ་ཕྲུག་ཚོ་ལ་དེ་གཏོགས་མ་ཁུངས་ལྡན་འདྲ་ཅང་མེད་པེ། མི་ངན་གཏམ་དེར་ཨ་བཤད་ཡང་བཤད། ཕག་ངན་སྐྱག་པར་ཨ་བཟའ་་ཡང་བཟའ་ཟེར་བ་དེ་རེད།
མ་ཞིག་ནས་ཚིག་ཐ་རེ་འཐོར་དེ་ཡང་ཁ་གཏོང་བའི་བརྗོད་ཚིག་ཞིག་ཅང་རེད་མི་འདུག ཁ་གཏོང་ཟེར་དུས་སྐུར་འདེབས་དང་སྒྲོ་བཏགས་ལ་ཟེར་ཡི་ཡོད་རེད། ཀླུ་བྱམས་ཀྱིས་སྒྲོ་བཏགས་དང་སྐུར་འདེབས་གང་ཡང་བྱས་མི་འདུག
དྲ་གྲོགས་རྣམས་ཀྱིས་ཀླུ་མཁར་བྱམས་ལགས་ཀྱི་འཇིག་རྟེན་ལྟ་གྲུབ་ཅི་ཡིན་པ་ཧ་གོ་གི་མེད་པ་མ་ཟད། ཀླུ་མཁར་བྱམས་དང་རྒྱལ་བ་རིན་པོ་ཆེ་གཉིས་ལ་འགལ་བའང་མེད་པར་སྒྲུབ་གི་འདུག འདི་རྩ་བ་ནས་ནོར་བ་རེད། སྐུ་ཞབས་ཀླུ་མཁར་བྱམས་ཀྱི་འཇིག་རྟེན་ལྟ་ཚུལ་ནི་ལྷ་དང་བླ་མ། སྤྱན་རས་གཟིགས་ཀྱི་བོད་ཁམས་སྐྱོང་བ། ཚེ་འདི་ཕྱི་གཉིས་སོགས་ཆོས་ཀྱི་ལྟར་སྣང་ཡོངས་ཁས་ལེན་གྱི་མེད། དེ་མ་ཟད་ཏ་ལའི་བླ་མ་ཟེར་བའང་ཁོ་ནང་བཞིན་མི་ཞིག་ལས་ཁྱད་པར་ཅན་གང་ཡང་མིན་པ་མ་ཟད། ཆོས་ལུགས་ཀྱི་འདོད་འདུན་ལྟར་ཏ་ལའི་བླ་མ་ནི་སྤྱན་རས་གཟིགས་ཡིན་པ་དང་། ཁོང་ལ་མི་མངོན་པའི་ནུས་པ་ཡ་མཚན་ཡོད་པ་སོགས་གཅིག་ཀྱང་འདོད་གི་མེད། དེར་མ་ཟད་ཏ་ལའི་བླ་མ་ལ་ཚབས་ཆེ་བའི་ཆབ་སྲིད་ཀྱི་ནོར་འཁྲུལ་ཡོད་པ་མ་ཟད། མི་རིགས་བླ་བཙོང་བྱས་བ། ཆོས་ལུགས་དབར་ལ་དབྱེན་དཀྲུགས་ཀྱིས་སྤྱི་ཚོགས་ཟང་ཟིང་སོགས་བཟོས་ཡོད་པས། མི་མང་ཡར་ལངས་ནས་ཏ་ལའི་བླ་་མར་འཐབ་རྩོད་བྱེད་དགོས་བ་མ་ཟད། ཁྲིམས་ཁང་ནས་ཁྲིམས་ཐག་བཅད་དེ་བོད་མི་རིགས་ལ་དགོངས་དག་ཞུས་རྗེས། ཁ་ཚུམས་ནས་ཆོས་བྱེད་རྒྱུ་ལས་ཆབ་སྲིད་དང་ཆོས་ལུགས་རྙོག་དྲའི་ནང་དངོས་ཤུགས་བརྒྱུད་གསུམ་ནས་ཚིག་ཙམ་ཡང་གསུངས་རྒྱུ་མིན་པའི་ཁས་ལེན་བྱེད་འཇུག་རྒྱུ་བཅས་རེད། འདི་ཀླུ་མཁར་བྱམས་ཀྱི་མེག་ལོར་གི་ཇ་ཁང་ཆང་ཁང་ནས་དངོས་སུ་བཤད་ཀྱི་ཡོད་རེད། གང་ལྟར་ཀླུ་མཁར་བྱམས་སྲིད་སྐྱོང་ལ་སླེབས་ན་ཁོང་གིས་ནུས་བ་ཅི་ཙམ་ཐོན་མིན་མི་ཤེས་ཀྱང་རྒྱལ་བ་རིན་པོ་ཆེར་དམ་དྲག་ཅིག་བྱེད་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་རེད་ལ། རྙོག་དྲ་ཆེ་རུ་འགྲོ་གི་རེད། རྒྱབ་སྐྱོར་བ་ཚོས་ད་ལྟ་ནས་མཇུག་འབྲས་ལ་འགན་ཁུར་དགོས་ཀྱི་རེད། ཡིད་མི་ཆེས་ན་ཀླུ་མཁར་བྱམས་ལ་ཡོངས་གྲགས་ཐོག་དབུ་མའི་ལམ་དང་དོལ་རྒྱལ་གྱི་རྙོག་དྲ་ཐོག་རྒྱལ་བ་རིན་པོ་ཆེའི་འདས་པ་དང་མ་འོངས་པའི་རྒྱལ་བ་རིན་པོ་ཆེའི་གསུང་བབ་ལ་དམ་དྲག་བྱེད་མིན་དྲིས་དང་གསལ་བོ་ཆགས་ཀྱི་རེད། སྤེན་ཚེ་རྒྱལ་བ་རིན་པོ་ཆེ་ལ་དད་པ་དག་སྣང་ཡོད་སྲིད་ལ་ཡོད་ཀྱང་ཆོག ད་དུང་རྒྱལ་བ་རིན་པོ་ཆེར་ཁ་གཏོང་མཁན་མཉམ་བགྲོ་གླེང་ཡང་བྱེད་ཀྱི་མིན་པ་རེད། དེ་ཁོང་གི་འདོད་པ་རེད། ཡིན་ནའང་སྤེན་ཚེ་ལ་དཀའ་ངལ་གཅིག་ཡོད་པ་ནི་ཁོང་ལྟ་བུ་ཞིག་སྲིད་སྐྱོང་ལ་སླེབས་ཚེ་བོད་མིའི་ཆིག་སྒྲིལ་ཡོང་ཐུབ་མིན་ལ་དོགས་པ་ཡོད་རེད། འདི་ཡང་དངོས་ཡོད་ཅིག་རེད། གང་ལྟར་ཀླུ་མཁར་བྱམས་དང་སྤེན་པ་ཚེ་རིང་གཉིས་ཀ་མི་དྲང་མོ་ཞིག་རེད། གཉིས་ཀ་ཨ་མདོ་བ་རེད། ད་ཐེངས་ཨ་མདོ་ནང་ཁུལ་ལ་མི་མཐུན་པ་ཞིག་བྱུང་གི་རེད་ལ། མི་ངན་རེ་ཟུང་ཁོང་གཉིས་ཀའི་རྩོད་གཞི་ནང་ཞུགས་ཏེ་མེ་རྒྱག་གི་འདུག དེ་ཡག་པོ་མི་འདུག མདོ་སྟོད་ཀྱི་རྒྱ་ཆེ་མི་མང་ནང་མི་རེ་ཟུང་ནི་མི་ངན་ཐ་ཤལ་དེ་འདྲ་འདུག ཀླུ་བྱམས་དང་སྤེན་ཚེ་དབར་དཀྲུགས་ཤིང་རྒྱག་གི་འདུག མི་ངན་འདི་ཚོ་དབུས་གཙང་ཆོལ་ཁ་ལ་སྡང་ཟུག་གིས་དཀྲུགས་ཤིང་རྒྱག་པ་དང་། ཨ་མདོའི་ཆོལ་ཁ་ལའང་སྡང་ཟུག་གི་དཀྲུགས་ཤིང་རྒྱག་པ། མདོ་སྟོད་ནང་ཁུལ་དུའང་སྡང་ཟུག་གིས་དཀྲོགས་དྲ་བཟོ་གི་ཡོད་རེད། བོད་མི་ཚང་མ་མི་ངན་ཁོང་ཚོའི་འདོད་པ་ནང་བཞིན་མགོ་སྒུར་ནས་འགྲོ་དགོས་སམ། ནམ་ཡང་འགྲོ་གི་མ་རེད།
བསྟན་རྣམ་ཟེར་བ་ཁྱོད་ཀྱིས་སུ་དང་མཐུན་ལམ་ཡོང་ཐབས་བཤད་ཀྱི་ཡོད་དམ། སོ་སོས་དཀྲུགས་གཏམ་འབྲོང་འདྲ་བ་བཤད། ཇ་ཁང་ཆང་ཁང་ནང་གི་ཀྲོག་གཏམ་ཡན་ཆན་ཁུར་འོང་མཁན་གྱི་མདོ་སྟོད་པའི་ནང་གི་མི་ངན་ཐལ་ཤས་དེ་ཁྱོད་རང་ཡིན་ས་རེད།
ཡང་བསྟན་རྣམ་ཁོས་འདྲ་ཆགས་མདོག་གིས་ཇ་ཁང་ཆང་གི་གད་རྙིགས་ཡར་འཁྱེར་ནས་སླེབས་བྱུང་། སུས་ཡིད་ཆེས་བྱེད་ཀྱི་རེད། དུས་ཉེར་གཅིག་གི་སྤྱི་ཚོགས་འདི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་མི་གཅིག་དབང་འཛིན་ལམ་ལུགས་ཆོོས་ལུགས་དབང་འཛིན་ལམ་ལུགས། རྨོངས་དད་ཀྱི་ལྕགས་སྒྲོག་ལས་གྲོལ་ཏེས་དམངས་གཙོ་རང་དབང་གི་དུས་རབས་འདིར་འདྲ་མཉམ་རང་བཞིན་དང་མཉམ་གནས་རང་བཞིན་གྱི་སྤྱི་ཚོགས་ནང་སྐད་ཆ་འདི་ལྟར་བཤད་ཡོང་ན་སུས་ཡིད་ཆེས་ཁས་ལེན་བྱེད་ཀྱི་རེད། ད་དུང་རྫབ་ཆེན་དང་རྣ་བར་མི་འགྲོ་བའི་སྐད་ཆ་དག་ནི་ཀླུ་བྱམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་དམ་སྒྲག་ཅིག་བྱེད་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཡིན་པ་རེད་ཟེར་བ་འདི་རེད། འདིས་བསྟན་དོན་༧རྒྱལ་བ་རིན་པོ་ཆེ་ཁ་འཁྱེར་གྱིས་ཀླུ་བྱམས་ནག་པོ་བཟོ་ཐབས་རེད་ལ་མིི་མངོན་པའི་ཚུལ་གྱིས་སྤེན་ཚེའི་རྒྱབ་ལངས་དེ་རེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་བོད་མི་རིགས་མང་ཆེ་བ་རྨོངས་དད་ཀྱི་གཉིད་ལ་བསད་ཡོད་ལ་དུས་རབས་ཀྱི་རྗེས་འགྲོ་བ་ཡིན་པས་ཁྱོད་ལྟ་བུའི་ཀླད་རྙིང་མཁྲེགས་བཟུངས་རྙིང་ཞེན་བག་ཁུམས་ཀྱིས་མི་དམངས་འབུར་འཇོམས་བྱེད་པའི་མགོ་བསྐོར་བསླུ་འཁྲིད་བྱེད་པའི་གཏམ་ལ་ཆ་འཇོག་བྱེད་མཁན་ཡོད་པ་མ་རེད།
བསྟན་རྣམ་ལགས་ཀྱིས་གསང་པ་ཕྱི་ལ་བཏོན་འདུག ཚོགས་གཙོའི་ཕྱོགས་གཏོགས་ཚོས་མ་འོངས་པར་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཁོ་རང་ཚོའི་ཚབ་བྱེད་ཀྱི་ཡིན་པར་ཕྲག་དོག་ནང་ཞེད་སྣང་བསྲེས་ནས་སླེབས་ཤག འུ་ཐུག་ནས་གོང་ས་མཆོག་ལ་དམ་དྲག་བྱེད་ཀྱི་རེད་ཟེར། དཀྲོགས་གཏམ་རེད་དེ་གདེངས་འཇོག་ཀྱང་རེད། ད་ཚོགས་གཙོས་དགོངས་དག་ཞུ་རན་འདུག
མདོ་སྟོད་ནང་གི་མི་ངན་དེ་ཚོ་ནི་ཞོལ་གཡག་འབྲོང་རྒྱུད་ཁྱོད་གཅིག་རེད། ཁྱེད་རང་གི་ག་རེ་བྲིས་བར་བལྟས་དང་ཤེས་ངེས་རེད། ཀླུ་མཁར་བྱམས་ཡར་ལ་འཇོག་ཁུལ་བྱས། སྤེན་པ་ཚེ་རིང་ལ་སྨད་ཁུལ་བྱེད་མོད། དོན་དངོས་ཐོག་ཁྱོད་ཀྱིས་མདོ་སྨད་ནང་ཁུལ་དཀྲུགས་ཤིང་རྒྱགས་ཅི་ཐུབ་བྱེད་བཞིན་པ་མི་ཤེས་བ་ག་ལ་ཡིན། དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལའང་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད། དེས་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་བང་ཆེན་གསར་ཁང་བཙུགས་ནས་དངུལ་སྒོར་ག་ཚོད་བཟས་བ་མི་གླེང་བ་ཅི་རེད། མདོ་སྟོད་ཀྱི་མི་ངན་རེ་ཟུང་ཁྱོད་ཚོའི་མིག་ཞར་བ་རེད་དམ། སྤེན་པ་ཚེ་རིང་མི་གསོད་ལག་དམར་རེད་ཟེར་གྱི་ཡོད། དེས་ན་མི་ངན་ཁྱོད་ཚོས་ཁྲིམས་ཁང་ལ་ཅིའི་ཕྱིར་མ་གཏུགས་པ་ཡིན། མི་གསད་ཚར་བའི་ནང་མི་ཡོད་ཤག་རེད། ཁྱོད་ཚོས་ཁོང་ཚོས་ནང་མི་ལ་བརྒྱབ་རྩ་བྱས་ནས་ཁྲིམས་ཁང་ལ་ཅིའི་ཕྱིར་གཏུགས་གི་མེད། ལྐོག་ལ་འཛུལ་ནས་མི་ལ་ངན་བཤད་ཁོ་ན་བྱེད་པ་དེ་ཁྱོད་ཚོར་དཔང་རྟགས་ལྟ་ཅི་ཆབ་སྲིད་ཁོ་ན་ཞིག་རེད།
སྤེན་པ་ཚེ་རིང་དང་ཀླུ་མཁར་བྱམས་གཉིས་ཀ་མདོ་སྨད་ཀྱི་གཟུགས་བཟང་ནང་གི་རྟ་བཟང་གཉིས་རེད། ཁོང་གཉིས་མི་མཐུན་པ་ཡོད་ཀྱང་ལྐོག་ནས་དེ་འདྲ་དམའ་འབེབས་བྱེད་དོན་མི་འདུག་སྙམ། ཁྱོད་ཚོ་ནི་དོན་དངོས་ཐོག་བོད་མིའི་མང་གཙོ་ཙམ་མ་ཟད། བཟང་སྤྱོད་ཀྱི་འགོག་རྐྱེན་ཞིག་རེད། ཀླུ་མཁར་བྱམས་རྒྱལ་བ་རིན་པོ་ཆེར་བརྩི་བཀུར་མེད་ནའང་ཡིན་གཅིག་མིན་གཅིག་བརྩི་བཀུར་བྱེད་དགོས་ཟེར་གྱི་མེད་ལ། སྤེན་པ་ཚེ་རིང་རྒྱལ་བ་རིན་པོ་ཆེར་དད་པ་དམ་ཚིག་ཡོད་ན་ཡིན་གཅིག་མིན་གཅིག་དེ་མགོ་བདེ་དྲན་འཕྲུལ་རེད་ལབ་ཐུབ་ཀྱི་མ་རེད། དམའ་འབེབས་འདི་ཚོ་ཁོང་གཉིས་སུ་ལའང་ཕན་གྱི་མེད་པར། སྟག་གཉིས་འཐབ་པའི་རྗེས་སུ་གཉིས་ཀ་རྨས་རྒྱུ་ཡིན་པ་སུས་བལྟས་ཀྱང་ཤེས་ངེས་རེད། ཁྱོད་ཚོར་དགོས་རྒྱུ་ནི་འདི་རེད། ཡག་པོ་བྱས་ནས་བལྟས་ན་མི་ངན་ཁྱོད་ཚོའི་བྱེད་སྟངས་ཅི་ཡིན་མི་ཤེས་སུ་ཡོད། ང་ཚོ་ལྐུགས་པ་མ་རེད།
སྟག་གཉིས་འཐབ་ཀྱི་ཡོད་མ་རེད་ད། ཕག་པས་སྟག་ལ་རྙོག་གླེང་བཟོ་ཡི་ཡོད་རེད། སྤྲུལ་སྐུ་བསད་པའི་རྙོག་གླེང་ཡོད་མཁན་ཞིག་གི་རྒྱབ་སྐྱོར་བ་ཚོ་ལ་་་བཟང་སྤྱོད་བཤད་པའི་ཐོབ་ཐང་ཅང་ལྷག་ཡོད་དམ། ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་ལ་ཡ་རབས་བཟང་སྤྱོད་བཤད་པའི་ཐོབ་ཐང་ཅང་ལྷག་མེད་པ། འདི་ནི་སྤྱང་ཀི་ཡི་ཆོས་བཤད་དང་རྐུ་མའི་སྙིང་རྗེ་རང་རེད་དོ།་་་ཧཧ་ཧམ་ཅན་འདི་ཚོ
ཨ་རོགས་ཚོར། ད་ཁྱོད་ཚོ་ཆོག་གི་་་བཤད་གི་བཤད་གི་མདོག་ཉེས་རུ་ཉེས་རུ་འགྲོ་གི་འདུག་ག་་་་་སྲིད་སྐྱོང་འོས་མི་ཚོའི་སྐྱོན་གཅིག་པུ་གླེང་ནས་ཕན་ཚུན་རྨ་འབྱིན་པ་དེ་ཡག་པོ་མི་འདུག་ལ། གླེང་གཞི་འདི་དག་གླེང་ནས་ཐག་ཆོད་འགྲོ་བ་ཞིག་ཀྱང་མ་རེད། དེ་བས་འོས་མི་ཚོའི་ཟུར་གཞན་ནས་བལྟས་ན་ཡག་གི་རེད། ད་ཐེངས་ཀྱི་འོས་འགྲན་འདི་ང་ལ་མཚོན་ན་དོན་སྙིང་ཡོད་པ་ཞིག་རེད་སྙམ། གང་ལགས་ཞེ་ན། དབུ་མའི་ལམ་མུ་མཐུད་རྩོད་མཁན་གྱི་འོས་མི་དང་རང་བཙན་རྩོད་མཁན་གྱི་འོས་མི་ཚོའི་དབར་ལ་དོན་དངོས་ཐོག་གི་བགྲོ་གླེང་ཞིག་ཡོད་པ་རེད་ལ། འདི་ང་ཚོའི་ལས་དབང་ལའང་འབྲེལ་བ་དམ་ཟབ་ཡོད་པ་རེད། ད་ཐེངས་རང་བཙན་དང་དབུ་མའི་ལམ་ལ་འགྲོ་མཁན་ཚོའི་དབར་དུ་རྣམ་དཔྱོད་ལྡན་པའི་བགྲོ་གླེང་ཡོང་ཐུབ་ན་ཡག་གི་རེད། དེ་མིན་དད་ཉམས་དང་མི་གསོད་ལག་དམར་སོགས་བརྩད་ནས་བསྡད་ན་བོད་མིའི་མང་གཙོ་འདི་འགྲོ་ས་ཞིག་ལ་འགྲོ་གི་མེད་པར། ཁ་ཕྱོགས་ཡ་མ་བརླ་ཞིག་ཏུ་མི་འགྲོ་བའི་ངེས་བ་མི་འདུག གལ་ཏེ་རང་བཙན་དང་དབུ་མའི་ལམ་གྱི་ལྟ་བའི་ཐོག་ནས་མཁས་པའི་རྩོད་གླེང་ཞིག་བྱེད་ཐུབ་ན་སུ་ལ་འོས་བླུགས་དགོས་མིན་ཤེས་གི་རེད།
བྱ་གཞུང་དཔལ་རྡོར་ལགས་ཀྱིས་གསུང་བ་རང་རེད། ད་རེས་ཀྱི་སྲིད་སྐྱོང་འོས་མིའི་འགྲན་རྩོད་འབབ་ས་ནི་དབུ་མའི་ལམ་ཤོག་ཁག་དང་རང་བཙན་སླར་གསོའི་ཤོག་ཁག་འོས་མིའི་བར་གྱི་ཡོངས་གྲགས་ཀྱི་བརྒལ་བརྟག་བགྲོ་གླེང་ཡིན་ཞིང་། འདི་ནི་དུས་རབས་ཀྱི་བརྒལ་བརྟག་བགྲོ་གླེང་ཞིག་ཡིན་ལ། བཙན་བྱོལ་མང་ཚོགས་ནང་སྙིགས་དོར་བཅུད་ལེན་གྱི་གདམ་ག་ཞིག་ཀྱང་འཆར་ཐུབ་པར་ཚོད དཔག་བྱེད་མི་མང་བོ་བྱུང་གི་ཡོད། བརྒལ་བརྟག་བགྲོ་གླེང་འདི་ནི་ཡུན་རིང་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཞིག་ཏུ་འགྱུར་བར་རེ་བ་ཤིན་ཏུ་ཆེ།
གོང་གི་དྲ་གྲོགས་གཉིས་ཀྱི་བཤད་པ་ངོ་མ་རེད། རང་བཙན་དང་དབུ་མ་གཉིས་བོད་རྩ་དོན་ཆེད་རེད། ད་རེས་རྒྱ་ཆེའི་མི་དམངས་མདུན་དུ་ལོ་རྒྱུས་ནང་འཁོད་འོས་པའི་བགྲོ་གླེང་གདོང་ཐུག་བརྒྱབ་ནས་གནང་དགོས་རེད། དེ་མིན་མི་རིག་ས་ནས་སྐྱོན་མཚང་འདོན་རེས་བྱས་ན་ཕན་ཐོག་ཡོད་པ་མ་རེད། དབུ་མ་བ་སྤེན་ཚེ་དང་རང་བཙན་པ་ཀླུ་མཁར་གཉིས་མི་དམངས་མདུན་གདོང་དང་གདོང་གཏད་ནས་བགྲོ་གླེང་ལྷུག་པོ་གནང་དགོས་རེད། དེ་ནས་དབུ་མ་ལ་རེ་བ་ཡོད་མེད་དང་རང་བཙན་ལ་རྒྱལ་ཁ་ཡོད་མེད་ཧ་གོ་ངེས། སུས་ལོ་རྒྱུས་ཀྱི་དཀྱོགས་མཚམས་ནས་གདོང་ཐུག་ནས་མི་དམངས་མདུན་ལ་ཡོང་མ་ཐུབ་ན་དེ་ནི་སྡར་མ་དང་རྫུན་མ། ཁུངས་འཁྱོལ་གྱི་མེད་པ་ཧ་གོ་ཚར་རེད། དེ་ནས་རྗེས་མ་ལོ་རྒྱུས་ནང་དབུ་མ་མང་མོས་ཐག་གཅོད་རིམ་པ་བྱས་པ་རེད་ཟེར་བ་དེ་རང་བཞིན་ནུས་ཆགས་པ་བཤད་མ་དགོས་རེད། ང་ཚོས་བགྲོ་གླེང་འདིར་སྒུག་ནས་འདུག
ལོ་རྒྱུས་ནང་རང་བཞིན་ནུས་མེད་ཆགས་པ ནོར་བཅོས
འོ་ཡ། བགྲོ་གླེང་དེ་འདྲ་གལ་ཆེན་ཞིག་ཡིན་ན། ཀླུ་མཁར་ལ་ཁེ་བཟང་རེག་ཤག དབུ་མའི་ལམ་གླེང་མཁན་གཅིག་ཇེ་ཉུང་དུ་སོང་ནའང་ཡག་པོ་མ་རེད་དམ། དེ་མ་གཏོགས་རང་བཙན་པ་གཅིག་གིས་དབུ་མ་བ་བཞི་ལ་ཁ་གཏད་གཅོག་ཡའང་སླ་བོ་ཞིག་ག་ལ་ཡིན།
ཧ་ཧ། བསྟན་རྣམ། ཁྱོད་ཀྱིས་ཁ་སྣའི་བར་ལ་སྐྱག་རྫུན་བཤད་ང་མདོ་སྟོད་ཀྱི་མི་ངན་རེད་ཞེས་པའི་ཚོད་དཔག་དེ་རྦད་དེས་ནོར་སོང་ང་། ང་མདོ་སྟོད་སྨད་དབུས་གཙང་གང་གི་ཡང་ཁོངས་སུ་མ་གཏོགས་པའི་བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཡིན་གོ་ཨེ་ཐལ། དེས་ན་ཁྱོད་ཀྱིས་ལུང་ཚན་དང་ཆོལ་ཁའི་ཕྱོགས་ཞེན་འཁྱེར་མེད་ན་ཀླུ་བྱམས་དང་སྤེན་ཚེ་གཉིས་མདོ་སྨད་ཀྱི་གཟུགས་བཟང་ནང་གི་རྟ་བཟང་ཡིན་པ་ཇི་ལྟར་ཆགས་སོང་བ་རེད། ངས་ནི་གཟུགས་བཟང་ཡིན་པ་ཞིག་ཁྱོན་ནས་མཐོང་མ་སོང་། བྱས་ཙང་ཁོ་གཉིས་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཆ་བཞག་ན་ཀླུ་བྱམས་རང་བཙན་རེད་སྤེན་ཚེ་དབུ་མ་རེད། འདི་ཆབ་སྲི་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་འགལ་བ་རེད། འོན་ཀྱང་བཙན་བྱོལ་གྱི་རྩ་དོན་འཐབ་རྩོད་ཀྱི་ཁ་ཅི་ཡིན་འདི་ཡིན་མེད་པའི་ཁྲོད་དེ་ཙམ་སྐྱོན་ཆེ་མེད་ཀྱང་སྤེན་ཚེས་རང་ཉིད་འོས་འཐོབ་ཆེད་༧རྒྱལ་བ་རིན་པོ་ཁ་འཁྱེར་གྱིས་དད་པ་ལོག་སྤྱོད་ལམ་ལུགས་འོག་ཀླུ་བྱམས་དང་མཉམ་སྡོད་མཉམ་ལངས་བྱེད་རྒྱུ་མིན་པའི་དམ་བཅའ་བཞག་ཡོད་པ་རེད། འདིས་བོད་མི་རིགས་ཁྲོད་ཆབ་སྲིད་ལམ་ལུགས་ལ་རྨོངས་དད་ཀྱི་བག་ཆགས་འཇོག་བཞིན་པ་དེ་རེད། འདི་མི་རིགས་རྩ་བརླགས་འགྲོ་བའི་རྒྱུ་རྐྱེན་ཆགས་ཀྱི་ཡོད་པ་རེད། གལ་ཏེ་ཁྱོད་དེ་འདྲའི་མདོ་སྨད་ཞེན་ཁོག་ཏོག་ཙམ་ཡོད་ན་སྤེན་ཚེར་སློབ་གསོ་ཡག་པོ་ཞིག་སྤྲད་ནད་ཀླུ་བྱམས་ཀྱིས་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་དང་ཟུར་ཟའི་གནས་དོན་ཡོད་ཚད་ཅོག་ཙེ་གཅིག་གི་སྟེང་དུ་མཉམ་སྡོད་མཉམ་ལངས་ཀྱིས། ཕན་ཚུན་གནས་ལུགས་དང་རིག་པ་བརྡར་ནས་མི་དམངས་ལ་གསལ་བཤད་ཐིལ་ཕྱིན་པ་བྱེད་ཐུབ་ན། ད་གཟོད་༢༠༡༦ ལོའི་བོད་མི་རིགས་ཀྱི་དབུ་འཁྲིད་རྣལ་མ་ཞིག་འདེམས་རྒྱུར་ཐེ་ཚོམས་མེད་པས་སྤེན་ཚེ་ང་གཅིག་མིན་ན་སུ་གཅིག་ཡིན་མཉམ་པའི་ང་རྒྱལ་གྱི་གོང་བུར་ཡང་དག་པའི་སློབ་གསོའི་ཆུ་ཞིག་བླུགས་དང་དེ་གས་འགྲིགས་འགྲོ་ཡི་རེད། དེ་མིན་ཀླུ་བྱམས་ལ་གཡོལ་ཕྱིན་ན་ཀླུ་བྱམས་བརླག་མི་བརྙེད་པའི་རང་ཚང་བསྟོན་པ་ཙམ་གཞན་གང་ཡང་མ་རེད། དེས་ན་ངས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་དགོས་རྒྱུ་མཚན་མང་པོ་ཡོད་ཀྱང་གལ་ཆེ་ཆེ་ཤོས་དེ་བཙན་བྱོལ་གྱི་རྩ་དོན་འཐབ་རྩོད་མུག་ཤི་འཐེབ་གྲབས་འདིར་མི་རིགས་ཀྱི་འཐབ་རྩོད་དབུ་འཁྲིད་ནུས་པའི་འཆར་སྣང་རང་བཞིན་ལྡན་དགོས། དེ་གཅིག་ཡིན། དེ་ནས་རྩ་དོན་འཐབ་རྩོད་ལ་མེད་དུ་མི་རུང་བ་ཞིག་ནི་ཁ་གཏད་དགྲ་བོར་ཆ་རྒྱུས་ཡ་རྒྱུས་ཡོད་མཁན་ཞིག་ངེས་པར་དུ་དགོས་ཙང་། ཀླུ་བྱམས་ཀྱིས་བྲང་ཁ་དགྲ་བོའི་མེ་མདའི་ཁ་གཏད་དུ་ལངས་མྱོང་མཁན་ཞིག་ཡིན་ཙང་རྩ་དོན་འཐབ་རྩོད་ཀྱི་གསོན་ཤུགས་ལྡན་ཡོད། ལྷག་པར་དུ་སྙིང་སྟོབས་དགུ་འགྱུར་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་རྨངས་ནས་བསད་འདུག་ལ་དད་པ་ལོག་སྤྱོད་བྱེད་མཁན་ཞིག་མིན་པ་མ་ཟད། བོད་མི་རིགས་ལ་བྲན་གཡོག་གཤིས་ཀའི་བག་ཆགས་འཇགས་པར་བྱེད་མཁན་ཞིག་དེ་བས་མ་རེད། བྱས་ཙང་ང་ཁོང་གི་འཆར་སྣང་དགའ། ང་ཁོང་གི་རང་གཤིས་ལ་དགའ། ང་ཁོང་གི་ལྷག་བསམ་དང་སྙིང་སྟོབས་ལ་དགའ། ང་ཁོང་གི་རང་ཚུགས་ལ་དགའ། ང་ཁོང་གི་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད་དགྲ་བོའི་མེ་མདའི་ཁ་གཏད་དུ་ལངས་ནས་ཤི་མ་གསོན་གྱི་ས་འཚམས་སུ་སླེབས་མྱོང་བའི་མཛད་རྗེས་ལ་སེམས་འཁུར་ཡོད། ད་དུང་་་་ད་དུང་་་་ང་རྒྱབ་སྐྱོར་བྱེད་དགོས་རྒྱུ་མཚན་ཡང་དག་ཡིན།
བཙན་བྱོལ་གྱི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཞེས་པར་བཅོས།
སྤེན་པས་མི་ནི་བསད་མེད།།
ཀླུ་ཡིས་དམ་ཉམས་བྱས་མེད།།
རང་བཙན་དབུ་མའི་བར་ནས།།
ཁྱོད་གསོད་ང་གསོན་ཟེར་གི།
སྲིད་སྐྱོང་འོས་མི་རྣམ་པ།།
ཞབས་སྟེགས་གཅིག་གི་སྟེང་དུ།།
རང་དབུ་ལྟ་གྲུབ་ཤོད་དང་།།
དེ་ནས་ལྟད་མོ་མཐོང་ཡོང་།།
རྒྱ་ནག་དམར་ཤོག་གཞུང་གིས།།
དབུ་མར་ཁས་ལེན་མེད་ན།།
ལྐུག་པ་ཨུ་ཚུགས་མ་རྒྱག།
དེ་ལས་རང་བཙན་རྩོད་རོགས།།
དྷ་སའི་ནགས་གླིང་འདི་ནས།།
རང་བཙན་རང་བཙན་ཟེར་མཁན།།
ལག་དམར་རྒྱ་ནག་ལས་ཀྱང་།།
སྡིག་ཅན་བརྩིས་པར་སྐྱོ་སོང་།།
དམངས་གཙོ་ཁ་ལ་འཁྱེར་ཏེ།།
སྨྲ་བརྗོད་ཚད་ལས་བརྒལ་སོང་།།
སྲིད་སྐྱོང་འོས་བསྡུ་ཟེར་ན།།
སྤྱི་ཚོགས་ཉོག་བཞིན་དཀྲུགས་སོང་།།
རང་དབང་དམངས་གཙོ་གཉིས་ཀ།
ཚད་དང་འཚམས་ཤིག་ཡོད་པ།།
རང་གི་རྐང་ལག་རིང་ཚད།།
གང་རྐྱོང་ཐོབ་ཐང་ཡོད་ཀྱང་།
དེ་ལས་བརྒལ་པའི་ཚེ་ན།།
གཞན་གྱི་ཐོབ་ཐང་འཕྲོག་ཡོད།།
ཚང་མ་ལོས་དགོངས་པ་ཡག་པོ་བཞེས་རོགས། གསར་འགོད་པ་གང་རུང་ཞིག་བརྒྱུད་ནས་གནས་གང་རུང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་གི་བྱེད་སྟངས་འདིའི་ཐད་གོང་ས་མཆོག་ལ་དགོངས་ཚུལ་ཞིག་ངེས་པར་ཞུ་དགོས་ཀྱི་འདུག ང་ཚོ་ཚང་མས་དེ་ལུགས་ལ་ཧུར་ཐག་བྱེད།
དྲྭ་གྲོགས་ཞོལ་གཡག་འབྲོང་རྒྱུད་ལགས་ཀྱི་ཁ་ནང་དུ་ཕྱེ་མར་ཞིག་ཕུལ།
༄༅། ། གྱི་ན་བའི་རྨོངས་ཚོད་མིན་ན། དྲྭ་སྟེང་འདིར་དཔྱད་བརྗོད་རྩོམ་ཡིག་སྤུས་དག་པོའམ། ཀློག་རན་དང་བསམ་རན་ཡོད་པ་ཞིག་འབྲི་ཐུབ་མཁན་ནི་ཧ་ཅང་ཉུང་ཉུང་སྟེ། རིག་འབྱུང་དོན་འགྲུབ་བཀྲ་ཤིས་པ་དང་། གནམ་ལོ་ཡག་ཟེར་པ་སོགས་བུ་རྒོད་རེ་ཟུང་རེད། འདི་དག་གིས་ཐ་ན་མཆན་ཐུང་ཞིག་བཏབ་ནའང་གོ་རྒྱུ་ཟབ་མོ་འདུག་ལ། ལས་ཀའང་ཁ་ཚ་དགོས་གཏུགས་རྐྱང་བྱེད་བཞིན་པ་འདྲ་པས་ཤིན་ཏུ་ནས་རྗེས་སུ་ཡི་རང་ངོ་། །
འོན་ཀྱང་། རིགས་བཟང་གནམ་ལོ་ཡག་གིས། བུ་རྒོད་སྙིང་སྟོབས་ཅན་ཀླུ་གར་བྱམས་སྲིད་སྐྱོང་ལ་སླེབས་རེ་དང་རང་བཙན་རྩོད་ལེན་ལ་གཞོགས་འདེགས་བྱེད་པ་ནི། གྲུབ་འབྲས་ལོན་མིན་ལ་བློ་གདེངས་ཅུང་ཟད་ཀྱང་མེད་བཞིན་དུ་བོད་ནང་གི་བོད་མི་མང་པོའི་ཚེ་སྲོག་དང་། བདེ་འཇགས་འཚོ་གནས་ལ་མིག་བཙུམ་བྱས་པ་རང་རེད། །