སྒོམ་སྡེ་ལྷ་རམས་པ།
རང་རིགས་འགའ་རེས་བོད་ཀྱི་ཐ་སྙད་འདི་དང་འདི་ཞེས་བྱ་བ་ལེགས་སྦྱར་ཟུར་ཆག་པ་རེད་ཅེས་བརྗོད་ན་སྤམ་འཆོར་བ་དང་ངོ་ཚ་དགོས་པ་ལྟ་བུའི་གནས་སུ་བརྩི་མཁན་ཡང་འདུག་མོད། དེ་ནི་ཤིན་ཏུ་ནོར་བ་སྟེ། སྐད་ཡིག་གང་ཞིག་ལེགས་སྦྱར་ཟུར་ཆག་པ་ཡིན་ན། སྤོབས་པ་བྱ་འོས་པ་ཞིག་དང་། སྐད་ཡིག་དེ་ཁུངས་ལྡན་ཞིག་ཡིན་པ་མཚོན་ཐུབ། མཁས་དབང་དགེ་འདུན་ཆོས་འཕེལ་དང་། དེང་དུས་ཀྱི་སྐད་ཡིག་ཞིབ་འཇུག་པ་ཚོས་འཛམ་གླིང་གི་སྐད་ཡིག་ཕལ་མོ་ཆེའི་འབྱུང་ཁུངས་དང་མ་ཕྱི་ནི་ལེགས་སྦྱར་ཡིན་པར་བཤད་ཡོད།
ཁྱད་པར་དུ་བོད་ཡིག་ནི་རྒྱ་གར་གྱི་ཡི་གེར་གཞི་བྱས་ཏེ་བཟོས་པས་དེ་བས་ཀྱང་འབྲེལ་བ་ཆེ། བོད་ཀྱི་གཙུག་ལག་གི་ཐ་སྙད་ཕལ་མོ་ཆེ་ནི་རྒྱ་གར་གྱི་ཐ་སྙད་ལས་ཚུར་བླངས་པ་ཤ་སྟག་ཡིན་པས། རང་རེའི་སྐད་ཡིག་ལ་ཇི་ཙམ་བསམ་ཡང་སྤོབས་པ་བྱ་འོས་པ་ཞིག་དང་། རྒྱ་མིའི་སྐད་ཡིག་དང་རིག་གཞུང་གང་དང་ཡང་འབྲེལ་བ་མེད་ཅིང་བོད་འདི་རང་དབང་རང་བཙན་ཚང་མའི་རྒྱལ་ཁབ་ཅིག་ཅིས་ཀྱང་རེད་འདུག་སྙམ་པའི་ངེས་ཤེས་དང་། དཔང་རྟགས་ཀྱང་ཇེ་གསལ་ཇེ་གསལ་དུ་འགྲོ། དུས་ཕྱིས་བོད་སྐད་ནང་པད་ཚལ་དང་། ཇིན་ཚལ། ལ་ཕུག་སོགས་རྒྱའི་སྐད་ཐར་ཐོར་འབྱུང་ཞིང་། ནག་རྩིས་ནང་ཐར་ཐོར་དང་། དེ་བཞིན་གཞན་དང་གཞན་ཐར་ཐོར་འབྱུང་ཡང་། གཞུང་ཆེན་མོའི་ནང་རྒྱ་མིའི་སྐད་ཧ་ལམ་མཐོང་རྒྱུ་མེད། གོང་དུ་བཤད་པ་ལྟར་ཕལ་ཆེར་ནི་༡༩༤༩ཕྱིས་སུ་བོད་དུ་སླེབས་པའི་ཟས་རིགས་ཀྱི་ཐ་སྙད་ཙམ་དུ་ཟད་དོ། །
རྒྱ་མིའི་གློག་བརྙན་དག་ཏུ་ཀོང་ཇོ་ནི་ཆེས་ཚད་མཐོའི་ཤེས་འཇོན་ཅན་དང་། སྲོང་བཙན་སྒམ་པོ་ནི་སྟོབས་དང་དཔའ་རྩལ་ཆེ་བ་ཙམ་ཞིག་ལས་རྣམ་དཔྱོད་ཅི་ཡང་མེད་ཅིང་། སྦྲ་གུར་ནང་སྡོད་མཁན་གྱི་ཀླ་ཀློའི་རིགས་དང་། ཀོང་ཇོས་མཛུབ་མོ་གར་གཏད་ཤར་དུ་བརྩི་མཁན་ལྟ་བུའི་གླེན་པ་ཞིག་ཏུ་ཁྲོམ་བསྒྲགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ངེས་དོན་དུ་ནི་དེ་ལས་ལྡོག་པ་སྟེ། ཀོང་ཇོ་ལྟ་ཞོག་རྒྱ་ནག་གི་རྒྱལ་པོའི་ཁྲོད་དུའང་ཁོང་དང་འདྲ་བའི་རྣམ་དཔྱོད་དང་བྱས་རྗེས་ཅན་ནི་ཤིན་ཏུ་ཉུང་བར་སྣང་། རྒྱལ་པོ་འདི་ནི་མདོ་རྒྱུད་ཀྱི་གཞུང་འགྲེལ་མང་པོ་མཛད་མཁན་གྱི་མཁས་པ་ཆེན་པོ་ཞིག་ཀྱང་ཡིན་པས། སྒམ་པོ་ཞེས་མཚན་ཡང་ཤིན་ཏུ་འོས་ཤིང་དོན་ལ་གནས་པ་ཞིག་གོ། གལ་ཏེ་སྲོང་བཙན་སྒམ་པོ་དེ་དེང་སང་གི་རྒྱལ་འཚོང་བླ་གྲྭའི་གཟུགས་བརྙན་འགའ་རེ་ཡོད་པ་དེ་དག་དང་འདྲ་བར་བྱབ་ཆུང་ཞིག་བྱུང་ཡོད་ན། བོད་ཀྱི་ཡི་གེ་གསར་བཟོ་གནང་དུས་རང་གི་ཁྲིད་ལ་ཡོད་པའི་ཀོང་ཇོའི་སྐད་ཡིག་༼རྒྱ་ནག་གི་སྐད་ཡིག༽ལ་དཔེ་བླང་འོས་པ་ལས། དེ་མ་བླངས་པར་ངལ་བ་དུ་མས་ཐག་རིང་རྒྱ་གར་གྱི་ཡུལ་ནས་བླངས་པ་དེ་གས་སྲོང་བཙན་ནི་རང་ཚུགས་དང་རྣམ་དཔྱོད་ཤིན་ཏུ་ཆེ་བར་མཚོན་ནུས་སོ། །ཅི་སྟེ་དེ་དུས་བོད་ཡིག་དེ་རྒྱ་ཡིག་ལ་གཞི་བྱས་ཡོད་ཚེ། བོད་འདི་ད་ལྟ་རྒྱ་ཡུལ་འཁྲུལ་མེད་ཅིག་ཏུ་གྱུར་ཡོད་པ་ནི་གོར་མ་ཆག་གོ །
༼ལེགས་སྦྱར་ཟུར་ཆག་པའི་བོད་སྐད༽
ཀ་ར། ❶ རོ་མངར་སྤྱིའི་མིང་། བྱེ་མ་ཀ་ར། ཤེལ་ཀ་ར་ཞེས་པ་ལྟ་བུ། ❷ ཡང་། ལི་ཁར། བུ་རམ་རྡོག་པོར་བྱས་པ་ལ་ཟེར། བོད་རྒྱ་ཚིག་མཛོད་ཆེན་མོ་དང་ཁོ་བོས་ཀྱང་སྤར་ཐེངས་དང་པོའི་ནང་ཚིག་འདི་ལེགས་སྦྱར་ཡིན་པར་བྱས་ཡོད་ཀྱང་། འདི་ནི་ལེགས་སྦྱར་གྱི་ཤརྐཀ་རཱ་ཟུར་ཆག་པ་ཡིན་གྱི་ལེགས་སྦྱར་དངོས་ཡིན་པར་མི་སེམས་སོ། །རྒྱ་གར་ཡུལ་སྐད་ལ། ཤཀྐར་ཟེར། ❸ གུར་གྱི་ཀ་རྒྱུག་གི་མིང་།
ཀྲི་ག <ཏྲི་ཀཱ> ཀྲི་ག་ནི་ལེགས་སྦྱར་གྱི་ཏྲི་ཀཱ་ཟུར་ཆག་པ་སྟེ། མུ་ཁྱུད། ཉག་ཤུར་དང་། ཁ་སྒྲིལ་བཅས་ཀྱི་དོན། དག་ཡིག་གསར་བསྒྲིགས་ལས་ཁྲོམ་པའི་འགྲམ་མཐའི་ར་བའི་མིང་དུའང་བཤད།
བརྐམ་པ། ཆགས་པའི་མིང་། ལེགས་སྦྱར་གྱི་སྐད་དུ། ཀཱ་མ་ནི་འདོད་ཆགས་དང་། ཀམ་ཞེས་པ་ནི་ཆགས་པའི་མིང་དུ་བཤད་པས་དེ་གཞིར་བྱས་ཏེ་བཟོས་པའི་ཚིག་ཅིག་ཡིན་པའམ། ཡང་ན་དེ་ཟུར་ཆག་པ་ཡིན་ཏེ། དཔེར་ན་བསྐལ་པ་ནི་ལེགས་སྦྱར་གྱི་ཀལྤ་ཟུར་ཆག་པ་ལྟ་བུ་དང་།
ན་བཟའ་ཞེས་པ་ཡང་ལེགས་སྦྱར་གྱི་“ནི་བཱ་ས་ན” “िनवासन” ཟུར་ཆག་པ་ལྟ་བུའོ། །རྗེའི་ལམ་གཙོ་རྣམ་གསུམ་ལས། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཞེས་གསུངས་པ་ལྟར་རོ། །
བསྐལ་པ། <ཀལྤ>❶ དུས་ཡུན་ཤིན་ཏུ་རིང་བའི་ཚད་ཅིག་སྟེ། ལེགས་སྦྱར་གྱི་ཀལྤ་ཟུར་ཆག་པའོ། །བསྐལ་པ་བར་མ་ལ་གཟིགས། ❷ ལྐོག་ཏུ་གྱུར་པ། དཔེར་ན་དུས་ཀྱི་བསྐལ་དོན། ཡུལ་གྱི་བསྐལ་དོན། ངོ་བོའི་བསྐལ་དོན་ཞེས་པ་ལྟ་བུ།
ཁ་ཆེ། <ཀསྨིར> ❶ རྒྱ་གར་གྱི་ནུབ་ཕྱོགས་སུ་ཡོད་པའི་རྒྱ་གར་གྱི་ཡུལ་དང་དེའི་ཡུལ་མི། ཁ་ཆེ་ལ་ལེགས་སྦྱར་དུ་ཀསྨིར་དང་། རྒྱ་གར་ཡུལ་སྐད་དུ་ཀཤྨིར་ཟེར། ཁ་ཆེ་(Khache)ནི། ཀསྨིར་(Kashmir)ཞེས་པ་ཟུར་ཆག་པ་ཡིན་ལ། དེང་སང་ནི་ཁ་ཆེ་ཞེས་པ་ཨི་སི་ལམ་གྱི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མིང་དུ་གྲགས་ཆེ་ཡང་། དོན་དུ་ན་གོང་དུ་བཤད་པའི་ཡུལ་དེ་དང་དེའི་ཡུལ་མིའི་མིང་ངོ་། །ཀསྨིར་ནི་སྔོན་ནང་པའི་བསྟན་པ་ཤས་ཆེར་དར་བའི་ཡུལ་ཡིན་ཞིང་། ཡུལ་དེ་ནས་ཐོན་པའི་ཁ་ཆེ་པཎ་ཆེན་དུ་གྲགས་པའི་ནང་པའི་སློབ་དཔོན་ཡང་མང་པོ་བྱུང་བ་ལོ་རྒྱུས་རྣམས་སུ་གསལ་ལོ། །❷ ཨི་སི་ལམ་གྱི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མིང་། (དེང་སང་ནི་ཁ་ཆེ་ཞེས་པ་ཨི་སི་ལམ་གྱི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མིང་དུ་གྲགས་ཆེ) ❸ ཁ་ཆེན་པོ། །བྲམ་ཟེ་ཁྱིའུ་ཁ་ཆེ་སྣ་ཉག་ཅེས་པ་ལྟ་བུ།
གྲེ་བ། <གྲཱི་བ> མགྲིན་པའམ་སྐེའི་མིང་། ཞིབ་ཆ་བྱས་ན། ཨོལ་མདུད་ཀྱི་མགོར་གནས་པའི་སྒྲའི་སྐྱེ་གནས་དེའི་མིང་ཡིན་པར་བཤད། གྲེ་བ་ནི་ལེགས་སྦྱར་གྱི་“གྲཱི་བ”ཟུར་ཆག་པ་ཡིན་ཞེས་སྐྱོགས་སྟོན་ལོ་ཙྭ་བ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་བརྡ་གསར་རྙིང་གི་སྐོར་བཤད་པ་ལི་ཤིའི་གུར་ཁང་ལས་གསུངས་ཡོད་པར་བཤད་དོ། །གྲཱི་བ་ཞེས་པ་མགྲིན་པ་ལ་འཇུག་པ་ནི་དཔེར་ན། རྟ་མགྲིན་ལ་“ཧ་ཡ་གྲཱི་བ”ཞེས་པ་ལྟ་བུ།
ཁུ་ནུ། <ཀིཾན་ར> རྒྱ་གར་གྱི་ཧི་མཱ་ཅལ་པྲ་དེཤ་ हिमाचल प्रदेश མངའ་ཁོངས་ཀྱི་ས་ཁུལ་ཞིག འདི་ཀིཾན་ར་ཟུར་ཆག་པར་ངེས་ཤིང་། འདི་ལ་ཀིཾན་ར་སྟེ་མིའམ་ཅིའི་ཡུལ་ཟེར། ཀི་ནོའུ་རི། ཀི་ནོ་རི། ཀ་ནོར། ཀུ་ན་ཝར་སོགས་སུ་འབོད། Kinnauri, Kanauri, Kanor, Koonawur or Kunawar སྔོན་རྒྱ་གར་ལ་གནོད་སྦྱིན་གྱི་ཡུལ། ཤ་ཟའི་ཡུལ། དྲི་ཟའི་ཡུལ། མིའམ་ཅིའི་ཡུལ་སོགས་ཡོད་པས། འདི་མིའམ་ཅིའམ་ཀིཾན་ར་སྟེ་ཕྱིས་བོད་རྣམས་ལ་ཁུ་ནུ་ཞེས་བརྡ་ཆགས་པ་ཡིན་ཚུལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་བཤད། ཀིཾན་ར་ནི་མིའམ་ཅིའི་སྐད་དོད་ཡིན་པ་གོང་དུ་བཤད་ཟིན་ཏོ། །
གུར་ཀུམ། <ཀུངྐུ་མ> གུར་གུམ། ལེགས་སྦྱར་གྱི་ཀུངྐུ་མ་ཟུར་ཆག་པ་སྟེ། ཁ་ཆེ་གུར་གུམ་སམ་ཁ་ཆེ་ཤ་སྐམ་ལྟ་བུ། གུར་གུམ་ལ་རིགས་མི་འདྲ་བ་ལྔ་ཡོད་པར་བཤད།
གེ་སར། <ཀེ་ས་ར> ➀ མེ་ཏོག་གི་ཟེའུ་འབྲུ། གེ་སར་ཞེས་པ་མེ་ཏོག་གི་ཟེའུ་འབྲུའི་སྐད་དོད་<ཀེ་ས་ར>ཞེས་པ་ཟུར་ཆག་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསལ། ➁ སྔོ་སྨན་ཞིག ནུས་པའི་ཚ་བ་སེལ་བར་བཤད། ➂ གླིང་གེ་སར་གྱི་བསྡུས་ཚིག
གོ་ར། <གོ་ལཿ> ❶ བརྩོན་ར། (གོ་ར་ནི། ཟླུམ་པོའི་སྐད་དོད་ལེགས་སྦྱར་གྱི་ “गोलः”“ गोलं”“གོ་ལཿ”ཟུར་ཆག་པས། ཟླུམ་པོའམ་གོར་གོར་ལ་གོ་དགོས་ཀྱང་། བརྩོན་རའི་མིང་དུ་གྲགས) གོ་ར་ནི། ཟླུམ་པོའི་སྐད་དོད་“གོ་ལཿ”ཟུར་ཆག་ཅེས། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསལ། ❷ མེ་ཐལ་འཐེན་སའི་ར་སྐྱོར། ཞེས་བོད་རྒྱ་ཚིག་མཛོད་ཆེན་མོར་གསལ།
གྲེ་བ། <གྲཱི་བ> མགྲིན་པའམ་སྐེའི་མིང་། ཞིབ་ཆ་བྱས་ན། ཨོལ་མདུད་ཀྱི་མགོར་གནས་པའི་སྒྲའི་སྐྱེ་གནས་དེའི་མིང་ཡིན་པར་བཤད། གྲེ་བ་ནི་ལེགས་སྦྱར་གྱི་“གྲཱི་བ”ཟུར་ཆག་པ་ཡིན་ཞེས་སྐྱོགས་སྟོན་ལོ་ཙྭའི་དག་ཡིག་ལི་ཤིའི་གུར་ཁང་ལས་བཤད་དོ། །གྲཱི་བ་ཞེས་པ་མགྲིན་པ་ལ་འཇུག་པ་ནི་དཔེར་ན། རྟ་མགྲིན་ལ་“ཧ་ཡ་གྲཱི་བ”ཞེས་པ་ལྟ་བུ།
སྒྲོབ། <ཨཱ་ཊོ་པཿ> ❶ བརྗིད་ཉམས་དང་། བསྒྱིངས་ཉམས། སྤམ་རྫུ་བྱས་པ་བཅས་ཀྱི་དོན་ལ་གོ འདི་ལེགས་སྦྱར་གྱི་आटोपः“ཨཱ་ཊོ་པཿ”ཟུར་ཆག་པར། ལི་ཤིའི་གུར་ཁང་དུ་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར། འགྱིང་ཉམས། དྲེགས་པའི་རྣམ་འགྱུར། མི་དེ་ཕོ་སྒྲོབ་ཆེ་བས་རང་མཉམ་སུ་དང་ཡང་མཐུན་པོ་མི་འདུག ཅེས་གསལ། ❷ ལྷ་རྩེ་བའི་སྐད་དུ་ལད་ཟློས་བྱེད་པ་དང་འཕྱ་སྨོད་བྱེད་པ་ལ་ཟེར། ཁོ་རེ་མི་རྒན་པ་ལ་ཆེ་སྒྲོབ་(བརྗོད་པའི་ཚེ་ཆེ་སྒྲོམ་ཞེས་པ་ལྟ་བུར་བརྗོད)མ་བྱེད་ཅེས་པ་ལྟ་བུ།
འཇུར་ཏ། (རྒྱ་གར) འཇུར་ཏ་ནི་རྒྱ་གར་གྱི་སྐད་ཛཱུ་ཏ་ཟུར་ཆག་པ་སྟེ། ལྷམ་གྱི་མིང་། རྒྱ་གར་གྱིས་ जूता ཟེར།
ཏ་ལ་ལ། (ལེགས་སྦྱར) ❶ སྒྲོན་མེའམ་མར་མེ། འདི་ལེགས་སྦྱར་ཡིན་པར་ལི་ཤིའི་གུར་ཁང་དུ་གསུངས་ཏེ། དེ་ཉིད་ལས། སྒྲོན་མེའི་སྐད་དོད་ཏ་ལ་ལ་ཟུར་ཆག་པས་ཏལ་ཙམ་དང་། ཏལ་སྦྱིན་སོགས་མཐའ་ཡས་ཤིང་། ཞེས་གསུངས་པ་ལྟར་རོ། །❷ མར་མེ་འཆི་ཁར་དམར་ལྷེབ་ལྷེབ་བྱེད་པ་ལྟ་བུའི་འབར་ཚུལ་ཞིག
ཐུལ་ཆེ་བ། <སྠུལ> སྦོམ་པོ། རགས་པའི་དོན། འདི་ལེགས་སྦྱར་གྱི་ स्थूल “སྠུལ”ཟུར་ཆག་པར། ལི་ཤིའི་གུར་ཁང་དུ་གསུངས། སྠུལ་ཞེས་པ་ཀློག་པའི་ཚེ་ས་ཐུལ་ཞེས་པ་ལྟ་བུར་ཀློག
དུ་ཀཱུ་ལ། <དཽ་ཀཱུ་ལ་ཀཾ> ཕྱི་གསལ་ནང་གསལ་གྱི་རས་ཧ་ཅང་སྲབ་ལ་འཇམ་པ་ཞིག་གི་མིང་། འདི་ལེགས་སྦྱར་གྱི་“དཽ་ཀཱུ་ལ་ཀཾ”ཚིག་ཟུར་ཉམས་ཏེ་དུ་ཀཱུ་ལ་བརྗོད་པར་སེམས། དཽ་ཀཱུ་ལ་ཀཾ་ཞེས་ཐད་སྒྱུར་བྱེད་ན་སྒྲིབ་མེད་ཟེར། གོས་གཞན་གྱི་སྟེང་དུ་གྱོན་ན་ནང་གི་ཁ་དོག་སོགས་མི་སྒྲིབ་པས་དེ་སྐད་ཅེས་བྱའོ། །
དུ་བ། དུད་པ། དུ་བ་ཡང་རྒྱ་གར་ཡུལ་སྐད་དུ་“དྷུ་བ”<धुआँ>ཟེར་བ་དེ་ཟུར་ཆག་པ་ཡིན་ནམ་སྙམ།
དོ་ལི། ❶ གནའ་བོ་རྒྱལ་པོ་དང་བག་མ་སོགས་བསུ་ལེན་བྱེད་སའི་མིས་འདེགས་པའི་ཁྲི། བྱམས། ཕེབས་བྱམས། འགྱོགས། འགྱོགས་བྱམས། ཁྱོགས་ཁྲི། ཁྱོགས། དོ་ལི་ཞེས་པ་རྒྱ་གར་ཡུལ་སྐད་གྱི་“ཌོ་ལི”ཟུར་ཆག་པར་སེམས་ཏེ། རྒྱ་གར་གྱི་སྐད་དུ་“डोली”ཟེར་བའི་ཕྱིར་རོ། །རྒྱ་གར་བས་འདི་ལ་ “पालकी” ཡང་ཟེར། ལེགས་སྦྱར་གྱི་སྐད་དུ་“शिबिका”ཟེར་ལ། ཕྱི་རྒྱལ་བས་sedan chairཟེར། ❷ དངོས་པོ་ལྕི་བའི་རིགས་ཡར་འདེགས་པའི་ཐབས་ཤིག འདེགས་པའི་ཁྲི། ཁྱོགས། ཁྱོགས་ཁྲི། འགྱོགས། འགྱོགས་ཁྲི། དཔེར་ན་ལས་ཁྲི་ལྟ་བུ། ❸ བསྟན་དར་ལྷ་རམས་པས་“གཟིངས”ལ་འཇུག་པར་བཤད་ཀྱང་དཔྱད།
བདུག་པ། <དྷཱུ་པཿ>(མིང་ཚིག) ❶ བདུག་བྱའི་རྫས་ཏེ་སྤོས་ཀྱི་མིང་། བདུག་པ་བདུག་ཅེས་པ་ལྟ་བུ། འདི་ལེགས་སྦྱར་གྱི་“དྷཱུ་པཿ”“धूपः”ཟུར་ཆག་པར་སྙམ། ཕྱི་རྒྱལ་བས་incense ཟེར། ❷ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) དྲི་དང་དུ་བ་འཐུལ་བའམ་འཐོན་པའམ་འབྱུང་བར་བྱེད་པའི་དོན། སྤོས་བདུག་ཅེས་པ་ལྟ་བུ། (བོད་རྒྱ་ཚིག་མཛོད) བདུགས་པ།(ནི་འདས་པ) བདུག་པ།(ནི་མ་འོངས་པ) བདུགས། །(ནི་སྐུལ་ཚིག) (དག་ཡིག་གསར་བསྒྲིགས) གདུག་པ། (ནི་ད་ལྟ་བ) བདུགས་པ།(ནི་འདས་པ) བདུག་པ།(ནི་མ་འོངས་པ) ཐུགས། །(ནི་སྐུལ་ཚིག)
ན་བཟའ། <ནི་བཱ་ས་ན> གོས་ཀྱི་ཞེ་ས། ན་བཟའ་ཞེས་པ་ལེགས་སྦྱར་གྱི་“ནི་བཱ་ས་ན” “िनवासन” ཟུར་ཆག་པར་སྙམ་སྟེ། འདི་ལ་བོད་སྐད་ཀྱི་རང་གི་དབང་དུ་བྱས་ན་གོ་རྒྱུ་གང་ཡང་མ་མཐོང་ཞིང་། འདོད་རྒྱལ་གྱི་བརྡ་ཡང་ཡིན་བཟོ་མི་འདུག་གོ། བརྗོད་ཚེ་ནབ་བཟའ་ཞེས་པ་ལྟ་བུར་བརྗོད།
རྡུལ། <དྷཱུ་ལི> ཤིན་ཏུ་ཆུང་བའི་གཟུགས་ཀྱི་ཆ་ཤས་ཀྱི་མིང་། འདི་ལེགས་སྦྱར་དུ་“དྷཱུ་ལི” <धूलि>ཟུར་ཆག་པ་ཡིན་ཞིང་། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུའང་དེ་ལྟར་བཤད། རྒྱ་གར་གྱི་ཡུལ་སྐད་དུའང་“དྷུལ”<धूल>ཟེར་བ་དེ་དང་ཡང་སྒྲ་གདངས་ཧ་ཅང་ཉེ། དེས་དུ་བ་ལའང་རིགས་འགྲེའོ། །
ནེའུ་ལེ། <ན་ཀུ་ལཿ> བོད་སྐད་དུ་འདི་ལ་སྲོ་མོང་ཟེར། ན་ཀུ་ལཿཟུར་ཆག་ཅེས་ལི་ཤིའི་གུར་ཁང་དུ་གསལ་ཡང་། འདི་ནི་རྒྱ་གར་ཕལ་སྐད་ཀྱི་नेवला ནེ་བ་ལཱ་ཉིད་ཟུར་ཆག་པར་ཤིན་ཏུ་གསལ་ལོ། ། དགེ་འདུན་ཆོས་འཕེལ་གྱིས། ཀ་ལནྟ་ཀ་ཡང་སྲོག་ཆགས་འདི་ཉིད་ཡིན་པར་བཤད། སྔོན་གྱི་བཤད་སྲོལ་ལ་འདིས་ནོར་བུ་སྐྱུག་ཅེས་ཟེར། བྲིས་ཆ་དག་ལའང་ནོར་བུ་སྐྱུག་པ་བྲིས་ཡོད། སྤུ་མདོག་སེར་སྨུག ལུས་པོ་ཕྲ་ལ་རིང་བ། རིང་ཐུང་(1.6 ft.)རྐང་ཚད་གཅིག་དང་སོར་ཚད་དྲུག་ཙམ་ཡོད་ཅིང་། ལྗིད་ཚད་ཀི་ལི་གྷ་རམ་(Kilogram)གཅིག་ཙམ་ཡོད། མང་པོ་མཉམ་དུ་རུབ་རུབ་བྱེད་དེ་ཕྱོགས་ངེས་མེད་དུ་བྲེལ་བ་འཚུབ་འཚུབ་ཀྱིས་ཉུལ་ནས་འགྲོ། འདི་སྦྲུལ་གྱི་དགྲ་གཤེད་ཡིན། ལུས་རྩལ་ཆེ་བས་སྦྲུལ་གྱིས་ཀྱང་གླགས་མི་ཁེལ། སྦྲུལ་དང་འདི་གཉིས་འཐབ་འཐབ་ནས་མཐར་འདིས་སྦྲུལ་གསོད། འདི་ལ་ལེགས་སྦྱར་དུ་नकुलःན་ཀུ་ལཿདང་། རྒྱ་གར་ཡུལ་སྐད་དུ་नेवला ནེ་བ་ལཱ་དང་། བོད་སྐད་དུ་སྲོ་མོང་དང་ནེའུ་ལེ་ཞེས་ཀྱང་འབོད། ཕྱི་རྒྱལ་བས་Mongooseཟེར། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཀ་ལནྟ་ཀ་ནི་འདུལ་བའི་ཚིག་མང་པོར་སྲོག་ཆགས་ཀ་ལནྟ་ཀ་ཞེས་བསྒྱུར་ཅིང་སྲོག་ཆགས་ནི་བོད་རང་སྐད་འཆར་ཅན་པར་དུད་འགྲོ་རྐང་བཞི་པའི་མིང་ཙམ་ཡིན་ལ། འོན་ཀྱང་སྐབས་འགར་བྱ་ཀ་ལནྟ་ཀ་ཞེས་བྲིས་མོད། སྲེ་མོང་རང་དུ་འདུག འདིས་ཚང་ཤིང་རྩེར་བྱེད་པས་བྱར་འཁྲུལ་སྙམ་ཡོད། རྒྱ་ནག་ལ་ཡང་འདི་བྱ་ཞིག་གི་མིང་དུ་བྱས་ཡོད་ཟེར། རྒྱབ་གཞུང་དུ་གར་ཤ་ཡོད་པ་सीता སཱི་ཏཱུ་སྲིན་པོས་ཁྲིད་ཚེ་འདིས་སེམས་གསོ་བཏང་བས་र।म।རཱ་མཱས་ལག་པས་ཞུལ་ཞུལ་བྱས་པའི་ཤུལ་ཡིན་སོགས་ཟེར། འདིའི་མིང་ལ་མངོན་བརྗོད་དུ་རྒྱབ་ཁྲ་ཟེར་བ་དེ་ལ་བྱེད་པ་ཡིན་འདུག སྦྲུལ་མཐོང་ན་སྐད་འབྱིན་པ་ཡང་ཡོངས་གྲགས་ཡིན། འོད་མའི་ཚལ་གྱི་ཤུལ་ན་ཤིན་ཏུ་མང་བ་སྙམ་བྱེད། ཅེས་གསུངས། ཞར་བྱུང་། footཕུ་ཀྲུ་གཅིག་ལ་རྐང་ཚད་གཅིག་དང་། inchཨིན་ཅི་གཅིག་ལ་སོར་ཚད་གཅིག་ཅེས་ཐ་སྙད་བཏགས་ན་ཡག་པོ་འདུག་སྙམ།
པོ་ཏི། པུསྟ་ཀ་ཟུར་ཆག་པ་སྟེ། གླེགས་བམ་གྱི་མིང༌།
དཔེ་དཀར། <བི་ཧཱ་ར> དཔེ་ཧར་དང་དོན་འདྲ། འདི་གཙུག་ལག་ཁང་གི་སྐད་དོད་“བི་ཧཱ་ར”ཟུར་ཆག་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་བཤད། དཔེ་ཧར། <བི་ཧཱ་ར> དཔེ་དཀར་ཞེས་ཀྱང་བྲིས་སྣང་། འདི་གཙུག་ལག་ཁང་གི་སྐད་དོད་“བི་ཧཱ་ར”ཟུར་ཆག་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་བཤད།
བ་དན། <པ་ཏཱུ་ཀ> ❶ གོས་ཁ་དོག་སྣ་ཚོགས་པ་ཅན་ལྕུག་མ་རིང་པོ་ལ་བཏགས་པ་ནི་བ་དན་ནོ། །ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསུངས། འདི་ལ་ལེགས་སྦྱར་གྱི་“པ་ཏཱུ་ཀ”ཟུར་ཆག་པར་མཁས་པ་མང་པོས་གསུངས་ཤིང་སྐྱོགས་སྟོན་ལོ་ཙཱ་བའི་ལི་ཤིའི་གུར་ཁང་དུའང་དེ་ལྟར་གསུངས། ❷ འདུལ་བ་མདོར། སེངྒེ་རྐང་པ་བརྒྱད་པ་དང་། ཉ་སྤུ་རྒྱས་པ་སོགས
བོད་སྐད་ཀྱི་རྩ་བ་རྒྱ་སྐད་ལ་ཐུག་ཡོད་པ་རེད་དམ་རྒྱ་སྐད་ཀྱི་རྩ་བ་བོད་སྐད་ལ་ཐུག་ཡོད་པ་རེད། དེ་ལ་འབྲེལ་བ་གཏིང་ཟབ་པོ་ཞིག་ཏན་ཏན་འདུག ལྷག་པར་དུ་ལྷ་སའི་སྐད་དེ་རྒྱ་སྐད་དང་ཉེ་བོ་ཡོད་པ་འདྲ། རྒྱ་བོད་གཉིས་ཀྱི་སྐད་ཁྱིམ་གཅིག་ཏུ་བརྩི་བ་དེ་དང་པོར་ཆབ་སྲིད་རེད་བསམ་སོང་། ཡིན་ནའང་དེ་ལ་ཏན་ཏན་འབྲེལ་བ་ཞིག་འདུག ཡིན་ནའང་འདི་ནི་གཅིག་ཁོངས་གཅིག་ཡིན་པའི་སྒྲུབ་བྱེད་དེ་འདྲ་མ་རེད། ལོ་སྟོང་ཕྲག་མང་པོའི་སྔོན་གྱི་མི་རྒྱུད་གྱེས་འཕེལ་དང་འབྲེལ་བའི་སྐད་ཆ་ཞིག་རེད།
སྐད་དེ་རྒྱ་གར་ནག་གཉིས་ལས་གང་ལ་འབྲེལ་བ་ཡོད་ནའང་དེ་སྤོབས་པ་བྱེད་དགོས་པ་ཞིག་མ་རེད་ལ་ངོ་ཚ་དགོས་པ་ཞིག་ཀྱང་མ་རེད།
བོད་ཀྱི་སྐད་ཡིག་གི་རྩ་བ་རྒྱ་ནག་ལ་ཐུག་སོང་ན་རང་བཙན་གཙང་མའི་རྒྱལ་ཁབ་མ་ཡིན་པ་ཆགས་འགྲོ་ན། རྒྱ་གར་ལ་གཏུག་ན་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པར་ཆགས་འགྲོ་བ་འདི་ད་ག་འདྲ་ཡིན་ན། ཀུ་རེ་ཡིན། དེང་སང་གི་འབར་མ་འདི་བོད་ན་མཆེད་པ་རེད་ཟེར་ནས་ཁ་སང་ང་འབར་མའི་ཟ་ཁང་ཞིག་གི་ནང་དུ་སོང་བ་ཡིན། འབར་མའི་མི་དེ་ཚོས་དེ་འདྲ་གླེང་གི་འདུག དེ་བདེན་པ་འེ་ཡིན་ན་བསམ་སོང་། དེ་ནས་ཁོང་ཚོས་ང་ལ་བོད་ཡིག་ཀློག་དང་ཟེར་གི་འདུག ངས་ཀ་ཁ་ག་ང་སོགས་ཀློག་པ་ཡིན། དཔེ་མི་སྲིད་པའི་སྒྲ་གདངས་ནི་འདྲ་བོ་རེད་འདུག ཡིན་ན་ཡང་ཁོང་ཚོའི་དེ་ནི་ལེགས་སྦྱར་གྱི་ཡི་གེ་དེ་མིན་འགྲོ་བསམ། ལེགས་སྦྱར་གྱི་མཐུག་པོའི་སྒྲ་དེ་འདྲ་ཡང་འདུག ཡིན་ན་ཡང་ཁོ་ཚོས་ཟེར་ན་བོད་ཡིག་གཞིར་བཞག་རེད་ཟེར། ཡང་ཨང་གྲངས་དེ་ཚོ་བོད་སྐད་ཀྱི་ཨང་གྲངས་དང་གཅིག་པ་གཅིག་རྐྱང་རེད་འདུག
གོང་གི་རྩོམ་ཡིག་དེའི་ཡི་གེ་ལ་སྐྱོན་མང་པོ་ཤོར་འདུག གུག་རྟགས་ཕལ་ཆེར་དང་། ལྷག་པར་དབྱིན་སྐད་གཅིག་ཀྱང་ཐོན་མི་འདུག དེའི་ཐོག་བགྲོ་གླེང་གཞི་ནས་བྱ་རྒྱུ་ཡིན།
འབར་མའི་ནང་མི་རིགས་མང་པོ་རེད། ཁི་རན་ཟེར་བའི་འབར་མའི་བྱང་རྒྱུད་ན་ཡོད་པའི་མི་རིགས་དེ་བོད་མའི་རིགས་རྒྱུད་ཡིན་ཞེས་བའི་ལོ་རྒྱུས་ཤིག་ཡོད་འདུག འབར་མ་དབྱིན་ཇིའི་འོག་ནས་རང་བཙན་བྱེད་དུས་ཁོང་ཚོའང་རང་བཙན་ཡོང་བའི་རེ་བ་བྱས་འདུག་མོད། དེ་བྱུང་མི་འདུག ཁོང་ཚོས་འབར་མའི་གཞུང་དམག་ལ་ལོ་མང་རིང་འཇབ་རྒོལ་བྱེད་བཞིན་རང་བཙན་ཐོབ་རེ་བྱས་འདུག ཐ་ལན་ཊི་ནང་ཁི་རན་མི་རིགས་སྐྱབས་བཅོལ་བ་ཧ་ཅང་མང་པོ་ཡོད་འདུག མང་པོ་ཞིག་ཨ་རི་ནང་སྐྱབས་བཅོལ་དུ་སླེབས་དང་སླེབས་བཞིན་པ་རེད་འདུག
ན་ནིང་ཨ་རིའི་ནུབ་བྱང་གི་མངའ་སྡེ་ཞིག་ནང་གུང་གསེང་དུ་བསྐྱོད་སྐབས། གྲོགས་པོ་ཞིག་ནས་ང་ཚོའི་མངའ་སྡེ་ནང་འབར་མའི་བོད་པ་༥༠༠་འདུག་ཟེར། རྗེས་ནས་ཤེས་རྟོགས་བྱུང་ཚེ། དེ་རྣམས་འབར་མ་ནས་ཡོང་བའི་ཁི་རན་མི་རིགས་རེད་འདུག
ཨོཾ་བདེ་ལེགས་སུ་གྱུར་ཅིག དྲ་ཐོག་ན་ཡོད་པའི་བོད་མི་སྤུན་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།
རྒན་སྒོམ་སྡེ་བ་ལགས། དེ་རིང་མཇལ་བར་ཤིན་ཏུ་དགའ།
ངས་འདིའི་སྐོར་སྔོན་མར་ཡང་སྐུ་ཉིད་ལ་ཞུས་མྱོང་། སྐུ་ཉིད་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་བོད་སྐད་ལེགས་སྦྱར་དུ་འདོད་ཀྱི་ཡོད་པ་དེར་དྲི་བའམ་བསམ་ཚུལ་མང་བོ་ཞུས་མྱོང་ལ། དེ་རིང་ཡང་དེའི་སྐོར་ནས་གླེང་མོལ་འཁྱུག་ཙམ་མི་ཞུ་ཐབས་མེད་བྱུང་སོང་།
རྒན་ལགས། ཉིད་ཀྱི་དགོངས་ཚུལ་ནི་བོད་ཀྱི་བཀའ་དང་བསྟན་བཅོས་དག་རྒྱ་གར་ནས་བསྒྱུར་བ་དང་། ཐོན་མི་སམ་བྷོ་ཌས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ནས་བོད་ཡིག་བཟོས་པ་རེད། དེ་ལྟར་ན་བོད་སྐད་ཀྱི་ཁུངས་རྒྱ་གར་སྐད་རེད་ཟེར་གྱི་ཡོད་པ་རེད། དེ་ནི་ཧ་ཅང་དགོད་བྲོ་བའི་བསམ་ཚུལ་རང་རེད་ཞུ་རྒྱུ་ཡིན་ལ། འོ་ན་དེར་དྲི་བ་གཅིག་རང་འདོན་ཆོག་པ་ཞུ་ཟེར་རྒྱུ་ཡིན། ངའི་དྲི་བ་ནི། སློབ་དཔོན་ཐོན་མིའི་དུས་ཏེ་དུས་རབས་བདུན་པའི་ཡར་སྔོན་ལ་བོད་མི་རིགས་ཟེར་བ་འདི་ལ་སྐད་ཅིག་མེད་པར་འདོད་དམ། ཡང་ན་མེད་པ་ཡིན། དེ་གཅིག་དང་། གལ་སྲིད་ཡོད་པར་འདོད་ན་དེའི་འབྱུང་ཁུངས་ཀྱང་རྒྱ་གར་ཡིན་ནམ།
མཆོག་ཏུ་བསྔགས་འོས་པའི་རྒན་སྒོམ་སྡེ་བ་ལགས། ད་དུང་ང་ཚོའི་ཞང་ཞུང་གི་སྨྲར་ཆེན་དང་སྨྲར་ཆུང་ཞེས་པའི་ཡི་གེ་ལ་ཁས་ལེན་ནམ། གལ་སྲིད་དེ་ལེན་ན་ཡི་གེ་དེ་ཀློག་པའི་སྒྲ་གདངས་དེའི་འབྱུང་ཁུངས་ཀྱང་རྒྱ་གར་ཡིན་ནམ། དེས་ག་ལ་ཚད་དེ། དེང་གི་དུས་ན་རང་རེའི་བོད་གངས་ཅན་གྱི་ཡུལ་དུ་ལོ་ངོ་སྟོང་ཕྲག་ལྔའི་ལོ་རྒྱུས་ཀྱི་བདེན་པ་གསལ་བའི་བྲག་བརྐོས་རི་མོ་དང་ཅ་དངོས་མང་བོ་འབུད་ཀྱི་ཡོད་ལ། དེ་འདྲའི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་གི་སྐད་དང་བརྡ་དེའི་ཁུངས་གཞན་ལ་བཅོལ་བ་ནི་རང་མཚང་མ་ཡིན་ནམ།
རྒན་ལགས། ད་དུང་ང་ལ་ཞུ་རྒྱུ་མང་དུ་ཡོད་དེ། གནའ་སྔ་མོའི་དུས་ཏེ་རང་རེའི་རྒྱལ་ཁམས་བདུད་དང་སྲིན་པོར་ངོས་འཛིན་པའི་མངའ་མཛད་བཅུ་གཉིས་ཀྱིས་དབང་བསྒྱུར་བའི་སྐབས་ནས་འགྲོ་་བ་མི་བྱུང་ཡོད་ན། རྒྱ་གར་ལ་ཁུངས་བཅོལ་དོན་འདུག་གམ། གལ་སྲིད་སྐུ་ཉིད་རྒྱ་གར་ལ་དེ་འདྲའི་ཞེན་པ་དམ་པོ་ཞིག་ཡོད་ན། ནང་བསྟན་ཆོས་ལུགས་འདིའི་འབྱུང་ཁུངས་རྒྱ་གར་ཡིན་པ་ལ་བརྒྱ་ཆའི་བརྒྱ་ཁས་ལེན་གྱི་ཡིན་ལ། སྐུ་ཉིད་ཀྱིས་དེ་ག་རང་བསྣམས་ནས་ཕེབས་རོགས་གནོངས།
ད་དུང་ཞུ་རྒྱུ་ཞིག་ལ། གླིང་ཆེན་ཨེ་ཤ་ཡའི་སྒལ་ཚིགས་སུ་འབོད་པའི་ཧི་མ་ལ་ཡའི་རི་བརྒྱུད་འདིའི་སྣེ་གཅིག་བོད་ཡུལ་གྱི་མདོ་ཁམས་སྨད་དུ་ཟུག་པ། སྣེ་མོ་ཡ་གཅིག་ཨེ་ཤ་ཡིའི་དཀྱིལ་ནས་ཨེ་ཅིབ་ཀྱི་རྒྱལ་ཁོངས་ལ་ཟུག་ཡོད། རི་བརྒྱུད་ཆེན་པོ་འདིའི་ངོགས་སུ་འཚོ་སྡོད་བྱེད་ཀྱིན་པའི་མི་རིགས་འདིའི་མཆེད་ཁུངས་གཅིག་ཏུ་འདོད་པའི་ཉམས་ཞིབ་པ་ཡོད་ལ། མཐར་གཏུགས་ན་དེ་ནི་བོད་རེད་ཅེས་བརྗོད་མཁན་ཡང་འདུག དཔེར་ན། དེང་སང་གི་རྒྱ་གར་རྒྱལ་ཁུངས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དང་དེ་ནས་པ་ཀི་སི་ཐན། དེ་ནས་ཨབ་གྷན་སི་ཐན་སོགས་སུ་ཉུལ་བའི་ཉམས་ཞིབ་པ་དག་གིས་རྒྱལ་ཁུངས་དང་ཆོས་ལུགས་གཞན་ཡིན་ཡང་། སྐད་ཀྱི་ནང་དུ་བོད་སྐད་དང་། ཡུལ་སྲོལ་གོམས་གཤིས་ཀྱང་བོད་པ་ཡིན་ཟེར་གྱི་ཡོད་པ་མ་ཐོས་སམ། དེང་སང་ཁ་ཆེའི་ལུང་བ་མང་བོ་ན་རིགས་རྒྱུད་དང་མཆེད་ཁུངས་བོད་ཡིན་ཟེར་བའི་མི་རིགས་ཡོད་ལ། ད་དུང་སྐད་ཀྱང་བོད་སྐད་རང་བཤད་ཀྱི་ཡོད་པ་ནི་མཁས་པ་མང་བོས་མགྲིན་གཅིག་ཏུ་སྨྲའོ།། དེ་ལྟར་ན་དེ་ལ་ཨུ་ཚུགས་མཐར་སྐྱེལ་གྱི་དགོས་པ་ཤིན་ཏུ་ཆུང་ངོ་།།
རྒན་སྒོམ་སྡེ་ལྷ་རམས་པ་ལགས། སྐུ་ཁམས་བཟང་། ཉིད་ནས་དཔྱད་བརྗོད་སྤེལ་བ་ཤིན་ཏུ་ལེགས་ལ་དཔྱད་ཞིབ་ཀྱང་མི་ཉུང་བ་ཞིག་གནང་འདུག་སེམས། ངས་ཚོད་བགམ་བྱས་བ་ནོར་མེད་ན་ཉིད་ནས་དུ་བ་ལྟ་བུ་ཞིག་ཀྱང་ལེགས་སྦྱར་ནས་ཟུར་ཆག་པའི་ལྟ་ཚུལ་ཙམ་བཟུང་ཡོད་པ་འདྲ།
བྱས་ན་བོད་སྐད་འདི་དང་པོ་རྒྱ་སྐད་ནས་ཚུར་དར་བ་རེད་ཞེས་ཁེས་ཆད་བྱེད་དགོས་པ་འདྲ། སྤྱིར་ལེགས་སྦྱར་ནས་བོད་སྐད་དུ་ཟུར་ཆག་པ་ཡོད་པ་བདེན་མོད། ཡོད་ཚད་ལེགས་སྦྱར་དུ་འདོད་པ་དང་དེ་ལེགས་པའི་ཞིག་རེད་ཞེས་པ་ཅུང་བསྟོད་གཡེང་སོང་བ་མིན་ནམ་སེམས།
ན་བཟའ་ཀློག་དུས་ནབ་བཟའ་ཞེས་ཀློག་ཟེར་བ་ནི་ཁྱེད་ནོར་བའོ༎
བོད་ཀྱི་སྐད་ཡིག་གི་རྩ་བ་རྒྱ་ནག་ལ་ཐུག་སོང་ན་རང་བཙན་གཙང་མའི་རྒྱལ་ཁབ་མ་ཡིན་པ་ཆགས་འགྲོ་ན། རྒྱ་གར་ལ་གཏུག་ན་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པར་ཆགས་འགྲོ་བ་འདི་ད་ག་འདྲ་ཡིན་ན། ཀུ་རེ་ཡིན།
གཞོན་ནུ་ཟླ་མེད་ལགས་ནས་གསུངས་པ་བདེན་པ་རེད།
སྔོན་མ་ཞིག་ལ་སྒོམ་སྡེ་ལགས་ནས་འདི་འདྲ་ཞིག་གསུངས་པ་ད་དུང་དྲན།
དེ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དང་མ་བབ་པའི་སེམས་ཚེགས་རིགས་ཤིག་ཏུ་འདོད། དེ་ཙམ་གྱིས་བསྒྲུབ་ཐུབ་མིན་ཡང་ཡོངས་ལ་གསལ་བ་ལྟར་རེད།
ཀ་ཡེ་ཁོ་བོ་གཞན་དུ་སོང་རྗེས་སུ། །ཁ་ནས་ཅི་བཤད་མེད་པའི་ཨ་ཁུ་འགས། །
ག་ཡང་གནས་ཆུང་ཕྲིན་ལས་རྒྱལ་པོ་ཡིས། །ང་རྒྱལ་ཆེ་བས་སྡོད་དུ་མ་བཅུག་ཟེར། །
ཅ་དག་བྱེད་པའི་ཆོས་སྐྱོང་ཞིག་ཡོད་ན། །ཆ་རྒྱུས་ཡོད་མེད་ས་ཆ་ཀུན་འགྲིམས་ནས། །
ཇ་ཆང་སྐམ་ལུག་སོགས་ཀྱི་ཚོང་བྱེད་པའི། །ཉ་ཉོག་དེ་ཚོ་སྡོད་དུ་ཅི་ལ་བཅུག །
ཏ་ལའི་འདབ་བཞིན་ཤམ་ཐབས་རྡོག་ག་བརྒྱབ། །ཐ་ཆད་ལག་ཆ་ལྕཊ་གྲི་ཇ་ཤིང་བཟུང་། །
ད་ལྟ་དེེ་ཚོ་བསྐྲད་ན་ཆོག་པ་ལ། །ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད། །
པ་སངས་ལྟ་བུའི་དད་པ་མེད་པས་ན། །ཕ རོལ་གཞན་དུ་བསྐྲད་ཅེས་ཁ་ཅིག་སྨྲ། །
བ་ལང་མཛོ་མོ་བྱ་བྱའི་འབའ་འབུ་སོགས། །མ་དག་སེམས་ཅན་དེ་ཚོ་ཅིས་མ་བསྐྲད། །
ཙ་དུར་མཆེ་ལྡན་གནས་ཆུང་རྒྱལ་པོ་ཡིས། །ཚ་གྲངས་ངལ་དུབ་སྣ་ཚོགས་ཁྱད་བསད་ནས། །
ཛ་ཡའི་བསྟན་ལ་ཐོས་བསམ་བྱེད་མཁན་རྣམས། །ཝ་མ་ཝུ་ལ་གཞན་དུ་སྐྲོད་དོན་མེད། །
ཞྭ་གོས་ལྷམ་སོཊ་བཟང་བའི་བསྟན་བཤིག་དང་། །ཟ་མ་ངན་ངོན་ཟ་བའི་བསྟན་བཤིག་གཉིས། །
འ་ཅག་རྣམས་ཀྱིས་བལྟས་ན་ཁྱད་ཆེ་ཡང་། །ཡ་གིའི་རྒྱལ་པོས་གཟིཊ་ན་ཁྱད་པར་མེད། །
རྭ་བསྡུས་བསེ་བསྡུས་ཤེས་པའི་ང་རྒྱལ་ཅན། །ས་ཆ་གཞན་དུ་བརྐྲད་ན་ཅིས་མ་ལེགས། །
ཧ་ཧ་ཨེ་བདེ་རང་གི་བསམ་བློ་ཐོངས། །ཨ་ཁུ་དགེ་བཤེས་ཚོ་ལ་ཞིབ་ཏུ་དྲིས། །
དེ་སྐད་སྨྲ་བ་པོ་ཡང་ཐ་སྙད་པ། །རིགས་པའི་སེངྒེ་སཾངྒྷ་དྷརྨའོ། །
སྒོམ་སྡེ་ལགས་ནི་རྣམ་དཔྱོད་ལྡན་པས་གང་བཤད་པ་དེ་དོན་དང་འབྲེལ་ལོ་སྙམ་པའི་རྟོག་པ་འཕྲལ་དུ་ཤར་ནའང་ཞིབ་ཏུ་དཔྱད་ན་ད་དུང་ཐུགས་ཉམས་བཞེས་དགོས་ས་ཤིན་ཏུ་མང་དེ། སྐད་ཡིག་གང་ཡིན་ཡང་གཅིག་པུ་ཚུགས་ཐུབ་ཏུ་གྲུབ་པ་འགའ་ཡང མེད་ཅིང་། ཕན་ཚུན་ཤན་ཞུགས་པ་ཤིན་དུ་མང་པས་ལོ་རྒྱུས་ཀྱི་ཤིང་རྟ་ཕྱོགས་གཅིག་ཏུ་ཁ་ལོ་སྒྱུར་ཐབས་གཏན་ནས་མེད་པ་འདྲ། དཔེར་ན་རྒྱ་ནག་སྐད་ཡིན་ན་ད་ལྟའི་རྒྱ་རིགས་རྣམས་ཀྱི་ཕ་མེས་ཀྱིས་སྲོལ་བཏོད་པ་དང་དེ་དག་གི་སྐད་ཡིག་ཡིན་མིན་ལ་གླེང་གཞི་རྒྱ་ཆེ། དེ་བཞིན་མི་རིགས་ཕལ་མོ་ཆེའི་ཕ་དང་མ་ཡི་སྐད་དོད་ལ། པ་དང་མ་ཡི་སྒྲ་གདངས་མེད་པ་ཕལ་ཆེར་མི་སྙེད་པ་བཞིན་ནོ། དེ་བཞིན་འབར་མ་དང་། ཉི་ཧོང་དང་། རྒྱ་ནག་མེ་ལན་ཕྱོགས་ཀྱི་སྐད་ཡིག་ཏུ་བོད་སྐད་དང ཚིག་དོན་གཅིག་པ་ཤིན་དུ་མང་བ་ལགས་སོ། །
ན་བཟའ་ཞེས་པ་དེ་ནིབཱ་སན་ནས་ཟུར་ཆག་པ་རེད་ཅེས་རྩོམ་པ་པོས་གསུངས་འདུག་ སྤྱིར་ནི་བ་སན་གྱི་དོན་ནི་ཡོངས་གྲགས་སུ་ཤམ་ཐབས་ལ་གོ་བ་ལས་གོས་སྤྱི་ཡོངས་ཀྱི་ཞེ་ས་ཡིན་པ་དེ་འདྲ་ཨ་ཡིན།
བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ་ལས། ཤམ་ཐབས། निवसनम् (ནིབསནམ྄) ཞེས་འཁོད་འདུག ན་བཟའི་སྐད་དོད་ལ་ 1 वस्त्रम् བསྟྲམ྄། 2 वसनम् བསནམ྄། 3 अम्बरम् ཨམྦྷརམ྄། 4 चेलम् ཅེལམ྄། 5 चीवरम् ཅཱིབརམ྄། 6 वल्कलः བལྐལཿ ཞེས་ལུང་འདྲེན་དཔར་བརྗོད་དང་བཅས་པ་འཁོད་འདུག
ང་ནི་ཐོན་མི་བཀའ་དྲིན་ཅན་ནི། བོད་ཀྱི་སྐད་ཡིག་གསར་བཅོས་ཆེན་མོ་གནང་མཁན་འཇམ་དབྱངས་སྤྲུལ་པ་ཡིན་པ་ཡང་ཡིད་ཆེས་ཡོད། ཆོས་རྒྱལ་སྲོང་བཙན་སྔོན་དུ་བོན་གྱི་ཆོས་རྒྱལ་མང་པོ་བྱུང་བ་དང་། ཞང་གཞུང་སྨར་ཡིག་ཅེས་པ་ཞིག་བྱུང་ཡོད་རེད། དེའི་དཔང་རྟགས་སུ། བོད་ཡིག་གེའི་ནང་གི ཀ་ ང་ ཙ་ ཚ་ ཛ་ ཝ་ ཞ་ འ་ ར་ དང་ ན་རོ་ ཨོ་ ཡ་བཏགས་ ར་བཏགས་ ལ་བཏགས་ ཝ་ཟུར་སོགས་ནི་རྒྱ་གར་ཡི་གེ་ལས་དེ་དུས་བོད་ཀྱི་ཡི་གེ་ཞེས་མིང་བཏགས་ཡོད་མེད་མི་ཤེས་ཀྱང་ཞང་གཞུང་སྨར་ཡིག་དང་གཟུགས་འདྲ་ཆེ་བ་ཡོད་རེད་སྙམ།
བོད་ལ་མེད་པའི་དངོས་པོ་དང་། གཞན་ཉུང་ཤས་ཤིག་རྒྱ་གར་སྐད་ལས་ཟུར་ཆགས་པའམ་། རྒྱ་སྐད་རང་འཇག་བཞག་ཁ་ཤས་ཡོད་རེད། རྡུལ་དང་བདུག་པ་སོགས་ནི་རྒྱ་སྐད་དང་འདྲ་བ་ཙམ་ལས་ཟུར་ཆགས་སུ་མི་འདོད་དེ། དེ་མིན་ན་སྔར་བོད་ལ་ས་ཡི་རྡུལ་མེད་པ་དང་། སངས་བདུག་པའི་སྲོལ་མེད་པ་སོགས་ཐལ་བར་འགྱུར་རོ།
ལེགས་སྦྱར་ཟུར་ཆགས་པའི་བོད་ཀྱི་མིང་ཚིག་ཡོད་ཀྱང་བོད་སྐད་ཡོད་མ་རེད་ཟེར་ཆོག་བགྱིད་རེད།
ཝཱ་རཱ་ཎ་སཱི་ལགས།
ནི་བ་ས་ན། གོས་དང་ཐབས།
ནི་བཱ་ས་ན། ན་བཟའ།
ནི་བཱ་ས་ནཾ། ཤམ་ཐབས།
ཞེས་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་གསུངས་འདུག
ཁྱེད་ཀྱིས་ལུང་འདྲེན་དང་དོགས་སློང་གནང་བར་ཐུགས་རྗེ་ཆེ། རྗེས་སུ་དེའི་ཐོག་ད་དུང་བསམ་མནོ་གཏོང་གི་ཡིན།
དྲ་གྲོགས་རྣམས་ལ་ལན་རིམ་པར་འབུལ་རྒྱུའི་རྩོལ་བ་བྱེད་ཀྱི་ཡིན།
ཁྱི་འཁྱམ་ངུ་ཟུག་བྱེད་སའི་བྱང་དུ༎
སྨྲ་བའི་སེངྒེ་སྒོམ་སྡེ་ལྷ་རམ་པའི༎
མི་འཇིགས་བཞི་ལྡན་གསུང་གི་གད་རྒྱང་ཞིག།
དེ་རིང་སླར་ཡང་ཐོས་པ་ཐོས་པ་ཤིན་ཏུ་སྤྲོ༎
དྲྭ་གྲོགས་ལགས།
निवासनम् ནིབཱསནམ྄˜˜˜ཞེས་པའི་དོན་ནི། V.S Apte གྱིས་མཛད་པའི་ Sanskrit English Dictionary ཞེས་པའི་ནང་དུ། 1. Residence 2 Sojourn 3. Spending time ཞེས་འཁོད་འདུག ་ निवासन་ ནི་གོང་གི་དོན་དང་འདྲ།
निवसनम्་ ནིབསནམ྄˜˜˜ ཞེས་པའི་དོན་ནི་གོང་གི་ཚིག་མཛོད་དུ། 1A house, ha bitation, dwelling 2. A garment, cloth, an undergarment ཞེས་འཁོད་ཡོད།
སྐབས་འདིའི་འཁྲུལ་གཞི་ནི། ནིབཱསན་དང༌། ནིབསན་གཉིས་ཀྱི་དག་ཆ་ཧ་ཅང་འདྲ་བས་བྱུང་བ་མིན་ནམ་སྙམ། གཅིག་ནི་འ་ཆུང་ཅན་གྱི་བཱ་དང༌། གཞན་ནི་འ་ཆུང་མེད་པའི་བ་ཡིན། དེས་ན་དོན་ལ་ཡང་ཁྱད་པར་འགྲོ་བ་ནི་ཆོས་ཉིད་ཡིན།
ཀ་བཤད་ལ་ཧ་ཅང་མཉེས་པོ་ཡོད་པའི་སྙན་པའི་ངག་གི་བདག་པོ་དགེ་བཤེས་བེ་རེ་འཇིགས་མེད་ལགས་ལ་ཆེད་དུ་ཕུལ་བ།
ཀ་ར་ཁ་ལ་ཞིམ་ཞིམ་སྣ་ལ་མིན༎
ཁ་སྣའི་ཞིམ་ལུགས་མི་འདྲ་སོ་སོ་རེད༎
ག་ཆད་ལག་དེའི་སྨྱུག་རྩེ་སྐྱོག་ལུགས་ལ༎
ང་ཡིས་བལྟས་ན་དགུང་ན་སྨིན་པ་འདྲ༎
ཡང་། ནི་བཱ་ས་ན། ན་བཟའི་སྐད་དོད་ཙམ་ལས། དེའི་ཟུར་ཆགས་པ་མིན་ཏེ། ན་འདམ། ན་བུན། ན་ཚ། ན་ཟླ་དང་འདྲ་བར་དེ་ནི་གོས་ཀྱི་ཞེ་ས་ཡིན་པ་དང་། བོད་སྐད་རང་ཡིན་དགོས་ཏེ། ན་བཟའ་ཞེས་པའི་བཟའི་བ་སྔོན་འཇུག་དང་རྗེས་འཇུག་ཡོད་པའི་རིགས་པས་ཤེས་ནུས་སོ།
རྒན་སྒོ་སྡེ་ལགས།
ལེགས་སྦྱར་ལ་ཐུགས་རྒྱུས་དང་མཁྱེན་རྒྱ་ཆེ་བ་འདྲ། གུས་མོའི་རྨོངས་འཆར་ཅིག་ལ། བོད་སྐད་ཡིག་ག་ཕུགས་ཁུངས་ལེགས་སྦྱར་ལ་གཏུགས་དགོས་པ་དང༌།
ཞང་ཞུང་གི་རྒྱལ་རབས་དང་བོན་གྱི་ཆོས་འབྱུང་སྦྱོང་བ་ལ། ཐོག་མའི་ཆ་རྐྱེན་ལྟ་བུ། དེ་དག་གི་སྐད་དོད་ཅེས་ཕ་འདེད་ཕུགས་གཏུགས་ཤིག་བྱས་དགོས་དོན་འདི་ནི་དཀའ་ངལ་འཕེར་མ་ཞིག་མ་ཡིན་སྲིད་ཀྱང༌། ད་དེ་ནི་དུས་ལས་ཡོལ་ཚར་བ་དང་ཡོལ་མེད་ཀྱང་དཔྱད་པའི་གྲུབ་དོན་ཅུང་མེད་པར་བསྐྱར་བཤད་ཡང་བཤད་ཀྱི་བཤད་ཆོས་ཤིག་ལས་མ་འདས་པར་ཚོར་མོད། བཀུར་འོས་མི་རབས་རྒན་པ་ཁྱེད་ཅག་གི་བྱ་བཞག་ལ་བརྩི་བཀུར་མེད་པ་དེ་འདྲ་ཡང་མིན།
སྒོམ་སྡེ་ལྷ་རམས་པ་ལགས། བོད་མི་བོད་ནང་ས་སྐྱེས་རྡོ་སྐྱེས་ཡིན་པ་བཞིན། བོད་སྐད་བོད་ནང་ས་སྐྱེས་རྡོ་སྐྱེས་རེད་དོ། འདི་དུས་ནམ་ཡང་མི་བརྗེད་པར་གྱིས།
སྐད་ཟུར་ཆགས་པ། ནེའུ་ལེ་ལྟ་བུ། ཕྱེད་བསྒྱུར་བ། པཎ་ཆེན་ལྟ་བུ། རང་འཇག་བཞག་པ། པདྨ་ལྟ་བུ་དགོས།
དགེ་བཤེས་བེ་རི་འཇིགས་མེད་ལགས།
རྗེ་ཙོང་ཁ་པ་ཆེན་པོའི་རིམ་ལྔ་གསལ་སྒྲོན་ལས།
བྱིས་པ་ཆུང་ངུས་སྨྲས་པའི་འཁྲུལ་པ་ལའང༌། །
བརྩེ་བའི་ཕ་མས་འཚར་དུ་འཛིན་པ་བཞིན། །
ཞེས་གསུངས་པ་ལྟར། བོང་བ་གསེར་གཟིགས་ཀྱི་ཚུལ་ལ་ཐུགས་རྗེ་ཆེ་ཞུའོ། །
དཔྱོད་ལྡན་མང་པོ་ཞིག་ལ་གོ་ནོར་ཞིག་བྱུང་འདུག་སྙམ།
ངོས་ནས་བོད་ཀྱི་ཡི་གེའི་ཁུངས་རྒྱ་གར་ལ་ཐུག་པ་དང་། བོད་སྐད་ཀྱི་རིགས་མང་པོ་ཞིག་ལེགས་སྦྱར་དང་རྒྱ་གར་ལ་ཐུག་ཚུལ་བཤད་ཀྱི། བོད་སྐད་སྤྱི་བྱིངས་དེ་ལེགས་སྦྱར་དང་རྒྱ་གར་སྐད་ལ་ཐུག་ཚུལ་ཁ་ཚོན་བཅད་ནས་བཤད་མེད་སྙམ། གལ་ཏེ་ཡོད་ན་གསུང་རོགས།
སྤྱིར་བཏང་གོང་དཔྱོད་ལྡན་མང་པོ་ཞིག་ནས་རིན་ཐང་བྲལ་བའི་དོགས་གཅོད་གནང་འདུག་པར་ཐུགས་རྗེ་ཆེ།
ད་དུང་བརྟག་དཔྱད་བྱས་དང་བྱ་མུས་ཡིན།
ཁོ་རེ་སྒོམ་སྡེ། ང་ཚོ་གོ་ནོར་ཁྱོན་ནས་ཐེབས་མེད་དོ། །ཁྱོད་ཀྱིས་སྔ་ས་ནས་རང་གི་དམིགས་ཡུལ་ནི་ཆབ་སྲིད་འཁྲབ་ནས་བོད་ཀྱི་སྐད་ཡིག་གི་ཕུགས་དེ་རྒྱ་གར་ལ་གཏུགས་རྒྱུ་ཡིན་པར་བཤད་ཟིན་པ་མི་དྲན་ནམ། ད་དུང་ང་ཚོ་གོ་ནོར་ཐེབས་འདུག་ཡིན་ན་གཅིག མཆན་ཚང་མ་བསུབ་ནས་ཡང་བསྐྱར་མཁས་མདོག་སྟོན་འདོད་པ་ཡིན་ནམ།
འོ་ན་འདི་ག་རེ་བཤད་ཀྱི་ཡོད། ༼སྐད་ཡིག་གང་ཞིག་ལེགས་སྦྱར་ཟུར་ཆག་པ་ཡིན་ན། སྤོབས་པ་བྱ་འོས་པ་ཞིག་དང་། སྐད་ཡིག་དེ་ཁུངས་ལྡན་ཞིག་ཡིན་པ་མཚོན་ཐུབ། མཁས་དབང་དགེ་འདུན་ཆོས་འཕེལ་དང་། དེང་དུས་ཀྱི་སྐད་ཡིག་ཞིབ་འཇུག་པ་ཚོས་འཛམ་གླིང་གི་སྐད་ཡིག་ཕལ་མོ་ཆེའི་འབྱུང་ཁུངས་དང་མ་ཕྱི་ནི་ལེགས་སྦྱར་ཡིན་པར་བཤད་ཡོད།༽ད་ཁྱོད་ཀྱིས་རྫུན་བཤད་རྒྱུ་མང་སོང་། དེང་དུས་སྐད་ཡིག་ཞིབ་འཇུག་པ་ཚོས་ཨེ་ཤི་ཡའི་སྐད་རིགས་ལ་ལེགས་སྦྱར་དང་ཉེ་བའི་རྒྱ་གར་གྱི་སྐད་རིགས་སོགས་སྡེ་ཚན་གཅིག་དང་། ཉི་ཧོང་དང་ཀོ་རི་ཡ་སོགས་རྒྱ་ནག་གི་སྐད་རིགས་ལ་ཉེ་བ་རྣམས་སྡེ་ཚན་གཉིས། འབར་མ་དང་སོག་སྐད་སོགས་བོད་སྐད་ལ་ཉེ་བ་རྣམས་སྡེ་ཚན་གསུམ་བཅས་ཆེ་ས་ནས་འདི་ལྟར་ལོགས་སུ་ཕྱེས་ཏེ་ཁུངས་སོ་སོར་འདེད་ཀྱིན་ཡོད་པ་ཡོངས་གྲགས་ཡིན་པས་གཞན་ལ་མགོ་སྐོར་མ་ཐོངས་ཤིག ད་དུང་བོད་སྐད་ལེགས་སྦྱར་ལས་བྱུང་རབས་སྐད་ཡིག་ཞིབ་འཇུག་པ་ཚོས་བཤད་ཀི་འདུག་ཡིན་ན་གཅིག
མ་གཞི་གོང་གི་དཔེར་བརྗོད་དེ་ཚོ་ལེགས་སྦྱར་ཟུར་ཆག་པ་ཞེས་པའི་ནང་བཀོད་པ་མ་གཏོགས། ཕལ་ཆེ་བ་ནི་རྒྱ་གར་གྱི་སྐད་ལ་ཉེ་བ་ཙམ་ལས་ལེགས་སྦྱར་དང་ཉེ་ལུགས་མི་འདུག་པས་རང་དོན་བཙན་གྱིས་སྒྲུབ་པའི་ཨུ་ཚུགས་ཅན་ཞིག་རེད་འདུག འོ་ན་ལེགས་སྦྱར་དང་རྒྱ་གར་སྐད་གཉིས་གཅིག་པ་ཡིན་ནམ། མིན་ན། འཇུར་ཏ་དང་ནེའུ་ལེ་སོགས་ལ་ལྟོས། ལེགས་སྦྱར་དང་ཉེ་རབས་འདུག་གམ།
སྔོན་མ་ཁྱོད་ཀྱིས་༼ དུས་ཕྱིས་བོད་སྐད་ནང་པད་ཚལ་དང་། ཇིན་ཚལ། ལ་ཕུག་སོགས་རྒྱའི་སྐད་ཐར་ཐོར་འབྱུང་བ་ཕལ་ཆེར་ནི་ཟས་རིགས་ཀྱི་ཐ་སྙད་ཙམ་དུ་ཟད་དོ། །༽ཞེས་པ་ལ་ངས་༼བོད་ཀྱི་ནག་རྩིས་ལ་མཚོན་ན། ལི། ཁོན། དྭ། ཁེན། ཁམ། གིན། ཟིན། ཟོན་རྣམས་ལེགས་སྦྱར་རེད་དམ། སྨན་ལ་ལྟོས། ཚོན། བཀན། ཆག་གསུམ་ལེགས་སྦྱར་རེད་དམ། ཡང་ན་ཟས་རིགས་ཀྱི་ཐ་སྙད་རེད། ༽ཅེས་དྲིས་པས་ད་ཁྱོད་ཀྱིས་རང་གི་སྐད་ཆར་བཟོ་བཅོས་ཀྱིས་༼ནག་རྩིས་ནང་ཐར་ཐོར་དང་། དེ་བཞིན་གཞན་དང་གཞན་ཐར་ཐོར་འབྱུང་ཡང་། གཞུང་ཆེན་མོའི་ནང་རྒྱ་མིའི་སྐད་ཧ་ལམ་མཐོང་རྒྱུ་མེད། ༽ཅེས་པར་བཤད་འདུག འོན་ཀྱང་ད་དུང་སྨན་ལྷག་འདུག་ད་གྲོགས་པོ། སྨན་གཞུང་གི་ནང་དུ་རྒྱ་སྐད་ཉུང་ཉུང་མིན་པ་ཁྱོད་ཀྱིས་འདིར་བགྲངས་པའི་ཐོ་ལས་མང་ཙམ་ཞིག་ང་ལའང་བགྲང་རྒྱུ་ཡོད་པས་གཟོབས་ཤིག འོན་ཀྱང་ཁྱོད་ཐུགས་རྗེ་ཆེ་ཟེར་མཁན་ཞིག་མ་རེད།
མ་གཞི་བོད་ཀྱི་ལོ་རྒྱུས་སྤྱི་ཡོངས་ལ་བལྟ་གི་ཡོད་དམ། གཞུང་གི་ཆོས་ཚིག་ནང་རྒྱ་སྐད་མི་འདུག་ཅེས་ཁྱོད་ཀྱིས་ཁས་ལེན་ཞིག་བྱ་ཐུབ་བམ། དེ་ལྟར་ནུས་ན་ངས་བོད་ཀྱི་གཞུང་ཆེན་དུ་གསལ་བའི་རྒྱ་སྐད་རྣམས་རིམ་བཞིན་བགྲང་ཆོག ཁྱོད་ལ་ངས་བལྟ་རྒྱ་ཆེ་ཙམ་དང་། བོད་སྤྱི་ཡོངས་ཀྱི་སྐད་ཆ་བཤད་འདོད་ཡོད་ན་ཆོས་ལུགས་གྲུབ་མཐའ་སྤྱི་ཡོངས་ཀྱི་གཞུང་ལ་ལྟོས་ལབ་ཡོད་པ། དེ་མིན་ཁྱོད་རང་ས་མཚམས་ཤིག་ཟུངས་རོགས། དགེ་ལུགས་པའི་གཞུང་ཆེན་ནམ་ཆབ་སྲིད་པ་སྒེར་གྱི་ལྟ་བ་འདྲ་བོར་གཞི་བཟུང་ནས་བཤད་རོགས། དེ་ནི་ཁྱོད་ཀྱི་དམིགས་ཡུལ་ཡིན་པར་གསལ་བསྒྲགས་བྱས་ཟིན་ཡོད་པ།
ད་དུང་ག་རེ་ཟིག ༼གོང་དུ་བཤད་པ་ལྟར་ཕལ་ཆེར་(རྒྱ་སྐད་)ནི་༡༩༤༩ཕྱིས་སུ་བོད་དུ་སླེབས་པའི་ཟས་རིགས་ཀྱི་ཐ་སྙད་ཙམ་དུ་ཟད་དོ།༽ ཡིན་ན་གཅིག ཧེ་ཧེ། སྐུ་མཁྱེན་བོད་ཀྱི་རྒྱལ་རབས་ལ་ལྟོས། འདི་ཚོའི་སྐོར་བཤད་རྒྱུར་དགེ་ལུགས་པའི་མདོ་གཞུང་གཅིག་པུས་ཕན་ཐོགས་ཀྱི་མ་རེད། མི་གསོན་པོར་མ་བཟའ། ང་གཉིས་གཏིང་ཟབ་པོའི་སྐད་ཆ་དེ་དག་མི་བཤད། ༡༩༤༩ སྔོན་གྱི་བོད་པའི་མི་ཆེན་དག་གི་གོ་གནས་ནས་བཟུང་སྟེ། གོས་ལག་དང་། ཁ་ཕོར་ཡན་ཆད་ལ་ལྟོས། དེ་ནས་ཤོད་དང་ངས་བལྟ་ཆོག ཁྱོད་ཀྱིས་བགྲངས་པའི་ཟས་རིགས་པད་ཚལ་ཟེར་བ་རྣམས་རྒྱ་སྐད་ཡིན་མིན་ད་དུང་བལྟ་རྒྱུ་རེད། པད་ཚལ་རྒྱ་སྐད་ཡིན་ན། ནགས་ཚལ་ཡང་ག་བར་འཇོག་རྒྱུ་ཡིན། ད་དུང་གཞན་ཡང་ཡོད།
གང་ལྟར་ངས་ཁྱོད་ལ་བོད་ཀྱི་ཆོས་གཞུང་ནང་ལེགས་སྦྱར་སྐད་ཡོད་པ་དངོས་བདེན་ཡིན་ཡང་བོད་སྐད་ཀྱི་ཁུངས་དེ་ལེགས་སྦྱར་ལ་མ་གཏུགས་ཟེར་ནས་བཤད་ཟིན་ཡོད་པ། ཁྱོད་ཐལ་འགྲོ་གིན་འདུག འདི་ཡང་ཁྱོད་ཀྱིས་བོད་དོན་དུ་བསམ་གྱིན་ཡོད་ན་དྲང་པོའི་ངང་ནས་བརྩོན་དགོས་པ་ལས་རྫུན་མ་བཤད་རོགས།
ད་བསམ་དུས་ཁྱོད་ཀྱི་ཚིག་མཛོད་དེ་ཆོས་ལུགས་གྲུབ་མཐའ་སྒེར་གྱི་ལྟ་བ་འབུར་དུ་སྟོན་ཞོར་དུ་གྲུབ་མཐའ་གཞན་རྣམས་གཉའ་གཅོག་བྱེད་དམ་རྫུན་རེད་མདོག་སྟོན་པའི་ཚིག་ཕུང་ཞིག་ཏུ་ཡིན་ངེས་ཀྱི་དོགས་པའང་ཤར་གྱིན་ཡོད། དེ་ལྟར་ཡིན་ན་ཁྱོད་ཀྱིས་བོད་དོན་མིན་པར་རྒྱ་དོན་བསྒྲུབས་པ་རེད་བསམ་གྱིན་ཡོད།
བོད་རྒྱའི་སྐད་ཁྱིམ Sino-Tibetan languages ནང་རྒྱ་ནག་གི་སྐད་དང་བོད་འབར་ཀྱི་སྐད་ Tibeto-Burman languages གཉིས་ཡོད་ཚུལ་བཤད་འདུག་པ་དང་། དེ་ལ་ནང་ཚན་དུ་ ཨེ་ཤི་ཡ། ལྷོ་ཤར་ཨེ་ཤི་ཡ་དང་ལྷོ་ཨེ་ཤི་ཡའི་སྐད་ཀྱི་ཆ་ཤས་ཤིག་བཅས་ཁྱོན་སྐད་རིགས་༢༥༠ ཡོད་པར་བཤད། བཤད་ཚུལ་འདི་ནི་ད་བར་གྱི་སྐད་རིགས་ཞིབ་འཇུག་པ་ཚོའི་ཡོངས་གྲགས་ཀྱི་བཤད་ཚུལ་ཞིག་རེད། ཡིན་ནའང་རྒྱ་ནག་གི་སྐད་དང་བོད་འབར་གྱི་སྐད་གཉིས་སྐད་ཁྱིམ་གཅིག་མིན་པར་འདོད་མཁན་ཡང་མཁས་པ་རེ་ཟུང་ཞིག་འདུག
བོད་རྒྱ་གཉིས་སྐད་ཁྱིམ་གཅིག་ཡིན་མིན་གང་ལྟར་ཀྱང་བོད་རྒྱ་གཉིས་ཀྱི་སྐད་ནང་སྒྲ་དོན་འདྲ་བ་མང་པོ་ཞིག་རྙེད་རྒྱུ་འདུག་ལ། སྒྲ་དོན་ཉེ་བ་ཡང་མང་པོ་ཞིག་རྙེད་རྒྱུ་འདུག ཐ་ན་ཕྲད་ཀྱི་ནང་ཡང་ཡོད་མེད་རེད་ནས་ལས་ཡེ་སོགས་འདྲ་སེ་བ་དུ་མ་ཞིག་འདུག་ག ལྷག་པར་དུ་ལྷ་ས་བའི་སྐད་ཀྱི་གདངས་དང་ཐ་སྙད་མང་པོ་ཞིག་རྒྱ་སྐད་དང་འདྲ་སེ་འདུག
དཔེ་གཅིག་བཞག་ན། ང་ཚོའི་ཨ་མེས་ཡང་མེས་ནས་ཆགས་པའི་སྲིད་པའི་གངས་རྒན་ཚོར་ཨ་མདོ་བས་ཨ་མྱེས་རྨ་ཆེན། ཨ་མྱེས་བྱ་ཁྱུང་སོགས་ཀྱི་མིང་གིས་འབོད་ཀྱང་ལྷ་ས་བར་མིང་འདིའི་རྗེས་ཤུལ་ཙམ་ཡང་མེད་པ་འདྲ། དེའི་ཚབ་ཏུ་ཇོ་བོ་ཟེར་བའི་ཚིག་འདིས་འབོད། ཇོ་བོ་ཟེར་བ་འདི་ཡང་རྒྱ་མིས་ཨ་མྱེས་ལ་ཇོའུ་ཟེར་བ་དང་འདྲ་སེ་མི་འདུག་གམ། ལྷ་སས་གཙང་བོ་ཟེར་བ་དེའང་རྒྱ་མིས་ཆུ་བོ་ལ་ཅང་ཟེར་བ་འདི་ཚོ་སྒྲ་འདྲ་སེ་འདུག་ག དེ་ནས་ལ་དོན་གྱི་ཕྲད་བེད་སྤྱོད་མི་གཏོང་བ་དེའང་རྒྱ་སྐད་ཀྱི་ཚིག་འགྲོས་དང་འདྲ་སེ་འདུག ལྷ་སའི་དམངས་གླུ་ཚིག་བཞི་མ་དེ་ཚོའང་རྒྱ་ནག་ཐང་གི་སྙན་ངག་དང་ཉམས་འདྲ་བོ་ཡོད་པ་རེད།
ཨ་མདོའི་སྐད་གདངས་དེ་སོག་པོ་དང་ཨ་རབ་སོགས་ཀྱི་སྐད་གདངས་དང་འདྲ་བོར་མཐོང་སོང་།
སྐད་རིགས་ལ་གདངས་དང་ཕྲད་ཚུན་ཆད་ནས་ཞིབ་འཇུག་ཡག་པོ་ཞིག་གནང་དང་འདིས་ལོ་སྟོང་དུ་མའི་སྔ་རོལ། ཡི་གེ་མ་དར་བའི་སྔ་རོལ་གྱི་ལོ་རྒྱུས་གསོན་པོ་ཞིག་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།