༄༅།།འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་། ༧རྒྱལ་དབང་འཇིག་རྟེན་གསུམ་མགོན་དུས་ཀུན་ས་སྟེང་། ༧རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་འབོད་པའི་གཏམ།བསིལ་ལྡན་རྭ་བ་དཀར་པོས་ཁོར་ཡུག་ཏུ་བསྐོར་བའི་སྨན་ལྗོངས་ཆེན་མོ་འདིའི་ཁོངས་སུ་གཏོགས་པའི་སྐྱེ་བོ་སེར་སྐྱ་དྲག་ཞན་བར་པ་བཅས་དང་། བྱ་བ་ཞི་དྲག་གི་སྣེ་མོར་མངགས་སླེབས་མཐའ་དག་ལ་ཟློས་བ།
འཕགས་པའི་ཡུལ་ནས་བདག་ཅན་གི་སྟོན་པ་ཐུགས་རྗེ་ཅན་འདིའི་ཇི་ལྟར་ལུང་དུ་བསྟན་པ་ལྟར་བསིལ་ལྡན་ས་ལའི་སྨན་ལྗོངས་འདི་བཞིན་འཕགས་མཆོགས་འཇིག་རྟེན་དབང་ཕྱུག་གི་འཕྲུལ་ཆོས་༧རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་ད་ལྟའི་བར་སྐྱེ་ཕྲེང་ཟམ་མི་ཆད་པ་བྱོན་ནས་ལྗོངས་འདི་ཕྱག་མཚན་དུ་བདག་བཞེས་ཏེ་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་ཐབས་དང་། ཐུགས་རྗེ་ཆེན་པོས་རྟག་ཏུ་སྐྱོང་ཞིང་། སྔར་ཇིང་གི་སི་ཁྭང་དང་། ཨལ་ཐན་རྒྱལ་པོ་སོགས་སོག་དུས་དང་། མིང་སོགས་རྒྱ་རྒྱལ་རིམ་བྱོན།༧རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ནས་མན་ཇུ་༧གོང་མ་དང་མཆོད་ཡོན་དུ་འབྲེལ་ཏེ་ཕན་ཚུན་སྐྱོང་རེས་ཀྱི་བཅས་དེ་ལྟར་ཡང་། བར་ལམ་ཟི་ཁྲོན་དང་། ཡུ་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་བོད་ཟ་སེམས་ཀྱིས་དབང་ཤུགས་བརྣབས་མནར་ཚོད་མེད་བྱས་པས་མ་ཚད། ཆིངས་གསལ་ཚོང་རྭ་ཁག་གི་ཁྲིམས་སྲུང་ཡིན་ཚུལ་རྒྱ་དམག་ཁྱོན་ཆེ་རྒྱལ་ས་ལྷ་ལྡན་དུ་ལྷགས་འབྱོར་བྱུང་བ་བཅས་ལ་བརྟེན་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས་། གཅིག་འོག་གཅིག་མེད་པའི་གནས་ལུགས་ཡོང་རྐྱེན་གསལ་བཤད་བྱེད་པར་ངོས་རྒྱལ་བློན་རྣམས་ས་མཚམས་སུ་བཀྱོད་དེ་པི་ཅིང་རང་ལ་ལྕགས་སྐུད་ཐོག་ནས་བཀའ་མོལ་ཞུ་རྩིས་དེ་ལྟར་ཡང་། ངོས་ཐོན་པའི་རྗེས་སུ་གསོད་བཟུང་གང་ཐུབ་བྱེད་པར་གོ་མཚོན་ལྡན་པའི་རྒྱ་དམག་གཅིག་རྒྱབ་གཉིས་སྣོན་དུ་བཏང་རྐྱེན་རེ་ཞིག་རང་ས་བརྒལ་ཏེ་མི་འགྲོ་མཐུ་མེད་བྱུང་བ་དང་། རྒྱ་གར་དུ་འབྱོར་མཚམས་རྒྱ་ཕྱོགས་སུ་ལྕགས་འཕྲིན་ཐོག་ནས་གསན་ལུགས་སྔ་རྗེས་ཇི་ལྟར་ཞུས་ཀྱང་གནད་ཡོད་བློན་ཆེན་འགའ་ཤས་རྒྱུ་རྔན་གྱི་རྗེས་སུ་འབྲངས་ཏེ་འདི་བྱེད་གནས་ལན་སྣེ་གཅིག་མེད་མུར། ལས་འབྲས་མི་བླུས་བའི་མཐུ་ལས་མན་ཇུ་༧གོང་མའི་ཆབ་སྲིད་མི་བརྟན་པའི་དུས་འགྱུར་མི་ཟད་པ་བྱུང་ཐོག་། བོད་རིགས་སྐྱེ་བོ་མཆོག་མན་ཚང་མས་ཀྱང་རང་ནུས་གང་ཞར་གྱི་རྒྱ་དམག་ལ་འཐབ་འཛིངས་མུ་མཐུད་བྱས་པ་བཅས་ལ་བརྟེན་དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་བསྐྲོད་བཏང་ཟིན་ཏེ་། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག་། ཁམས་ཕྱོགས་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས། ད་ཆ་བོད་ཡུལ་འདི་བཞིན་རྒྱ་ཕྱོགས་ནས་མཆོད་ཡོན་ཁ་ལ་འཁྱེར་ཏེ་དོན་དམ་བྲན་གཡོག་ཏུ་བཀོལ་རྒྱའི་བསམ་སྦྱོར་ངན་གཞོམ་དེ་དག་བྱེད་པའི་ཆངས་བུའམ། ནམ་མཁའི་འཇའ་ཚོན་ལྟར་ཅིག་ཅར་དུ་ཞི་ནས་འགྲོ་རྣམས་ཆོས་དང་། འབྱོར་པས་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་པ་འདི་ནས་བཟུང་། ཁྱོད་རང་གོང་འཁོད་སེར་སྐྱ་དྲག་ཞན་ཚང་མས་ཉམས་སུ་ལེན་རྒྱུ།
དོན་ཚན་དང་པོ།
འཇིག་རྟེན་གྱི་ཁམས་འདིར་ཕན་བདེ་མ་ལུས་པ་གང་ལས་བྱུང་བའི་གཞི་རྩ་༧རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྙེད་དང་བཀུར་སྟི་བཅས་ཏེ་ཡུན་དུ་གནས་པ་ལ་རག་ལས་པས་ན། ལྷ་ལྡན་ར་ས་འཕྲུལ་སྣང་དང་།རྒྱས་བཏབ་ར་མོ་ཆེན། ཁྲ་བསམ་སོགས་གནས་ཆེན་ཁག་དང་། གདན་ས་གསུམ་སོགས་རིས་མེད་དགེ་འདུན་གྱི་སྡེ་མཆིས་སོ་ཅོག་ཚང་མའི་མཆོད་རྒྱུན་དང་། འཛིན་སྤྲས་ལ་དོ་དམ་ལྷོ་མེད་དགོས་རྒྱུ་།
དོན་ཚན་གཉིས་པ།
རིས་མེད་དགོན་སྡེ་ཁག་གི་མཁན་སློབ་དགེ་འདུན་རྣམས་ནས་རང་ལུགས་མདོ་སྔགས་གསར་རྙིང་གི་དམ་པའི་ཕྱག་བཞེས་གཙང་མ་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་གསོར་འཆུད་ཐོག་། ཆོ་ག་འཆད་ཉན་། ཐོས་བསམ་སྒོམ་གསུམ་ལ་བརྩོན་ཞིང་། ཁས་བླངས་པའི་བཅའ་ཁྲིམས་སོགས་སྲུང་བརྩི་གང་ཆེ་དགོས་རྒྱུ་།།
དོན་ཚན་གསུམ་པ།
སྣེ་མོ་ལས་འཛིན་པ་མཆིས་སོ་ཅོག་ནས་ཁྲལ་བསྡུ་། ཁྲིམས་གནོན་གྱི་བྱེད་སྒོ་ཅི་མཆིས་དྲང་པོས་གཞུང་བསྲུང་གིས་གཞུང་འབངས་གཉིས་སྨན་ཐམས་ཚུལ་ལྷོད་མེད་དགོས་རྒྱུ་ལས་། མངའ་རིས་བསྐོར་གསུམ་དང་། མདོ་སྨད་ཕྱོགས་འདི་ནས་ས་ཐག་གིས་བསྐལ་བ་རྣམས་ལ་ལས་བྱེད་བསམ་མེད་རེ་ཟུང་ནས་འབམ་ཚོང་སྤུས་བསྒྱུར་། དཔྱད་མཚམས་ལས་བརྒལ་བའི་རྟ་ཁལ་མི་གསུམ་གྲངས་མེད་བསྐུལ་འདེད་སོགས་ཆབ་འབངས་ཆགས་ཐབས་བྲལ་བའི་བསྟབས་མནར་དང་། ལོ་ཐོགས་ཕྲན་བུར་སྙད་དེ་ས་ཁང་གཞུང་ལེན་དང་། དབང་པོ་ཡན་ལག་གཅོད་བྲེགས་སོགས་འདི་ཕྱི་ལས་འབྲལ་དང་། གཏམjདོན་གོང་ལའང་མི་བཏུབ་པའི་བྱ་ངན་འདི་རིགས་ཙམ་མེད་པ་དགོས་རྒྱུ།
དོན་ཚན་བཞི་པ།
བོད་འདི་རྒྱལ་ཁབ་གཞན་དག་ལྟ་བུའི་སྟོབས་འབྱོར་འཕྲུལ་ཆས་དང་མི་ལྡན་རུང་། ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་ཞིག་ཡིན་སྟབས་། དེང་དུས་ཞི་དྲག་གི་ལས་དོན་གང་ཅིར་དོ་དམ་ཆེ་བསྐྱོད་ཀྱིས་རང་ས་བརྟན་སྲུང་ཐུབ་པའི་དྲག་པོའི་འདུ་འགོད་རྒྱ་ཆེ་གནང་མུས་ཡིན་ན་། འཕྲལ་སྒང་དམག་ཁྲིད་དང་། ཁམས་ཕྱོགས་ལམ་འཁེལ་ཁག་ལ་དཀའ་ཚེགས་ཕྲན་བུ་ཡོང་གཞིར་བཅས་གཤིས་། རྒྱ་ནག་ནས་མ་དག་བདག་བཟུང་སྔ་ཕྱིར་བྱུང་བའི་རྒྱུ་མཚན་སྔོན་བྱུང་ལ་བསམ་ཞིབ་ཀྱིས་ཚང་མས་མ་བསྐུལ་དང་བླངས་ཐོག་རང་ས་རང་སྐྱོང་དང་། རང་སྡེ་རང་སྲུང་བྱེད་རྒྱའི་ཐབས་ཚུལ་ལ་ཚང་མས་ལྷག་བསམ་འཁུར་ལེན་ཆེ་བསྐྱེད་དགོས་རྒྱུ་མ་ཟད་། སྟོད་སྨད་། ལྷོ་བྱང་གིས་མཚམས་ཁག་ལ་སོ་སྲུང་ལྷད་མེད་ཀྱིས་ཕྱི་མིའི་སོ་ཉུལ་ནང་ལྷགས་མི་འབྱུང་དམ་པོས་དམ་བཅིངས་དང་། གལ་ཏེ་དོགས་གླེང་ཕྲ་མོ་ཙམ་རུང་འཕྲལ་འཕྲལ་རྫོང་གཞིས་རྟ་ཞད་བརྒྱུད་ནམ་ཉིན་ཤད་རྩོལ་གྱིས་རྒྱལ་ཁབ་ཏུ་༧སྙན་སེང་དགོས་ལས་། རང་བཞིན་ལྷོད་ཡངས་དང་། ཡང་དོན་མེད་རྒྱུ་ཆུང་རྐྱེན་ཆེའི་ཀྲོག་རྐྱེན་ཆེད་བཟོའི་རིགས་ནམ་ཡང་མི་ཆོག་།
དོན་ཚན་ལྔ་པ།
བོད་འདི་མི་འབོར་ཉུང་ཞིང་། ས་སྟོང་བེད་མེད་ཤིན་ཏུ་མང་པོ་ཡོད་རུང་། འབད་རྩོལ་ཅན་འགའ་ཤས་ནས་ཕྲུ་གདུལ་བྱེད་བློ་ཤར་ཡང་། སྣེ་མོ་བ་ནས་བཟའ་འདོད་སྙད་འཚོལ་དང་། ས་བདག་རྣམས་ནས་རང་རང་གིས་ཕྲུ་གདུལ་ལག་ལེན་གང་ཡང་བྱེད་མ་ཐུབ་པར་། གཞན་གྱི་བྱེད་པར་མི་བཟོད་པའི་ཕྲག་དོག་གིས་རྒྱུ་མཚན་ཅི་རིགས་སྒོ་ནས་ཡུལ་ལུང་ཡར་རྒྱས་ཀྱི་གཞི་རྩ་གཏན་བརླག་གཏོང་སྲོལ་འདི་དག་རང་གཞན་གཉིས་མེད་ཀྱི་རྒྱུ་ལས་དགེ་མཚན་གང་ཡང་མ་མཆིས་པས་། ད་ནས་བཟུང་སྤྱི་ས་རི་ཀླང་བེད་མེད་སྟོང་ལུས་ཇི་ཡོད་ལ་ཁྱིམ་པ་ཉམས་ཅན་རྩོལ་ལྡན་ནས་ས་ཞིང་གདུལ་བ་དང་། སྤྱར་ལྕང་སྐྱེ་ཚེར་ཡན་གྱི་ཕན་བདེ་སྤེལ་བའི་འདེབས་འཁོལ་གང་ཐུབ་བྱེད་པར་གཞུང་སྒེར་མོས་བཅས་སུས་ཀྱང་བཀག་འགོག་ནམ་ཡང་མི་ཆོག་ཅིང་། དེ་དག་དགེ་བེད་ལོ་གསུམ་ཁྲལ་མེད་དུ་སྤྲད་རྗེས་རྒྱ་ཁྱོན་དང་།དགེ་བེད་ལ་གཞིགས་པས་གཞུང་དང་། ས་བདག་གི་ཁྲལ་བོགས་གཉིས་ལོ་འགེལ་འོས་ཐོག་འཛིན་བདག་གཏན་འཇགས་སུ་སྤྲད་པས་གཞུང་འབངས་གཉིས་སླེབས་ཡོང་བ་བྱེད་རྒྱུ་བཅས་གོང་དུ་ཇི་ལྟར་སྨྲོས་པ་བཞིན་ཚང་མས་ཉམས་སུ་བླངས་ནས་གཞུང་སའི་བཀའ་དྲིན་གསོ་བའི་ཞབས་འདེབས་སུ་འགྱུར་ཞིང་། རང་གཞན་ཡུལ་གྲུ་ཀུན་ཏུ་བདེ་སྐྱིད་ཀྱི་དགེ་མཚན་རླབས་པོ་ཆེ་ངམ་ངམ་ཤུགས་ཀྱིས་འཕེལ་ངེས་པས་། ཁེ་ཉེན་ལ་བསམ་ཞིབ་ཀྱིས་ལྷ་ཆོས་དང་། མི་ཆོས་ཀྱི་བླངས་དོར་ཕྱིན་མ་ལོག་པ་དང་ལེན་རྒྱུན་འཁྱོངས་དགོས་རྒྱའི་རྩ་ཚིག་འདི་བཞིན་མངའ་ཁུལ་དཀར་ཆག་ཏུ་བཀོད་ངོས་། ལས་བྱེད་རིམ་འབྱོར་ནས་རྩ་འཛིན་མཇུག་གཞོན་རྒྱུན་འཁྱོངས་ཚུལ་བཞིན་སྤྱོད་པ་གྱིས་།
ཞེས་གོ་བར་བྱ་བའི་ཡི་གེ་ཆུ་མོ་གླང་གི་ལོའི་ཆོ་འཕྲུལ་ཟླ་བའི་གྲམ་ཚེས་༨་དགེ་བར་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏྭ་ལ་ནས་བྲིས།།།།
དབུ་མེད་ནས་དབུ་ཅན་དུ་བསྒྱུར་པ་པོ་ཅོ་རི་ཉི་མ།
དཱ་རང་བཙན་དང་འབྲེལ་བའི་རྒྱལ་བ་བཅུ་གསུམ་པའི་གསུང་འདི་མ་བཀྲམས་མ་གཏོགས་་་་་་ ཡང་ན་་་་་་
གོང་ས་ཏྭ་ལའི་བླ་མའི་གདུལ་བྱ་མཆོག་གྱུར་ཡིན་ཟེར་མཁན་ཚོས་ཉོན་ཨ།
ལས་འབྲས་དཔང་དུ་བཙུགས། དྲང་བདེན་སྲང་ལ་འཇལ། དཀོན་མཆོག་གསུམ་གྱི་མདུན་དུ་པུས་མོ་ས་ལ་བཙུགས་ནས་སྐད་ཆ་དྲང་བདེན་ཡོད་པ་ཤིག་བཤད་ན་་་་བཀའ་དྲིན་བསམ་གཞིག་མེད་མཁན་སུ་རེད། དད་པ་དམ་ཚིག་མེད་མཁན་སུ་རེད། དྲིན་ལན་ལོག་འཇལ་བྱེད་མཁན་སུ་རེད། ༧རྒྱལ་བ་རིན་པོ་ཆེན་ལ་ཁ་བཏང་མཁན་སུ་རེད། རང་བཙན་འཐབ་རྩོད་ཚོ་རེད་དམ་དབུ་མའི་ལམ་པ་ཚོ་རེད།
འདས་ཟིན་རང་བཙན་འཐབ་རྩོད་པའི་རྒྱལ་གཅེས་བོ་དཔའ་མོ་ཚོ་ཡིན་ནའང་འདྲ། གསོན་པོ་བསྡད་ཡོད་པའི་རང་བཙན་འཐབ་རྩོད་པ་ཚོ་ཡིན་ནའང་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོད་ཆེན་པོའི་བཙན་པོ་རིམ་བྱོན་དང་། འགྲོ་མགོན་འཕགས་ཆོས་རྒྱལ་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་བོད་བླ་མའི་དེང་རབས་ཀྱི་རྒྱལ་རབས་རིམ་བྱོན་གྱི་བཀའ་དྲིན་ལ་བསམ་གཞིག་དང་། དྲིན་ཅན་ལ་དྲིན་གསོ། ཁོང་རྣམས་པའི་ལོ་རྒྱུས་ཀྱི་རྡོ་རིང་ལ་གུས་བཀུར། ཁོང་རྣམས་པའི་བཀའ་གསུངས་ལ་ཉམས་ལེན། ཁོང་རྣམས་པའི་རྒྱལ་ཁབ་ལ་དགའ་ཞེན་བྱེད་མཁན་བོད་རང་བཙན་འཐབ་རྩོད་ཚོ་རེད་དམ་དབུ་འི་ལམ་པ་བ་ཚོ་རེད།
༡་་་བོད་རང་བཙན་འཐབ་རྩོད་པ་ཚོས་མི་ལོ་སྟོང་ཕྲག་གི་རིང་དུ་བྱུང་བའི་རྒྱལ་རབས་རིམ་བྱོན་གྱི་བཀའ་དྲིན་ཡིད་ལ་སྒོམ་བཞིན་དུ་དྲིན་ལན་ལོག་འཇལ་བ་ཇི་ལྟར་ཆགས་སོང་བ་རེད་དམ། ལས་འབྲས་ཡོད་ན་ཁ་ཞིག་སྒྲོག་དང་། རྒྱུ་འབྲས་ཡོད་ན་སྲང་ལ་འཇོལ་དང་།
༢་་་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐུ་ཕྲེང་བཅུ་གསུམ་བར་གྱི་རྒྱལ་རབས་རིན་བྱོན་གྱི་དམ་ཚིག་མིག་འབྲས་བཞིན་སྲུང་མཁན་གྱི་རང་བཙན་འཐབ་རྩོད་ཚོ་དམ་ཉམས་ཇི་ལྟར་ཆགས་སོང་བ་རེད་དམ། ལས་འབྲས་ཡོད་ན་ཁ་ཞིག་སྒྲོག་དང་། དྲང་བདེན་ཡོད་ན་སྲང་ལ་འཇོལ་དང་།
༣་་་གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་པའི་བར་གྱི་དགའ་ལྡན་ཕོ་བྲང་གི་རྒྱལ་སྲིད་འཛིན་མཁན་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་བཀའ་གསུངས་ཉམས་ལེན་བྱེད་མཁན་གྱི་རང་བཙན་རྩོད་རྣམས་པ་ཁ་གཏོང་མཁན་ཇི་ལྟར་ཆགས་སོང་བ་རེད་དམ། དཀོན་མཆོག་དཔང་དུ་བཙུགས་ནས་ཁ་ཞིག་སྒྲོག་དང་། རྒྱལ་བ་རིན་པོ་མགོ་ཞོག་ནས་མནའ་ཞིག་བོས་དང་།
༤་་་་གོང་ས་ཏྭ་ལའི་བླ་མའི་བཏོན་པའི་དབུ་མའི་ལམ་ཁས་ལེན་མ་ཐུབ་པ་ཙམ་གྱིས་དྲིན་ལན་ལོག་འཇལ་དང་། ཁ་གཏོང་མཁན། དམ་ཉམས་ཆགས་དགོས་དོན་ཡོད་རེད་དམ། ཡོད་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་རྒྱལ་རབས་རིམ་བྱོན་གྱི་བཀའ་ལ་བརྩི་མེད་བཏང་། ཁོང་རྣམས་པའི་ལོ་རྒྱུས་ཀྱི་རྡོ་རིང་གི་ཐོག་ཏུ་སྐྱག་པ་བཏང་མཁན་དབུ་མ་པ་ཚོ་་་དམ་ཉམས་དང་། ཁ་གཏོང་མཁན། དྲིན་ལན་ལོག་འཇལ་བྱེད་མཁན་ཨེ་རེད། མིན་ན་མིན་ལུགས་ཤིག་ཤོད་དང་།
༥་་་རྒྱལ་བའི་བཀའ་བརྩི་མཁན་ཡིན་ན་རྒྱལ་མཆོག་བཅུ་གསུམ་པའི་བཀའ་བརྩི་དགོས་དང་མི་དགོས། དགོས་ན་དབུ་མའི་ལམ་པ་བ་ཡིན་ཟེར་མཁན་ཚོས་བརྩི་ཡི་ཡོད་དང་མེད། ཁ་གཏོང་གི་ཡོད་དང་མེད། དྲིན་ལན་ལོག་འཇལ་བྱེད་ཡོད་དམ་མེད། དྲང་བདེན་དཔང་དུ་བཙུགས། རྒྱུ་འབྲས་སྲང་ལ་འཇོལ་དང་། གོ་རྟོགས་ཤིག་རྙེད་མདོག་ཁ་པོ་རེད།
རྒྱལ་གཅེས་པ་ཀླུ་བྱམས་ལགས་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་རྒྱལ་རབས་རིམ་བྱོན་གྱི་བཀའ་དྲིན་ལ་བསམ་གཞིག་དང་། དྲིན་ཅན་ལ་དྲིན་གསོ། ལོ་རྒྱུས་ལ་བརྩི་བཀུར་བྱེད་བཞིན་ཡོད། ཁོང་གི་མགོ་ལ་ཁ་བཏང་མཁན་ཟེར་ནས་ཉེས་ཞྭ་ཞིག་སྤེན་ཚོས་་གོན་བཞིན་ཡོད་པ་འདི་ལུགས་མཐུན་རེད་དམ། རྒྱུ་འབྲས་དཔང་དུ་བཙུགས་ནས་ཁ་ཞིག་སྒྲོག་དང་།
# 3 འཕན་པོ་བ་བློ་བཟང་་ལགས་ཀྱིས་མཆན་བཏབ་པ།:
August 30th, 2015 at 9:20 PM
ཅོ་རེ་ཉི་མ་ལགས་ཁྱེད་ནས་ང་ཚོའི་བོད་གཞུང་སྣམ་སྐོས་དགའ་ལྡན་ཕོ་བྲང་གི་མི་གྲགས་ཆེན་ལྷ་ཀླུ་ཚེ་དབང་རྡོ་རྗེ་ལོ་རྒྱུད་གཟིག་སོང་ངམ། དེ་ནས་སྲིད་བློན་ཀླུ་ཁང་པས་ཆམ་མདོར་ང་ཚོའི་མགོ་བོ་བརྡུངས་བའི་ཁྲག་རལ་མ་སྐམ་པར་ཀྲང་གོ་ཧ་ཁྱོད་ཀྱི་ད་དུང་སློབ་སྦྱོང་ཟེར་ཨ། དེ་ལས་སྔོན་ལ་ཆབ་མདོ་ང་ཚོར་ཕྱི་ལོག་དགོས་ཞེས་པ་དེ་ཡང་ཁྱེད་ཧ་གོ་སོང་ངམ།
ཧ་གོ་མ་སོང་་་་རྒྱུས་ཙམ་གསུང་རོགས་བྱོས་དང་ང་དང་ང་ལྟ་བུའི་རིགས་ལ་ཕན་ཐོགས་ཡོང་གི་རེད།་་འཕན་པོ་ལགས
ནོར་བཅོས
# 2 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
August 30th, 2015 at 5:25 PM
གོང་ས་ཏྭ་ལའི་བླ་མའི་གདུལ་བྱ་མཆོག་གྱུར་ཡིན་ཟེར་མཁན་ཚོས་ཉོན་ཨ།
ལས་འབྲས་དཔང་དུ་བཙུགས། དྲང་བདེན་སྲང་ལ་འཇལ། དཀོན་མཆོག་གསུམ་གྱི་མདུན་དུ་པུས་མོ་ས་ལ་བཙུགས་ནས་སྐད་ཆ་དྲང་བདེན་ཡོད་པ་ཤིག་བཤད་ན་་་་བཀའ་དྲིན་བསམ་གཞིག་མེད་མཁན་སུ་རེད། དད་པ་དམ་ཚིག་མེད་མཁན་སུ་རེད། དྲིན་ལན་ལོག་འཇལ་བྱེད་མཁན་སུ་རེད། ༧རྒྱལ་བ་རིན་པོ་ཆེན་ལ་ཁ་བཏང་མཁན་སུ་རེད། རང་བཙན་འཐབ་རྩོད་ཚོ་རེད་དམ་དབུ་མའི་ལམ་པ་ཚོ་རེད།
འདས་ཟིན་པའི་རང་བཙན་འཐབ་རྩོད་པའི་རྒྱལ་གཅེས་བོ་དཔའ་མོ་ཚོ་ཡིན་ནའང་འདྲ། གསོན་པོ་བསྡད་ཡོད་པའི་རང་བཙན་འཐབ་རྩོད་པ་ཚོ་ཡིན་ནའང་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོད་ཆེན་པོའི་བཙན་པོ་རིམ་བྱོན་དང་། འགྲོ་མགོན་འཕགས་ཆོས་རྒྱལ་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་བོད་བླ་མའི་དེང་རབས་ཀྱི་རྒྱལ་རབས་རིམ་བྱོན་གྱི་བཀའ་དྲིན་ལ་བསམ་གཞིག་དང་། དྲིན་ཅན་ལ་དྲིན་གསོ། ཁོང་རྣམས་པའི་ལོ་རྒྱུས་ཀྱི་རྡོ་རིང་ལ་གུས་བཀུར། ཁོང་རྣམས་པའི་བཀའ་གསུངས་ལ་ཉམས་ལེན། ཁོང་རྣམས་པའི་རྒྱལ་ཁབ་ལ་དགའ་ཞེན་བྱེད་མཁན་བོད་རང་བཙན་འཐབ་རྩོད་ཚོ་རེད་དམ་དབུ་འི་ལམ་པ་བ་ཚོ་རེད།
༡་་་བོད་རང་བཙན་འཐབ་རྩོད་པ་ཚོས་མི་ལོ་སྟོང་ཕྲག་གི་རིང་དུ་བྱུང་བའི་རྒྱལ་རབས་རིམ་བྱོན་གྱི་བཀའ་དྲིན་ཡིད་ལ་སྒོམ་བཞིན་དུ་དྲིན་ལན་ལོག་འཇལ་བ་ཇི་ལྟར་ཆགས་སོང་བ་རེད་དམ། ལས་འབྲས་ཡོད་ན་ཁ་ཞིག་སྒྲོག་དང་། རྒྱུ་འབྲས་ཡོད་ན་སྲང་ལ་འཇོལ་དང་།
༢་་་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་རྒྱལ་རབས་རིན་བྱོན་གྱི་དམ་ཚིག་མིག་འབྲས་བཞིན་སྲུང་མཁན་གྱི་རང་བཙན་འཐབ་རྩོད་ཚོ་དམ་ཉམས་ཇི་ལྟར་ཆགས་སོང་བ་རེད་དམ། ལས་འབྲས་ཡོད་ན་ཁ་ཞིག་སྒྲོག་དང་། དྲང་བདེན་ཡོད་ན་སྲང་ལ་འཇོལ་དང་།
༣་་་གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་པའི་བར་གྱི་དགའ་ལྡན་ཕོ་བྲང་གི་རྒྱལ་སྲིད་འཛིན་མཁན་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་བཀའ་གསུངས་ཉམས་ལེན་བྱེད་མཁན་གྱི་རང་བཙན་འཐབ་རྩོད་པ་རྣམས་ཁ་གཏོང་མཁན་ཇི་ལྟར་ཆགས་སོང་བ་རེད་དམ། དཀོན་མཆོག་དཔང་དུ་བཙུགས་ནས་ཁ་ཞིག་སྒྲོག་དང་། རྒྱལ་བ་རིན་པོ་མགོ་ཞོག་ནས་མནའ་ཞིག་བོས་དང་།
༤་་་་གོང་ས་ཏྭ་ལའི་བླ་མའི་བཏོན་པའི་དབུ་མའི་ལམ་ཁས་ལེན་མ་ཐུབ་པ་ཙམ་གྱིས་དྲིན་ལན་ལོག་འཇལ་དང་། ཁ་གཏོང་མཁན། དམ་ཉམས་ཆགས་དགོས་དོན་ཡོད་རེད་དམ། ཡོད་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་རྒྱལ་རབས་རིམ་བྱོན་གྱི་བཀའ་ལ་བརྩི་མེད་བཏང་། ཁོང་རྣམས་པའི་ལོ་རྒྱུས་ཀྱི་རྡོ་རིང་གི་ཐོག་ཏུ་སྐྱག་པ་བཏང་མཁན་དབུ་མ་པ་ཚོ་་་དམ་ཉམས་དང་། ཁ་གཏོང་མཁན། དྲིན་ལན་ལོག་འཇལ་བྱེད་མཁན་ཨེ་རེད། མིན་ན་མིན་ལུགས་ཤིག་ཤོད་དང་།
༥་་་རྒྱལ་བའི་བཀའ་ལ་བརྩི་མཁན་ཡིན་ན་རྒྱལ་མཆོག་བཅུ་གསུམ་པའི་བཀའ་བརྩི་དགོས་དང་མི་དགོས། དགོས་ན་དབུ་མའི་ལམ་པ་བ་ཡིན་ཟེར་མཁན་ཚོས་བརྩི་ཡི་ཡོད་དང་མེད། ཁ་གཏོང་གི་ཡོད་དང་མེད། དྲིན་ལན་ལོག་འཇལ་བྱེད་ཡོད་དམ་མེད། དྲང་བདེན་དཔང་དུ་བཙུགས་ནས་རྒྱུ་འབྲས་སྲང་ལ་འཇོལ་དང་། གོ་རྟོགས་ཤིག་རྙེད་མདོག་ཁ་པོ་རེད།
# 3 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
August 30th, 2015 at 5:31 PM
རྒྱལ་གཅེས་པ་ཀླུ་བྱམས་ལགས་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་རྒྱལ་རབས་རིམ་བྱོན་གྱི་བཀའ་དྲིན་ལ་བསམ་གཞིག་དང་། དྲིན་ཅན་ལ་དྲིན་གསོ། ལོ་རྒྱུས་ལ་བརྩི་བཀུར་བྱེད་བཞིན་ཡོད། ཁོང་གི་མགོ་ལ་ཁ་བཏང་མཁན་ཟེར་ནས་ཉེས་ཞྭ་ཞིག་སྤེན་ཚོས་་གོན་བཞིན་ཡོད་པ་འདི་ལུགས་མཐུན་རེད་དམ། རྒྱུ་འབྲས་དཔང་དུ་བཙུགས་ནས་ཁ་ཞིག་སྒྲོག་དང་།
ཆུ་གླང་རྩ་ཚིག་འདི་ནི་གོང་ས་བཅུ་གསུམ་པ་ཆེན་པོའི་བཞེད་དོན་དང་མཛད་པར་སོང་ཙང་གོང་ས་བཅུ་བཞི་བས་ངེས་པར་མཇུག་སྐྱོང་དགོས་ངེས་རེད། དེ་མ་གཏོགས་ཡང་སྲིད་རྒྱུན་བསྲིངས་པའི་དགོས་པ་འགྲུབ་མི་འདུག
ཅོ་རོ་ཉི་མ་ལགས་ཁྱེད་ནི་བོད་གཞུང་ལ་ཁྲལ་ཀྱལ་མྱོང་མེད་པའི་འདྲི་ཆུ་ཕར་རྒྱབས་ཀྱི་མི་བུང་བུ་དེ་ཚོ་རེད་འདུག་ངས་གོ་བྱུང་ཡ་ཡ་གདེར་སྒེ་སིད་ཐར་གྱི་གྲོགས་པོ
ཡིན་པས་ཨ་
མཁྱེན་དཔྱོད་ཅན་ཀརྨ་བློ་གསལ་ལགས་ཕེབས་པར་ལེགས།
ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་རྒྱལ་རབས་རིམ་བྱོན་གྱི་ཐུགས་ཀྱི་བཞེད་དོན་ཉམས་ལེན་གནང་མཁན་དང་། ཁོང་རྣམས་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ལ་གུས་བཀུར་ཞུ་མཁན། ཁོང་རྣམས་པའི་རྒྱལ་གཞིས་ལ་དགའ་ཞེན་ཡོད་མཁན་གྱི་རང་བཙན་འཐབ་རྩོད་པ་རྣམས་ལ་དམ་ཉམས་དང་དྲིན་ལན་ལོག་འཇལ། ཁ་གཏོང་མཁན་སོགས་ཉེས་ཞྭ་སྣ་ཚོགས་ཤིག་གོན་ཡོང་བ་འདི་ནི་སེམས་ཀྱིས་བཟོད་པར་དཀའ་བའི་སྡུག་བསྔལ་ཞིག་ཡིན།
རྒྱལ་གཅེས་ལྷག་བསམ་གྱི་ཕྱུག་པའི་རང་བཙན་འཐབ་རྩོད་པ་ཚོའི་སྐེ་བཅད་ན་ཟུངས་ཁྲག་འོ་མ་འཐོན་འོང་ལ་་་་་ངུས་ན་མིག་ཆུ་ཁྲག་ཡིན། ཤི་ན་རུས་པ་གསེར་ཡིན། ཡིན་ཀྱང་བསམ་ཡུལ་འདས་པ་ཞིག་ལ་དྲང་བདེན་བོར་བའི་སྤྱི་ཚོགས་ཤིག་གི་ནང་དུ་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་མགོ་མཐོ་ལ་རྒྱལ་གཅེས་རང་བཙན་པ་རྣམས་ཉམས་ཕྲ། ཉམས་ཕྲ་བའི་ཐོག་ཏུ་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་ནས་རྒྱ་ཅོག་གཅིག་གི་ཐོག་ཏུ་བགྲོ་གླེང་ཙམ་ཡང་བྱེད་ཀྱི་མིན་ཟེར་ནས་ངར་ངར་རྫིག་རྫིག་བྱེད་བཞིན་ཡོད་པ་འདི་ལ་བོད་མི་དམངས་ཀྱིས་ངོས་ནས་བསམ་གཞིག་ཡག་པོ་ཞིག་གནང་བའི་རེ་བ་ཡོད། ལྷག་པ་ཏུ་གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་བསམ་གཞིན་གནང་གནང་བའི་རེ་བ་ཡོད།
འཕན་པོ་ལགས།
སྤྱི་ལོ་༡༦༤༢་ལོར་སྟོད་ལ་དྭགས་ནས་སྨད་དར་རྩེ་མདོ་ཡི་བར་གྱི་བོད་ཀྱི་ས་ཆ་ཡོངས་ལ་གོང་ས་ལྔ་པ་ཆེན་པོས་དབང་བསྒྱུར་ནས་བཟུང་ཁྲལ་སྡུད་དང་ཁྲིམས་གནོན་བྱས་ཡོད། ལྷག་པ་ཏུ་སྤྱི་ལོ་༡༦༤༥་ལོར་གོང་ས་ལྔ་པ་ཆེན་པོས་ཧོར་ཆོས་རྗེ་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ལ་ཏྭ་ཡི་ཝན་ཤ་ཞེས་པའི་ཆོ་ལོ་གནང་ཡོད། མདོ་ཁམས་ཏྲེ་ཧོར་ཡུལ་གྱི་ཧོར་དགོན་སྡེ་བཅུ་གསུམ་གྱི་ལྷ་སྡེ་མི་སྡེ་ཡོངས་ལ་ཆོས་སྲིད་གཉིས་ཀྱི་དབང་བསྒྱུར་མཛད། ཁྲལ་སྡུད་དང་ཁྲིམས་གནོན་བྱས་ཡོད།
ཧོར་ཆོས་རྗེ་ནི་ཏྲེ་ཧོར་ཡུལ་དུ་བསྐོས་པའི་དགའ་ལྡན་ཕོ་བྲང་གི་ས་གནས་འགོ་དཔོན་རེད། ཁོང་གིས་ཁྲལ་སྡུད་དང་ཁྲིམས་གནོན་བྱས་པ་དེ་ནི་དགའ་ལྡན་ཕོ་བྲང་གི་ཁྲལ་སྡུད་དང་ཁྲིམས་གནོན་རེད། འདི་གཅིག་རེད།
དུས་རབས་ཅོ་བརྒྱད་པའི་མཇུག་དང་བཅུ་དགུ་པའི་འགོ་ཙམ་ལ་མན་ཇུ་གོང་མའི་དམག་བསླེབས་ཡོད། ཏྲེ་ཧོར་ཡུལ་དུ་དམག་འཐབ་བྱས་ཡོད། སྐབས་དེར་དུས་ཅོ་རིའི་ཕའི་ཨ་མྱི་ཏྲེའུ་དཔོན་གྱི་བློན་ཆེན་དང་དམག་དཔོན་ཡིན། ཉིན་བདུན་ཙམ་དམག་འཐབ་རྩོད་བྱས་རྗེས་དམག་ཕམ་པ་མ་ཟད་ཏྲེའུ་དཔོན་གྱི་དམག་དཔོན་ཝང་ཚང་གི་བསོད་ནམས་དབང་འདུས་ཀྱི་མགོ་བཅད་ནས་ཏྲེའུ་ཟམ་པའི་ཐོག་ཏུ་བཀལ། དུས་དེ་ནས་བཟུང་ནས་མན་ཇུ་དང་རྗེས་སུ་གོང་མིང་ཏང་གཉིས་ཀྱིས་ཁྲལ་སྡུད་དང་ཁྲིམས་གནོན་བྱས།
འབྲུ་ཆུ་མན་ཆད་རྒྱ་ནག་བཙན་འཛུལ་བའི་འོག་ཏུ་ལྷུངས་ནས་ཡུན་རིང་དེ་ཙམ་མིན། མན་ཇུ་གོང་མས་བཙན་འཛུལ་མ་བྱས་པའི་སྔོན་དུ་ལོ་ངོ་༣༠༠་ལྷག་གི་རིང་གི་དགའ་ལྡན་ཕོ་བྲང་གི་ཆབ་འབངས་བྱས་ཡོད་པར་དངོས་ཡོད་གནས་ཚུལ་ཡིན།
གནད་དོན་འདི་ཙམ་གྱིས་འབྲུ་ཆུ་མན་ཆད་དགའ་ལྡན་ཕོ་བྲང་གི་མངའ་ཁུངས་མིན་པ་དང་། རྒྱ་ཁུངས་ཡིན་ཟེར་ན་ཧོང་ཀོང་ཡང་རྒྱ་ནག་གི་མངའ་ཁུངས་མིན་དགོས་ལ་དབྱིན་ཇུས་ཀྱི་མངའ་ཁུངས་ཡིན་དགོས་པའི་ཕྱིར། དེར་ཐལ་བཙན་འཛུལ་བྱུང་བ་འདྲ་འདྲ་ཡིན་པའི་ཕྱིར།
གོང་ས་བཅུ་གསུམ་པ་ཆེན་པོས་་་་་་བོད་རིགས་སྐྱེ་བོ་མཆོག་མན་ཚང་མས་ཀྱང་རང་ནུས་གང་ཞར་གྱི་རྒྱ་དམག་ལ་འཐབ་འཛིངས་མུ་མཐུད་བྱས་པ་བཅས་ལ་བརྟེན་དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་བསྐྲོད་བཏང་ཟིན་ཏེ་། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག་། ཁམས་ཕྱོགས་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས། ཅེས་གསུངས་པ་འདིས་ཁམས་ཕྱོགས་ཡོངས་རྫོགས་དགའ་ལྡན་ཕོ་བྲང་གི་མངའ་འབངས་ཡིན་པར་གསལ་གསལ་དག་དག་བསྟན་ཡོད།
མ་ཟད་་་་དོན་ཚན་བཞི་པའི་ནང་དུ་་་ཁམས་ཕྱོགས་ལམ་འཁེལ་ཁག་ལ་དཀའ་ཚེགས་ཕྲན་བུ་ཡོང་གཞིར་བཅས་གཤིས་། རྒྱ་ནག་ནས་མ་དག་བདག་བཟུང་སྔ་ཕྱིར་བྱུང་བའི་རྒྱུ་མཚན་སྔོན་བྱུང་ལ་བསམ་ཞིབ་ཀྱིས་ཚང་མས་མ་བསྐུལ་དང་བླངས་ཐོག་རང་ས་རང་སྐྱོང་དང་། རང་སྡེ་རང་སྲུང་བྱེད་རྒྱའི་ཐབས་ཚུལ་ལ་ཚང་མས་ལྷག་བསམ་འཁུར་ལེན་ཆེ་བསྐྱེད་དགོས་རྒྱུ་མ་ཟད་།ཅེས་གསུངས་ཡོད།
འབྲུ་ཆུ་མན་ཆད་རྒྱ་ཁུངས་རེད་ཟེར་མཁན་ཚོ་ལ་བདེན་དཔང་སྤུ་ཙམ་མེད། ལོ་རྒྱུས་ཀྱི་ཐོག་ནས་དེ་ལས་མེད། ཡོད་ན་བཤད་ཤོག་་་་ཨ་་་་འཕན་པོ་མགོ་ལེབ་ཁྱོད།་་་་ཧཧཧ
པག་མགོ་པག་མགོ་མ་གསུངས་འཕན་པོ་ལགས།
ཕྱུག་བདག་ཆུ་མཁའི་ཝང་ཚང་སྐྱེས་ནས་ཐལ།
ཁམས་ཀློང་ཁམས་ཀློང་མ་གསུངས་འཕན་པོ་ལགས།
རྟོག་གེ་སྨྲ་བའི་གྲལ་དུ་ལྷུངས་ནས་ཐལ།
སྡར་མ་སྡར་མ་མ་གསུངས་འཕན་པོ་ལགས།
མ་དག་བདག་བཟུང་བྱེད་མཁན་རྒྱ་ནག་ལ།
མི་རབས་བཞི་ཡི་རིང་གི་དུས་ཡུན་ནང་།
ཚེ་སྲོག་དམར་པོས་འཐབ་རྩོད་བྱས་ནས་ཡོད།
ལོ་རྒྱུས་རྡོ་རིང་སྙིང་ལ་བཅངས་ནས་ཡོད།
རང་ཡུལ་རང་གི་མགོ་བོས་སྲུང་ནས་ཡོད།
སྲིད་པ་ཆགས་པའི་རྡོ་རིང་འགྱུར་མེད་ཡིན།
ཕ་མེས་ཝང་གི་རིགས་རྒྱུད་ཆད་མེད་ཡིན།
བུ་སྡུག་ཅོ་རི་ཁྱི་ལུས་ལེན་ནའང།
དགྲ་བོ་དམར་པོའི་གཅེས་ཁྱི་བྱ་སྲིད།
དགྲ་བོ་དམར་པོའི་གཅེས་ཁྱི་བྱ་མི་སྲིད།་་་་ཅེས་བཅོས
སྔོན་ཆད་རང་བཙན་ཡིན་པའི་རྒྱལ་ཁབ་མང་པོ་ཞིག་ད་ཆ་རང་བཙན་སྤྲད་ན་ཡང་དགོས་ཀྱི་ཡོད་མ་རེད། སྔོན་ཆད་རང་བཙན་གཏན་ནས་མིན་པ་ཞིག་ད་ཆ་རང་བཙན་རྒྱབ་ཁབ་ཞིག་ཏུ་གྱུར་ཚར་བ་མང་པོ་ཡོད་རེད། འཛམ་བུ་གླིང་ན་གཟིགས་ནས་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་ཐོངས་གདའ། ཅོ་རི་ས་ཆ་སྐྱོ་བོའི་མིའི་སོང་ཙང་བསལ་བློ་དེ་ཡང་དེ་འདྲ་ཞིག་རེད། སྔོན་ཆད་དང་ད་ལྟ་ཁ་རེད། སྔོན་ཆད་ཁྱེད་རང་གྲྭ་བ་རེད། ད་ཆ་སྡོམ་ཤོར་རེད་པ། དེ་འདྲ་བོ་རེད། རང་གི་ཕྱོགས་ལ་དཔེ་བླངས་ནས།། གཞན་ལ་གནོད་སེམས་མ་བྱེད་ཅིག་་
ཅོ་རི་ཉི་མ་ལགས།
ཨ་ནེ་དགེ་མ་བསམ་སྒྲོལ་ལགས། སྔོན་ཆད་བཙན་རང་མིན་པའི་རྒྱལ་ཁབ་སུ་རང་བཙན་ཆགས་སོང་བ་རེད་དམ། གཅིག་ནས་གཉིས་མང་པོ་ཡོད་ན་སྟོན་རོགས་བྱོས། སྔོན་ཆད་དང་ད་ལྟ་ཁ་ཁར་ཡིན་པ་ལྟར་་་ད་ལྟ་དང་མ་འོངས་གཉིས་ཀྱང་ཁ་ཁར་ཡིན་དུས་་་བོད་རང་བཙན་འཐོབ་འོང་ངེས་རེད་བ།་་་་འཐོབ་འོང་གི་མ་རེད་ཟེར་ན་ཁྱོད་ཀྱི་ཁ་ནང་དུ་གྲྭ་ལོག་ངས་གཅིག་བླུག་གི་ཡིན་ད། ངུ་གིན་ངུ་གིན་ཡག་པོ་འཇིབ་མདོག་ཁག་པོ་འདུག་ག་་་་ཧཧཧ སྤེན་ཚེ་ལས་ངའི་ལག་ཆ་ཡག་བ་ཡ་ཡོད་ད། རིང་ཚོད་ལ་CM 20 དང་། སྦོམ་ཚོད་ལ་CM 6 ཡོད། རྭ་ཅོ་ལྟ་བུ་སྲ་མོ་རེད། ཨ་རོགས་ཁམས་པའི་ལག་ཆ་རེད།་་་ཧཧཧ
ཁ་ཤས་ཀྱིས་སྐུ་ཕྲེང་བཅུ་གསུམ་པའི་རྩ་ཚིག་མ་བཀྲམས་མ་གཏོགས་སོགས་ལབ་ཏེ། ཟུར་མདའ་འདྲ་འཕེན་ཁུལ་བྱེད་མོད། དེ་ཚོ་ག་ཚོད་བཀྲམས་ན་སྐྱོན་གནད་གང་ཡང་མ་མཐོང་། རྩ་ཚིག་དེ་ཞྭ་སྒབ་ཀྱིས་བཟོས་བཞག་པ་ཅིག་ལས་ཁུངས་དམིགས་བསལ་གང་ཡང་མེད་པ་རེད། དེ་ལས་ཚབ་ཆེན་པོ་ཅིག་ནི། ༧རྒྱལ་དབང་བཅུ་གསུམ་པས་༧གོང་མ་བདག་པོ་ཆེན་པོའི་བཀའ་སྒུག་རྒྱུ་ལས་གང་བྱུང་བྱེད་ཐལ་མེད་ལུགས་སོགས། དབྱིན་ཇིས་བཙན་འཛུལ་སྐབས་བྱུང་ཡོད་ལ།སོག་ཡུལ་དུ་༧གོང་ས་བཅུ་གསུམ་པར་༧ཁལ་ཁ་རྗེ་བཙུན་དམ་པ་སོགས་ཀྱིས་མཐོང་ཆུང་ཁྱད་བསོད་བྱེད་སྐབས། རྒྱ་ནག་༧གོང་མས་སོག་རྒྱལ་ཚོར་ཉེན་བརྡ་བཏང་། ༧གོང་ས་ལ་གོ་ཐོབ་ཀྱི་ལག་རྟགས་བཅས་ཕུལ་ཏེ་སོག་པོ་ཚོས་འཇིགས་སྣང་བྱ་དགོས་པ་བྱུང་སྐབས། ༧གོང་ས་བཅུ་གསུམ་པས་གོང་མ་ཡུམ་སྲས་ཀྱི་ཕྱོགས་ལྷ་ཕྱག་དགུ་ཕྲུགས་སུ་ཕུལ་བ། རྗེས་སུ་པེ་ཅིང་ནས་ཀྱང་གོང་མ་ཡུམ་སྲས་ལ་གུས་ཕྱག་དང་ཁོང་ཚོའི་རྒྱལ་ས་བརྟན་པར་མནན་བསྲེག་འཕེན་གསུམ་བྱས་པ་བཅས། མདོར་ན་བོད་རྒྱ་ཁོངས་ཡིན་ཤག་གི་ལྟ་བུ། ༧གོང་ས་བཅུ་གསུམ་པ་རང་གི་རྣམ་ཐར་དུ་མང་པོ་འཁོད་འདུག་པས། རྩ་ཚིག་དེ་འདྲ་དངོས་སུ་ཡོད་ཀྱང་ཡ་མཚན་པོ་གང་ཡང་མ་རེད། དེ་ཚོ་ཡར་མར་གང་ལའང་འཐེན་ཆོག་ཆོག་ཅིག་རེད་ད།
ད་ནས་༧གོང་ས་བཅུ་གསུམ་པ་ཁ་ལ་ཁྱེར་ཏེ་བཅུ་བཞི་པར་སྨད་ཁུལ་འདྲ་མ་བྱས་ན་ལེགས་པ་ལས། བཅུ་གསུམ་པའི་རྣམ་ཐར་དུའང་འདྲ་མིན་སྣ་ཚོགས་འདུག་ད།
ས་སྒོ་ཚང་གི་ཨ་ཎེས་སྒོང་ང་བེད་སྤྱོད་གང་འདྲ་གཏོང་མིན་མ་གཏོག་ཅི་ཤེས་ལེ་མ་རེད། འདན་མ་སྐྱབས་དེ་རྒྱ་སྡེའི་ནང་ཚར་ལོངས་བྱུང་བས་རྒྱ་ཞེན་ཆེ་ཙམ་འདུག། ཁོ་ཁག་ཡོད་པ་མ་རེད་༧གོང་ས་མཆོག་གིས་ཀྱང་ངའི་ཡབ་ཆེན་ལ་བཀའ་འདྲི་ཞུས་པ་ཡིན་ན་ངའི་དཔོན་པོ་ཟི་ལིང་ཀྲུའུ་ཞི་ཡིན། ང་ཟི་ལིང་ཀྲུའུ་ཞིའི་མི་ཡིན་ཟེར་གྱི་རེད་མ་གཏོག་དགའ་ལྡན་ཕོ་བྲང་གི་མི་ཡིན་ཁྱོན་ནས་གསུངས་ཀྱི་མ་རེད་ཞེས་ཡང་ཡང་གསུངས་སོང་། བྱས་ཙང་གྲལ་འགོ་སྟོད་ཧྲེང་ཕུད་ན་གྲལ་གཞུག་དམར་ཧྲེང་ལོས་ཡིན།
ཡ་་་མདའ་མ་སྐྱབས་ལགས། ཞྭ་སྒབ་པས་བཟོས་བཞག་པ་ཞིག་ཡིན་པའི་ཁུངས་ལུང་ཞིག་སྟོན་རོགས་བྱོས་དང་། དེ་ནས་ག་ལུས་ཡིན་ད།
ཨ་ོརོགས་ཅོ་རེ་ཉི་མ་ཁྱེད་ནས་ཡག་པོ་དྲིས་འདུག་ང་ཕ་ཡུལ་ངོ་མ་ཆམ་འདོ་ནས་ཡིན་ཀོ་
གསལ་ཤད་ཞུ་རྒྱུར་ང་རང་འཕན་པོ་མི་ལ་དགའ་པོ་ཡོད་གྲོགས་པོ་མང་པོ་འཕན་པོ་ནས་རེད་ཀོ་ཉི་མ་དེ་རིང་ནས་ཁ་རྡ་ཚང་ནས་ངའི་མིང་མེད་པ་ཟོ་རོགས་གནང་ང་ནི་ཆོས་པ་རང་ཡིན་དཀའ་དྲིན་ཆེ་
ཆོས་པ་རྫུན་བཤད་མཁན་ཞིག་ར་འདུག་ག སོ་སོས་རྫུན་བཤད་པར་ངོས་ལེན་བྱས་ཐུབ་པ་དེ་ཡང་ཡག་པོ་རེད། རྗེས་སུ་མིང་རྫུན་བེད་སྤྱོད་མ་གཏོང་ཨ། ཕོ་མཐའ་དག་གིས་མི་རྫུན་བེད་སྤྱོད་བཏང་གི་རེད།
འདམ་མ་སྐྱབས་་་་ལན་མེད་པེ་་་་ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་ཞྭ་སྒབ་པ་དབང་ཕྱུག་དོན་ལྡན་གྱིས་བཟོས་པའི་ཁུངས་དང་་ལུང་། ས་གནས་དང་དུས་ཚོད་སོགས་བཤད་ཀྱི་ཡོད་དམ་མེད། མེད་ན་ཀྲོག་གཏམ་བཤད་མ་འོང་ཨ།
སྔོན་མར་༢༠༡༣་ལོར་་་་་་སྲས་ལྡན་མ་རྩེ་མང་་་་་་ཟེར་བ་ཞིག་གི་མིང་ཐོག་ནས་རྩོམ་ཡིག་མ་རུང་བ་ཞིག་བྲིས་ཡོད། རྩོམ་ཡིག་དེ་བྲིས་མཁན་དང་ཁྱོད་གཉིས་བར་དུ་འབྲེལ་ཞིག་ཡོད། ཁྱོད་ཚོ་ལ་བདེན་པ་དང་དྲང་པོ་བཤད་ཀྱི་ཡོད་ན་ཤོད། ཁས་ལེན་ངེས་ཡིན། ཧམ་བཤད་དང་ལོག་བཤད། རྫུན་བཤད་བྱེད་དགོས་ན་སུས་ཀྱང་ཁས་ལེན་མི་སྲིད་པའི་དེ་ལུགས་བྱོས།