———ཐོས་པ་དགའ་ནས།
སྤྱིར་བཏང་ང་རང་གཞུང་ངོས་ནས་ཆོས་ཕྱོགས་ཀྱི་ལས་འགུལ་རྒྱ་ཆེ་རིགས་སྤེལ་རྒྱུའི་ལམ་སྲོལ་ལ་དེ་ཙམ་གྱི་མོས་པ་མེད། གང་ཡིན་ཞེ་ན་མ་འོངས་པར་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་ས་མཚམས་དེ་རིམ་པས་མི་གསལ་བར་འགྱུར་ཏེ། ཆབ་སྲིད་པ་མི་ངན་རེ་ཟུང་གིས་ཆོས་ཕྱོགས་ཀྱི་བྱ་བ་རྣམས་ཆབ་སྲིད་ཀྱི་ལག་ཆར་བཀོལ་ནས་ཁྲིམས་སྒྲིག་གང་གིས་ཀྱང་ཁ་མ་འདུམ་པའི་གནད་དོན་དེ་འདྲ་ཡོང་མི་སྲིད་པ་མིན།
སང་ལོའི་དུས་དབང་གི་ཐོག་མའི་གསལ་བསྒྲགས་སྤེལ་སྐབས་ངོས་རང་བློ་བདེ་པོ་ཞིག་མ་བྱུང་། གཅིག་ནས་བཀའ་ཤག་གིས་གོ་སྒྲིག་བྱ་རྒྱུ་ཡིན་པ་དེ་དང་། གཉིས་ནས་དུས་དབང་གི་དུས་ཚེས་དེ་བཙན་བྱོལ་གྱི་ཆབ་སྲིད་དབུ་འཁྲིད་འོས་འདེམས་ཀྱི་ལས་རིམ་གལ་ཆེན་ཞིག་གི་དཀྱིལ་ན་ཏག་ཏག་ཚུད་ཡོད་པ་དེ་རེད། ཆབ་སྲིད་པ་ག་གེ་མོ་ཚོས་སོ་སོའི་ཁྱབ་བསྒྲགས་བྱེད་རྒྱུར་གོ་སྐབས་དེ་བཟུང་རྒྱུ་ཡིན་པ་ནི་གདོན་མི་ཟ་བ་རེད། དེ་འདྲའི་གནས་སྟངས་ཤིག་ལ་དུས་དབང་ཚོགས་པ་ཡིན་ན། མི་མང་ཚོ་ཉིན་མོ་ཆོས་ལ་ཉན། དགོང་མོ་ཆབ་སྲིད་གླེང་ནས་གང་ལྟར། ཁ་དཔེར་ཡ་གིས་ལྷ་ཆོས་མེད་མ་གིས་འཇིག་རྟེན་མེད་ཞེས་པ་ལྟར་དུས་དབང་དེ་ཆོས་དང་མཐུན་པ་ཞིག་མི་འོང་བར་ངེས།
འོན་ཀྱང་སྟབས་ལེགས་པ་ཞིག་ལ་སང་ལོའི་དུས་དབང་དེ་མེད་པའི་སྲང་ལམ་གྱི་སྐད་ཆོར་གོ་བ་དང་དུས་མཉམ་དུ་གཞུང་འབྲེལ་གྱི་གསལ་བསྒྲགས་ཀྱང་ཐོས་བྱུང་། འོན་ཀྱང་ཡང་བསྐྱར་བློ་མི་བདེ་བ་ཞིག་ལ་དུས་དབང་ངེས་མེད་ཕར་འགྱངས་ཡིན་ཟེར་རྒྱུའི་ཚབ་ཏུ་ལོ་གཅིག་ཕར་འགྱངས་ཡིན་ཞེས་སྲིད་སྐྱོང་གི་ཞལ་དྲོན་མོས་པས་གསུངས་སོང་། གསུངས་སྟངས་ལ་གཞིགས་ན་སྲིད་སྐྱོང་བླེ་སེང་མཆོག་གི་བཀའ་ཤག་རང་ཅག་གནས་རྒྱུ་ཡིན་པ་ལྟར་གསུངས་སོང་སྙམ།
དེ་ནི་མང་གཙོའི་འགྲོ་ལུགས་ལྟར་བྱས་ན་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ལ་སྙོན་པ་ཞིག་མིན་ནམ་ཅེས་དྲི་བ་གཅིག་དང། དེ་ནས་ལོ་གཅིག་ཕར་འགྱངས་ཟེར་དུས་བཀའ་ཤག་གསར་པ་ཞིག་སླེབས་སྲིད་པ་ཡིན་པས། མ་འོངས་པའི་བཀའ་ཤག་གི་ལས་དོན་དེ་ད་ལྟའི་བཀའ་ཤག་གིས་འགྲིག་རྒྱུའི་སྐུ་དབང་དང་འགྲོ་ལུགས་གཅིག་ཡོད་དམ་ཅེས་དྲི་བ་གཉིས་ཐོགས་བོད་མི་ཚོས་བསམ་བློ་ངེས་པར་ཐོངས་དགོས།།
ད་ཐེངས་ཀྱི་བློ་སེང་གི་འཁྲབ་སྟོན་འདི་ཁོ་ནས་ཁ་མི་ག་འདྲ་ཞིག་ཡིན་མིན་ཤེས་སོང་། དུས་དབང་བ་མིང་གི་ཆེད་དུ་རེད། དུས་དབང་སྣུད་པ་འོས་ཀྱི་ཆེད་དུ་རེད། ད་དུང་བོད་ནང་ལོག་ནས་མི་ག་ཚོད་ཀྱིས་ཕྱི་སྐྱོད་ལག་འཁྱེར་བླངས་ནས་དུས་དབང་ལ་སྒུག་ཡོད། ངས་ཁ་སང་དུས་དབང་ཕྱིར་འགྱང་བྱུས་ཟེར་ནས་ངའི་ཕ་ཡུལ་དུ་བཤད་ཁོ་ཚོས་༧གོང་ས་མཆོག་གིས་གནང་བ་རེད་བསཀ་འདུག ངས་འབྲེལ་བརྗོད་མ་བྱས། བློ་སེང་གིས་ལས་ཕྱོགས་དེས་སྔོན་ངས་ཁོར་འོས་བླུགས་པ་འགྱོད་སེམས་སྐྱེ་རུ་བཅུག་སོང་། ད་ཐེངས་གཅིག་པོ་ཙམ་མ་རེད། རང་ཉིད་ཀྱི་སྐུབ་ཤ་མཐོན་པོ་ཞིག་དང་བརྟན་པོ་ཆགས་སོང་ན་གང་ཡང་མི་སེམས་མཁན་ཞིག་རེད།
ད་ཐེངས་ཀྱི་བློ་སེང་གི་འཁྲབ་སྟོན་འདི་ཁོ་ནས་ཁོ་མི་ག་འདྲ་ཞིག་ཡིན་མིན་ཤེས་སོང་། དུས་དབང་ཞུས་པ་མིང་གི་ཆེད་དུ་རེད། དུས་དབང་སྣུད་པ་འོས་ཀྱི་ཆེད་དུ་རེད། ད་དུང་བོད་ནང་ལོག་ནས་མི་ག་ཚོད་ཀྱིས་ཕྱི་སྐྱོད་ལག་འཁྱེར་བླངས་ནས་དུས་དབང་ལ་སྒུག་ཡོད། ངས་ཁ་སང་དུས་དབང་ཕྱིར་འགྱང་བྱུས་འདུག་ཟེར་ནས་ངའི་ཕ་ཡུལ་དུ་བཤད་ཁོ་ཚོས་༧གོང་ས་མཆོག་གིས་གནང་བ་རེད་བསམ་འདུག ངས་འབྲེལ་བརྗོད་མ་བྱས། བློ་སེང་གིས་ལས་ཕྱོགས་དེས་སྔོན་ཆད་ངས་ཁོར་འོས་བླུགས་པ་འགྱོད་སེམས་སྐྱེ་རུ་བཅུག་སོང་། ད་ཐེངས་གཅིག་པོ་ཙམ་མ་རེད། རང་ཉིད་ཀྱི་སྐུབ་ཤ་མཐོན་པོ་ཞིག་དང་བརྟན་པོ་ཆགས་སོང་ན་གང་ཡང་མི་སེམས་མཁན་ཞིག་རེད།
ཀླུ་མཁར་བྱམས་ཀྱིས། རང་གི་ཁ་སྟབས་མ་མཐོང་བར་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀག་འགོག་བྱས་པ་རྒྱ་ནག་གི་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་གཅིག་མཚུངས་ཡིན་པར་བཤད་པ་སོགས་ནི། བཤད་རྒྱུ་མ་རྙེད་པའམ་དེ་ལྟ་བུ་ཞིག་བཤད་ན་མང་མང་གིས་དོ་སྣང་སྤྲོད་ངེས་སྙམ་པ་དང་། ཆོས་དང་བླ་མ་ལ་དགག་པ་རྒྱག་པ་ནི། རང་གིས་མ་ཤེས་པའི་གནོངས་དེ་དོན་དག་གཞན་དག་ཅིག་གི་སྟེང་ལ་སྐོར་ཐབས་བྱས་པ་ཙམ་ལས་གཞན་ཅང་མ་རེད། ཀླུ་མཁར་བྱམས་སྙིང་རྗེ། ཁོ་ལ་ཅང་བཤད་མི་འདོད། ཁོ་རྨོངས་དྲགས་པས་དེ་ལྟར་བྱས་པ་ལས་ཉེན་ཁ་ཅི་ཡང་མེད་ལ། དོན་གྱིས་རྒྱབ་སྐྱོར་བ་ནུས་པ་ཅན་ཡང་གཅིག་ཀྱང་མེད། ཁོ་ན་བུ་གུའི་རྩེ་སྤྱད་ལྟ་བུ་ཞིག་གམ། ཆབ་སྲིད་པའི་ལག་ཆ་ཆུང་ཆུང་ཞིག་རེད། དགོས་མཁོ་མེད་དུས་ཁོ་ལ་ཇ་ཕོར་པ་གང་སྟེར་མཁན་དེ་ཡང་ཁོ་དང་འདྲ་བའི་ཀླད་མེད་དེ་ཚོ་ལས་གཞན་སུ་གང་མིན། མི་བདེན་ན་བལྟས་ཆོག
སྤེན་ཚེའི་ཆ་ནས་བཤད་ན། ཁོ་ལ་ནུས་པ་ཅན་གྱི་འགོག་རྐྱེན་མང་། དེ་ནི་ཁོ་ལ་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་འཇོན་ཐང་ཡོད་པར་མ་ཟད། གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་བོད་ཀྱི་དོན་དུ་སྐུ་ཚེ་ཧྲིལ་པོར་འབད་པ་གནང་མཁན་ཚོར་དད་ཞེན་ཆེ་བའི་ཁར། བོད་མི་རིགས་ཀྱི་གཤིས་ཀ་ངོ་མ་ལྡན་པ་(ཀླུ་མཁར་བྱམས་ལ་རྒྱ་གཤིས་དང་བློ་སེང་ལ་འཕགས་དབྱིན་གྱི་གཤིས་ཀ་འདྲེས་མར་ཡོད་)དེ་རེད། དེའི་རྐྱེན་གྱིས་འཇུ་ཆེན་རྒན་པོས་ཀྱང་ངན་སྨས་སྣ་ཚོགས་བཤད་ཅིང་འཇུ་ཆེན་གྱི་བུ་མོས་ཀྱང་ཀ་བརྒྱུད་ཀྱི་སྤྱི་འཐུས་ཡར་འཕེལ་དང་ས་སྐྱའི་སྤྱི་འཐུས། བོན་པོའི་སྤྱི་འཐུས་གྲྭ་པ་དེ་ཚོ་ལག་ཆར་སྤྱད་པ་རེད། བློ་བཟང་སེང་གེ་དང་ཁོའི་རྗེས་འབྲང་དག་སྐྲག་ས་ཡང་ཁོ་གཅིག་པུ་རེད། སྲིད་སྐྱོང་འོས་མི་བཀྲས་དབང་གི་ལོ་རྒྱུས་མི་ཤེས། གང་ལྟར་ད་ལོའི་སྲིད་སྐྱོང་གི་འོས་གཞིའི་ཐད། མདོ་སྟོད་དང་དབུས་གཙང་གཉིས་ཀ་མགོ་འཐོམ་ས་དང་ཇི་བྱེད་མི་ཤེས་པའང་གནད་འགག་དེར་ཐུག་ཡོད། ཨ་མདོ་བ་ཚོ་ནི་གྲངས་ཀའི་ནང་ཚུད་མེད། དེ་ནི་མི་གྲངས་ཀྱི་ཆ་ནས་དང་ཆབ་སྲིད་ཤེས་ཡོན་གྱི་ཆ་ནས་སོགས་ཕྱོགས་གང་ནས་བལྟས་ཀྱང་སྲིད་དོན་གྱི་འཕྲུལ་རྩེད་ནང་ནམ་ཡང་ཚུད་མི་ཐུབ།
ད་ཐེངས་དུས་དབང་ཕྱིར་འཐེན་བྱས་པ་དེ་ནི་བློ་སེང་གི་ཕམ་ཁ་ཆེ་ཤོས་རེད། བློ་སེང་གིས་ད་ལོ་ཐོག་མར་གཞུང་འབྲེལ་གྱིས་སྲིད་སྐྱོང་དྲིལ་བསྒྲགས་ཀྱི་བརྙན་དེབ་དཔར་སྐྲུན་བྱ་རྒྱུར་འབད་པ་བྱས་ཀྱང་། གྲོས་ཚོགས་ཀྱིས་བཀག་ཡོད། ཡང་བརྒྱུད་ལམ་སྣ་ཚོགས་ནས་ཐབས་ཤེས་བྱེད་རྒྱུར་འབད་ཀྱང་འོས་བསྡུ་ལྷན་ཁང་གིས་བཀག་ཡོད། འདི་དག་ནི་ཆབ་སྲིད་ཤེས་པ་ཚོའི་ལག་རྗེས་ཡིན། བློ་སེང་འདི་ལ་ཤེས་ཡོན་གང་ཡང་མེད། དབྱིན་ཇི་ནི་དེ་ཙམ་ཞིག་རེད། ཆབ་སྲིད་ནི་མི་ཤེས། བོད་ཡིག་བོད་སྐད་ནི་བྱིས་པ་ཞིག་དང་མཚུངས། ལྷག་བསམ་ནི་ཀླད་གོར་རེད། ཁོ་ལ་ཡོད་པ་ནི་རྒྱབ་ལོགས་ན་རྟིང་སྐུལ་བྱེད་མཁན་སྒེར་སེམས་ཅན་དུ་མ་ཡོད་པ་དེ་རེད། དེ་དག་གིས་ཆོལ་ཁའི་ཞེན་ཁོག་ཡོད་ཚུལ་བཤད་པ་ལས། དོན་ངོ་མར་ཁོ་ཚོས་འདོད་པ་ནི་ཁོ་ཚོའི་སྒེར་དོན་རེད། xxx
ད་རེས་དུས་དབང་ཕར་འགྱངས་བྱེད་དགོས་པའི་རྒྱུ་མཚན་༧གོང་ས་མཆོག་སྐུ་ངལ་གསོ་བྱེད་གཙོ་བོ་མ་ཡིན་པར་བློ་སེང་ཁོ་རང་སྒེར་གྱི་གནད་དོན་གཉིས་ཀྱིས་རྐྱེན་པས་ཕར་འགྱངས་བྱས་པ་གསལ་པོ་རེད་་་་་་་་གནད་དོན་ནི་༡དུས་དབང་སྐབས་མང་ཚོགས་འདུས་འཛོམས་ཧ་ཅང་ཆེན་པོ་ཡོད་ཙང་དེའི་སྐབས་སྲིད་སྐྱོང་འོས་མི་གཞན་པ་ཚོའི་གཏམ་བཤད་དང་ཁྱབ་སྒྲགས་ཤུགས་ཆེ་ཡོང་གི་ཡོད་པ་དེ་དག་འགོག་བྱེད་དུ་ཕར་འགྱངས་བྱས་པ་དང་། ༢གཉིས་པ་དེང་སྐབས་དྲ་ལམ་ཁག་མང་པོའི་ནང་བློ་སེང་སྲིད་སྐྱོང་ལང་ནས་གཟུང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་མང་དུ་ཕྱིན་པ་དང་དེ་ཡང་དེ་སྔོན་དང་མི་འདྲ་བར་༧གོང་ས་མཆོག་ཕྱི་ལོག་རྒྱལ་ཁབ་གང་དུ་ཕེབས་ཀྱང་དོལ་རྒྱལ་པ་ཚོས་མདུན་དུ་དོན་ནས་སྐད་འབོད་རྒྱབ་པ་མཚན་སྨད་ཞུ་བ་སོགས་ཁྲེལ་མེད་ལུགས་མེད་གང་བྱས་ཀྱང་དེར་འགན་ཁུར་གྱི་མི་འདུག་ཅེས་མི་མང་པོའི་བསམ་འཆར་མཐོང་་བས་རྐྱེན་གྱིས་ད་རེད་སྐུ་ངལ་གསོ་བར་ཁ་གཡར་ནས་དུས་དབང་ཕར་འགྱངས་པ་དང་དེ་ཡང་ཁོ་རང་གིས་བྱས་རྗེས་ཡིན་མདོག་མདོག་བྱེད་ཀྱི་ཡོད་དོན་ལ་དབང་ཆ་བེད་སྤྱོད་ལོག་པ་བཅད་ནས་གཞན་གྱི་ཁ་བཀག་ཡ་དང་སྲིད་སྐྱོང་འོས་མི་གཞན་པ་ཚོའི་འགྲོ་ལམ་བཀག་གི་ཡོད་པ་རེད་་་དུས་དབང་ཕར་འགྱངས་ཀྱི་གསལ་སྒྲགས་མཐོང་བ་དང་བློ་སེང་གིས་ལག་པ་ཕྱེས་ས་ཤིག་བཟོས་འདུག་སྙམ་བྱུང་དེ་དག་ནི་སྒེར་གྱིས་བསམ་ཚུལ་ཙམ་ཡིན།།
དུས་དབང་ལོ་གཅིག་ཕར་འགྱངས་གནང་བ་ནི་ཧ་ལས་པའི་ཡག་པོ་རེད། གོང་ས་མཆོག་ལ་བརྟེན་བཞུགས་ཚབ་ཏུ་སྐུ་ལྷོད་ལྷོད་བཞུགས་ན་བཟང། འདི་ལོ་བྲེལ་ཟེང་དང་སྐུ་ངལ་དཔགས་མེད་སྤྲད་སོང། བརྟེན་བཞུགས་ཚབ་ལ་བཀའ་བཞིན་བསྒྲུབས། གསུངས་ཆོས་་ཉུང་རུ་དང། ཞེས་ལག་སོགས་སྐུའི་འཕྲོད་བརྟེན་ཡག་རུ་གཏང་དགོས། ལྷག་པར་རྡོར་ལྡན་སྦི་ཧར་རའི་མངའ་སྡེའི་འོས་བསྡུས་སྐབས་ལ་ཁེལ་བ་སོགས་་ཡིན་ཙང། དུས་དབང་ཕར་འགྱངས་གནང་བ་ནི་དགེ་མཚན་་ཤིན་ཏུ་ཆེའོ། ད་ལྟའི་བོད་གཞུང་དབང་འཛིན་པ་འདི་ཚོའི་འཇོན་ཐང་དང་མཐོང་རྒྱ་ནི་ཤིན་ཏུ་བཟང་ངོ། ཡང་ནས་ཡང་དུ་བཀའ་དྲིན་ཆེ་ཞེས་ལེན་བརྒྱར་ཞུ་།