ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
རྒྱ་ནག་གཞུང་གིས་བོད་སྐོར་སྤེལ་བའི་ཡིག་ཆ་དཀར་པོའི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་བ།
༄༅། །ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་རྒྱ་ནག་གཞུང་གིས་སྤེལ་བའི་ཡིག་ཆ་དཀར་པོའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཡོལ་ཙམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཆེད་ཕེབས་གནང་སྟེ་ཕྱི་ནང་གི་གསར་འགོད་པ་ ༣༠ བརྒལ་བ་འདུ་འཛོམས་ཀྱི་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་གནང་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་དོན། དེ་རིང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དབུས་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་སྟབས་བསྟུན་ནས་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་སྤེལ་བའི་ཡིག་ཆ་དཀར་པོ་དེར་ལན་འདེབས་བྱས་ཡོད་པ་དེ་རིང་ཁྱབ་སྤེལ་གནང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསར་འགོད་གསལ་བསྒྲགས་སྐབས་གསུང་དོན། དེ་རིང་ནས་བཟུང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་མཛད་སྒོ་བོད་ཀྱི་རྒྱལ་ས་ལྷ་སར་སྲུང་བརྩི་བྱ་རྒྱུ་ཡིན་འདུག་པ་དང་། དེ་བཞིན་ཉིན་ཤས་སྔོན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཞེས་རྒྱ་ནག་གི་གནད་ཡོད་དབུ་ཁྲིད་རྣམས་འཛོམས་པའི་ཐོག་ནས་བོད་ཐོག་སྲིད་བྱུས་འཛིན་སྟངས་དང་། འཛུགས་སྐྲུན་གང་བྱེད་ཀྱི་ཡོད་སྐོར་གསལ་བསྒྲགས་བྱས་པ་རེད།
ཟླ་བ་ལྔ་ཙམ་གྱི་གོང་ལ་རྒྱ་ནག་གཞུང་གིས་བོད་སྤྱི་ཡོངས་ཐོག་རྒྱབ་ཤ་དཀར་པོ་བཏོན་པའི་ནང་གཙོ་བོ་བོད་འདི་ལོ་རྒྱུས་ཐོག་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། དེ་བཞིན་ཡང་སྲིད་སྐོར་ཡིན་ནའང་། སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་སྐོར་ཡིན་ནའང་རྒྱ་ནག་གཞུང་ལ་སྲོལ་རྒྱུན་གྱི་ཐོག་ནས་བདག་དབང་དང་འགན་དབང་ཡོད་པ། རྒྱ་གཞུང་གིས་དབུ་མའི་ལམ་ལ་ངོས་འཛིན་བྱེད་ཀྱི་མེད་སྐོར། དོན་ཚན་བཞི་པ་ནི། བོད་ནང་འཛུགས་སྐྲུན་གྱི་ཐོག་ནས་དཔལ་འབྱོར་ཡར་རྒྱས་ཧ་ལས་པ་བཏང་ཡོད་སྐོར་སོགས་རྒྱབ་ཤ་དཀར་པོའི་ཡིག་ཆ་དེའི་ནང་བཀོད་ཡོད། དེ་རིང་འདིར་ང་ཚོས་ལན་འདེབས་བྱས་པ་འདིའི་ནང་བོད་ནི་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པའི་ཁུངས་སྐྱེལ་ར་སྤྲོད་དང་། ༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་སྐོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་གཏོགས་རྒྱ་ནག་གཞུང་ལ་བདག་དབང་དང་འགན་དབང་སྤུ་ཙམ་ཡང་མེད། ཅེས་ཞུ་རྒྱུ་དང་།
གཞན་ཡང་གཉིས་སྨན་དབུ་མའི་ལམ་ནི། ཕན་ཚུན་གཉིས་ཀར་ཕན་པའི་ཐབས་ལམ་ཞིག་ཡིན་པ། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་གསལ་ཐུབ་པ་ཡིན་ན། རྒྱ་ནག་གཞུང་ལ་འཇམ་པོའི་ནུས་པ་(soft power) རྒྱལ་སྤྱིའི་ཐོག་ནས་ཕན་ཐོགས་ཡོད་པ། རྒྱ་གར་གྱིས་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཡིན་ནའང་མཐུན་འབྲེལ་བཟང་དུ་འགྲོ་ངེས་ཡིན་པ། རྒྱ་ནག་དང་མཉམ་དུ་གནས་ཚུལ་ཡོད་པ་དཔེར་ན། ཧོང་ཀོང་དང་། ཐེ་ཝན། སོག་པོའི་མི་རིགས། ཡུ་གུར་སོགས་ཡིན་ནའང་བོད་ཀྱི་གནད་དོན་གསལ་ཐུབ་པ་ཡིན་ན། ལྷིང་འཇགས་པོ་ཡོང་རྒྱུ་ཡིན་པ་དང་། ཡིད་ཆེས་སྐྱེ་རྒྱུའི་གཞི་ཆགས་ཀྱི་འདུག གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་དབུ་མའི་ལམ་འདི་ད་ལྟ་ཡིན་ནའང་ང་ཚོའི་ངོས་ནས་བལྟས་པ་ཡིན་ན། ཕན་ཚུན་གཉིས་ཀར་ཕན་པའི་སྲིད་བྱུས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ཨ་རིའི་ཕོ་བྲང་དཀར་པོས་གསར་འགོད་གསལ་བསྒྲགས་ཐེངས་གཉིས་ཙམ་བཏང་ཟིན་པ་རེད། ཉེ་བའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་སྲིད་བློན་ལ་བོད་རྒྱ་འབྲེལ་མོལ་གནང་དགོས་སྐོར་གསུངས་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་ང་ཚོས་ཞུས་པ་ཁག་ལ་རྒྱབ་སྐྱོར་ཐོབ་ཡོད།
དོན་ཚན་བཞི་པ། བོད་ནང་དཔལ་འབྱོར་ཡར་རྒྱལ་གཏོང་གི་ཡོད། འཛུགས་སྐྲུན་ཧ་ཅང་སྤེལ་གྱི་ཡོད། ཅེས་པ་དེ་ནི་ཁོ་རང་ཚོའི་ཐབས་བྱུས་འདི་ལྟར་རེད། བདེ་སྤྲོད་བདེ་ལེན་ཞེས་བཤད་སྲོལ་ཡོད་པ་ལྟར། བདེ་སྐྱིད་སྤྲད། བདེ་འཇགས་ལེན། ཞེས་བཤད་སྲོལ་འདུག དེར་བརྟེན་འཛུགས་སྐྲུན་སྤེལ་ནས་བོད་མིར་ཕན་ཐོགས་ཀྱི་ཡོད་པའི་ཁྱབ་བསྒྲགས་བྱས་པ་དང་། དོན་དངོས་སུ་བདེ་འཇགས་དེ་གཙོ་བོར་དམིགས་པའི་ཐོག་ནས་སྲིད་བྱུས་བཟུང་གི་ཡོད་པ་ཧ་ཅང་གསལ་པོ་རེད།
ང་ཚོས་སྤེལ་བའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྩོམ་དེ་དག་ནང་ཧ་ཅང་གསལ་པོ་བཀོད་ཡོད། དཔེར་ན། ལྷ་ས་འདི་གྲོང་ཁྱེར་རིམ་པ་སྟེ་གྲོང་ཁྱེར་ཅན་ལ་བསྒྱུར་ཡོད། དེ་བཞིན་ཆབ་མདོ་དང་ཉིང་ཁྲི། གཞིས་ཀ་རྩེ་དེ་དག་གྲོང་ཁྱེར་གྱི་རིམ་པར་ཕྱིན་ན། ཕྱོགས་གཅིག་ནས་བལྟས་ན། ཡར་རྒྱས་འགྲོ་དང་མ་འགྲོའི་བགྲོ་གླེང་ནང་གྲོང་ཁྱེར་གྱི་གནས་རིམ་ལ་ཡར་སྤར་བ་རེད་ཟེར་དུས་ཧ་ལམ་ཡར་རྒྱས་ཕྱིན་པའི་རྣམ་པ་ཡོད་རེད། འོན་ཀྱང་དོན་དངོས་སུ་གྲོང་ཁྱེར་ཆགས་པའི་སྐབས་སུ་དེའི་ནང་སུ་འདྲ་ཞིག་བསླེབ་པ་ཡིན་ན་ཡོང་ཆོག་པ་དང་། ཟ་ཁང་དང་མགྲོན་ཁང་སོགས་ཚོང་རིགས་གང་ཞིག་གཉེར་ནའང་། དེ་དག་གི་འགྲོ་སྟངས་འགྲོ་ལུགས་དང་། སྒྲིག་གཞི་ཁག་གུ་ཡངས་ཡོད་པར་བརྟེན། རྒྱ་མིའི་མི་འབོར་མང་དུ་ཕྱིན་པ་དང་། ཡོངས་གྲགས་སུ་རྒྱ་ས་ལྷ་སར་རྒྱ་རིགས་མི་འབོར་མང་བ་ཡོད། ཚོང་རིགས་ལྟ་བུར་ཆ་བཞག་ན། བརྒྱ་ཆ་ ༧༠ དང་ ༨༠ རྒྱ་རིགས་ཀྱིས་གཉེར་བཞིན་ཡོད། གལ་ཏེ་ཆབ་མདོ་དང་ཉིང་ཁྲི། གཞིས་ཀ་རྩེ་དེ་དག་གྲོང་ཁྱེར་གྱི་རིམ་པར་སྤར་ཏེ་ཕྱིའི་རྣམ་པ་དེ་ཡར་རྒྱས་ཕྱིན་ཡོད་ཟེར་གྱི་ཡོད་རེད། འོན་ཀྱང་དོན་དངོས་སུ་རྒྱ་རིགས་མང་བ་ཆགས་ནས་ཚོང་རིགས་ཁག་རྒྱ་མིས་གཉེར་བ་དང་། ཆབ་སྲིད་དང་དྲག་པོའི་ཐོག་ནས་རྒྱ་གཞུང་ལ་དབང་ཆ་ཡོད་པ་རེད། དེ་དག་གསུམ་བསྒྲིལ་པ་ཡིན་ན། བོད་འདི་རང་བཞིན་གྱི་གྲངས་ཉུང་མི་རིགས་ཆགས་པ་མ་ཟད། ནུས་པ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པར་བརྟེན། བདེ་སྤྲོད་བདེ་ལེན་བྱེད་ཀྱི་ཡོད་ཟེར་བ་དེ་རྒྱ་མི་མ་གཏོགས་བོད་མིར་སྤྲོད་ཀྱི་མེད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོར་ང་ཚོས་ལན་འདེབས་བྱས་ཡོད་པའི་ནང་བོད་འདི་སྔོན་མ་ནས་རྒྱ་ནག་གི་ཆ་ཤས་མ་རེད།
སྔོན་མ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན། ད་ལྟའི་ཆར་བོད་འདི་བཙན་བཟུང་འོག་གནས་ཡོད། ཡང་སྲིད་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་གཏོགས་སུ་ལའང་བདག་དབང་དང་སྒེར་དབང་མེད། གཉིས་སྨན་དབུ་མའི་ལམ་ལ་རྒྱལ་སྤྱི་དང་བོད་མིའི་རྒྱབ་སྐྱོར་ཡོད་པ་དེ་རང་འཇགས་གནས་ཡོད། རྒྱ་ནག་ལའང་ཁེ་ཕན་ཆེན་པོ་ཡོད། བདེ་སྤྲོད་བདེ་ལེན་འདི་རྒྱ་ནག་གཞུང་དང་རྒྱ་རིགས་ལ་བདེ་སྐྱིད་ཡོང་རྒྱུ་དང་། བོད་མི་རྣམས་བཙོན་འཇུག་དྲག་གནོན་འོག་གནས་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་ལན་འདེབས་འདི་ཡིན།
ཉེ་ཆར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པའི་སྐབས་སུ་སྙིང་དོན་དེ་རྒྱབ་ཤ་དཀར་པོའི་ནང་ཡོད་པ་དེ་རང་སྐོར་རེད་འདུག རང་སྐྱོང་ལྗོངས་དབུས་བརྙེས་པའི་མཛད་སྒོ་དེ་རིང་ནས་འགོ་འཛུགས་ཀྱི་ཡོད། ཕལ་ཆེར་ཉིན་གྲངས་གསུམ་བཞི་རྗེས་ལ་རྒྱ་ནག་འགོ་ཁྲིད་འགའ་ཤས་ཕེབས་ངེས་རེད། སྐབས་དེར་གཏམ་བཤད་གང་གནང་བ་ཡིན་ནའང་ནང་དོན་དེ་ཕལ་ཆེར་རྒྱབ་ཤ་དཀར་པོ་དང་། ཉེ་ཆར་གསལ་བསྒྲགས་བྱས་པ་ལས་མི་འདྲ་བ་ཞིག་ཡོང་གི་མ་རེད་བསམ་གྱི་འདུག དེར་བརྟེན་སྡིངས་ཆ་འདི་བརྒྱུད་རྒྱ་ནག་གཞུང་ལ་ལན་འདེབས་སྙིང་བསྡུས་འདི་ཡིན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསར་འགོད་གསལ་བསྒྲགས་གནང་རྗེས་གསར་འགོད་པས་དྲི་བ་ཁག་གཅིག་ལ་ལན་འདེབས་ཀྱང་གནང་ཡོད་པ་བཅས། །
ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་སྲིད་བློན་ལ་༧ཏྰ་ལའི་བླ་མ་དང་མཉམ་དུ་བཀའ་མོལ་གནང་དགོས་སྐོར་གསུངས་པ་མ་གཏོགས།
རྒྱ་ནག་གི་སྲིད་བློན་ལ་བོད་རྒྱ་འབྲེལ་མོལ་གནང་དགོས་སྐོར་གསུངས་ཡོད་ཀྱི་མ་རེད།
སེང་གེས་་་་《གཞན་ཡང་གཉིས་སྨན་དབུ་མའི་ལམ་ནི། ཕན་ཚུན་གཉིས་ཀར་ཕན་པའི་ཐབས་ལམ་ཞིག་ཡིན་པ། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་གསལ་ཐུབ་པ་ཡིན་ན། རྒྱ་ནག་གཞུང་ལ་འཇམ་པོའི་ནུས་པ་(soft power) རྒྱལ་སྤྱིའི་ཐོག་ནས་ཕན་ཐོགས་ཡོད་པ། རྒྱ་གར་གྱིས་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཡིན་ནའང་མཐུན་འབྲེལ་བཟང་དུ་འགྲོ་ངེས་ཡིན་པ། རྒྱ་ནག་དང་མཉམ་དུ་གནས་ཚུལ་ཡོད་པ་དཔེར་ན། ཧོང་ཀོང་དང་། ཐེ་ཝན། སོག་པོའི་མི་རིགས། ཡུ་གུར་སོགས་ཡིན་ནའང་བོད་ཀྱི་གནད་དོན་གསལ་ཐུབ་པ་ཡིན་ན། ལྷིང་འཇགས་པོ་ཡོང་རྒྱུ་ཡིན་པ་དང་། ཡིད་ཆེས་སྐྱེ་རྒྱུའི་གཞི་ཆགས་ཀྱི་འདུག གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་དབུ་མའི་ལམ་འདི་ད་ལྟ་ཡིན་ནའང་ང་ཚོའི་ངོས་ནས་བལྟས་པ་ཡིན་ན། ཕན་ཚུན་གཉིས་ཀར་ཕན་པའི་སྲིད་བྱུས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ཨ་རིའི་ཕོ་བྲང་དཀར་པོས་གསར་འགོད་གསལ་བསྒྲགས་ཐེངས་གཉིས་ཙམ་བཏང་ཟིན་པ་རེད། ཉེ་བའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་སྲིད་བློན་ལ་བོད་རྒྱ་འབྲེལ་མོལ་གནང་དགོས་སྐོར་གསུངས་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་ང་ཚོས་ཞུས་པ་ཁག་ལ་རྒྱབ་སྐྱོར་ཐོབ་ཡོད།》་་ཅེས་བཤད་འདུག
༡་་་བློ་སེང་གིས་་་་དབུ་མའི་ལམ་གཉིས་ཕན་ཡིན་ཟེར་་་་དབུ་མའི་ལམ་པ་བ་ཚོས་ཁས་ལེན་ཀྱང་་་་་ཏང་ཀྲུང་དབྱང་གིས་ཁས་མི་ལེན།
༢་་་བློ་སེང་གིས་་་དབུ་མའི་ལམ་ནི་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གཞུང་ལ་འཇམ་པོའི་སྟོབས་ཤུགས་སྐྱེས་ཀྱི་ཕན་ཐོག་ཡོད་ཟེར་གྱི་ཟོལ་འདུག་་་་འདི་ཡང་དབུ་མའི་ལམ་པ་བ་ཚོས་ཁས་ལེན་ན་མ་གཏོགས་ཏང་ཀྲུང་དབྱང་གིས་ཁས་ལེན་མིན་མི་ཤེས་་་སྐད་ཆ་གསར་པ་ཞིག་རེད།
༣་་་བློ་སེང་གིས་་་དབུ་མའི་ལམ་ནས་བོད་དོན་གསལ་ན་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཡིན་ནའང་མཐུན་འབྲེལ་བཟང་དུ་འགྲོ་ངེས་ཡིན་ཟེར་་་་འདི་ལ་དབུ་མ་ལམ་པ་བ་ཚོས་ཁས་ལེན་ན་མ་གཏོགས་ཏང་ཀྲུང་དབྱང་གིས་ཁས་ལེན་གྱི་མ་རེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་དུས་་ཧན་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་རྣམས་དང་དེ་དག་གི་ས་ཁུལ་ཁག་ནི་རྒྱ་གར་ནག་གཉིས་ཀྱི་རྩོད་གཞིར་གཙོ་བོ་རེད།
༤་་་སེང་གེས་་་་དབུ་མའི་ལམ་ནི་རྒྱ་ནག་དང་མཉམ་དུ་གནས་ཚུལ་ཡོད་པ་དཔེར་ན། ཧོང་ཀོང་དང་། ཐེ་ཝན། སོག་པོའི་མི་རིགས། ཡུ་གུར་སོགས་ཡིན་ནའང་བོད་ཀྱི་གནད་དོན་གསལ་ཐུབ་པ་ཡིན་ན། ལྷིང་འཇགས་པོ་ཡོང་རྒྱུ་ཡིན་པ་དང་། ཡིད་ཆེས་སྐྱེ་རྒྱུའི་གཞི་ཆགས་ཀྱི་འདུག་ཟེར་་་་་ཧཧ་་་བོད་ལ་རང་སྐྱོང་སྤྲད་ན་ཡུར་ཧོར་བས་རང་བཙན་འཐབ་རྩོད་མཚམས་འཇོག་གི་རེད་དམ། ཧོང་ཀོང་གིས་དམངས་གཙོའི་འཐབ་རྩོད་མཚམས་འཇོག་གི་རེད་དམ་་་་་སེང་གེ་ལགས།་་་ཐེ་ཝན་གྱིས་དམངས་གཙོར་བློས་གཏོང་བྱེད་རེད་དམ་་་་འུར་གེ་ལགས།
༥་་་་སེང་གེས་་་་གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་དབུ་མའི་ལམ་འདི་ད་ལྟ་ཡིན་ནའང་ང་ཚོའི་ངོས་ནས་བལྟས་པ་ཡིན་ན། ཕན་ཚུན་གཉིས་ཀར་ཕན་པའི་སྲིད་བྱུས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཟེར་་་་་འདི་ནི་དབུ་མའི་ལམ་པ་བ་ཚོས་ཁས་ལེན་ན་མ་གཏོགས་ཏང་ཀྲུང་དབྱང་གིས་ཁས་ལེན་གྱི་ལས་ལྡོག་ཏེ་དབུ་མའི་ལམ་ནི་ཀྲུང་གོ་ཁ་བྲལ་གཏོང་རྐྱེན་གྱི་སྲིད་ཇུས་ཤིག་རེད་ཅེས་བཤད་ཡོད།
སྤྱི་བཏང་གོང་གི་སེང་གེ་ཡི་ཚིག་བརྗོད་དེ་དག་བོད་ཀྱི་རིག་གནས་ཐོག་ཏུ་ཤེས་ཡོན་མེད་པའི་མིའི་ཁ་ནས་བཤད་པའི་སྐད་ཆ་ཡིན་དུས་་་་་ཚིག་གིས་བརྗོད་བྱ་ཡག་པོ་བསྟན་ཐུབ་མི་འདུག ཅིག་བཤད་ནི་བཤད་འདུག གོ་རྒྱུ་ནི་དེ་ཙམ་མི་འདུག ཨེན་སྐད་དང་བོད་སྐད་འདྲེས་མའི་སྐད་ཆ་ཞིག་བཤད་ཡོད་དུས་བྲིས་ཀྱང་ཨེན་བོད་མཉམ་བསྲེས་བྱས་ནས་བྲིས་འདུག དྲ་གྲོགས་ཚོས་་བློ་སེང་གི་བརྗོད་ཚིག་དེ་དག་གིས་དོན་དག་རྡོག་རྡོག་ག་རེ་བཤད་ཀྱི་ཡོད་མེད་ཤེས་ན་འགྲེལ་བཤད་ཤིག་གནང་རོགས་བྱོས། ངས་ནི་དེ་འདྲ་ཞིག་མ་གཏོགས་གོ་བ་ལེན་ཤེས་མ་སོང་།
བོད་ཀྱི་གནད་དོན་གསལ་ཐུབ་་་ཟེར་ན་ཅི་ཟེར་གྱི་ཡོད་པ་ཡིན་ནམ།་་ངས་ནི་ཤེས་མ་སོང་།་་་ཧཧ
དེ་ནས་་་བློ་སེང་གིས་་ཡང་སྲིད་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་གཏོགས་སུ་ལའང་བདག་དབང་དང་སྒེར་དབང་མེད།་་་ཅེས་བཤད་འདུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་དབང་ཡོད་མཁན་རྒྱ་གཞུང་གི་ཆོས་སྡེ་ལས་ཁང་རེད། མགོ་ཁྲིད་ཀྲུའུ་ཝན་ཆིན་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་ཀྱི་ཡིན་ན་རྩ་ཁྲིམས་ཁུར་དགོས་ངེས་རེད། རྩ་ཁྲིམས་ལྟར་བྱས་ན་བོད་ཀྱི་ཆོས་ལུགས་ཀྱི་ཐོག་ཏུ་ཏང་ཀྲུང་དབྱང་ལ་དབང་ཆ་ཡོད་དགོས་དང་དགོས་་་ཧཧ ཁྱོད་རང་ཚོས་བཤད་པའི་སྐད་ཆ་འདི་ཁྱོད་རང་ཚོའི་དབུ་མའི་ལམ་དང་འགལ་འདུག་ག
བོད་ཆེན་པོའི་རྒྱལ་ཁབ་ཀྱི་བདག་དབང་ཏང་ཀྲུང་དབྱང་ལ་ཕུལ་ཐུབ་ཀྱང་་་ཡང་སྲིད་ཀྱི་བདག་དབང་དེ་ཏང་ཀྲུང་དབྱང་ལ་ཕུལ་མི་ཐུབ་བ་འདིས་ཅི་ཞིག་མཚོན་ནམ། དྲ་གྲོགས་ཚོས་ཡིན་ད་་་་
བོད་རྒྱ་ནག་གི་ཆ་ཤས་སུ་གཏོགས་མ་མྱོང་ཡང་། གཉིས་སྨན་དབུ་མའི་ལམ་འདི །ལམ་ཐབས་ལམ་བཟང་ཤོས་དེ་ཆགས་པ་རེད།
སྲིད་སྐྱོང་གིས་གཉིས་སྨན་དབུ་མའི་ལམ་ཞེས་བརྗོད་ཁུལ་བྱས་པ་མ་གཏོགས། དོན་དངོས་སུ་ཐོབ་ཤོར་གཉིས་ཀྱི་བར་ན་གཉིས་སྨན་ཞིག་ཇི་ལྟར་ཡོད་དམ། བོད་མགོ་རྒྱ་མིར་སྤྲོད་པ་དང་། བོད་སར་རྒྱ་མི་སྡོད་དགོས་པ་སོགས་ཀྱིས་ནི་རྒྱ་ཡི་ཁེ་ཕན་ངོ་མ་ཞིག་བསྒྲུབས་པ་ཡིན་པ་ལས། བོད་ལ་ནི་ཕམ་གྱོང་དང་མགོ་ཤོར་ཞིག་མ་གཏོགས་མེད་ཙ་ན། དེ་འདྲའི་ལངས་ཕྱོགས་ལ་གཉིས་སྨན་གྱི་གོ་དོན་ཞིག་གཏན་ནས་མི་འཇགས་སོ།།
ཞོར་དུ་དྲ་ཐག་འདི་ལ་གཟིགས་དང་https://www.youtube.com/watch?v=QoLvSIXHLrQ
ཅོ་རི་ཉི་མ་ཟེར་མཁན་དེ་རྒྱ་ནག་གཞུང་གི་དངོས་སུ་ལས་འགན་སྤྲད་པའི་མི་ཞིག་རེད་འདུག་་་་ཁོས་ག་དུས་ཡིན་ནའང་༸གོང་ས་མཆོག་དང་རང་གཞུང་དང་སྲིད་སྐྱོང་་ཟམ་མདོང་རིན་པོ་ཆེ་སོགས་ལ་ཟུར་ཟ་ཀྱང་བྱས་ནས་བསྡོད་ཀྱི་འདུག་་་་་་་་རྒན་ལགས་ཡོན་ཏན་དང་འཇོན་ཐང་ཡོད་ན་དགྲ་རྒྱ་དམར་གཞུང་རེད་་་་ཧ་གོ་སོང་བས་
་ཧ་ཧ་་བསྟན་འཕགས། ཆང་རང་གིས་འཐུང་ན་མགོ་ན་་་་གཞན་གྱིས་འཐུན་་་ག་རེ་ཡིན་ནམ། རྒྱ་རིགས་ཚོང་པ་ཕྱུག་བདག་བྷན་ཟེར་བ་དེས་ཁང་རིན་སྤྲད་མྱངས་ཡོད་མེད་གསལ་བཤད་བྱོས། རྒྱ་གཞུང་གི་དངོས་སུ་ལས་འགན་སྤྲད་ཡོད་ས་དེ་ང་ཅང་ཡིན་ས་མེད། རྒྱ་དངུལ་ཟ་མཁན་ཚོ་ཡིན་དགོས་ཀྱི་རེད་བ།་་ཧཧ བོད་མི་དམངས་ཀྱིས་ཁང་རིན་དངུལ་སྤྲད་ཡོད་མེད་ཀྱི་གསལ་བཤད་འོང་གྱི་སྒུག་ནས་བསྡད་ཡོད་རེད་ད། གསལ་བཤད་མ་བྱེད་ན་འོས་བསྡུའི་རྒྱལ་ཁ་འཐོབ་ཁ་པོ་ཞེ་དྲག་ཆགས་ཚར་བ་རེད་དོ།
ངས་གཅིག་བཤད་གོ་་གལ་སྲིད་བློ་སེང་གི་རྒྱ་དངུལ་ཟས་ཡོད་ན་དགའ་སུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་གང་ལ་ཟེར་ན་ལྟོ་ཕྱི་ནས་ཟས་སྒོ་ང་ནང་ལ་བཏང་ཟེར་བ་ལྟར་ཁོང་གི་ད་བར་ཕྱག་ལས་ཚང་མ་བོད་དང་བོད་རྒྱ་ཆེའི་མི་མང་གི་ཆེད་དུ་གནང་གི་འདུག་པ་ལས་རྒྱལ་གཙོང་བ་ཅོ་རི་ཁྱོད་འདྲ་བ་ལྟོ་ནང་ནས་ཟས་སྒོ་ང་ཕྱི་ལ་བཏང་མཁན་ག་དུས་ཡིན་ནའང་རང་གི་དབུ་འཁྲིད་དང་སྒྲིག་འཛུག་ལ་དོན་མེད་སྐྱོན་འཛུག་དང་བོད་མི་ནང་ཁུལ་དཀྲུག་ཤིང་གནང་གི་མེད་པའི་ཁྱད་པར་ཤེས་པ་བྱེད་དགོས་
བཤད་མ་བསྡད་བསྟན་འཕགས། བློ་སེང་ཁྱོད་རང་གཉིས་སོ་སོའི་ཕ་ཡུལ་གཅིག་དེ་དག་རྡུང་མཁན་རྒྱུགས། རྒྱ་དངུལ་སོ་སོས་ཟས་ནས་མི་གཞན་ལ་རྒྱ་དངུལ་བཟའ་མཁན་རེད་ཅེས་ཉེས་ཞྭ་གོན་མ་སྡོད་ཨ།་་་་ཧཧཧ རྒྱ་བློ་སེང་ལ་རྒྱུས་ཡོད། ང་ཅོ་རི་སྒོ་ང་གཏོང་མཁན་གྱི་བྱ་མོ་མིན་ད། ཁྱོད་རང་གིས་ཁུག་རྟ་ནོར་བ་ཡིན་ས་རེད་ད། ཧཧཧ