——–ས་འཛིན་དཀར་པོས།
ལྷ་འདྲེའི་དབར་ལ་མགོ་བོ་མ་འཁོར།།
ཏཱ་ལའི་བླ་མར་སྤྲེལ་ལད་མ་འཁྲབས།།
རང་རེའི་མི་རིགས་མགོ་སྐོར་མ་བྱས།།
བཙན་པོ་བོད་ཀྱི་སྙིང་སྟོབས་དག་མ།།
ཡབ་མེས་བཙན་པོའི་རུས་པ་མ་ཆག།
དམར་པོའི་གཞུང་ལ་མགོ་བོ་མ་དགུ།
སྒེར་གཅོད་གཤིས་ཀྱི་ལྟ་བ་མ་ཞུགས།།
གངས་ཅན་བོད་ལ་དུང་ཞེན་དཀར་བ།།
འུར་གྱིས་དད་པའི་རྗེས་སུ་མ་རྒྱུགས།།
ཆོལ་ཁ་གསུམ་ལ་ནང་དམེས་མ་བྱས།།
རང་བཙན་དོར་བའི་མགོ་སླ་མ་རེད།།
མཐོ་སྒང་བོད་པའི་དཔའ་བོ་དག་མ།།
ཕུལ་བྱུང་ལྡན་པའི་ལྟ་གྲུབ་གཙང་མ།།
ཆོས་སྲིད་དབར་གྱི་རྟོགས་སད་ངོ་མ།།
ཕུགས་དོན་ལྡན་པའི་སྲིད་སྐྱོང་དྲ་མ།།
ཁྱོད་ཀྱི་གཏན་ཚིག་ཕ་ལམ་ལས་ཡག།
སྒལ་ཚིགས་ལྡན་པས་གསེར་གྱི་ཀ་བ།།
ཕྱི་ནང་གསལ་བས་དངུལ་གྱི་མེ་ལོང་།།
ལྷག་བསམ་འབྲི་ཡི་འོ་མ་ལས་གཙང་།།
ཁྱོད་ཀྱི་དུང་སེམས་མུ་ཏིག་ལས་དཀོན།།
མཐོ་སྒང་བོད་ཀྱི་དཀའ་སྡུག་ཤེས་མཁན།།
གནད་ཀྱི་དོན་ལ་ལག་ལེན་གནང་མཁན།།
ཡོད་ཚད་བོད་དོན་ལུས་སྲོག་སྦྱིན་མཁན།།
སྲོང་བཙན་ཁྱིམ་བརྒྱུད་དཔའ་བོ་དག་མ།།
གཡམ་རྒྱུགས་བྱས་ནས་བྲིས་པ་མ་ཡིན།།
ངོས་དགའི་སྤྲེལ་ལད་དེས་ཀྱང་མིན་ལ།།
རུས་རིགས་གསེར་གྱི་ཀ་བ་མཐོང་ནས།།
མི་འབྲི་བསམ་ཀྱང་ལག་པས་ཤོར་ཐལ།།
ལྷ་འདྲེའི་དབར་ལ་མགོ་བོ་མ་འཁོར།།
ཏཱ་ལའི་བླ་མར་སྤྲེལ་ལད་མ་འཁྲབས།།
རང་རེའི་མི་རིགས་མགོ་སྐོར་མ་བྱས།།
བཙན་པོ་བོད་ཀྱི་སྙིང་སྟོབས་དག་མ།།
ཚིགས་བཅད་འདི་ལས་ཨ་ཚོགས་ཀླུ་མཁར་བྱམས་ནི་བོད་པ་ཡོངས་ལ་དཔེ་ལྟ་ས་ཞིག་ཆགས་ཡོད་པ་དེ་གསལ་འདུག
ཀླུ་རྒྱ་ལོ།།།།།།།།།།།
ཀླུ་བྱམས་ལ་འདོད་མོས་ཡོད་ཁུལ་བསྟན་མཁན་ཚང་མས་༧ གོང་ས་མཆོག་དང་བོད་མིའི་སྒྲིགས་འཛུགས་ལ་ཟུར་ཟ་དང་ངན་སྨྲས་བྱེད་སྟངས་དོལ་ཚོགས་དང་ཕྱོགས་མང་པོས་འདྲ་པོ་འདུག དགྲ་དགའ་གཉེན་སྡུག་གི་བྱེད་སྟངས་ཤིག་དང་གདོན་འདྲེ་ལ་དད་པ་ཡོད་མེད་གང་ལྟར་ཡང་དོལ་ཚོགས་དང་ཁྱི་སྤྱང་ལག་འབྲེལ་ལྟ་བུའི་རྣམ་པ་ཞིག་ཐོན་བཞིན་ཡོད་པས་འོས་མི་རང་ཉིད་དང་རྒྱབ་སྐྱོར་བ་ཚང་མས་སོ་སོའི་ལངས་ཕྱོགས་ཡིན་ན་མ་གཏོགས་གཟབ་དགོས་པ་ཞིག་རེད་འདུག
ཆབ་སྲིད་བཙོན་པ་ཡིན་པ་ཙམ་ལས། །
ཆབ་སྲིད་གོ་རྟོགས་བྱིས་པའི་ཤེས་བྱ། །
འཛིན་སྐྱོང་བཀའ་ཤག་ཁ་གཏད་གཅོག་ནའང། །
འཛིན་སྐྱོང་ཉམས་མྱོང་ཀ་ཁའི་གནས་རིམ། །
འཛམ་གླིང་ཆབ་སྲིད་རྟོགས་པའི་སླད་དུ། །
དགོས་པའི་དབྱིན་ཡིག་བུ་ཆུང་དོ་ལོ། །
འཚོ་བའི་དཀའ་ངལ་སེལ་བའི་ཕྱིར་དུ། །
སྲིད་སྐྱོང་འོས་སུ་ཞལ་འདེབས་ཞུ་གིས། །
དབུ་མའི་ལམ་ལ་རེ་བ་རྒྱག་ས་ཕལ་ཆེར་ཡོད་ས་མ་རེད། ཡིན་ཡང་རང་བཙན་ལས་དབུ་མའི་ལམ་ལ་རེ་བ་ཡོད་་པ་གསལ་པོ་རེད། བོད་མི་ཡོད་དོ་ཅོག་གིས་རང་བཙན་ཐོབ་ན་འདོད་ཀྱི་ཡོད། འོན་ཀྱང་བོད་རང་བཙན་ཇི་ལྟར་ལེན་རྒྱུ་ཡིན། ༧གོང་ས་མཆོག་གིས་མི་དམངས་མགོ་སྐོར་བཏང་བ་རེད་ཅེས་ཟེར་ན་ཤིན་ཏུ་མི་འཐད་དོ།
འདི་ནི་དྲིན་ཆེན་ལ་དྲིན་ལོག་རེད། ཆོས་ལ་ཡིད་ཆེ་དང་དད་པ་མེད་ནའང་སོ་སོའི་དབུ་ཁྲིད་ལ་གུས་བརྩི་ཞུ་དགོས་པ་དེ་ཧ་ཅང་གལ་ཆེན་རེད། གང་ལྟར་ཀྱང་རང་བཙན་ལའང་རེ་བ་ཡོད་པ་མ་རེད། །
སྙམ་སུམ་ཡག་པོ་སྦྱོངས་དེ་ནས་གཅིག་འབྲི་ཁུལ་བྱས་ན་ཏོག་ཙམ་སྤུ་ཁ་འགྱུར་མདོག་ཁ་པོ་རེད། དེ་མིན་འཛིན་བཅུ་གཉིས་ཀྱི་ཚིག་བཅད་ཐར་ཐོར་དེས་ཅི་ཡང་མ་གོ་ཐལ། ཤེས་རྒྱ་ལྟ་རྒྱ་ཐོས་རྒྱ་གང་གི་ཆ་ནས་ཀླུ་བྱམས་ཀྱི་སྐྱག་པ་གཏོང་ས་ལ་ཡང་སླེབས་མི་འདུག། ངོ་མི་ཚའམ།
སྙན་སུམ་དག་གསུམ་ལ་བཅོས།
གསར་སྐྱེས་ཚོས་ཤེས་ཆེད་དུ་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་བཀའ་སློབ་ཁག་ནས་ཟུར་བཏོན་བྱས་པ་ཡིན།།
༧གོས་ས་མཆོག་གི་༡༩༧༡ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན།
༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་བོད་མི་མང་ནས་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱས་པར་རྒྱ་མི་གུང་བྲན་གྱིས་བཙན་དབང་གདུག་རྩུབ་དྲག་པོས་འགྲོ་བ་མིས་རྩ་ཆེར་འཛིན་པའི་གནས་ལ་ཇི་མི་སྙམ་པར་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དྲག་གནོན་བྱས་པ་རེད། དེ་འདྲའི་ཉིན་མོ་དེ་ལ་ང་ཚོས་རྗེས་དྲན་གང་གི་དོན་དུ་བྱེད་ཀྱི་ཡོད་དམ་ཟེར་ན། ང་ཚོས་བོད་རང་དབང་གི་དོན་དུ་ལུས་སྲོག་གཏོང་མཁན་བོད་མི་ཚོར་རྗེས་དྲན་བྱེད་པ་ཙམ་དུ་མ་ཟད། དེ་ཉིན་རྒྱལ་ཁ་ཐོབ་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་ནས་ཀྱང་རྗེས་དྲན་བྱེད་ཀྱི་ཡོད། ཅིའི་ཕྱིར་ཞེ་ན། དེའི་ཉིན་རྒྱ་མི་གུང་བྲན་གྱིས་བཙན་དབང་གིས་འཛིན་སྐྱོང་བྱེད་པའི་སྲིད་བྱུས་ལ་ཕམ་ཉེས་ཕྱིན་པ་གསལ་པོར་བསྟན་པའི་ཐོག ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལམ་ནས་གུང་བྲན་ལྟ་སྤྱོད་ཀྱི་ལྡོག་ཕྱོགས་མི་སེར་སྤེལ་སྲོལ་འཛིན་ཐབས་བྱེད་དགོས་པར་ཐུག་པ་དང༌། ང་ཚོའི་ཕྱོགས་སུ་ཕམ་ཉེས་མིན་པའི་ཁར། ཕྱི་རྒྱལ་བཙན་དབང་གི་འོག་ཏུ་ནམ་ཡང་སྡོད་འདོད་མེད་པའི་རྣམ་འགྱུར་དཔའ་གདེངས་སྤོབས་པ་ཆེན་པོའི་ངང་ནས་བསྟན་ཡོད། དེ་ལྟ་བུའི་རང་དབང་གྱེན་ལངས་ལན་གྲངས་སྟོང་ཕྲག་བྱེད་སྲིད་ལ། དེ་འདྲའི་དྲག་གནོན་ཡང་སྟོང་ཕྲག་བྱེད་སྲིད་ནའང༌། སྐྱེ་བོ་སོ་སོ་རང་ཉིད་ཀྱི་ནང་གི་སྙིང་སྟོབས་དང་རང་དབང་གི་འདོད་པ་ནི་དུས་ནམ་ཡང་གཏོར་བརླག་གཏོང་མི་ཐུབ་པས། བོད་ལ་ཐོབ་ཐང་ཡོད་ངེས་རང་བཙན་རྒྱལ་ཁབ་ཀྱི་གྲས་སུ་མ་ཚུད་བར་ངའི་མི་མང་གིས་འཐབ་རྩོད་མུ་མཐུད་ནས་བྱེད་ངེས་ཡིན།
༡༩༧༢ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
བོད་རང་དབང་རང་བཙན་སྐོར་ལ་མ་འོངས་ལུང་བསྟན་ལྟ་བུ་བརྗོད་མི་ཐུབ་ཀྱང་འགྱུར་བ་ངེས་པར་དུ་ཡོང་གི་རེད། རྒྱལ་སྤྱིའི་གནས་སྟངས་ལ་མཚོན་ན་ཡང༌། ལོ་བཅུའི་གོང་དུ་མི་སྲིད་པར་ངོས་འཛིན་བྱེད་པའི་འགྱུར་བ་ཆེན་པོ་བྱུང་ཡོད་ཅིང༌། རྒྱ་ནག་རང་ལ་མཚོན་ན་ཡང་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ནང་འགན་འཁུར་ཡོད་པའི་འཐུས་མིའི་གྲས་ཡིན་པས་འགྲོ་བ་མིའི་ཞི་བདེའི་ཆེད་དུ་ལས་དོན་སྒྲུབ་ཐུབ་མཁན་ཞིག་ཏུ་གྱུར་ཡོད་པ་ལྟར་རྒྱ་ནག་ནས་དེ་བཞིན་བྱེད་པའི་རེ་བ་ཡོད་པ་མ་ཟད། ཉིན་གཅིག་རྒྱ་ནག་ནས་བོད་ཀྱི་གནས་སྟངས་ངོ་མ་དེ་དང༌། བོད་མིའི་སེམས་ཤུགས་ནམ་ཡང་ཉམས་མི་ཐུབ་པ་དེ་ཡང་ཁས་ལེན་ངོས་འཛིན་བྱེད་པའི་རེ་བ་ཡོད།
ང་ཚོའི་མི་མང་གི་སེམས་ཤུགས་དང༌། གཞོན་ནུའི་ནང་རྒྱལ་གཅེས་གོ་རྟོགས་འཕར་ཚད། བོད་དོན་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བ་བཅས་ཀྱི་གནས་ལུགས་འདི་དག་ལ་བརྟེན་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་མུན་ནག་མིན་པ་དེ་མཐོང་ཐུབ་ཅིང༌། དེ་འདྲའི་སེམས་ཤུགས་དང༌། རྒྱལ་གཅེས། རྒྱབ་སྐྱོར་བཅས་ཇི་སྲིད་ཡོད་པ་དེ་སྲིད་དུ་བོད་དོན་གྱི་རེ་བའང་ཡོད་ངེས་ཡིན།།
༡༩༧༣ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན།།
ད་ལོའི་ཆུ་གླང་ལོ་འདི་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ཏེ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དབུ་བརྙེས་ནས་ལོ་ཉིས་སྟོང་ཆིག་བརྒྱ་འཁོར་བའི་ལོ་ཡིན་པ་དང༌། ད་རིང་གི་དུས་ཚེས་འདི་བོད་རྒྱ་ཆེའི་མི་མང་ནས་ཕྱི་རྒྱལ་བཙན་འཛུལ་ལ་ངོ་རྒོལ་རང་དབང་སྒེར་ལངས་ཀྱི་ལས་འགུལ་བརྩམས་ནས་ལོ་བཅུ་བཞི་སོང་བའི་དུས་ཚེས་ཡིན་པས་དེ་གཉིས་ཀྱི་དྲན་གསོ་བྱེད་པ་དང་ཆབས་ཅིག ངེད་ནས་གཞིས་བྱེས་བོད་མི་རྣམས་ལ་ལྷག་བསམ་མཛའ་བརྩེས་དྲངས་པའི་འཚམས་འདྲི་ཞུ་རྒྱུ་ཡིན།
བོད་རྒྱལ་ལོ་ཉིས་སྟོང་ཆིག་བརྒྱ་ཐམ་པ་སོང་རིང་གི་གནས་ལུགས་ཉུང་བསྡུས་ཤིག་བརྗོད་ན། བོད་རྗེ་ཁྲི་བདུན་དང༌། སྟེང་གཉིས། ལེགས་དྲུག སྡེ་བརྒྱད། བཙན་ལྔ་སྟེ་རྒྱལ་རབས་ཉེར་བརྒྱད་རིང་བོད་ཀྱི་སྤྱི་ཚོགས་དང༌། ལག་རྩལ་ཤེས་རིག་གི་རྣམ་པ་ཁག་རིམ་བཞིན་འཕེལ་རྒྱས་བྱུང་ཞིང༌། ཉེར་བརྒྱད་པ་ལྷ་ཐོ་རི་གཉའ་བཙན་སྐབས་དམ་པའི་ཆོས་ཀྱི་དབུ་གསར་དུ་བརྙེས། སོ་གསུམ་པ་སྲོང་བཙན་སྒམ་པོ་དང༌། སོ་བདུན་པ་ཁྲི་སྲོང་ལྡེ་བཙན། བཞི་བཅུ་པ་ཁྲི་རལ་པ་ཅན་བཅས་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་བྱུང་སྟེ། དེ་ཡང་ཆོས་ཕྱོགས་ནས། སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར། ལྷ་ཆོས་མི་ཆོས་ཀྱི་སྲོལ་བཟང་པོ་བཙུགས་ཏེ་མངོན་མཐོ་ངེས་ལེགས་ཀྱི་ལམ་གསལ་བར་མཛད། སྲིད་ཕྱོགས་ནས། མངའ་འབངས་ལ་ས་ཞིང་བགོས་སྙོམས་དང༌། མང་མོས་བློ་ལྡན་གྱི་མི་སྣ་བསྡུས་ནས་དབྱར་དགུན་གྱི་གྲོས་ཚོགས་བྱེད་པ་སོགས་དེང་དུས་སྤྱི་ཚོགས་དམངས་གཙོའི་ལྟ་སྤྱོད་དང་མཐུན་པའི་ཆབ་སྲིད་ཕུལ་དུ་བྱུང་བ་བསྐྱངས། དགྲ་སྡེ་རྣམ་པར་འཇོམས་པའི་དཔའ་གྲགས་ཆེ་བ་སོགས་དེ་དུས་བོད་རྒྱལ་ཁབ་ཀྱི་སྙན་གྲགས་འཛམ་གླིང་ཤར་ཕྱོགས་ཀྱི་ཁྱོན་དུ་ཁྱབ་པར་གྱུར།
རྒྱལ་རབས་ཞེ་གཅིག་པ་གླང་དར་མས་དམ་པའི་ཆོས་ལ་ལོག་པར་བལྟས་པས་བསྟན་པ་ལ་གེགས་ཆག་ཆེན་པོ་བྱུང༌། གླང་དར་གྱི་སྲས་ངོ་འདྲ་གཉིས་མ་མཐུན་པར་མངའ་རིས་སོ་སོར་ཕྱེ་བ་ནས་བཟུངས་བོད་སིལ་བུར་སོང་སྟེ་སྤྱི་མཐུན་གྱི་སྟོབས་ཤུགས་ཉམས་པས། བོད་ཀྱི་མཐའ་མཚམས་ས་སྡེ་མང་པོ་རིམ་བཞིན་ཟུར་གྱེས་གཞན་སྡེར་ཚུད་ཤོར་སོགས་ཆོས་སྲིད་གཉིས་ཕྱོགས་ནས་ཉམས་ཆག་འཐུས་ཤོར་ཆེན་པོ་བྱུང༌།
དེ་རྗེས་ས་སྐྱ་ཆོས་རྒྱལ་འཕགས་པའི་སྐུ་དུས་ནས་བཟུངས། ས་སྐྱ་པ་དང༌། ཕག་གྲུ་པ། རིན་སྤུངས་པ། གཙང་པ་སོགས་ནས་བོད་ཀྱི་ཆབ་སྲིད་རིམ་བཞིན་བསྐྱངས་པའི་རིང་བོད་སིལ་བུའི་སྐབས་དང་མི་འདྲ་བའི་གཞི་རྩའི་ཆོས་སྲིད་དར་རྒྱས་གང་ལེགས་བྱུང་ན་ཡང༌། མེས་དབོན་རྣམ་གསུམ་སྐུ་རིང་གི་བོད་ཀྱི་ས་སྡེ་མཐའ་དག་སྔ་སོར་ཆུད་མ་ཐུབ་པ་མ་ཟད། བོད་ནང་ཁུལ་ལའང་མི་བདེ་བའི་འཁྲུག་རྩོད་སྔ་རྗེས་སུ་བྱུང༌།
ྋརྒྱལ་དབང་རྗེ་སྐུ་ཕྲེང་ལྔ་པ་ནས་བཟུངས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དར་བའི་རིང་བོད་ནང་ཆོས་འབྱོར་བདེ་སྐྱིད་མི་དམན་ཙམ་བྱུང་ན་ཡང༌། ཕྱི་ལོ་ ༡༩༥༠ ལོ་རྒྱ་མི་དམར་པོས་བོད་དུ་བཙན་འཛུལ་བྱས་རྗེས་བདེ་སྡུག་ཇི་བྱུང་ཚང་མའི་བློ་གསལ་ལྟར་ཡིན།
དེ་ལྟར་བོད་རྒྱལ་ལོ་ཉིས་སྟོང་ཆིག་བརྒྱ་ཐམ་པ་སོང་བའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། སྔ་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་རིགས་མཆིས་སོ་ཅོག་གོང་བུ་གཅིག་གྱུར་ལ་བརྟེན་བོད་ཀྱི་ཆབ་སྲིད་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་བྱུང་ཞིང༌། དེ་རྗེས་བོད་སིལ་བུར་སོང་སྟེ་རང་རང་སྡེ་ཁག་མང་པོ་ཟུར་གྱེས་སྤྱི་འདུས་ཀྱི་སྟོབས་ཤུགས་ཉམས་པའི་རྐྱེན་གྱིས་ཆབ་སྲིད་མངའ་ཐང་ཉམས་ཆག་ཆེན་པོ་བྱུང༌། ཉེ་བའི་ཆར་ཡང་བོད་མི་རང་ཉིད་ཀྱི་ཕྱི་ནང་སྟོབས་ཤུགས་འདུ་འགོད་དང་སྐབས་བསྟུན་ཐབས་ཤེས་ཇི་བཞིན་མ་ཐུབ་པའི་དབང་གིས་རྒྱ་དམར་བོད་དུ་བཙན་འཛུལ་བྱ་རྒྱུའི་གོ་སྐབས་ཅི་བདེར་ཐོབ་སྟེ་བོད་མི་མང་གི་བདེ་སྡུག་གནས་སྟངས་འདི་ལྟ་བུར་གྱར་བ་བཅས་སྒྲོ་བཏགས་བརྗོད་མཁས་མིན་པར་ལོ་རྒྱུས་དངོས་ཡོད་གནས་ཚུལ་ཐོག་ནས་ར་སྤྲོད་མཛུབ་སྟོན་གསལ་པོར་བྱུང་བ་འདི་ག་ཡིན་པས། ཚུལ་འདི་དག་ལ་རང་ཅག་བོད་མི་རྣམས་ནས་བསམ་གཞིགས་རྗེས་དྲན་གྱིས་བོད་རིགས་སུ་གཏོགས་པ་མཆིས་སོ་ཅོག་ཀུན་སིལ་བུར་མི་འགྲོ་བར་གོང་བུ་གཅིག་ཏུ་གནས་དགོས་པ་དང༌། རང་བདེ་རང་ས་ནས་མ་འཕྱུག་པ་ཞིག་ཅིས་ཀྱང་བྱ་དགོས།
དེ་ལ་བོད་སིལ་བུར་གྱུར་པའི་མཇུག་དང༌། ས་སྐྱ་པའི་དུས་སྐབས་བཅས་པར་བོད་ནང་སོག་རིགས་གོང་མའི་བཀའ་བཀོད་སླེབས། དེ་རྗེས་མན་ཇུ་གོང་མའི་དུས་བོད་ཀྱི་ལས་དོན་ལ་མན་ཇུས་ཐེ་བྱུས་བྱེད་པའི་དུས་སྐབས་བྱུང་ཡོད་ཀྱང༌། སྐབས་དེར་རྒྱ་ནག་ཧན་མི་རིགས་རང་ཉིད་སོག་པོ་དང་མན་ཇུའི་དབང་བསྒྱུར་འོག་གནསཤིང༌། སོག་པོའི་དབང་ཤུགས་མཇུག་རྫོགས། མན་ཇུའི་དབང་ཆར་རྒྱ་མིས་ངོ་རྒོལ་གྱེན་ལངས་བྱས་ནས་རྒྱ་ནག་དམངས་གཙོའི་སྲོལ་ལུགས་སུ་ཕྱོགས་པའི་སྐབས། མན་ཇུའི་བཙན་ཤུགས་མཐར་སྐྲོད་ཀྱིས་བོད་རང་བཙན་གཙང་མར་གནས་སྡོད་བྱས། དེ་འབྲེལ་རྒྱལ་ཁབ་འགས་ཕན་ཚུན་འདོད་རྔམས་ཁེ་དབང་སླད་བོད་རྒྱ་ཁོངས་ཡིན་པའི་སྐོར་ཡིག་འཇོག་འགའ་ཤས་ཡོད་ཀྱང༌། དེ་དག་ཁུངས་འབྲེལ་དྲང་བདེན་དོན་གནས་མིན་པ་ཡིག་ཆ་སྔ་རྗེས་འཇོག་སྟངས་ནས་མངོན་ཐུབ་ཅིང༌། ཉེ་ཆར་རྒྱ་མི་དམར་པོས་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་ཐོག བཙན་དབང་གི་གྲོས་མཐུན་དོན་ཚན་ ༡༧ འཇོག་བཅུག་པ་དྲང་འབྲེལ་ཁྲིམས་མཐུན་མིན་ཞེས་ང་ཚོས་འཛམ་གླིང་མི་མང་གི་མདུན་སར་གསལ་བསྒྲགས་བྱས་ཡོད་པ་དང༌། དེ་མིན་དྲང་འབྲེལ་གྱི་གནའ་རབས་ལོ་རྒྱུས་གང་གི་དབང་དུ་བྱས་ན་ཡང་བོད་ནི་རང་བཙན་རྒྱལ་ཁབ་བསྙོན་མེད་ཅིག་ཡིན།
༡༩༧༤ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
གསུམ་བཅུའི་དུས་དྲན་འདིའི་ངོ་བོ་གང་ཡིན་ནམ་ཞེ་ན། བོད་དོན་ཡིན། བོད་དོན་ཞེས་པ་གང་ཡིན་ནམ། དེ་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག ལྟ་བ་ཞིག་ལ་ངོ་རྒོལ་བྱེད་པ་དེ་ཡིན་ནམ། ཡང་ན་བཙན་བྱོལ་བ་ཉུས་ཤས་ཤིག་གི་རང་ཉིད་ཀྱི་ཁེ་ཕན་ཆེད་འབད་རྩོལ་བྱེད་པ་ཞིག་ལ་ཟེར་བ་ཨ་ཡིན་སྙམ་ན། དེ་དག་གང་ཡང་མ་ཡིན། བོད་དོན་ནི་བོད་མི་མང་གི་དོན་དང༌། དེ་ཡང་བོད་མི་ས་ཡ་དྲུག་གི་གནད་དོན། མི་རིགས་ཤིག་གིས་རང་གི་མ་འོངས་པའི་མདུན་ལམ་ཐག་གཅོད་ཇི་ལྟར་བྱ་བའི་རྩ་དོན་ཡིན་པས། ཇི་སྲིད་བོད་མི་ས་ཡ་དྲུག་གི་འདོད་བློ་མ་ཁེངས་པ་དེ་སྲིད་དུ་བོད་དོན་གྱི་འཐབ་རྩོད་མུ་མཐུད་ནས་བྱ་ངེས་ཡིན།
ངེད་རང་དྲང་བདེན་ལ་ཡིད་ཆེས་ཡོད། གལ་ཏེ་དེ་གཉིས་མེད་ན་འགྲོ་བ་མི་ཡི་རིགས་ལ་རེ་བའི་གཞི་རྩ་གཏན་ནས་མེད་པར་འགྱུར། བོད་དང༌། བོད་འདྲ་བ་རྒྱ་མིའི་བཙན་དབང་འོག་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཐེ་བའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཀྱང་སོ་སོའི་རང་དབང་གི་དོན་དུ་འཐབ་རྩོད་བྱེད་པའི་ཐོབ་ཐང་ཡོད་པར་ཡིད་ཆེས་ཡོད།
༡༩༧༥ལོའི་གསུང་འཕྲིན།།
བོད་གངས་ལྗོངས་སུ་གནས་པའི་རང་རིགས་རྒྱ་ཆེའི་མི་མང་རྣམས་ནས་རང་གི་ལུས་སྲོག་ཉམ་ཉེས་ལ་མི་ལྟ་བར་རང་དབང་གི་དོན་དུ་འཐབ་རྩོད་རྒྱུན་མི་ཆད་པར་བྱས་ཏེ་བཙན་འཛུལ་མཁན་རྣམས་ནམ་ཡང་བག་ཕེབས་ལྷིང་འཇགས་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་པ་ལྟར་ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་རྣམས་ནས་ཀྱང་བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌། དེ་མིན་ཡུལ་ཁག་མི་རིགས་གཞན་དག་གི་ལས་དོན་ལ་ང་ཚོས་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད།
༡༩༧༦ལོའི་གསུམ་དྲན་གྱི་གསུང་འཕྲིན།།
བོད་རྒྱ་ཆེའི་མི་མང་ནས་རང་ལ་ཐོབ་ཐང་ཡོད་ངེས་བོད་རང་དབང་རང་བཙན་གྱི་རྩོད་གླེང་ལས་འགུལ་བརྩམས་ནས་མི་ལོ་བཅུ་བདུན་སོང་བའི་དུས་དྲན་གྱི་ཉིན་མོ་འདིར་ངེད་ནས་རྩ་དོན་འདིའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཏང་དང་གཏོང་བཞིན་པའི་བོད་མི་རྣམས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་ཡིན།
ང་ཚོས་བོད་རང་བཙན་གྱི་དོན་ལ་འབད་རྩོལ་བྱེད་པའི་རྒྱུ་མཚན་དང་དམིགས་ཡུལ་ནི། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གི་ཁེ་ཕན་དང་རེ་འདོད་སྒྲུབ་པའི་ཆེད་དུ་ཡིན་ཞིང༌། བོད་རྒྱ་ཆེའི་མི་མང་རྣམས་ཕྱི་ནས་དགྲ་བོའི་བཙན་དབང་དམ་གཅུར་འོག་གཡོ་འགུལ་བྱེད་པའི་རང་དབང་གཏན་ནས་མེད་པ་དང༌། ནང་ནས་བཀྲེས་སྐོམ་གྱིས་གདུངས་ཏེ་ཕན་ཚུན་སྨྲ་བརྗོད་ཀྱི་ཐོག་མར་ལྟོ་ཟས་དཀའ་ངལ་ཆེ་ཆུང་དྲི་རྨེད་བྱེད་དགོས་པའི་དུས་ཚོད་ཐོག་གནས་ཡོད། འོན་ཀྱང་འདྲ་མཉམ་དང༌། ཡར་རྒྱས་ཞེས་པའི་མིང་ཚིག་སྙན་པོ་དེས་བློ་འདོད་མ་ཁེངས་པའི་བོད་མི་རྣམས་ནས་དགྲ་བོའི་གནོན་བཙིར་དང༌། ལྟོ་གོས་ངལ་དུབ་ལ་ཇི་མི་སྙམ་པར། རང་གི་རེ་འདོད་བོད་རང་དབང་སྒྲུབ་པའི་དམིགས་ཡུལ་ཐོག ལུས་སྲོག་ཡལ་བར་འདོར་ནུས་ཀྱི་སྙིང་སྟོབས་ཞུམ་མེད་ངང་བཙན་དབང་ལ་ངོ་རྒོལ་འཐབ་རྩོད་རྒྱུན་བསྲིངས་བྱས་ཏེ་དགྲ་བོ་ནམ་ཡང་བཟོད་བདེ་བག་ཕེབས་མེད་པའི་དཀའ་བསུན་བཟོས་དང་བཟོ་མུས་རེད།
༡༩༧༧ལོའི་གསུང་ཕྲིན།
ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས། རང་ཅག་བོད་མི་རྣམས་ཀྱི་ཁྲོད་དུ་དྲང་བདེན་ལ་བརྩི་བཀུར་དང༌། རྒན་རབས་ལ་ཞེ་ས། དཀའ་སྡུག་ལ་བཟོད་བསྲན། གཞན་ལ་ཕན་སེམས། སྙོམ་ཆུང་དམན་ས་འཛིན་པ། ངོ་ཚ་ཁྲེལ་ཡོད་སོགས་རང་རེའི་ཕ་མེས་ཡ་རབས་སྤྱོད་བཟང་གི་མིག་ལྟོས་གོམས་གཤིས་བཟང་པོ་ཇི་སྙེད་ཡོད་པ་འདི་དག་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་ཡུལ་དུས་གང་འདྲ་ཞིག་ལའང་ཉམས་བརླག་མ་བཏང་བར་གཅེས་སྐྱོང་ལག་ལེན་ཚུལ་བཞིན་དུ་བྱེད་དགོས། གལ་ཏེ་འཕྲལ་སྒང་ཁེ་གྲགས་ཕྲ་མོའི་སླད་གཡོ་ཁྲམ་མ་རབས་ཚུལ་མིན་གྱི་ལམ་དུ་ཞུགས་ན༑ རང་ཉིད་ཀུན་གྱིས་འཕྱ་དམོད་ཀྱི་ཡུལ་དུ་འགྱུར་བ་སྨོས་ཅི། སྨྲ་ཤེས་དོན་གོ་མི་ཡི་རིགས་སུ་སྐྱེས་པའི་དགོས་དོན་མ་ཚང་བ་ཡིན་པས། ཚང་མས་ཡ་རབས་བག་ཡོད་སྤྱོད་བཟང་ལ་དུས་རྟག་ཏུ་ཚུལ་བཞིན་གཞོལ་བ་གལ་ཆེ།། །།
རྟ་བདུན་ལགས་་་གོང་གི་བཀའ་སློབ་ཡག་པོ་ཀློག་་་ཤོག ༧གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཁོང་རང་རང་གིས་གསུངས་མྱངས་བའི་བཀའ་སློབ་ཁག་རེད།
འོ་རེད་བེ་རི་གདོང་ནག། ལྷ་འདྲེ་གདོན་བགེགས་ཚོགས་པ་དེ་རྒྱུ་གང་ལས་བྱུང་འདུག་རྐྱེན་གང་ལས་བྱུང་འདུག། འདིའི་རྒྱུ་རྐྱེན་ཤེས་ན་ཀླུ་བྱམས་ཀྱི་བཤད་པ་གནས་ལུགས་ལྡན་ཡོད། ང་ཚོ་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཁྲོད་ལྷ་འདྲེའི་འཐབ་རྩོད་འདི་ནད་ངན་ཚབ་ཆེན་ཞིག་རེད། འདི་ལ་རྒྱུ་རྐྱེན་གཉིས་འདུག། གཅིག་འདྲེ་ཁ་འཁྱེར་གྱིས་རྒྱ་དངུལ་བླངས་ནས་༧གོང་ས་མཆོག་ཨ་རི་དང་ནུབ་ཕྱོགས་ག་པར་ཕེབས་ན་ཡང་ཁྱི་བཞིན་རྒྱུགས་ནས་མི་རིགས་བླ་ཙོངས། ནང་ཆ་ཡོད་ཚད་ཕྱིར་བསྟོན་ནས་མི་རིགས་ཀྱི་ཞབས་འདྲེན་བླ་མེད་ཞིག་འཇོག་བཞིན་པ་དེ་རེད། གཉིས་པ་དེ་༧རྒྱལ་བ་རིན་པོ་ཆེ་ཁ་འཁྱེར་གྱི་དད་པ་ལོག་སྤྱོད་པའི་ཤོག་ཁག་གིས་༧རྒྱལ་བ་རིན་པོ་ཆེ་དང་སྒྲིག་འཛུགས་གཞུང་གི་བཞེངས་ཕྱོགས་དང་མི་མཐུན་པ་ཞིག་འདུག་ན། ཕྱོགས་གང་ཐད་ནས་སྣོན་ཤུགས་དང་འབུར་བཅོམས་བྱེད་པའི་ལམ་ལུགས་འོག། དབང་ཆ་གོ་སྐབས་གཞན་ལ་མི་སྤྲོད་པར་རང་བསྲུང་གི་ཐབས་ཤེས་ཡོད་དགུ་རྩོལ་གྲུབ་ཀྱིས་ཕ་རོལ་པོ་ནག་པོ་བཟོ་གང་ཐུབ་ཀྱིས་སྤྱི་ཚོགས་ཁྲོད་ནས་མཐའ་འབུད་གཏོང་རྒྱུ་དེ་རེད།
འོ་ན་གདོལ་འདྲེ་ཚོགས་པས་རྒྱ་དངུལ་དངོས་བླངས་ནས་བོད་མི་རིགས་འདིའི་རྩ་དོན་འཐབ་རྩོད་གཏོར་བཤིག་བཏང་བ་དང་བཙན་བྱོལ་གྱི་ཀྲུང་གོའི་རྩ་ཁྲིམས་ལ་སྐྱབས་བཅོལ་གྱིས་མི་དམངས་ཤོག་སྒོར་ལ་རེ་བ་གཉིས་ཁྱད་པར་ཞིག་ཨེ་འདུག། འདི་སྔ་ཕྱི་མ་གཏོག་འགྲོ་སྟངས་གཅིག་པ་རེད། འོན་ཀྱང་ཀྲུང་གོས་ལོ་མང་ཕྱི་རྒྱལ་ལ་ཡུལ་བགྱར་བྱས་ཏེས་ནུབ་ཕྱོགས་དགྲ་འཛིན་སྟོབས་ཤུགས་སྣ་འདྲེན་བྱས་པའི་ནག་ཉེས་དེ་དག་འཇུག་རྩིས་ཡོད་མིན་མི་ཤེས་ཀྱང་། གལ་ཏེ་ཀྲུང་གོས་ནག་ཉེས་དམིགས་བསལ་བཏང་དབང་དུ་བྱས་ན་བོད་རང་བཙན་འཐབ་རྩོད་པ་བསྟན་དགྲ་ཁ་གཏད་རང་བཞིན་གྱིས་ཆགས་རྒྱུ་ཉག་ཅིག་ཡིན་པར་བརྟེན། ད་ལྟ་ནས་དགྲར་འཛིན་གྱི་འདུ་ཤེས་འོག་གཙང་བསེལ་བཟོ་རྒྱུའི་ཐབས་ལམ་བསྐྲུན་དང་སྐྲུན་་བཞིན་པ་རེད་ལ། ལོ་མང་ཡུལ་བགྱར་དང་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་སྣ་འདྲེན་བྱས་པའི་ནག་ཉེས་དག་པར་བྱེད་རྒྱུའི་ཆ་རྐྱེན་ཨང་དང་པོ་དེ་ཡིན་པ་འདྲ། ཨེ་རེད།
མ་གཞི་ནས་མི་འདི་ཚོས་བཤད་སྟངས་ན་༧ གོང་ས་མཆོག་ཆབ་སྲིད་བགྲེས་ཡོལ་མ་ཕེབས་པར་སྐུ་དབང་སྔར་ལས་ཇེ་བཙན་ཡིན་པ་འདྲ། མིན་ན་ཆབ་སྲིད་ཀྱི་ཁ་གདངས་ཚད་༧ གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨོད་ཇི་ལྟར་ཆགས་པ་རེད། གནད་དོན་འདི་གཙང་བསེལ་མ་བཟོས་ན་མི་དམངས་མགོ་ཐོམས་གཞི་ཆགས་ཡོད་ལ་དམངས་གཙོ་ལག་བསྟར་ལ་འགག་རྡོ་ཆེ་ཤོས་དེ་རེད།
ཁག་གཅིག་གིས་བཤད་ན། ཀླུ་བྱམས་ནི་རང་བཙན་གཙང་མ་རྩོད་མཁན་རེད་ཟེར་དགོས་བ་རེད་ཟེར། དེ་འདྲ་བཤད་ན། ཁོ་ལ་དབུ་མ་ཚང་གིས་སྒོང་ང་སྤྲོད་ནི་རེད་ཟེར།
ཡང་འགའ་ཞིག་གིས་ཀླུ་བྱམས་ནི་གོང་༧གོང་ས་མཆོག་ནས་བཟུང་བླ་ཆེན་མི་ཆེན་སུ་ལ་ཡང་མགོ་མི་སྒུར་བའི་སྲིད་དོན་པ་ཞིག་རེད་ཟེར་དགོས་བ་རེད་ཟེར། དེ་འདྲ་གླེང་ན། ཁོ་ལ་དད་ལྡན་པ་ཚོས་སྒོང་ང་སྤྲོད་ནི་རེད་ཟེར།
དེ་མིན་གཞན་དག་གིས་བཤད་ན། ཀླུ་བྱམས་ནི་ཅི་ཡང་མི་ཤེས་བའི་གླུན་པོ་ངོ་ན་སྤུ་ཅན་ཞིག་རེད་ཟེར་དགོས་བ་རེད་ཟེར། དེ་འདྲའ་ཡིན་ལུགས་བཤད་ན། གཡམ་རྒྱུག་པ་ཚོས་ཀྱང་མི་ངོ་ཟུན་ནས་ཁོ་ལ་སྒོང་ང་སྤྲོད་ནི་རེད་ཟེར།
གང་ལྟར། ཡར་བཤད་མར་བཤད་ཀྱི་རྩ་བ། ཁོ་ནི་ད་རེས་ཀྱི་འོས་བསྡུའི་ཆབ་སྲིད་འཁྲབ་སྟོན་ལ་ཐུག་ཚ་ཙམ་བྱས་བ་ཡིན་པ་གཞི་ནས་ཤེས་སོང་།
སོ་སོ་ཆོལ་ཁ་དང་ཆོས་ལུགས་གང་ལ་བདག་ན་ཡང་། ཨ་མདོ་བའི་མི་ནི་འདི་འདྲའི་རྩེད་མོ་རྩེ་སྤྱད་མ་བྱས་ན་དགའ་བར་འདོད། དེ་འདྲ་ཞིག་ཨེ་རེད། ཁ་བརྡ་ཚང་གི་ངོ་གཉིས་མ་ཚོ།
ཞོལ་གཡག་ལགས། འོ་རེད་དོལ་ཚོགས་ཀྱི་བྱུང་རབས་ཤེས་ན་ཡག་པོ་རེད། མང་པོ་མི་བཤད། དོལ་རྒྱལ་དང་དེའི་རྗེས་འབྲང་བས་རང་ལྟ་མཆོག་བཟུང་གིས་ཆོས་རྒྱུད་བར་གྱི་དམ་ཚིག་མཐུན་ལམ་གཏོར་བཤིག་བཏང་ནས་བྱུང་བ་རེད། ད་དུང་ཁྱོད་ལྷ་འདྲེ་ལ་ཡིད་ཆེས་ཡོད་ན་༧ གོང་ས་ལྔ་བ་ཆེན་པོའི་སྨོན་ལམ་ལོག་པའི་དམ་སྲིད་འབྱུང་པོ་འདིས་ཞེས་སོགས་ཀྱི་གསུང་ལ་བལྟོས། བཙན་བྱོལ་ནང་གི་བྱུང་རྩ་གཙོ་བོ་ནི་ཕ་རྒོད་བླ་མའི་ཞལ་ལུང་ལ་གཟིགས་དང་ལྷ་འདྲེའི་རྙོག་དྲྭ་བཟོ་མཁན་སུ་རེད་འདུག མིག་ཡོད་ན་རིག་ཚོད་རྣ་བ་ཡོད་ན་ཐོས་ཚོད་ཡིན།
བེ་རི་ལགས། ང་ལྷ་དཀར་ནག་གཉིས་ཀར་ཡིད་ཆེས་མེད་མཁན་རྨོངས་དད་ཀྱི་ལྕགས་སྒྲོག་ལས་གྲོལ་ཟིན་པའི་མི་ཞིག་ལ་རྨོངས་བཤད་བྱས་ན་ཁས་ལེན་བྱེད་རྒྱུ་མ་རེད། རེད་དེ་ལྷ་འདྲེ་དཀར་ནག་གཉིས་འཐབ་རྩོད་རྙོག་དྲ་ཟབ་དང་ལྡན་པ་འདིས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་སྡུག་ཤི་བརྒྱག་རུ་འཇུག་བཞིན་པར་ང་བློ་ཚབ་ཡོད། དེ་ཇི་ལྟར་རེད་ཟེར་ན། ལྷ་འདྲེ་གདོན་བགེགས་ཚོགས་པ་འདི་དང་པོ་ཆོས་ལུགས་དམག་འཁྲུག་གི་རྙོག་དྲ་ཞིག་རེད། དེ་ནི་ཁྱེད་ཀྱི་གསལ་པོ་དག་པོ་གོང་དུ་བཤད་འདུག། འདི་བདེན་པ་རེད། འོན་ཀྱང་གུང་ཁྲན་གྱི་ཆབ་སྲིད་ལག་ཆར་ཇི་ལྟར་གྱུར་པ་རེད་དམ། འདི་ལ་བསམ་བློ་དང་གཏོང་དགོས་པའི་གནད་དོན་གལ་ཆེན་རེད་ལ་ཞིབ་འཇུག་ངེས་ཅན་བྱེད་དགོས་པ་ནི་ཁ་དགོས་གཏུག་ཆགས་ཡོད། རྒྱ་དངུལ་ཆེད་དུ་རེད་ཟེར་སྲིད་ཀྱང་རྒྱ་དངུལ་གཅིག་པུ་ཨེ་ཡིན་སྙམ། ངས་ཚོད་དཔག་ནོར་མེད་ན་༧གོང་ས་མཆོག་གི་ལྷ་འདྲེའི་ལམ་སྟོན་ཁ་ཆེ་ཕ་གླུའི་སྙིང་གཏམ་བསླབ་བྱ་དེ་རང་ལ་མ་བཞག་པར། ཟམ་གདོང་བཀའ་ཤག་གིས་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་སྲིད་ཇུས་རྙོག་དྲ་ཟབ་དང་ལྡན་པ་དེས་གཞུང་སྲིད་བར་གནས་མ་ཐུབ་པ་དེར་གཏན་གཏན་འབྲེལ་བ་མེད་དམ་སྙམ། གང་ལྟར་ལྷ་འདྲེ་དཀར་ནག་གི་འཐབ་རྩོད་འདིའི་ཁྲོད་ནས་མི་རིགས་ཀྱི་འཐབ་རྩོད་གཡང་ལ་གཡུགས་བཞིན་པ་དེ་རེད། བྱ་ཙང་ང་ཚོ་བོད་མི་རིགས་ལ་ནམ་ཡང་མི་མཁོ་བ་ནི་ལྷ་འདྲེ་དཀར་ནག་གི་འཐབ་རྩོད་འདི་རེད། འདིས་ནམ་ཞིག་མི་རིགས་རྩ་མེད་བཟོ་རྒྱུ་གཏན་འཁེལ་རེད།
ཀླུ་ཁར་བྱམས་ཀྱི་འདོད་དོན་ལ་རྒྱ་ནག་གཞུང་གིས་དགའ་བསུ་དང་ལེགས་གསོ་སྤྲད་པ།
ཀླུ་ཁར་བྱམས་སྲིད་སྐྱོང་དུ་ལངས་པ་དེ་མང་གཙོའི་ཐོབ་ཐང་ཞིག་རེད། སྲིད་སྐྱོང་དུ་བོད་མི་དམངས་ཀྱིས་འོས་འདེམས་བྱས་ཚེ་ཐོག་མར་བཀའ་བློན་དང་སློབ་སྟོན་པ། དོན་གཅོད་སོགས་ལ་གཤམ་དུ་གསལ་བའི་ཁོ་པའི་བློ་མཐུན་གྱི་མི་དེ་དག་བསྐོ་ངེས་རེད།
༡༽སྤྱི་འཐུས་ཀརྨ་ཆོས་འཕེལ། དཔལ་འབྱོར་བཀའ་བློན།
༢༽ལྷ་བཟང་ཚེ་རིང་། བདེ་སྲུང་བཀའ་བློན།
༣༽ཨ་རྨྱེས་རྨ་ཆེན་བཀྲིས་ཚེ་རིང་། ནང་སྲིད་བཀའ་བློན།
༤༽བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར་ཚེ་དབང་རིག་འཛིན། བོད་རྒྱ་འབྲེལ་མོལ་སྐུ་ཚབ།
༥༽དོན་གྲུབ་ལྷ་དར། ཕྱི་འབྲེལ་བཀའ་བློན།
༦༽ཨེ་རླུང་ཀརྨ་རྒྱ་མཚོ། ཨ་རིའི་དོན་གཅོད།
༧༽བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགོ་ཟུར་བསྟན་འཛིན་རྡོ་རྗེ། ཐེ་ཝན་དོན་གཅོད།
༨༽བསྟན་འཛིན་བརྩོན་འགྲུས། དབྱིན་ལེནཌ་དོན་གཅོད།
༩༽ཨེ་རླུང་སེངྒེ་རི་བསོད་ནམས་ལྷ་མོ། ཕྱི་དྲིལ་བློན་ཆེན།
༡༠༽བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཨུ་རྒྱན། ཆབ་སྲིད་སློབ་སྟོན་པ།
༡༡) བཀྲས་མཐོ་ལྷ་སྒྲོན། བོད་རྒྱ་འབྲེལ་མོལ་སློབ་སྟོན་པ།
༡༢)ལྷ་རྒྱ་རི་བོུ། སྒེར་དྲུང་།
བཀའ་བློན་དེ་དག་བསྐོས་ཟིན་པའི་རྗེས་ཀྱི་ལས་དོན་དང་པོ་དེ་དགའ་ལྡན་ཕོ་བྲང་ཐོག་ཞིབ་གཤེར་སྟངས་བྱེད་སྟེ། གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཛད་དཀའ་བཟོ་རྒྱུ་དང་། ཞིབ་གཤེར་བྱས་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་འགྲོ་་སྡུག་སྤྱོད་གསུམ་གྱི་ཐོག་སྟངས་འཛིན་བྱེད་ཀྱི་རེད། དགའ་ལྡན་ཕོ་བྲང་གི་ཐོག་དམ་དྲག་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་དམངས་དབར་གྱི་འབྲེལ་ལམ་མེད་པ་བཟོ་རྒྱུ་དེ་རེད།
དེ་ནས་ཀླུ་ཁར་བྱམས་དང་བློ་མཐུན་པ་ཚོས་ལས་མེད་དང་བསམ་མེད་ཀྱི་བོད་མི་གཞོན་ནུ་ཁག་གཅིག་གསོ་སྐྱོང་གིས་བོད་མིའི་ཆོས་སྡེ་ཁག་ཏུ་བཏང་སྟེ་ཆོས་ལ་ངོ་རྒོལ་ཡོད་པའི་རྔམ་སྟོན་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་སྟེ། བཤད་སྒྲུབ་ཀྱི་བསྟི་གནས་ཁང་ཁག་ལ་ཉམས་ཆགས་བཏང་བའི་རྗེས། གཞིས་ཆགས་ཁག་ནང་གི་བོད་མི་དང་དགོན་སྡེ་ཁག་གི་དབར་དབྱེད་སྦྱོར་དཀྲུགས་ཤིང་བྱ་རྒྱུ་དང་། གྲྭ་པ་དགོན་པར་གནས་མི་ཐུབ་པ་དང་མང་ཚོགས་གཞིས་ཆགས་ཁག་ནང་གནས་མི་ᩲཐུབ་པ་བཟོས་པའི་ཕུག་བསམ་གྱི་དམིགས་ཡུལ་འགྲུབ་པ་བྱ་རྒྱུ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་དམ་དྲག་དང་། ཆོས་སྡེ་ཁག་དང་གཞིས་ཆགས་ཁག་མེད་པ་བཟོས་ཟིན་པའི་རྗེས། རྒྱ་ནག་གི་སྲིད་འཛིན་ཤི་ཇིན་པིང་རང་གི་མིང་ཐོག་ནས་ཀླུ་ཁར་བྱམས་ལ། ཧན་ཧའོ། ཧན་ཧའོ། ཞེས་བསྟོད་མངགས་ཀྱིས། པེ་ཅིང་གཞུང་གི་བཀོད་མངགས་ལྟར་ལས་དོན་ལག་བསྟར་ཚུལ་བཞིན་གྲུབ་སོང་ཅེས་བརྗོད་རྒྱུ་རེད། ཉིན་དེ་ནས་བཟུང་སྟེ་ཀླུ་ཁར་བྱམས་ཀྱིས་བརྗོད་བཞིན་པའི་བོད་མིའི་འཐབ་རྩོད་ཀྱི་ལས་དོན་གྲུབ་པ་ལགས་སོ།
གོང་གི་སྐད་ཆ་བཤད་མཁན་སྐོར་ཞིག་གིས་ད་སྐབས་རྒྱ་མིའི་རྩ་ཁྲིམས་འོག་ལ་འགྲོ་བར་རེ་བ་འབུར་ཚུགས་སུ་བཏོད་ཀྱིན་པ་བརྗེད་ནས་ནག་ཉེས་ཀླུ་མཁར་མགོར་གཡུགས་ཀྱི་འདུག དེའང་ཡག་པོ་རེད། དེ་ལྟར་རྒྱ་མིའི་འོག་ལ་འགྲོ་མཁན་ཚོའི་རྐུབ་བརྡོལ་ཡོང་བཞིན་པས། ཀླུ་མཁར་ལ་གནོད་ལས་ཕན་ཐོགས་ཆེ།
ཕྱོགས་ལས་རྣམ་རྒྱལ། དགའ་ལྡན་ཕོ་བྲང་གི་མཚན་གནས་རང་བཞིན་ཕྱིར་བསྡུ་གནང་བ་དེ་ཁྱོད་བརྐུ་འཁྱེར་གྱིས་རྣམ་དྭོགས་ཀྱི་ལུ་གུ་བརྒྱུད་པའི་སྐད་ཆ་འདི་ཚོར་སུས་ཡིད་ཆེས་བྱེད་སྲིད་དམ། མ་གཞི་ཀླུ་བྱམས་སྲིད་སྐྱོང་གི་གོ་གནས་འཐོབ་དབང་དུ་བཏང་ན། རྡ་སའི་སྐབས་འཚོལ་རིང་ལུགས་དང་སྲིད་དོན་ཚོང་པའི་ཤོག་ཁག། དད་པ་ལོག་སྤྱོད་པ་བཅས་པ་རྩ་མེད་བཟོ་འཆར་ནི་ཁོའི་བསྒྲག་གཏམ་ལས་གསལ་པོ་ཤེས་ཐུབ། བྱས་ཙང་ཁོས་ཞིབ་བཤེར་བྱེད་ཡུལ་དེ་དགའ་ལྡན་ཕོ་བྲང་བླ་བྲང་ཆགས་མེད་པར་དགའ་ལྡན་ཕོ་བྲང་གི་མཚན་གནས་རང་བཞིན་བེད་སྤྱོད་ལོག་པར་བཏང་མཁན་དག་དམིགས་འབེན་དུ་བཟུངས་ཡོད་པ་ནི་སྨྲོས་མེད་རེད། ཁྱོད་ཀྱང་འདིའི་ཁོངས་སུ་གཏོགས་པས་ཀླུ་བྱམས་སྲིད་སྐྱོང་འཐོབ་རྒྱུར་ཞེས་སྣང་ཆེན་པོ་སྐྱེས་ཡོད་པ་འདྲ། ཨེ་རེད། རྒྱུ་མཚན་༧གོང་ས་མཆོག་ཆབ་སྲིད་བགྲེས་ཡོལ་ཆ་ཚང་གནང་ནས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབང་བསྒྱུར་མཇུག་སྒྲིལ་ནས་མཚན་གནས་རང་བཞིན་ཕྱིར་བསྡུ་གནང་ཏེས་ལོ་ཤས་ཕྱིན་ཚར་བ་རེད་ལ། ད་ཆ་བླ་བྲང་དགའ་ལྡན་ཕོ་བྲང་མ་གཏོག་བོད་གཞུང་དགའ་ལྡན་ཕོ་བྲང་བསྡད་མེད་ཙང་། ཞིབ་བཤེར་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མེད་ལ། ༧གོང་ས་མཆོག་དང་བོད་མི་རིགས་དབར་ལ་ལོ་རྒྱུས་རང་བཞིན་དང་བླ་སློབ་རང་བཞིན་གྱི་འབྲེལ་བ་ནི། ཁྱོད་སྲིན་འབུ་གཅིག་གིས་རི་བོང་གནམ་རྡིབ་སྡུག་བསྔལ་བྱེད་མི་དགོས་པར། བོད་མི་རིགས་ཀྱི་སེམས་ཁམས་སུ་རྡོ་ལ་རི་མོ་ཇི་བཞིན་ཁྲ་ལམ་མེར་གནས་ཡོད། འདི་ནི་ཁྱོད་ཀྱིས་དགའ་ལྡན་ཕོ་བྲང་དང་ལ་ལྷག་བསམ་རྣམ་དག་ནམ་ཡང་མཚོན་གྱི་མེད་པ་མ་ཟད། ༧གོང་ས་མཆོག་དང་བོད་མི་རིགས་ཀྱི་ལོ་རྒྱུས་དབར་དང་བླ་སློབ་དབར་འགལ་ཟླ་མེད་སར་འགལ་ཟླ་བ྄
འགལ་ཟླ་མེད་སར་འགལ་ཟླ་བསླངས་ཏེས་དོན་དངོས་ཀླུ་བྱམས་སྲིད་སྐྱོང་གི་འོས་འཐོབ་ལ་གནོད་གཞིའི་ཐབས་ལམ་ཆུང་ཆུང་ཞིག་རེད། འོན་ཀྱང་བོད་མི་རིགས་འདི་དམངས་གཙོ་དར་ལ་མ་སྨིན་ཡང་གོ་རྟོགས་ཅུང་ཟད་བསད་ཡོད་པས་ཁྱོད་ཀྱི་མགོ་བསྐོར་འོག་ཏུ་འཚུད་མི་སྲིད་པ་རེད།
མ་གཞི་ཁྱོད་ཞེས་སྣང་སྐྱེས་པ་ཅི་ཁག། བཙན་བྱོལ་གྱི་དད་པ་ལོག་སྤྱོད་པའི་ཤོག་ཁག་དང་སྲིད་དོན་ཚོང་པའི་ཤོག་ཁག་གི་འགྲོ་ལམ་འགག་ངེས་ལ། ད་དུང་སློང་མོ་བ་རིང་ལུགས་པའི་ལྐོགས་ཟ་རིང་ལུགས་པའི་ཤོག་ཁག་གི་ཁ་འཕོར་ལ་དོ་འཕོག་འགྲོ་བ་ནི་གཏན་འཁེལ་ཡིན་པས། ཁྱོད་ཀྱིས་གོང་དུ་དྲངས་པའི་འཇིགས་སྣང་སྐྱེ་ཡུལ་འགའ་རེར་དམ་སྒྲག་བྱེད་སྲིད་པ་རེད། དེས་ན་ཀླུ་བྱམས་ཀྱི་འདོད་དོན་དང་བསྒྲག་གཏམ་ལ་ཀྲུང་གོས་ནམ་ཡང་དགའ་བསུ་འཐོབ་མི་སྲིད་ལ། ཁ་བྲལ་གྱི་ཉེས་མིང་ཆེན་པོ་ཞིག་བཏགས་ནས་རྡུང་བརྡེག་ཚ་ནན་གཏོང་རྒྱུའི་སྒྲག་གཏམ་དང་། ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱེད་རྒྱུ་ནི་ཀྲུང་གོའི་བྱ་སྤྱོད་ངོ་མ་རེད་ལ་འདས་པའི་བྱུང་རབས་ཀྱི་ཁ་བསྒྲགས་ཡོང་གི་རེད། རྒྱུ་མཚན་ཀྲུང་གོའི་རྩ་ཁྲིམས་གནམ་འཕྱར་གྱི་དམངས་གཙོ་ཡང་རྩོད་ཀྱི་མེད་པའི་པེ་ཅིང་སྲིད་གཞུང་ལ། མགོ་འབུལ་ལུས་འབུལ་ལམ་ལུགས་ལ་ཡང་ཁ་བྲལ་གྱི་ཞྭ་ནག་གཡོག་ཏེས། རྡུང་རྡེག་ཚ་ནན་དང་ཁྱོད་ཤི་ང་གསོན་འཐབ་རྩོད་ཀྱི་དམ་བཅའ་ལ་འགྱུར་བ་ནམ་ཡང་མེད་ན། དངོས་སུ་ཀྲུང་གོའི་མེ་མདའི་ཁ་གཏད་དུ་ལངས་མཁན་དག་ལ་ནི་སྨྲོས་ཅི་དགོས། འོན་ཀྱང་ཀྲུང་གོས་ལམ་དབུ་མའི་རྩེད་རྭ་ནས་སྲིད་དོན་ཚོང་པའི་ཤོག་ཁག་དང་སྐབས་འཚོལ་རིང་ལུགས། དད་པ་ལོག་སྤྱོད་པའི་ཤོག་ཁག་གི་མི་རེ་ཟུང་བེད་སྤྱོད་ཀྱིས་ཁ་གཏད་ལག་ཆ་འཚོལ་རྒྱུ་ནི་གཏན་འཁེལ་རེད། རྒྱུ་མཚན་ཀྲུང་གོའི་རྩ་ཁྲིམས་ས་འབོད་གནམ་འབོད་ཀྱིས་བཙན་བྱོལ་དུ་དར་དམར་དམར་ལིང་ལིང་འཕྱར་མཁན། ཁ་ནས་རང་བཙན་ཐོན་པ་ཙམ་གྱི་སྡུག་སྙིང་གད་ལ་འཁེལ་བྱེད་མཁན་དེ་ཚོ། རྒྱལ་ནང་དུ་འཁོན་འཁོན་ཐོག་ཐོག་མེད་པར་ཕར་འགྲོ་ཚུར་འོང་བྱེད་སྟངས་ལས་གསལ་པོ་ར་འཕྲོད་ཡོད། འདི་དང་འདི་འབྲེལ་གྱི་སྐབས་འཚོལ་རིང་ལུགས་དང་སྲིད་དོན་ཚོང་པ་དེ་ཚོར། བཙན་བྱོལ་གྱི་སྲིད་ཁྲི་མཐོན་པོར་བསྡད་དེས་མགོ་བོ་གྱེར་གྱེར་བྱེད་མཁན་དེ་ཚོ་དང་། རྒྱུན་དུ་ནས་འབྲེལ་འདྲིས་དག་ལ་མངོན་ལྐོགས་གཉིས་ནས་རྒྱབ་སྐྱོར་བྱེད་ཀྱིན་པ་གསལ་པོ་ཤེས་ཀྱི་ཡོད། བྱས་ཙང་ད་ལྟའི་གནས་སྐབས་ཀྲུང་གོས་ལྷ་འདྲེ་གདོན་བགེགས་ཚོགས་པ་བེད་སྤྱོད་བཏང་དང་གཏོང་གིན་ཡོད་ལ། མ་འོངས་པར་མི་འདི་འདྲ་བེད་སྤྱོད་བྱེད་རྒྱུ་རེད་དོ།
ཀླུ་མཁར་བྱམས་ཀྱིས་བསམ་པ་ནོར་བ་དང་བཤད་པ་ནོར་བ་གཉིས་ཀྱིས་རང་ཉིད་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཕམ་ཉེས་སྦྱིན་སོང་། བོད་ཀྱི་སྤྱི་ཚོགས་ནང་ལམ་དབུ་མ་ལས་གཞན་ཞིག་སྟོན་ན་ནོར་བ་ཡིན་པ་ངོས་འཛིན་རྒྱུ་དེ་རྟོགས་མེད་པ་དང་། ཏ་ལའི་གོང་དུ་མི་ཞིག་སྐྱེས་ན་ལྟས་ངན་ཡིན་པ་ངོས་འཛིན་རྒྱུ་དེ་ཡང་ཤེས་མེད། ལྷག་པར་བཤད་ནོར་ཆེ་ཤོས་དེ་བོད་གངས་ཅན་པའི་ནང་དགྲ་དོལ་ཚོགས་ལ་གུ་ཡངས་བཏང་དགོས་ཚུལ་དང་། དེ་ལ་ནོར་འཁྲུལ་མེད་ཚུལ་བཤད་པ་དེས་རང་ཉིད་ཀྱི་འདོད་དོན་སྒྲུབ་ཐུབ་མེད།