སྤྱན་ཆེན་པོ།
ད་སྐབས་ཁོས་ཐ་མག་རྔུབ་འཐེན་བྱེད་ཞོར
སྤྱོད་ཁང་ལ་འགྲོ་རྒྱུར་གོམ་འདུག
སྤྱོད་ཁང་ལ་འགྲོ་ཐེངས་རེ་རེར
གཞོན་ནུ་མ་དེས་ཡང་དང་བསྐྱར་དུ་གཙང་མ་བཟོ་དགོས
དེ་ནི་གཞན་མ་ཡིན་པར
ཁོ་པ་མཐོ་སྒང་ནས་ཡོང་བའི་ལུག་རྫི་ཞིག་ཡིན་པས
སྤྱོད་ཁང་ནང་གི་འགྲོ་ལུགས་མ་ཤེས་པ་རེད
ཁོས་ད་དུང་རང་ཉིད་ཤེས་འཇོན་གཉིས་ལྡན་ཞིག་ཡིན་པར་སྒྲུབ་ཆེད
“སྤྱོད་ཁང་འདི་ལ་བཟོ་བཅོས་བྱེད་དགོས
རིམ་པ་ཆེས་མཐོ་བའི་སྤྱོད་ཁང་དུ་བསྒྱུར་དགོས
དེ་མ་གཏོགས་མཐོ་སྒང་ནས་ཡོང་བ་ཚོ
འདི་ལ་ལོབ་ཀིན་མི་འདུག་”ཟེར
ཁོས་འདོད་པའི་རིམ་པ་ཆེས་མཐོ་བའི་སྤྱོད་ཁང་ནི་ཇི་ལྟ་བུ་ཞིག་ཡིན་ནམ
མྱི་འདི་ཚོ་ཁོམ་སོང་ན
དྲན་རྒྱུ་དང་ལས་རྒྱུ་མང་ནོར་ལྟོས་ར།
༢༠༡༥-༩-༣མཚན་མོར།