ད་ཆ་ང་ཚོས་བོད་ཀྱི་དམངས་ཁྲོད་བྱིས་སྒྲུང་ཐུང་ངུ་སྐོར་བསྡུ་ལེན་བྱེད་བཞིན་ཡོད་དེ།
མི་འགྱང་པར་ལྷག་དཀར་གྱི་ལས་གཞིའི་ཞར་བྱུང་སྡེ་ཚན་ཁོང་དུ་བྱིས་པ་ལོ་ལྔ་མན་ལ་རན་པའི་བྱིས་སྒྲུང་གློག་བརྙན་བོད་སྐད་ཀྱི་ལམ་ནས་བཟོས་ཏེ།
བྱིས་པ་ཆུང་ཆུང་ཚོའི་མཐོང་བྱེད་ལམ་དུ་ཕུལ་ནས་ཕ་སྐད་གཙང་མའི་ས་བོན་ལ་རིན་མེད་དུ་འབུལ་རྒྱུ་ཡིན།
དེ་ཕྱིར་ཁྱེད་ཅག་རྩོམ་པ་པོ་རྣམས་ནས་བྱིས་སྒྲུང་གི་ཞལ་འདེབས་ལྷུག་པར་སྩོལ་བར་ཞུ།
“ཇོ་ཇོ་ལགས། ཨ་ཅག་ལགས་ང་ལ་སྒྲུང་ཞིག་ཤོད་དང་། “
ལྷག་དཀར་དོ་དམ་པས།
http://iamtibetan.wordpress.com/
དགའ་བསུ་ཡོད། དེ་ནི་བོད་རིགས་ཀྱི་རིག་གཞུང་ལ་ཞབས་འདེབས་རེད། སོ་སོའི་ཕྲག་ཏུ་བབ་པའི་འོས་འགན་རང་རེད།
དེ་ནི་དངོས་འབྲེལ་ཕན་ཐོག་ཡོད་པའི་ལས་དོན་ཞིགཡིན་པས་རྗེས་སུ་ཡི་རང་། དགའ་བསུ་ཞུ་རྒྱུ་མ་ཟད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདིནི་བྱ་བ་རླབས་ཆེན་ཞིག་རེད། ཡིན་ནའང་བྱིས་སྒྲུང་འབྲི་བའི་ཆུ་ཚད་མེད་སྟབས་གནས་སྐབས་རིང་ཞལ་འདེབས་གང་ཡང་བྱེད་རྒྱུ་མ་བྱུང་ཡང་། བསམ་བློ་མང་བོ་གཏོང་གི་ཡོད། དུས་རྟག་ཏུ་རྒྱབ་སྐྱོར་ཡོད།
འདི་ལྟར་བོད་ཀྱི་རིགས་གཞུང་ལ་ཤ་ཞེན་གནང་བ་ཐུགས་རྗེ་ཆེ། གུས་མོས་ཀྱང་དེ་སྔོན་ནས་འདི་ལྟུ་བུ་ཞིག་བྱུང་ན་བསམ་ཡོད་ལ། ད་དུང་དེ་འདྲ་བའི་ལས་འགུལ་ཞིག་ཀྱང་སྤེལ་ཐབས་བྱས་པ་ཡིན། ངོ་མ་ཡིན་ངས་ཕན་ཐོག་རེ་བྱུང་བཞིན་ཡོད་ན།
ཁྱེད་རྣམས་བྱིས་སྒྲུང་རེ་ཡི་ཞལ་འདེབས་བཀའ་དྲིན་ཕྱིར་འབུལ་ཨེ་ཐུབ་ལྟ། ཁྱེད་རྣམས་ཞལ་བྲོ།
ཐུགས་རྗེ་ཆེ་འདི་ལྟར་བོད་ཞེན་གྱི་ལས་ཤིག་བསྒྲུབ་པ། གུས་མོ་ནས་ཀྱང་དེ་སྔ་དེ་འདྲ་ཞིག་དྲན་པ་ལས་ལག་ལེན་གང་ཡང་འཁྱོལ་མ་བྱུང་། ངོ་མ་ངོ་ཚའི་གནས་སུ་གྱར། དེ་བས་ཁྱེད་རྣམ་པའི་བྱ་བ་ལ་རྒྱབ་སྐྱོར་དང་འདུན་པའི་ཕྱིར་ངས་ཀྱང་བྱིས་སྒྲུང་རེ་ཡི་ཞལ་འདེབས་རེ་འབུལ་ཐུབ་ལྟ། ཞལ་བྲོ།
ངོ་མ་བྱ་བ་ཡག་པོ་རེད། བྱིས་སྒྲུང་ཡག་པོ་འབྲི་བར་ཐུགས་རྗེ་ཆེ་ཞེས་ཞུ།
ལྷག་དཀར་གྱི་ལས་གཞིའི་ཞར་དུ་བོད་ཀྱི་དམངས་ཁྲོད་བྱིས་སྒྲུང་ཐུང་ངུ་བསྡུ་ལེན་གྱིས་ བོད་སྐད་ཀྱི་ལམ་ནས་གློག་བརྙན་བཟོས་ནས་རིན་མེད་དུ་གནང་འཆར་ཡོད་པ་ནི། དུས་ཀྱི་སྦྲང་ཆར་སྔ་མ་དྲགས་པར་འཁུམས། ཁྱེད་རྣམ་པའི་དགོངས་ཚུལ་དང་ལྷག་བསམ་ལ་བསྔགས་བརྗོད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བདག་ལྟ་བུ་ཉིན་གཅིག་ཀྱང་སློབ་གྲྭ་འགྲིམས་མ་མྱོངས་པ་ཞིག་གིས་ཀྱང་བྱིས་པའི་སྐབས་སུ་ཐོས་མྱོང་ཡོད་པའི་སྒྲུང་ཐུང་གང་དྲན་ཡིག་ཐོག་ཏུ་ཕབ་ནས་འབུལ་རྒྱུའི་སེམས་ཤུགས་འཕར་གྱི་འདུག་པས་རྒྱ་ཆེའི་བོད་རིགས་མཁྱེན་ལྡན་རྣམས་ཀྱིས་རང་རེའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་བྱིས་སྒྲུང་གང་མང་འཚོལ་བསྒྲུབས་ཀྱིས་ཞལ་འདེབས་སུ་གནང་བའི་རེ་བ་དང་འབོད་སྐུལ་ཞུ།
འདི་རིང་གི་སྒྲུང་ཐུང་།
ཚ་བོ་དོན་གྲུབ་ཇོའོན་དང་། ཚ་མོ་སྒྲོལ་མ་ཀིམ་གཉིས་ལ། དོ་དགོང་ཇོ་ཇོ་དང་ཨ་ཅག་གཉིས་ཀྱིས་ཁས་བླངས་པའི་སྒྲུང་དེ། ངས་འདི་རིང་ཨ་ཅག་ལགས་ལ་གསུང་རོགས་ཞུས་པ་ཡིན་ཏེ། ཁྱེད་རང་གཉིས་ཀྱི་སྒྲུང་དེ། བོད་སྐད་ཐོག་ལ་ཤོད་དགོས་ཟེར་ཙང་། ཨ་ཅག་ལགས་བོད་ལ་ཚར་ལོངས་བྱས་ཙང་། རྒྱ་སྐད་བོད་སྐད་ཚིག་མཛོད་དེ་རྙེད་མ་སོང་ཟེར་བགྱིད། ཇོ་ཇོ་ང་ཡང་བཙན་བྱོལ་བོད་གཞུང་གི། ཨིན་ཇིའི་སློབ་གྲྭར། ཕྱིན་པ་ཡིན་ཙང་། ངའི་ཨིན་ཇི་བོད་སྐད་ཚིག་མཛོད་དེ་ཀློག་ཡ་བརྗེད་འདུག དགོངས་དག སང་ཉིན་དགོང་དྲོ་མ་ཉལ་གོང་ལ། བོད་སྐད་ཐོག་ལ་སྒྲུང་ཅིག ཤོད་ཐུབ་པ་བྱེད་ཀོ སང་ཉིན་སྔ་པོ་ལངས་ནས། སློབ་གྲྭར་འགྲོ་དགོས་ཙང་། དོ་དགོང་སྒྲུང་མེད་པར་མགྱོགས་པོ་ཉོལ་ཅིག གཟིམས་འཇམ་གནོངས་དགོས། ད་གློག་གསོད་བགྱི་ཡིན་ནོ།
ངོས་ནས་བྱ་བ་དེར་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་གི་ཡིན།
༼རྨོངས་འཆར༽ཕྲུག་གུ་ཚོར་བརྙན་དེབ་འབྲི་ཚེ་ཚིག་གང་སླ་སླ་དང་། གོ་གང་བདེ་བདེ། ཚིག་གང་སྙན་སྙན། ཚིག་ཚོགས་གང་ཆུང་ཆུང་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེ་ལྟར་མ་བྱས་ཚེ་ཕན་ཐོགས་དེ་ཙམ་ཡོང་གི་མ་རེད། དེ་ངའི་ཉམས་མྱོང་གི་ཐོག་ནས་ཞུ་གི་ཡོད།
“པ་ཊི་ཤ། ཤེ་ཕི་ནི”ཞུ་བས་ Patricia Schiaffini (Ph.D., Chinese Literature, University of Pennsylvania, 2002) ངལ་བ་ཁྱད་བསད་ཀྱིས་བོད་ཕྲུག་གཞོན་ནུ་ཚོའི་ཆེད་དུ་བོད་ཡིག་བརྙན་དེབ་ཁག་གཉིས་དཔར་འདེབས་གནང་ཡོད། ངོས་ནས་ཁོང་ལ་གློག་འཕྲིན་གྱི་ལམ་ནས་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། སྐབས་དེ་དུས་ཁོང་གི་ང་ལ་བརྙན་དེབ་དེ་གཉིས་བསྐུར་ནས་བསམ་འཆར་ཡོད་ན་གསུང་རོགས་ཞེས་ལབ་བྱུང་། ངོས་ནས་དེབ་གཉིས་ཀ་ཞེ་དྲག་ཡག་པོ་འདུག་མོད། འོན་ཀྱང་“སྦལ་པ་ཆུང་ངུ་དང་ཕོ་རོག” ཅེས་པའི་བརྙན་དེབ་དགའ་མོས་ཆེ་བ་བྱུང་། གང་ལགས་ཤེ་ན་ཧ་ཅང་གོ་བདེ་པོ་དང་ཕྲུག་གུ་ཚོས་ཀློག་སྤྲོ་བ་ཞིག་འདུག་ཅེས་བཤད་པ་ཡིན། རྗེས་སོར་ངས་དེབ་གཉིས་ངའི་ཚ་བོ་ཚ་མོར་བསྐུར་བ་ཡིན། ཁོང་ཚོས་“སྦལ་པ་ཆུང་ངུ་དང་ཕོ་རོག”ཅེས་པའི་བརྙན་དེབ་དེར་དགའ་མོས་ཆེན་པོ་བྱས་སོང་། བརྙན་དེབ་གཞན་དེ་ཀློག་པ་ཙམ་བྱས་མ་སོང་།
ཁོང་ཚོའི་དྲ་བྱང་།
Tibetan Arts and Literature Initiative
http://www.talitibet.org/childen_literature.html
༡ “སྦལ་པ་ཆུང་ངུ་དང་ཕོ་རོག” A Small Frog and a Crow (2007), written by Tenzin Norbu Nangsal and Tsering Choedron; illustrated by Dedron
༢ “རྒྱལ་སྲས་དང་དྲང་སྲོང་གི་བུ་མོ” The Prince and the Yogin’s Daughter (2007), adapted and illustrated by Serdrak Dondrup Tseten; book design by Tracy Ellen Smith
ལྷག་དཀར་ཚོགས་པའི་ལུས་གཞི་འདི་འདྲ་ཞིག་བཀོད་སྒྲིགས་བྱས་པར་སྙིང་ནས་དགའ་བསུ་ཞུ་གི་ཡོད།
ཡིན་ནའང་རྒྱུན་འཁྱོང་བྱེད་དགོས་པ་གལ་ཆེ་ལ།་་་་དེ་ལས་ཀྱང་གལ་ཆེ་བ་ནི་ལུས་གཞི་གྲུབ་ཟིན་རྗེས་
སྐད་རིགས་འདི་ཆ་ཚང་བ་ཞིག་་བོད་ཀྱིས་མི་རྟོགས་་རྒྱའི་ཡང་མི་རྟོགས་་ཕྱི་གླིང་བའི་ཀྱང་མི་རྟོགས་
རྒྱུ་ཞིག་མིན་པར་ཁྱེད་རང་ཚོས་གསུང་པ་བཞིན་རང་སྐད་གཙང་པ་ཞིག་ཡིན་པས་ཡིད་ཆས་མེད་ཀྱང་
རེ་བ་བྱེད་ཀྱི་ཡོད།།ཐུགས་རྗེ་ཆེ། སྐྱོན་བརྗོད་མིན་ལ་འཁྱོག་བཤད་མིན་་་་འོན་ཀྱང་ངའི་དང་སང་ང་ཚོས་སྤྱི་
ཚོགས་ཁྲོད་ནས་དེ་འདྲའི་སྐད་ཆ་མང་པོ་ཐོས་མྱོང་པས་གསལ་འདེབས་བྱས་པ་ཡིན་བདེ་མོ།།
སྒོམ་སྡེ། ཨ་སྐལ་ཆད་རྒྱུ་བོ། ངོས་ནས་ཟེར་བ་འདི་༧གོང་ས་མཆོག་གིས་མཚོན་པའི་མི་ཆེན་ཚོས་བྱེད་སྤྱོད་བྱེད་རྒྱུ་ཞིག་རེད། ཁྱོད་ཨུ་གཉིས་ལྟ་བུ་ཞིག་ལ་འདི་མཛའ་ནི་མ་རེད། དེ་ཙམ་ཡང་མི་ཤེས་ནི་ཨེ་རེད། ད་ཁྱོད་ཀྱིས་ངོ་གདོང་ལ་ཆུ་སྲིན་གྱི་ཀོ་བ་གཡོག་ཡོད་ས་རེད། ད་དུང་ཆོས་བརྒྱུད་ཕྱག་འདེབས་པ་པོ་ཟེར་བ་སོགས་མིང་བརྡའི་ཐ་སྙད་ལ་རྨོངས་པའི་རྟགས་ངན་ག་ཚོད་ཅིག་བསྟན་སོང་།
བོད་ནང་ན་ད་ལྟ་དཔེ་ཚོང་ཁང་དག་ན་བྱིས་སྒྲུང་གི་དེབ་ཤིན་ཏུ་མང་པོ་འདུག ཡིན་ནའང་མི་རིགས་གཞན་གྱི་བྱིས་སྒྲུང་ཚུར་བསྒྱུར་བ་རེད། བོད་རང་གི་བྱིས་སྒྲུང་ཤིན་ཏུ་ཉུང་ཉུང་རེད།