བཀའ་ཟུར་ཐུབ་བསྟན་ལུང་རིགས།
བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟ་ལགས། བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་ལངས་ཀྱི་ཡོད་པར་སྤྲོ་བ་ཆེས་ཆེར་འཕེལ། ཁོ་བ་ནི་༸གོང་ས་ཐམས་ཅད་མཁྱེན་པའི་བཞེད་དགོངས། བོད་དང་བོད་མིའི་ཕུག་ཕན་བཀའི་བླང་དོར་ལམ་སྟོན་ལ། རང་གི་འདི་དང་ཕྱི་མའི་༸སྐྱབས་གནས་ཉག་གཅིག་གི་དད་པ་དག་སྣང་ཙམ་གྱིས་མ་ཡིན་པར། བརྟག་ཅིང་དཔྱད་པས་ཀྱང་བོད་དང་བོད་མིའི་ཕུག་ཕན་དེ་བས་ལྷག་པ་ཞིག་མེད་པར་ངེས་པ་རྙེད་པའི་ཐོག ད་བར་སྤྱི་ཚོགས་ཀྱི་གླེང་སྟེགས་གང་སར། རང་དབང་གིས་འཇིགས་ཞུམ་མེད་པར་མགོན་པོ་གང་གི་བཀའི་ཕེབས་སྒོ་ཁག་ལ་མཐའ་གཅིག་ཏུ་ཉམས་ལེན་གུས་བཀུར་དང་། ཡོངས་ཁྱབ་གསལ་འགྲེལ་གྱི་བགྱི་བར་གཅིག་ཏུ་གཞོལ་བ་མཐོང་སྟེ། རིང་མོ་ཞིག་ནས་མང་མང་གཟུ་བོར་གནས་པའི་ཚོགས་སུ། བོད་དང་བོད་རྒྱ་ཆེའི་མི་མང་གི་འདུན་མར་གྲོས་གཤོམ་པ་ལ་མཛེས་ཤིང་རན་པོ་འདུག་ཅེས་གླེང་རྒྱུ་བྱུང་། གཞན་དུ་ཡང་།
རྩ་ཁྲིམས་རིན་པོ་ཆེ་ལས།
རང་བློ་མལ་དུ་མི་གནས་འཁྱོག་པོའི་འགྲོས།།
འདོད་སྡང་རྨོངས་པས་གྱ་ཚོམ་བགྲོད་བྱེད་ཅིང་།།
བདག་དོན་གཉེར་བའི་སྐྱེ་བོ་གང་ཡིན་དེ།།
ཚོགས་ཀྱི་དོན་ཆེན་སྒྲུབ་ལ་བཀུར་འོས་མིན། །
གསུངས་པ་བཞིན། དེ་ལྟའི་སྐྱེ་བོ་སུའང་སྤྱི་དོན་གྱི་གྲོས་གཤོམ་རྒྱུར་དཔའ་མི་རྙེད་པ་ཞིག་བྱེད་པའི་བློ་སྤོབས་ཅན་ཞིག་ཡོང་ངེས་བསམས་མྱོང་ཡོད་པ་མ་ཟད། རྒྱ་ཆེན་འདུན་མའི་གྲོས་ཀྱི་ཚོགས་སྤྱི་བའི་འཐུས་མིར་ལངས་རྒྱུར། སྔ་ནས་གོ་བརྡ་སྤྲད་མྱོང་བ་བཞིན་ད་ཆ་དངོས་སུ་དོན་དུ་འཁྱོལ་བར་དགའ་བ་བརྟས།
མཐའ་དོན།
ངོ་སྲུང་གཅམ་བུའི་ཚིག་གིས་མ་བསླད་པའི། །
གཟུ་བོའི་བདེན་གཏམ་སྨྲེང་བ་གནམ་གྱི་ཐིག །
དགུ་ཚིགས་སྐ་རགས་ནམ་མཁའི་མཐར་རིང་བའི། །
རི་མོ་མིག་གསུམ་པས་ཀྱང་ག་ལ་དབྱི། །
གསུངས་པ་ཇི་ལྟ་བ་ཞིག་ཡོང་བ་ལ་ཡིད་ཆེས་དང་རེ་བ་ཡོད་ལ་ཡོང་གི་ཡང་རེད། དེས་ན་རྒྱབ་སྐྱོར་ཡོད། རྒྱལ་གྱུར་ཅིག ། བཀའ་ཟུར་ཐུབ་བསྟན་ལུང་རིགས་ཀྱིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་ཞུ་བཅས། ། ༢༠༡༥། ༩། ༨། ཉིན།།
ཤར་ཕྱོགས་ཁུག་རྟའི་རྒྱབ་སྐྱོར་བ་མདོ་སྨད་ཀྱི་མཐོ་རིམ་སློབ་མ་ཁག་ཅིག་གིས་སྐུ་ངོ་མཆོག་གི་ངོ་དེབ་ནས་ཁ་བརྡ་དྲ་བར་འོས་སྦྱོར་བྱས་པ་ཡིན།
ད་ལྟད་མོ་འདུག སྔོན་མ་ཤར་ཁུག་ལ་ཐུབ་ལུང་གིས་ལས་ཀ་སྤྲད། དེ་སྲིད་སྐྱོང་བློ་སེང་གིས་མེད་པ་བྱས། སྐབས་དེར་ཐུབ་ལུང་ཡང་བཀའ་བློན་ཆགས་རེ་བྲལ། ཐུབ་ལུང་གྲོགས་མེད་ཁེར་རྐྱང་སྐབས་ཤར་ཁུག་གིས་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་མིང་ཐོག་ནས་ཕྱོགས་བསྐྱོད་ཀྱི་ལས་ཀ་སྤྲད། མཉམ་དུ་ཤར་ཁུག་མདོ་སྨད་བར་མའི་འོས་བསྡུའི་ནང་ཐོབ་རྒྱུའི་ལས་དོན་ཡང་བྱས། མཐར་ཕན་འབྲས་མ་སོན། ད་ལྟ་དགའ་ལྡན་ཕོ་བྲང་གི་དཀོར་ཟས་ཟ་སར་མཉམ་མཐུན་གྱི་ལས་དོན་བྱས་ཁུལ་ཡོད་སྐབས་ངོ་མ་ཕན་ཚུན་རོགས་རེས་དང་ཕན་ཚུན་གཅེས་སྐྱོང་གི་ལས་འགན་ངོ་མ་ཁུར་འདུག ཧཧཧཧཧཧཧ
རྒྱབ་སྐྱོར་ཡོད།
ངས་ཀྱང་ཤར་ཕྱོགས་ཁུག་རྟས་རྩོམ་ཁ་བརྡ་དྲ་ཐོག་ཏུ་མང་བོ་ཞིག་བཀླགས་པ་ཡིན། ཁོང་ནི་བོད་སྤྱིའི་དོན་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཏུ་མཐོང་བས་ཡིད་སྤྲོ་བརྟས། ཨ་མདོ་ཚོས་ཤར་ཕྱོགས་ཁུག་རྟ་ལགས་ངེས་པར་དུ་མདོ་སྨད་སྤྱི་འཐུས་ལ་འདེམས་དགོས་པ་རེད། གལ་ཏེ་ཁོང་ལ་ཐོབ་ན་འདི་ནི་མདོ་སྨད་ཀྱི་གཟི་བརྗིད་ཅིག་ཡིན་པར་ཐེ་ཚོམ་མེད་སྙམ། ང་རང་ལ་ཆ་བཞག་ན་དབུ་མའི་ལམ་ལ་དགའ་མོས་དེ་ཙམ་མེད་ཀྱང་ཁུག་རྟས་སེམས་ཤུགས་ལ་ཡིད་སྨོན་ཤོར་སོང་།།
ཤར་ཁུག་ལགས། དབུ་མའི་ལམ་གྱི་སྲིད་ཇུས་ཡོད་པས་སྤྱི་འཐུས་ལ་ལངས་པ་དེར་བཀྲ་ཤིས་བདེ་ལེགས་དང་ངོ་སོ་ཡར་ལ་བསྟོད་ཟེར་རྒྱུ་ཡིན། དེང་གི་བཙན་བྱོལ་སྤྱི་ཚོགས་ནང་ཁྱོད་མ་གཏོགས་མདོ་སྨད་ཀྱི་སྤྱི་འཐུས་འོས་མི་ཞིག་བཙལ་ན་མི་རྙེད་ལ། དྲིས་ནའང་མི་ཤེས་པའི་ཚོད་དུ་སྣང་མོད། ཡིན་ཡང༌། རང་ཉིད་རང་ངོ་མི་འཕྲོད་པའི་སྤྱི་འཐུས་འོས་མིའི་རྣམ་པའང་སྤྱི་ཚོགས་དང་ཁོར་ཡུག་ཆུང་ཆུང་འདི་ནས་ཇེ་གསལ་ནས་ཇེ་དྭངས་ལ་འགྲོ་གི་འདུག རྒྱུ་མཚན། སྐུ་ཉིད་ཀྱི་ལོ་རྒྱུས་ལ་ཞིབ་འདང་རེ་བརྒྱབས་ན། བཙན་བྱོལ་སྤྱི་ཚོགས་ནང་ཁ་ལག་གཉིས་ཀྱིས་བྱ་བ་སྒྲུབ་སྟངས་དང་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱི་དགོངས་པ་ཤར་བསྐྱོད་བྱ་མཁན། དབུ་མ་པ་གནད་མ། ཤུགས་ལྡན་ལ་དགག་རྒྱག རྒྱ་ནག་ལ་ལན་འདེབས་སོགས་ཀྱིས་མཚོན་པས་མདོ་སྨད་ཀྱི་སྤྱི་བའི་འོས་མི་ཚད་ལྡན་ཞིག་ལོས་ཡིན་ཟེར་ནས་རྒྱབ་སྐྱོར་ཞུ་གི་ཡོད། གསལ་བསྒྲགས་ནང་མང་ཚོགས་ཀྱི་མངོན་འདོད་སྲུང་སྐྱོབ་དང་། རྒྱལ་བའི་དགོངས་གཞི་སྙིང་བཅངས། རང་ཚུགས་གཏད་སོ་ཡོད་པ་བཅས་རྩ་དོན་གསུམ་པོ་རྒྱུན་འཁྱོངས་བྱ་དགོས་ལུགས་བཀོད་ཡོད་པ་ན། ཁ་ལག་གཉིས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད། དབུ་མའི་ལམ་རྒྱལ་ལོ། ཤར་ཕྱོགས་ཁུག་རྟ་རྒྱལ་ལོ།།
མི་རྗེ་སྐུ་ངོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་ནས་རེ་དོགས་དང་འཛེམས་ཟོན་མེད་པར་བེདན་པའི་རྒྱབ་ལངས་གནང་བར་སྙིང་ནས་བཀའ་དྲིན་ཆེ་བ་ཞུ། ཤར་ཕྱོགས་ཁུག་རྟ་འམ་བློ་བཟང་ཆོས་སྦྱོར་ཁྱེད་བོད་མི་མང་སྤྱི་འཐུས་ཤིག་ཆག་པའི་རེ་སྨོན་བྱེད་ཀྱི་ཡོད། འབྱུང་འགྱུར་ཡང་ཁྱེད་ཀྱི་སེམས་ཤུག་དང་ལྷག་བསམ་ཡོད་ཐོག་སྔར་རྒྱུན་བཞིན་དྲང་ཚུགས་དེ་རྒྱུན་འཁྱོངས་ཡོད་པ་ཡིད་འཇག་ཞུ་ཞུ། ལས་བྲེལ་དབང་གི་དེ་རིང་དེ་ཙམ་ཡིན་སླར་ཡང་མྱུང་མྱུར་མཇལ་ཡོང་བའི་སྨོན་འདུན་དང་བཅས་ཕུལ།།
རྟ་བདུན་དབང་པོ་ལགས། དབུ་ལམ་ལ་མོས་པ་མེད་ཀྱང་ཤར་ཁུགས་ལ་ཡིད་སྨོན་ཤོར་བ་ནི་རང་ཉིད་སྲིད་སྐྱོང་བློ་སེང་ལ་ཕྲག་དོག་གི་མེ་ལྕེ་འབར་མཁན་གྱི་ཆོལ་ཞེན་ཅན་གྱི་མི་ཐབས་ཆག་ཚོའི་གྲས་ཤིག་ཡིན་ཟེར་གྱིན་ཡོད་རེད་པྭ།
༢༠༡༦སྤྱི་འཐུས་ལ་དེང་རབས་ཀྱི་ཤེས་འཇོན་གཉིས་ལྡན་གྱི་འོས་མི་མང་སླེབས་ཐུབ་ན་ཡག་པོ་འདུག འདབ་གཤོག་གཉིས་ལྡན་མེད་ན་ཁག་པོ་ཞེ་དྲག་རེད།
བེ་རི་ལགས། སྲིད་སྐྱོང་ལ་དགག་པ་རྒྱག་མཁན་ཅི་ཙམ་མང་ན་དེ་ཙམ་གྱིས་སྲིད་སྐྱོང་མཆོག་ཡར་རྒྱས་སུ་འགྲོ་ངེས་རེད། སྐྱོན་མེད་པའི་སྲིད་སྐྱོང་ཞིག་ག་ལ་ཡོད། དེ་མིན་མཛུབ་མོས་ནུབ་ལ་བསྟན་ནས་འདི་ཤར་རེད་ཅེས་ཟེར་ན། རེད་ལགས་ཟེར་མཁན་སྐྱང་ཡིན་ན་སྐུ་འཁོར་གྲལ་ན་མི་ཚད་ལྡན་གང་ཡང་མེད་པའི་རྟགས་རེད། ང་རང་སྲིད་སྐྱོང་མཆོག་ལ་མ་དགའ་བ་གང་ཡང་མེད། འོན་ཀྱང་སྲིད་སྐྱོང་ལ་བསམ་འཆར་གཅིག་ཡོད། བོད་ནས་རང་ལུས་མེ་བསྲེགས་བཏང་མཁན་བརྒྱ་དང་བཞི་ཅུའི་བརྒལ་བ་རེད། འོན་ཀྱང་བཙན་བྱོལ་བ་ཚོས་རྒྱ་ཆེ་བའི་ངོ་རྒོལ་གང་ཡང་བྱས་མ་སོང་། རྒྱ་ཆེ་བའི་ཟས་བཅད་ངོ་རྒོལ། རྒྱ་ཆེ་བའི་རྐང་བགྲོད། འདི་དག་གི་གྲལ་དུ་ངེས་པར་དུ་༧གོང་ས་མཆོག་གཙོ་བྱས་ཏེ་བོད་ཀྱི་བླ་ཆེན་དཔོན་ཆེན་ཚང་མ་མཉམ་ཞུགས་དགོས་པ་རེད། དེ་མིན་རང་བསྲེགས་བློས་གཏོང་མཁན་ཚང་མ་ཆུད་ཟོས་སུ་བཏང་བ་རེད། ཧ་གོ་སོང་ངམ།།
བཀའ་ཟུར་ཐུབ་བསྟན་ལུང་རིགས་རྒྱུད་ཀྱི་མངོན་ཤེས་དེས་ཤར་ཁུག་གི་བསམ་དྲན་ཚང་མ་རྟོགས་ནས་དྲང་མོ་རུ་ཁུངས་བསྐྱེལ་འདུག་འདའ། ངོ་མ་ཡག་ཀི་་་་་་དྭོགས་གནས་ཚང་མ་སེལ་ན་ལས་ཀ་བྱེད་པར་ཕན་རེད།
བོད་པའི་ངོ་རྒོལ་འཐབ་རྩོད་བྱེད་སྟངས་དེ་རྒྱ་གར་བའི་《གྷོ་འགྲ་》་ཇག་དཔོན་ཚོའི་བྱས་སྟངས་དང་གཅིག་པ་རེད། དབུ་ཁྲིད་མཐོ་བ་དང་བླ་མ་ཆེན་བ་ཚོ་ནང་དུ་བཞུགས། ཉམ་ཆུང་མི་དམངས་ལ་ཁྲོམ་གཞུང་དུ་སྐད་འབོད་བརྒྱབ་བཅུག་གི་རེད། བྱས་སྟངས་འདི་རྒྱ་གར་བའི་གྷོ་འགྲ་ཚོའི་བྱས་སྟངས་རེད།
འབོད་སྒྲ་ཡང་འདྲ་པོ་རེད། གང་ཟག་སྒེར་པ་རེ་གཉིས་ལ་རྗིད་ད་པ་ཟེར་བ་དང་། གང་ཟག་རེ་འགའ་ལ་མུག་ཏ་པ་ཟེར་ནས་འབོད་ཀྱི་རེད་བ།་་་ཧཧ
རྒྱ་གར་བའི་འཐབ་རྩོད་པ་མཆོག་གྱུར་མ་ཧ་གྷ་དན་རྗེ་ཁོང་རང་སྐུ་དངོས་སུ་མདུན་དུ་ཐོན་ནས་ངོ་རྒོལ་བྱེད་མཁན་ཕེབས་ཀྱི་རེད། བོད་པའི་མི་ཆེན་བླ་ཆེན་ཚོ་རྗེས་ལ་བསྡད་ནས་ཉམ་ཆུང་བོད་མི་ཚོ་མདུན་དུ་རྒྱུགས་བཅུག་གི་རེད། ཁྱད་པར་འདི་རེད།
༢༠༠༨ལོར་ང་ཡང་བོད་མི་དག་གི་མཉམ་དུ་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་ཕྱིན། བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ང་ཚོ་ཚང་མ་བཙོན་ཁང་ནང་དུ་བཅུག དེར་དུས་ལྷད་ལྷད་བྱས་ནས་བོད་མི་ནང་ཁུལ་དུ་ཕར་ཚུར་སྐད་ཆ་བཤད་རེས་བྱས། ཆུ་འདྲ་འཐུང། ག་དུས་བཙོན་ནས་གཏོང་ཡོང་ངམ་བསམས་ནས་བསྡད།
སྐབས་དེར་དུས་བོད་མི་བརྒྱ་ཕྲག་གཅིག་ཙམ་ང་དང་མཉམ་དུ་བཙོན་ཁང་ནང་དུ་འདུག དེ་དག་གི་ནང་དུ་མི་ཆེན་བླ་ཆེན་གཅིག་ཀྱང་མཐོང་ཡ་མི་འདུག ཚང་མ་བོད་མི་ཉམ་ཆུང་ང་ལྟ་བུ་ཤ་སྟག་རེད་འདུག བལ་ཡུལ་གྱི་ཚོང་པ་ཆེན་པོ་ཡིན་ཟེར་མཁན་ཚོ་ཡང་མི་འདུག བླ་མ་ཆེན་པོ་ཡིན་ཟེར་མཁན་ཚོ་ཡང་མི་འདུག དབུ་ཁྲིད་ཡིན་ཟེར་མཁན་ཚོ་ཡང་མི་འདུག
ང་དང་མཉམ་དུ་ཡོད་པའི་བཙོན་ཁང་ནང་གི་བོད་མི་དེ་དག་ནི་གཞི་ཆགས་ཁག་གི་ཁྱིམ་ཚང་ཉམ་ཆུང་དག་གི་བུ་མོ་དང་། དགོན་སྡེ་ཁག་གི་གྲྭ་བཙུན་ཉམ་ཆུང་ཚོ། གསར་འབྱོར་བ་ཚོ་རེད་འདུག སྐབས་དེར་དུས་ནས་འགོ་བཙུགས་ནས་ང་ཅོ་རིའི་སེམས་ལ་བོད་ཀྱི་མི་ཆེན་བླ་ཆེན་དག་ལ་སྐྱུག་མེར་ལངས་ཡ་མགོ་བཙུགས་སོང་། བློ་ཕམ་བྱུང་། སེམས་སྐྱོ་བྱུང་།
བོད་མི་དམངས་ཀྱིས་ཤེས་དགོས་པའི་སྐད་ཆ་ནི་བོད་ཀྱི་མི་ཆེན་བླ་ཆེན་དག་གིས་ཁེ་བཟང་བཟའ་བ་མ་གཏོགས་བོད་མི་དམངས་དང་རྒྱལ་ཁབ་ཀྱི་ཆེད་དུ་མདུན་མཆོང་བྱེད་ནས་འཐབ་རྩོད་མི་བྱེད་པར་ཤེས་དགོས། མི་ཆེན་བླ་ཆེན་ཚོས་བཤད་ཀྱི་རེད།
བོད་རྒྱལ་ཁབ་ལ་དགའ་རབས་དང་མི་དམངས་ལ་གཅེས་རབས་བཤད་ཀྱི་རེད། ཅི་བཤད་ལ་མ་བལྟ་་་ཅི་ལས་ལ་ལྟོས་་་ཟེར་བ་ལྟར་མི་ཆེན་བླ་ཆེན་ཚོས་ཅི་ལས་ལ་ལྟོས། ཉམས་མྱོང་གི་སྐད་ཆ་ཡིན་འདིར་བྲིས་པ་ཡིན།
དགའ་བསུ་ཞུ། འོས་ཤོག་གཅིག་འདི་ན་ཡོད།
དངོས་གནས་བཀའ་ཟུར་མཆོག་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་འདུག ང་དང་ཤར་ཁུག་རྒྱབ་སྐྱོར་བྱེད་པ་རྣམས་ཀྱིས་བཀའ་དྲིན་ཆེ་ཟེར་རྒྱུ་ཡིན། ངས་ད་བར་དུ་བཙན་བྱོལ་སྤྱི་ཚོགས་ནང་སྤྱི་བའི་འཐུས་མི་བགྲང་བྱ་བཅོ་ལྔ་ལ་བཙལ་ཀྱང་། ༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་མཉམ་དཔུང་བ་མཉམ་གཤིབ་བྱེད་ཐུབ་པ་སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་འོས་མི་ཤར་ཁུག་ལས་མེད་ཀི་བསམས་ཀི བྱས་ཙང་། ཤར་ཕྱོགས་ཁུག་རྟ་ད་ཐེངས་རྒྱལ་གྱུར་ཅིག་ཟེར་རྒྱོ་དེ་ཡིན།
་༑ ཅོ་རི་བདེན། དེང་གི་བོད་གཞུང་ངམ་དབུ་མའི་ལམ་ལས་ཀྱི་སྣེ་མོ་བ་ཚོས་ལས་འགུལ་གྱི་སྣེ་འཁྲིད་རྒྱུ་དག་ལྟ་ཅི། ཐ་ན་རྒྱ་ནག་ལ་ཁ་རྡུང་རྣོ་ངར་ཅན་ཞིག་ཀྱང་གཏོང་ཕོད་པ་མི་འདུག དེའི་འབྲས་བུ་ནི་སྟོང་པ་སྟོང་རྐྱང་རེད།
ཐུབ་བསྟན་ལུང་རིགས་ཟེར་མཁན་འདི་བཀའ་ཟུར་ཞིག་ཡིན་པ་བདེན་ན། ཤེས་བཞིན་གོ་བཞིན་དུ་དབུས་འོས་བསྡུ་ལྷན་ཁང་གི་སྒྲིག་གཞིར་རྡོག་རོལ་བཏང་ནས་གོང་ས་མཆོག་གི་མཚན་འོས་བསྡུའི་ནང་དུ་བེད་སྤྱོད་བྱེད་ཀྱིན་པས། མི་འདིའི་འདེམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ལོ་བཅུར་འཕྲོག་དགོས་ཀྱི་འདུག
ངོ་མ་ངས་བལྟས་ན་ཡང་ཐུབ་བསྟན་ལུང་རིགས་ཁོ་རང་ལས་ཤར་ཕྱོགས་ཁུག་རྟ་དགའ་ས་རེད་བསམ་གི།
ཐུབ་བསྟན་ལུང་རིག་ཁོང་བརྒྱད་ཅུ་རྒས་པོའི་མཛོ་རྒན་དང་ཁུར་ཤེད་མེད་ན་མྱོང་ཚོར་ཡོད་རེད་འདའ།
ང་མདོ་སྨད་མ་རེད་མ་གཏོགས་ཤར་ཁུག་ལ་འོས་བླུག་ཐག་ཆོད་ཡིན།
ཐུབ་བསྟན་ལུང་རིགས་ཟེར་བའི་མིང་པོ་ཆེ་འདི། མི་ཐབས་ཆགས་གཅིག་ཡིན་པ་གཞི་ནས་ཤེས་བྱུང་། ཁོ་རང་གིས་རྒྱབ་སྐྱོར་བྱེད་སའི་བློ་བཟང་ཆོས་འབྱོར་ནི་སྤྱི་ཚོགས་སུ་རིན་ཐང་གང་ཡང་མེད་པར་ཤེས་ཟིན།
རྒྱབ་སྐྱོར་ཡོད།
ཀརྨ་བློ་གསལ་ལགས། xxx
༧གོང་ས་མཆོག་གི་སྒྲུབ་མཁན་ལ་སྒྲུབ་མཁན་རེད་ཅེས་སྨྲས་ན་སྒྲིག་གཞིར་འགལ་གྱི་ཡོད་ན། བདེན་པ་བཤད་མི་ཆོག་པའི་སྒྲིག་གཞི་ཞིག་ཆགས་པ་མ་རེད་དམ། གལ་ཏེ་ཁྲིམས་ལ་སྦྱོར་དགོས་ན་བློ་བཟང་སེང་གེ་ལགས་སྦྱར་རྒྱུའི་དུས་ཚོད་སླེབས་ནས་འདུག་ལ། མ་གཞི་ནས་ཁོང་སྲིད་སྐྱོང་འཕོས་མཚམས་དོལ་རྒྱལ་ཚོགས་པའི་ཚོགས་གཙོ་གནང་སྟེ་བཞུགས་ན་དགའ་གི་རེད་དྲན།
གང་ཡིན་ཞེ་ན། ཁོས་༧གོང་ས་མཆོག་གི་བཀའ་མི་བརྩི་བའི་མ་ཟད་བེད་སྤྱོད་རྐྱང་རྐྱང་གནང་གི་འདུག་ག དཔེར་ན་དུས་འཁོར་དབང་ཆེན་ཕྱིར་འགྱངས་ཀྱི་གནད་དོན་ལ་གཟིགས་དང་། ༧གོང་ས་མཆོག་གི་སྐུ་དྲུང་ནས་མི་མང་ལ་སྐྱག་རྫུན་བཤད་སོང་བ། ཧཧཧཧ
བློ་བཟང་སེང་གེའི་ཁུངས་མི་འཁྱོལ་བ་ཅི་གང་མི་འཇོན་པ། རང་བསྟོད་རྒྱབ་ནས་རང་དོན་ཏག་ཏག་སྒྲུབ་ནས་འདུག་པ་འདི་ཤར་ཕྱོགས་ཁུག་རྟའི་ལུང་བསྟན་ལྟར་དོན་ཐོག་ལ་བབས་འདུག དེང་སང་ཁ་ཐོགས་ཚད་མིག་ཡོད་ཚད་ཀྱིས་བློ་བཟང་སེང་གེ་སང་ཉིན་ལས་དེ་རིང་མི་མཐོང་ས་ཞིག་ཏུ་བུད་སོང་ན་བསམ་གྱི་ཡོད་པ་ལ་བལྟས་ན། ཤར་ཁུག་ནི་རང་ག་བ་ཞིག་མིན་གསལ་བཤད་གནང་ཚར་བ་རེད།།
ཨ་མདོ་ཚང་ལ་ཡང་ལམ་མདོ་ནང་ལ་རྡོ་མདུང་གཅིག་ཐོན་འདུག་གི་ཨ།
སྤེན་ཚེ་ཡི་རྐང་སྣེ་གཡས་བ་ཁུག་རྟར་ཐོགས། གཡོན་པ་ཀླུ་བྱམས་ལ་ཐོགས། ད་ཨ་མདོ་ཚང་གི་ངན་བྱེད་པ་འདི་ཚོར། ཚོད་ཅིག་མེད་ནོ་ཅི་ཡིན་ནམ། ངོ་ཚ་རྒྱུ་ཞིག་ལ་མེད་ཀི། ཨ་མདོ་སིལ་བུར་འཐོར་སྤྱད་ཀི་གཏེ་པོ་ཀླུ་བྱམས་དང་ཤར་ཁུག་གཉིས་ལ་འོས་མེད། བདེ་མོ་བྱོས།
ཐུབ་བསྟན་ལུང་རིགས་ཁྱེད་ཀྱིས་མི་ཡག་པོ་ཞིག་ལ་རྒྱབ་སྐྱོར་བྱས་འདུག ཁ་ནས་ལམ་དབུ་མ་བཤད་ནས་བོད་མི་ནང་ཁུང་ལ་དཀྲུགས་མཁན་ཞིག ཧ་ཧ་ཧ།
དགའ་འོས་པའི་གཏམ་བཟང་ཞིག་རེད་རྒྱབ་བསྐྱོར་ཡོད་དོ།
ཐུབ་བསྟན་ལུང་རིགས་ཀྱིསxxxxx ཤར་ཕྱོགས་ཁུག་རྟ་ནི་དུས་རྟག་ཏུ་རང་བཙན་ལ་དགག་པ་དང་ངོ་རྒོལ་རྐྱང་བྱེད་མཁན་ཞིག་དང་རྒྱ་ནག་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་ཞིག་ཡིན་པ་ཤེས་བཞིན་དུ་ངོས་སྦྱོར་བྱེད་སྟངས་ལ་བལྟས་ཡོང་ན་སྐུ་ངོ་ཨ་ར་ཅན་པོ་ཡང་དེའི་ཐད་ལ་འཁྲུགས་པ་ཆེན་པོ་ཞིག་གོ་འགོ་བརྩམ་འདོད་ཡོད་པའི་རྣམ་འགྱུར་ཞིག་མགོན་འདིག་སྙམ།
མདོ་སྨད་ཆོལ་ཁའི་ནང་དུ་མི་ཆ་ཚང་བ་ཟེར་ནའང་འདྲ། མི་ཤེས་འཇོན་ལྷག་བསམ་ལྡན་པ་ཁ་ཤས་ཡོད་པ་ལས་གཅིག་ནི་ཤར་ཕྱོགས་ཁུག་རྟ་རེད། གཞན་མང་པོ་ཞིག་ནི་རྩོམ་ཡིག་ཉག་ཉོག་འགའ་འབྲི་ནས་ཧང་སངས་ནས་སྡོད་ཀྱི་རེད། དེར་བརྟེན་མདོ་སྨད་ཆོལ་ཁའི་ངོ་མི་གནོང་བ་ཞིག་དགོས་ན་ཤར་ཁུག་ལ་འོས་བླུག ཁོང་ལ་ཤེས་ཡོན་དང་ཆབ་སྲིད། ལྷག་བསམ་གང་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་པོ་ཞིག་རེད།
ཤར་ཁུག་རྒྱལ་ལོ། །
དེང་སང་ཨ་མདོའི་མི་ཆེན་ཡིན་ཁུལ་དེ་ཚོས་བོད་རང་བཙན་གྱི་མིང་ཙམ་ལ་ཡང་འདོད་བབ་ཡོད་ནི་མ་རེད། དེ་ནི་བོད་ཀྱི་ལོ་རྒྱུས་ནང་བྱ་བ་གཙོག་པ་ཡར་ན་མེད་པ་ཞིག་རེད། ཐུབ་བསྟན་ལུང་རིགས་ནི་ཆགས་སྡང་ཅན་གྱི་མི་ཞིག་ཡིན་པར་གྲོས་ཚོགས་ནང་ནས་གསལ་པོ་མཐོང་ཟིན་པ་རེད། གང་ལྟར་ཨ་མདོ་ཚང་ལ་མི་སྤུས་ཀྱི་ཚད་གཞི་ནི་ཁོ་ཚོ་རེད། ཁོ་ཚོས་བོད་མིར་ནང་དམྱེ་བཟོ་རྒྱུ་ལ་ཡར་ངལ་སྙིང་རྗེ་དང་མཚམས་དང་ཚོད་ཅིག་མི་འདུག། རྒྱ་དམར་ལ་མགོ་བཏགས་ཞུ་རྒྱུ་ལ་ཡང་ལམ་དང་ལུགས་སྲོལ་ཞིག་ཡོད་ནི་མ་རེད། ཁོ་ཚོས་བཤད་པའི་དབུ་ལམ་ནི་རྒྱ་དམར་གྱིས་དུས་ནམ་ཡང་མཁས་ལེན་མི་བྱེད་པར་གསལ་གསལ་དག་དག་རེད། འོན་ཀྱང་། ཁོ་ཚོས་དབུ་ལམ་ནི་རྒྱ་བོད་གཉིས་མོས་ཡིན་སྐོར་སྐྱག་རྫུན་གྱིས་བོད་མགོ་སྐོར་ནས་བོད་འདི་རྒྱ་ཡུལ་ལ་སྒྱུར་གང་ཐུབ་བྱེད་ཀྱི་ཡོད། དེང་སང་ཁོ་ཚོས་བཤད་རྒྱུ་ནི་རྒྱ་དམར་གྱིས་རྒྱབ་ཤ་དཀར་པོ་སོགས་དབུ་ལམ་ལ་དགག་ལན་སྤྲོད་པ་ནི་དབུ་ལམ་གྱི་ནུས་པ་ཐོན་གྱི་ཡོད་ཚུལ་བཤད་བཞིན་འདུག། ཧཧཧཧཧ། དེ་དག་ནི་གད་མོ་སྐུག་ནས་ཤོར་ཡ་རང་རེད། གོང་ས་མཆོག་གི་བཀའ་ཡིན་ན་འདྲ། ཟམ་གདོང་ཚང་གི་ཁོག་ཡིན་ན་རེད། ཁོ་ཚོས་རྒྱ་དམར་ལྷན་དུ་གྲོས་མོལ་དང་ཞི་མཐུན་དགོས་ཚུལ་དང་བོད་མིའི་ལྷན་དུ་ནང་དམྱེ་དང་ཁ་བྲལ་གྱིས་བྱ་སྤྱོད་རིགས་ལ་འཛེམས་ཟོན་ཙམ་ཡང་མེད་པའི་མདུན་སྤྱོད་བྱེད་བཞིན་པ་འདི་དག་ལ་དུས་ནམ་ཡང་ངོ་རྒོལ་ཡོད།
སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ནས། སྐུ་ངོ་སྲིད་སྐྱོང་གིས་དབུགས་བཏང་ཚད་ཚང་མར་དགག་པ་རྒྱག་རྐྱང་བྱེད་མཁན་ཤར་ཕྱོགས་ཁུག་རྟ་ལ་ཆེ་བསྟོད་ཧ་ཅང་ཆེ་དྲག་འདུག་སྙམ་བྱུང་།
ཅོ་རི་ཉི་མ་ཟེར་བ་འདིས་བཤད་པའི་སྐད་ཆར་རྒྱབ་སྐྱོར་ཡོད། རང་ཉིད་ལའང་སེམས་ཚོར་གཅིག་མཚུངས་བྱུང་།
སྐུ་ངོའི་གསུང་བདེན་པར་མཐོང་། ཤར་ཁུག་ལ་ནམ་ཡང་རྒྱབ་སྐྱོར་ཡོད།
རྒྱབ་བསྐྱོར་ཡོད་ཐུགས་རྗེ་ཆེ།
མགོ་དར་དམར་དང་མ་བྲལ་ཁ་དབུ་མ་དང་མ་བྲལ། བློ་གཏད་ཏང་ལ་བཅོལ། གྲོད་པ་བཙན་བྱོལ་ལ་གཟེད། དངུལ་ཁུག་འཐབ་ཕྱོགས་གཅིག་གྱུར་པུ་ལ་གཟེད། རང་བཙན་དགྲ་རུ་འཛིན། སྲིད་སྐྱོང་ལ་འཁོན་དུ་འཛིན། གཞིས་ཀྱི་གླུད་གཏོར། བྱེས་ཀྱི་སྤྲུལ་རྫུན། འོས་མི་དང་རྒྱབ་སྐྱོར་གཉིས་ཀ་རྐུན་མ་ཁ་མཐུན། ཧ་ཧ། མདོ་སྨད་ལ་མི་རྫོགས་སོང་བ་ནི་ཡིན་རྒྱུ་མ་རེད་པཱ། མ་གཞི་མི་འདི་ཚོའི་གྲས་མདོ་སྨད་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་མིན་ཤག་གིས་རྒྱ་ཞེན་ཆེ་བ་ལ་ནི་བཤད་དགོས་མི་འདུག།
དྲ་འབུ་རེ་འགས་རང་བཙན་ཁ་འཁྱེར་གྱིས་བོད་མིའི་སྒྲིག་འཛུགས་དང་ལངས་ཕྱོགས་ལ་ནམ་ནམ་ཞར་ཞར་དགག་པ་རྒྱག་གི་ཡོད། ཆ་བཞག་ན་ཀླུ་བྱམས་ཀྱི་སྤུན་ཆུང་ཅོ་རི་ལྟ་བུ་རེད། ཁོ་དང་ཁོ་ལྟ་བུ་ཚོ་སྐྲག་མི་དགོས་ས་ནས་སེམས་ལ་གང་དྲན་དང་ཁ་ནས་གང་ཡོང་གིས་ངར་སྐད་རྟག་པར་སྒྲོག ཐ་ན་བོད་མིའི་སྐྱབས་དང་མགོན་དུ་གྱུར་བའི་༧གོང་ས་མཆོག་ལའང་མཚན་སྨད་དང་མ་འགྲིག་མ་འཐུས་པའི་སྐོར་གླེང་གི་ཡོད། ཁོང་ཚོའི་མགོ་འཚོས་ཀྱི་མི་འདུག་ལབ་ན་སྣ་ཁུང་ནས་ཧང་སྒྲ་འབྱིན་ཞོར་གད་མོ་སྟེང་ནས་ཤོར། མཐར་དེད་ན་ཁོང་ཚོའི་ལག་ཆ་གྱུར་བའི་རང་བཙན་གྱིས་འུར་ལ་སྐུལ་ཞོར་གཞིས་བཞུགས་བོད་མི་འཆི་ལམ་དུ་འདེད་པ་དང་རྒྱ་ནག་ལ་མཁོ་བའི་ལས་དོན་དངོས་གནས་པ་དེ་ཁོང་ཚོས་སྒྲུབ་ཀི་ཡོད། སོང་ཙང་། བོད་མིའི་སྒྲིག་འཛུགས་ཀྱིས་དུས་རབས་དང་མཐུན་པའི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པའི་དབུ་ལམ་རང་སྐྱོང་གི་ལམ་ཀ་འདེམས་ནས་ལོ་ངོ་བཅུ་ཕྲག་སུམ་བཞི་འགྲོ་ཀི་ཡོད། འདིའི་རིང་ལ་གྲུབ་འབྲས་ཐད་ཀར་ཐོན་མེད་ནའང་གང་ལ་གང་འཚམས་ཀྱིས་འབྲེལ་མོལ་དང་རྒྱུས་ལོན་བྱེད་བཞིན་པའི་སྒང་ཡིན་འདུག རང་བཙན་དྲིལ་བསྒྲགས་པས་རྒྱུད་ལམ་འདི་ལ་ཕན་པ་ལས་གནོད་པར་གྱུར་ནས་ནམ་ཞར་ཡང་རྒྱ་ནག་དོག་གནས་ཀྱི་གཞི་རུ་བསྐྱལ་ཡོད། རང་ས་རང་ཡུལ་གྱི་བདག་དབང་དང་སྐད་ཡིག་རིག་གཞུང་སོགས་འཚོ་བར་བསམ་ན་མིང་སྐམ་ཆེ་བའི་རང་བཙན་ཐ་སྙད་གཡོན་ལ་བཞག་ནས་དོམ་དམ་པའི་རང་སྐྱོང་གི་ལག་གཡས་འབྱར་ནས་དལ་གྱིས་བསྐྱོད་རོགས། དབུ་ལམ་རང་སྐྱོང་ནི་སྲིད་ཇུས་ཤིག་ཡིན་ལ་བོད་མི་རིགས་ཀྱི་ཁེ་ཕན་བསྒྲུབ་བྱེད་ཀྱི་ལམ་བུ་འཁྲུལ་མེད་ཀྱང་ཡིན། ད་ནི་རང་རང་གིས་རྣམ་དཔྱོད་རྩལ་དུ་བཏོན་སྟེ་དབུ་མའི་ལས་འཇུག་པ་བསྡུ་བའི་གཉན་འཕྲེང་གི་དུས་རིམ་ལ་སླེབས་ཚར་བས། ཤེས་ཡོན་དང་ལྷག་བསམ། སྙིང་སྟོབས་དང་སྤོབས་པ། ཆོད་སེམས་དང་དྲང་ཚུགས་ཀྱི་ལམ་བུར་ཤར་བསྐྱོད་བྱེད་པའི་དབུ་མ་བ་ཞིག་འཚོལ་རན། ཁོ་བོར་མཚོན་ན་ནི་རྒྱ་བལ་འབྲུག་གསུམ་ལས་དབུ་མ་བ་ཅི་ཙམ་བཙལ་ཀྱང་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་དབུ་མ་བའི་ཁྲོད་ནས་ཤར་ཕྱོགས་ཁུག་རྟ་ནི་རྩེ་དང་རབ་དང་ཕུལ་དུ་མཐོང་སོང་། ཁོང་ལྟ་བུའི་གཞོན་སྐྱེས་ཤེས་ཡོན་པ་ནི་མདོ་སྨད་མི་དམངས་ལ་དམིགས་ཀྱིས་མཁོ་ཞིང་བོད་མིའི་སྒྲིག་འཛུགས་ལ་དེ་བས་ཀྱང་མཁོ་གལ་བླ་ལྷག་ཏུ་ཆེ་བས་ཚང་མས་ཐུགས་བཞེས་གནང་རོགས།
དྲ་བུ་ཁྱུང་དཀར་སོགས་དབུ་ལམ་ཀླད་སྟོང་པ་ཚོ། རང་བཙན་གྱིས་རྒྱ་ལ་ཕན་ཅི་རེད། དབུ་ལམ་གྱིས་ནུས་པ་གང་ཡང་པས་རྒྱ་བོད་གཉིས་ཀད་ནས་གླེང་ཡོང་དུས་ཡང་དེ་རང་བཙན་པས་བྱས་ཉེས་བཤད་པ་ནི་ང་ཚར་མེད་པའི་སྐད་ཆ་ལས་སུའི་ཀྱང་ཡིད་ཆེས་བྱེད་ནི་མ་རེད།
དབུ་ལམ་གྱིས་ནུས་པ་གང་ཡང་མེད་པར་རྒྱ་བོད་གཉིས་ཀས་གླེང་ཡོང་དུས་ཡང་རང་བཙན་གྱིས་མ་འགྲིག་པ་དང་རང་བཙན་གྱིས་རྒྱ་ཡི་འདོད་དོན་སྒྲུབ་ཀྱི་ཡོད་ཚུལ་བཤད་པ་ནི་ངོ་ཚ་མེད་པའི་གཏམ་རང་རེད། སྔོན་མ་ཞིག་ལ་བོད་དོན་ལམ་འགྲོ་མ་བྱུང་བ་ནི་དོལ་རྒྱལ་གྱིས་བྱས་པ་རེད་ཟེར། དེང་སང་བོད་དོན་ལམ་འགྲོ་མ་བྱུང་བ་ནི་རང་བཙན་གྱིས་རེད་ཟེར། སྐད་ཆ་འདིའི་རིགས་དེ་ཚོད་ཟིན་ན་དགའ་ཡི་རེད། རང་བྱས་ཀྱིས་ངན་ཁག་ཡོངས་རྫོགས་གཞན་ལ་གཡོག་པ་ནི་ཆོས་དང་འཇིག་རྟེན་གང་དང་ཡང་མ་མཐུན་པ་རེད། སྤྱིར་དབུ་ལམ་ཙམ་བཤད་པར་ངས་ནམ་ཡང་དགག་བྱ་མེད། རྒྱ་བོད་དཀའ་རྙོག་སེལ་རྒྱུར་དབུ་ལམ་ལས་མེད་ཚུལ་བཤད་པར་ངས་ནམ་ཡང་དགག་པ་ཡོད་ལ་དེ་ནི་མི་གདེན་རྟོགས་བཟོ་དང་སྐབས་འཚོལ་བའི་སྐད་ཆ་ཙམ་ཡིན་པས་ངས་སྔ་ས་ནས་བཤད་ཟིན། ད་དུང་ཡང་དབུ་ལམ་མེད་ན་རྒྱ་བོད་དཀའ་ངལ་སེལ་ཐུབ་རྒྱུ་མེད་ཚུལ་འདོད་པ་ནི་རྨོངས་རྟགས་དང་མི་རིགས་ཀྱི་ལོ་རྒྱུས་ལ་བསམ་ཞིབ་མེད་པས་རང་རྟགས་རེད། དབུ་ལམ་བཤད་ནས་དམར་དར་སྒྲེང་མཁན་གྱི་མི་བུ་དང་དེར་རྒྱབ་སྐྱོ་བྱེད་མཁན་གྱི་ཀླད་སྟོང་སུ་ལ་ཡང་ངོ་རྒོལ་ཡོདོ། དེང་སྐབས་རང་བཙན་འདོད་མཁན་དང་བཤད་མཁན་ཚང་མ་བོད་མི་རིགས་ལ་རྒྱབ་གཏོད་བྱེད་མཁན་རེད་འདོག་འདོགས་བཤད་ཡོང་དུས་ངས་ནམ་ཡང་གུས་སྐུལ་མི་བྱེད་རྒྱུ་ནི་ངས་བོད་མི་རིགས་ལ་འཛིན་པའི་དམ་བཅའ་ཡིནོ།
ཐུབ་ལུང་གིས་ཤར་ཁུག་ལ་རོགས་བྱས་པ་ནི་ཧ་སངས་ཡོད། རྒྱ་དར་འཁྱེར་བ་དེ་འགྲིགས་ཤག་ལབ་རེད། ཐུབ་ལུང་ལ་འདོད་པ་དེ་ཡོད་ས་རེད།ད་ནི་བཙན་བྱོལ་འདིར་རུལ་བསྡད་པའི་མངོན་རྟགས་གསལ་བོ་ཆགས་སོང་།
རྒྱ་སྡེའི་འོག་ཏུ་ཡོད་པའི་བོད་རིགས་ཚོས་བོད་རང་བཙན་ལ་གཏོར་གཤིབ་གཏོང་མི་ཆོག། བོད་སྡེ་དེ་རྒྱ་སྡེར་སྒྱུར་མི་ཆོག། ཁྱེད་ཚོ་རྒྱ་ཡུལ་ན་སྐྱིད་ཀྱི་འདུག་ན་མུར་མཐུད་དེ་རྒྱ་ཡུལ་ན་སྡོད། ང་ཚོ་བོད་སྡེ་ཚོ་ནི་ནམ་རྒྱ་དམར་ཚང་དང་མི་མཐུན་ལ་རྒྱ་ལ་མགོ་མི་རྒུ་ཁོ་ཐག་ཡིན།
ཤར་ཕྱོགས་ཁུག་རྟས་རྒྱ་དར་འཁྱེར་བ་ནས་བཟུང་སྟེ། ངས་ཁོང་ལ་འབྲེལ་བ་བྱེད་གི་མེད། ཡིན་ནའང་བསམ་བློ་ཡག་པོ་ཞིག་བཏང་ན་མང་གཙོའི་སྤྱི་ཚོགས་ནང་དུ་ལྟ་བ་མི་མཐུན་པ་མང་པོ་ཞིག་ཡོང་གི་ཡོད་པས། གལ་ཏེ་སྲིད་སྐྱོང་ལ་ཀླུ་མཁར་བྱམས་སླེབས་ཀྱི་ཡོད་ན། ངེས་པར་དུ་ཤར་ཕྱོགས་ཁུག་རྟ་སྤྱི་འཐུས་སུ་སླེབས་ཐུབ་པ་བྱེད་དགོས། བྱེད་སྟངས་འདི་ལ་མང་གཙོའི་ནང་དུ་མི་མང་གི་སྤྱང་གྲུང་ཟེར་གི་རེད། མི་མང་གིས་ནམ་ཡིན་ཡང་ཕྱོགས་གཅིག་ལ་བསམ་བློ་གཏོང་རྒྱུ་མེད། སྤྱི་འཐུས་ནང་དུ་རང་བཙན་བཤད་མཁན་དང་། དབུ་མའི་ལམ་བཤད་མཁན་མཉམ་པོར་ཡོང་ཐུབ་ན་ཡག་གི་རེད། སྲིད་སྐྱོང་བློ་སེང་ཡང་བསྐྱར་སླེབས་ཀྱི་ཡོད་ཚེ་ཡིན་གཅིག་མིན་གཅིག་ཤར་ཕྱོགས་ཁུག་རྟ་སྤྱི་འཐུས་སུ་སླེབས་ཐུབ་པ་བྱེད་དགོས་རེད།
ཀླུ་བྱམས་སྲིད་སྐྱོང་ལ་སླེབས་པ་དང་ཤར་ཁུག་སྤྱི་འཐུས་སུ་སླེབས་པའི་དུས་ཤིག་བྱུང་ན་ཉི་མ་ནུབ་ནས་ཤར་ཡོང་བ་ཐག་ཆོད་རེད། གཅིག་ནི་རང་བཙན་མཐར་ལྷུང་པ་དང་གཅིག་ནི་དབུ་མ་མཐར་ལྷུང་པ་རེད། ཁོ་གཉིས་མཉམ་དུ་བཀའ་སྤྱི་གཉིས་ནང་ལ་སླེབས་སོང་ན་བཙན་བྱོལ་སྒྲིག་འཛུགས་འདི་མཐོར་རྒྱུར་ཡུན་རིང་མི་འགོར། དེ་དུས་དྲ་འབུ་ཁག་གཅིག་གི་འདོད་པ་འགྲུབ་སོང་བ་རེད།
གངས་ཕྲུག་ལགས། རང་བཙན་དང་དབུ་མའི་ལམ་ག་རེ་ཡིན་ནའང་བོད་མི་ཚོར་ཅིག་བྱུང་ན་བསམ་པ་ལས་གཞན་ཀུན་སློང་གང་ཡང་ཡོད་མ་རེད། རང་བཙན་བཤད་ན་ཆོག་པ་ཙམ་མ་ཟད་དངོས་སུ་འཐབ་རྩོད་བྱས་དང་བྱེད་བཞིན་ཡོད་རེད་ལ། དབུ་མའི་ལམ་ཡང་དེ་ལྟར་རེད། གང་ལྟར་རང་བཙན་དང་དབུ་མའི་ལམ་གཉིས་ཀར་ནུས་པ་ཐོན་གྱི་མེད་པ་དེ་དཀའ་ལས་རྒྱབ་མ་རྒྱབ་ཅིག་ཀྱང་མ་རེད། དཀའ་ལས་ཞེ་དྲག་རྒྱབ་ཡོད་རེད། འོ་ན་ག་རེ་ཡིན་ནམ་ཞེ་ན། བདག་གི་ལྟ་ཚུལ་ལ་ད་ལྟའི་འཛམ་གླིང་གི་ཆབ་སྲིད་འཁོར་ཡུག་འདི་དང་མ་འོངས་པའི་ལོ་བརྒྱའི་ནང་དུ་བོད་རང་བཙན་རེག་ཐུབ་པ་དང་ལེན་ཐུབ་པའི་གནས་བབ་ཞིག་ཤར་རྒྱུ་ཁག་པོ་རེད། གཞི་རྩའི་སྟེང་ནས་བོད་རང་བཙན་ཡིན་པ་དང་རང་བཙན་དགོས་ཀྱི་ཡོད་པ་ལ་སུས་ཀྱང་རྩོད་པ་མེད་མོད། ལོ་རྒྱུས་ཀྱི་མཇུག་འབྲས་ལ་བརྟེན་ནས་བོད་རང་བཙན་ཁོ་རང་ཡང་རྩོད་གཞི་ཅན་ཞིག་ཆགས་ཡོད་རེད། ངས་ཤེས་ཚོད་བྱས་ན་བོད་ཆོལ་ཁ་གསུམ་ཡོངས་ལ་རང་དབང་རང་བཙན་ཟེར་བ་ཞིག་ནམ་ཞར་ཡང་ཐོབ་རྒྱུ་མ་རེད། སྐད་ཆ་དྲང་མོར་བཤད་ན་རང་བཙན་རྩོད་རྒྱུ་ཡིན་ན་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ནང་ཡོད་པའི་རང་བཙན་དེ་བརྩད་ན་ཡག་གི་རེད་ལ། འཛམ་གླིང་རྒྱལ་ཁབ་ཁག་དང་ཡིག་ཚང་ནང་དུ་ཁྱབ་ཁོངས་དེ་སྔར་རང་བཙན་ཡིན་པ་རྒྱལ་སྤྱིའི་ཁྲིམས་དང་། ལོ་རྒྱུས་ཡིག་ཚང་། དེ་མིན་ལག་ལེན་དངོས་ཀྱི་ནང་བཅས་ནས་བདེན་དབང་བྱེད་ཐུབ་ཀྱི་རེད། འདི་བརྩད་ན་རྩོད་རྒྱུ་ཡོད་པ་ཞིག་དང་ཐོབ་རྒྱུ་ཡོད་པ་ཞིག་རེད། ཕྱི་ལོ་2001 ལོར་ང་ཚོ་ན་གཞོན་སྐོར་ཞིག་སྐུ་ངོ་འཇུ་ཆེན་ཐུབ་བསྟན་ལ་བཅར་འདྲི་ཞིག་བྱེད་དུ་ཕྱིན་པ་ཡིན། སྐབས་དེར་ཁོང་གངས་སྐྱིད་ཀྱི་སྤྱི་འཐུས་ལས་ཤག་རྙིང་པའི་འགྲམ་གྱི་སྔོན་མའི་བཀའ་ཤག་གི་ཁང་རྙིང་ནང་བསྡད་འདུག བཅར་འདྲི་ཚར་རྗེས། ཁོང་གིས་ཁྱེད་ཚོ་ལོ་ཆུང་ཆུང་རེད། ཞེ་དྲག་ཉམས་མྱོང་ཡོད་མ་རེད། རང་བཙན་རེག་ན་ཡག་པོ་རེད་དེ། རྒྱ་ནག་གིས་བཙན་འཛུལ་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་ཞུ་གཏུགས་བྱས་པའི་སྙན་ཐོ་དང་པོ་ནི་ཀམ་པུ་ཊི་ཡས་བྱས་པ་རེད། དེའི་ནང་འབྲུ་ཆུ་བརྒལ་ནས་བོད་དུ་བཙན་འཛུལ་བྱས་སོང་ཟེར་བ་དེ་རེད་ལ། དེ་མིན་རྒྱ་གར་གྱི་ཡིག་ཚང་ཁག་གི་ནང་དུའང་བོད་པའི་སྐོར་གྱི་འགྲེལ་བཤད་དང་ངོས་འཛཱིན། ས་ཁྲ་བཅས་ཀྱི་ནང་དུ་འབྲུ་ཆུ་མར་བརྒྱུད་ཀྱི་བོད་པའི་ས་ཆ་དེ་དག་མེད་པ་རེད། དེ་བཞིན་དབྱིན་ཇིའི་ཡིག་ཚང་ཁག་ཀྱང་དེ་ལྟར་རེད། ཨ་མི་རི་ཀས་ཀྱང་དེ་ལ་གཞི་འཛཱིན་གི་རེད། འདི་ཚོ་ཁྱེད་ཚོས་ཤེས་པ་བྱས་ན་མ་གཏོགས་ནོར་འཁྲུལ་ཅིག་བྱུང་ནས་གོམ་པ་གཅིག་སྤོས་ཚར་ན་ཚར་བ་རེད་ཟེར། སྐུ་ངོའི་དགོངས་གཞི་ངོ་མ་ནི་འདི་རེད། དེ་ནས་དབུ་མའི་ལམ་ལ་གྲུབ་འབྲས་གང་ཡང་ཐོབ་མེད་པ་མངོན་སུམ་རེད། འདི་ཡང་ད་ལྟའི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་ནང་དུ་ས་ཁོད་ཅིག་ཡོད་མེད་ལ་ཐུག་གི་རེད། གང་ལྟར་བོད་དོན་ལ་འགྱུར་བ་མེད་པའི་ལངས་ཕྱོགས་གཅིག་ཡོད་རེད། དེ་ནི་གྲོས་མོལ་རེད། བོད་དོན་དེ་གྲོས་མོལ་བྱས་ནས་ཡོང་རྒྱུ་མ་གཏོགས་འདེམས་ཁ་གཞན་གང་ཡང་མེད་པ་རེད། དེར་བརྟེན་གྲོས་མོལ་བྱས་ཏེ་བོད་རང་བཙན་ཇི་ལྟར་རེག་པ་བྱེད་རྒྱུ་ཡིན་ནམ། གྲོས་མོལ་བྱས་ཏེ་དབུ་མའི་ལམ་ཇི་ལྟར་རེག་པ་བྱེད་རྒྱུ་ཡིན་མིན་ནི་དོན་དངོས་ཐོག་གི་དྲི་བ་གལ་ཆེ་ཤོས་དེ་རེད། དེ་མིན་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་གཅིག་པུ་ནི་དེ་འདྲ་གལ་ཆེན་པོ་ཞིག་མ་རེད་སྙམ།
ལུང་རྟོགས་ཀྱིས་བཤད་པ་དེ་རང་རེད།
ཀླུ་བྱམས་ལ་སྲིད་སྐྱོང་ཐོབ་པའི་རེ་བ་མེད།
ཤར་ཁུག་རྟར་སྤྱི་འཐུས་ཐོབ་པའི་རེ་བ་མེད།
རེ་བ་མེད་དོན་རང་རང་སེམས་ན་གསལ་བ་རེད།
རེ་བ་མེད་པ་ལ་རེ་སྟོང་རྒྱག་མཁན་ཚོ་བློ་བདེ་གནང་།
བསྟན་རྣམ་གྱི་ཁུངས་ལུང་མེད་པའི་སྐད་ཆ་དེ་དག་ཡང་དང་བསྐྱར་བཤད་ཀྱི་འདུག ལན་བརྒྱ་བཤད་ན་རྫུན་ཡང་བདེན་དུ་འགྱུར་བའི་རེ་བ་བྱེད་བཞིན་ཡོད་པར་འདྲ། ་་ཧ་ཧ
རང་བཙན་དང་དབུ་ལམ་གཉིས་ཀས་རྒྱ་ལ་ནུས་པ་ཐོན་གྱི་མེད་ཀྱང་རང་བཙན་གྱིས་བོད་འདི་ཚོང་རྫས་བྱེད་མྱོང་མེད་ལ་། རང་བཙན་གྱིས་བོད་ཀྱི་ལོ་རྒྱུས་གཏོར་མྱོང་ཡང་མེད། རང་བཙན་གྱིས་བོད་མི་རིགས་ཀྱི་བླ་ཚོང་མྱོང་མེད་ལ། རང་བཙན་གྱིས་བོད་མི་རིགས་ཀྱི་ཞབས་ཡང་འདྲེན་མྱོང་མེད། རང་བཙན་ནི་བོད་མི་རིགས་ལ་ཡོད་པའི་ལོ་རྒྱུས་ཡིན་ལ། རང་བཙན་ནི་བོད་མི་རིགས་ལ་ཡོད་པའི་ཐོབ་ཐང་ཡང་ཡིན། རང་བཙན་ནི་བོད་མི་རིགས་ལ་ཡོད་པའི་བདེན་པར་ཡིན་ལ། རང་བཙན་ནི་བོད་མི་རིགས་ལ་ཡོད་པའི་མངོན་འདོད་ཀྱང་ཡིན་ལ། རང་བཙན་ནི་བོད་མི་རིགས་ལ་ཡོད་པའི་ཁེར་དབང་ཡིན་ལ། རང་བཙན་ནི་བོད་མི་རིགས་ལ་ཡོད་པའི་ཕུགས་བསམ་ཡང་ཡིན།
གཤམ་དེ་གཞན་ནས་མཚམས་སྦྱོར་བྱས།
བཏགས་ཆོས་སྐུ་ངོ་ཐུབ་བསྟན་ལུང་རིགས་བློ་ཡུལ་དུ་འཆར་བར་གདག་གཞི་ཁ་སྤུ་ཅན་དེ་ཅིས་ཀྱང་བློ་ཡུལ་དུ་འཆར་དགོས་ཤིང་། སྐུ་ངོའི་གདོང་ན་མངོན་གསལ་གྱི་རྟགས་ཤིག་ཡོད་པ་ནི་ཁ་སྤུ་དེ་ཡིན། ཁོང་ནམ་མཇལ་ལ་ཁ་སྤུ་དེའང་མཐོང་འོང་ལ། ཁ་སྤུ་ནག་ནག་པོ་དེས་ཁོང་ཉིད་སྒོམ་ཚུགས་དང་དཀྱེལ་ཡངས། གནའ་མྱི་རུས་རྐང་ཅན་ཞིག་འདུག་སྙམ་གྱི་ཚོར་བ་ཞིག་སུའང་བསྟེར་གྱི་ཡོད།
འགུལ་གྲགས་མེད་པའི་བར་སྐབས་ཤིག་ནས་སྐུ་ངོའི་གདོང་ཕྱི་ལ་གཅིག་དོན་ཡོང་དུས། སུ་ཞིག་ཡིན་རུང་མི་བདེ་བ་ཞིག་གི་ཚོར་སྣང་འགོག་མེད་ཅིག་བྱུང་བ་ནི། ཁོང་གི་ཁ་སྤུ་དེ་སྔོན་མའི་སྐུ་ངོ་ཐུབ་བསྟན་ལུང་རིགས་ཀྱི་ཁ་སྤུ་དེ་མ་ཡིན་པར། ཤ་ཕྱོགས་ཁུག་རྟའི་བྲང་སྤུ་ནས་བཏོགས་ཏེ་བཟོས་པའི་ཁ་སྤུ་རྫུན་མ་ཞིག་ཡས་མཆུ་ན་ཁྱོན་ནས་མི་འཕྲོད་བཞིན་དུ་བཙུགས་འདུག་པའི་ཐུབ་བསྟན་ལུང་རིགས་སུ་གྱུར་འདུག གཅིག་བྱས་ན་ཁོང་གི་དེ་སྔོན་གྱི་ཁ་སྤུ་དེའང་སུ་ཞིག་གི་བྲང་སྤུ་བཏོགས་ནས་བཙུགས་པའི་རྫུན་བཟོའི་ཁ་སྤུ་ཞིག་ཨེ་ཡིན་སྙམ་པའི་ནེམ་ནུར་ཞིག་དབང་མེད་དུ་སྐྱེ་འོང་ལ་ད་དུང་སྐུ་ངོའི་གདོང་ལ་བཅེར་ནས་ཉེ་འཁོར་ཚོས་ཀྱང་མགོ་གཡུག་རེ་གནང་ནས་སྐུ་ངོ་ལ་ཁྱེད་སུ་ཡིན་ཞེས་འདྲི་ཚིག་རེ་འཕེན་བཞིན་འདུག
མདོ་སྨད་པ་ལ་གཅིག་ཏུ་བགྲང་ས་དང་གཉིས་ལ་བརྩི་ས་ཡིན་པའི་གཞོན་སྐྱེས་ཤེས་འཇོན་ཅན་ཉུང་ཉུང་རྙེད་རྒྱུ་མེད་པ་ཞིག་གཏན་ནས་མ་ཡིན་རུང་སྐུ་ངོས་སྤྱན་རས་ལ་མིག་ཤེལ་གསར་པ་ཞིག་གཡོགས་ནས་ཤ་ཕྱོགས་ཁུག་རྟ་མ་གཏོགས་གཟིགས་པར་མ་གནང་ཞིང་གསལ་བར་མ་གྱུར་བའི་གནས་སྟངས་ཡ་མཚན་པ་ཞིག་གསར་དུ་དྲ་ལམ་ན་ཁྱབ་འདུག ལོ་ལྔ་ཚན་ཞིག་གི་ཡར་སྔོན་དུ་གདན་ས་ཆེན་པོ་སེ་ར་ན་སྐུ་ངོ་ཐུབ་བསྟན་ལུང་རིགས་ཀྱི་ཁ་སྤུ་ནག་ནག་ཅན་གྱི་ཞལ་ནས་གསུང་པའི་བཀའ་སློབ་དེ་དག་ཁ་སང་དེ་རིང་ལའང་རྒན་ལགས་རྣམ་པ་ཚོས་ཤར་རེ་བགྲངས་གནངས་ཏེ་ངེད་ཅག་ལ་བཀའ་སློབ་གནང་གི་ཡོད། གསར་བུ་སྣང་མཐོ་ཚོས་ཉན་དེ་ཙམ་མ་འདོད་ནའང་སྐུ་ངོའི་ཞལ་གསུང་དེ་མ་རེད་ཟེར་ས་ཞིག་རག་མེད་ཚོད་ལ། སྐུ་ངོ་ནི་སྒམ་བརླིང་ཅན་ཞིག་འདུག་པས་ཞལ་གསུང་དེའང་བརླིང་པོ་ཞིག་ཡིན་སྙམ་གྱིས་མགོ་སྒུར་སྒུར་གྱིས་ཉན་ཡོད། དེ་དུས་སུ་ལ་ཡང་སྐུ་ངོའི་གཟིགས་རྒྱ་དེ་འདི་ཙམ་ཆུང་གི་རེད་སྙམ་པ་ཞིག་བློ་ཡུལ་དུ་མི་འཁོར་ལ་འཁོར་ཡང་བཤད་ས་ཞིག་མི་རག་ཐག་ཆག་ཡིན།
ཤ་ཕྱོགས་ཁུག་རྟ་ནི་འགྲེལ་བཤད་མི་དགོས་པའི་མི་སྣ་ཞིག་ཡིན་ལ། སྲིད་སྐྱོང་ལ་ཉེས་འཛུགས་གཞི་མེད་རྐྱང་རྐྱང་བྱེད་པའི་མི་སྣ་ཞིག་ཡིན་པ་ཀུན་ལ་གྲགས་ཤིང་གྲུབ་པས་ཨ་མདོ་བ་མང་པོ་ཞིག་གིས འདི་འདྲ་བའི་སྐད་ཆ་དམར་པོ་རེ་བཤད་ནས་ཁོང་ལ་ཁ་ཏ་སློབ་གསོ་བྱས་རུང་བོང་གུའི་རྣ་བར་གསེར་བླུག་རང་རེད། ཉན་རྒྱུ་བཞག་ནས་འཕག་འཚག་རྒྱག་གི་རེད། ཤ་ཕྱོགས་ཁུག་རྟ་ལབ་དུས་འགྲེལ་བཤད་མི་དགོས་པའི་ཚོད་དུ་སླེབས་པའང་སྲིད་སྐྱོང་ལ་ཉེས་འཛུགས་བྱེད་པའི་དཀའ་དྲིན་ཁོ་ན་ཡིན་ཀྱང་ཁོས་བཀའ་དྲིན་ལ་བསམ་ཤེས་བྱེད་ག་ལ་ཤེས།
སྐུ་ངོ་ཐུབ་བསྟན་ལུང་རིགས་ཀྱིས་ཤ་ཕྱོགས་ཁུག་རྟ་སྤྱི་འཐུས་སུ་ལངས་པའི་རྒྱབ་སྐྱོར་གྱིས་འདི་སྐད་གསུངས་ཏེ་་་་་ཁོ་བ་ནི་༸གོང་ས་ཐམས་ཅད་མཁྱེན་པའི་བཞེད་དགོངས། བོད་དང་བོད་མིའི་ཕུག་ཕན་བཀའི་བླང་དོར་ལམ་སྟོན་ལ། རང་གི་འདི་དང་ཕྱི་མའི་༸སྐྱབས་གནས་ཉག་གཅིག་གི་དད་པ་དག་སྣང་ཙམ་གྱིས་མ་ཡིན་པར། བརྟག་ཅིང་དཔྱད་པས་ཀྱང་བོད་དང་བོད་མིའི་ཕུག་ཕན་དེ་བས་ལྷག་པ་ཞིག་མེད་པར་ངེས་པ་རྙེད་པའི་ཐོག ད་བར་སྤྱི་ཚོགས་ཀྱི་གླེང་སྟེགས་གང་སར། རང་དབང་གིས་འཇིགས་ཞུམ་མེད་པར་མགོན་པོ་གང་གི་བཀའི་ཕེབས་སྒོ་ཁག་ལ་མཐའ་གཅིག་ཏུ་ཉམས་ལེན་གུས་བཀུར་དང་།(སྐུ་ངོའི་མ་རྩོམ་ལ་ལྟ་འདོད་ན་འདི་ནོན)གསུང་དུམ་འདིར་བལྟས་ན་ཤ་ཁུག་གིས་༸རྒྱལ་བའི་བཞེད་དགོངས་རྟོགས་ཚུལ་དེ་གཞི་མེད་སར་ཉེས་འཛུགས་དང་། ཁུངས་མེད་སར་རྫུན་བཤད་པ་དེ་ཡིན་ནམ། ཡང་ན་དར་དམར་གནམ་ལ་འཕྱར་ནས་ངོ་རྒོལ་བྱེད་ཚུལ་དེ་བོད་མིའི་ཕུགས་ཕན་ལ་ངེས་པར་རྙེད་སྟངས་ཡིན། གྲོགས་གྲོགས་པོ་ཚུན་ཆད་སུན་དགོས་པའི་གཞི་མེད་སྐྱོན་འཛུགས་དང་ངོ་ཚ་ཞེལ་ཁྲེལ་མེད་པར་ཧམ་བཤད་དང་ངུ་ཟུག་དེ་དག་འཇིགས་ཞིམ་མེད་ཚུལ་དེ་ཡིན་ནམ། སྐུ་ངོའི་ཟབ་ཅིང་བརླིང་བའི་ཚིག་འབྲི་རེ་རེ་ཤ་ཁུག་གི་བྱེད་ངན་རྣམ་ཐར་བརྒྱ་རེ་བསྡུས་ཏེ་བྲིས་པ་ཡིན་ནམ་སྙམ་ལ། ད་དུང་སྐུ་ངོས་ཅི་ཞིག་གསུང་གྲབས་ཡོད་དམ།
ང་ཚོས་སྐུ་ངོ་ཐུབ་བསྟན་ལུང་རིགས་ངོ་མ་དེ་མཐོང་འདོད་ལ་ཟམ་གདོང་བླ་མའི་རྒན་ཕྲུག་ཡིན་རབས་དེ་ཉན་འདོད། ཟམ་གདོང་བླ་མ་དང་ཁ་ཁོག་གཉིས་ཀ་འདྲ་ཚུལ་དེ་ལྟ་འདོད། འོན་ཀྱང་ང་ཚོས་དེ་རིང་མཐོང་བའི་སྐུ་ངོ་ཐུབ་བསྟན་ལུང་རིགས་ནི་དེ་སྔར་གྱི་སྐུ་ངོ་ཐུབ་བསྟན་ལུང་རིགས་མ་ཡིན་པར། རྡ་སའི་མྱི་གྲལ་ལ་མི་ཚུད་པའི་མི་ཞིག་མདོ་སྨད་སྤྱི་འཐུས་སུ་རྒྱབ་སྐྱོར་བྱེད་པའི་ཐུབ་བསྟན་ལུང་རིགས་རེད། ཁ་སྤུ་རྫུན་མ་ཞིག་དང་ངོ་གདོང་རྫུན་མ་ཁུར་བའི་ཐུབ་བསྟན་ལུང་རིགས་རེད།
ད་ནི་སྐུ་ངོ་ཐུབ་བསྟན་ལུང་རིག་ཀྱང་བཟོ་བལྟ་ཤོར་འདུག སྔོན་མ་མི་སྒམ་ཚུགས་ཅིན་ཞིག་ཡིན་བསམས་རུང་། ད་འཁྱོག་པོའོ་ལམ་དུ་བཞུད་ཚར་འདུག ཕམ་པ་ལ། སྐྱོ་བ་ལ།
ཐུབ་བསྟན་ལུང་རིག་ཟེར་བའི་མི་དེས་བཙན་བྱོལ་བོད་གཞུང་གི་ཤེས་རིག་བཀའ་བློན་བྱས། ཤེས་ཡོན་ཐུར་ཤོར་བཟོས། བཀའ་ཁྲི་ཟམ་གདོང་གིས་བོད་མི་དམངས་ལ་དགོངས་དག་ཞུས། དེ་ནས་བཅའ་ཁྲིམས་་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་བྱས། བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏང་དགོས་ཅེས་པ་དེ་ཡང་ནག་བསུབ་བཏང་ཡོད། ཐུབ་ལུང་ཁུག་རྟ་ལས་ཀྱང་ནག་ཉེས་ཆེ་བའི་མི་ཡིན།
xxxx
ལམ་དབུ་མ་ང་ཚོས་འགྲེལ་བཤད་མི་དགོས་པར་ཀྲུང་གོས་སྔ་ཕྱི་གཉིས་ཀྱི་རྒྱབ་ཤ་དཀར་པོའི་དེབ་དེས་འགྲེལ་བཤད་ཟིན་པ་རེད་ལ། ལམ་དབུ་མའི་ངོ་གདོང་ཐང་ལ་བུད་ཚར་བ་རེད། འོན་ཀྱང་བཙན་བྱོལ་གྱི་སྲིད་དོན་ཚོང་པ་ཚོར་ཁེ་བཟང་ཞིག་མེད་ན། ནམ་ཞར་ཞར་ལ་ལམ་དབུ་མར་རྒོལ་མཁན་ཚོར་ཁ་བརྡུང་དྲག་པོ་གཏོང་ལ། མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་དགྲ་རུ་འཛིན་དགོས་པའི་རྒྱུ་མཚན་ཞིག་ཨེ་འདུག། འོ་ན་སྔ་ཕྱི་གཉིས་ཀྱི་རྒྱབ་ཤ་དཀར་པོའི་དེབ་དེ་གཉིས་ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་འཚུད་མེད་པ་དང་། ཏཱ་ལའི་བླ་མ་དང་བོད་ཐོག་འཛིན་པའི་གདུག་རྩུབ་རང་བཞིན་གྱི་སྲིད་ཇུས་མ་ཡིན་པ། ཏང་ཀྲུང་དབྱང་གི་བོད་ཀྱི་གནས་དོན་ཟེར་བ་ཞིག་ནམ་ཡང་གླེང་མྱོང་དང་གླེང་གི་མེད་པ་མ་ཡིན་པའི་སྒྲུབ་བྱེད་ཡང་དག་ཞིག་དབུ་མ་ཐལ་སྤྱོད་པ་ཚོས་བཏོན་རྒྱུ་ཞིག་ཨེ་ཡོད། གལ་ཏེ་ཡོད་ན་བཏོན་དགོས་པ་རེད་ལ་ལམ་དབུ་མའི་སྒྲུབ་འབྲས་གླེང་ས་དང་བཟང་རབས་རྒྱན་རབས་ཀྱི་སྲང་ལ་གཞལ་ས་གནས་དོན་འདིར་འཐུག་འདུག་པ་མ་ཟད། རང་བཙན་བཤད་ནས་ལམ་དབུ་མར་གནོད་པའི་དཔང་རྟགས་འཚོལ་ས་ཡང་འདི་རེད།
བློ་མཐུན་ཞོལ་གཡག་འབྲོང་རྒྱུད་ལགས་ཀྱི་གསུངས་པ་ལྟར་དེ་ག་རང་རེད། དབུ་མའི་ལམ་ཟེར་ན་དེ་འགྲུབ་ཡ་མེད་པའི་སྲིད་ཇུས་ཤིག་ཡིན་པར་ང་ཚོས་བློ་སེང་སྲིད་སྐྱོང་མ་བསླེབས་པའི་སྔོན་ནས་ལབ་ཡོད། ཡིན་ཀྱང་སྲིད་དོན་ཚོང་པ་ཚོ་དང་རྒྱ་ཚོང་པ་ཚོ་ཁ་མཐུན་བྱས་ནས་ཏང་གི་དཔོན་རིགས་ལྟ་བ་མཁྲེགས་འཛིན་ཅན་ཚོས་ཁས་མི་ལེན་པ་མ་གཏོགས་གུ་ཡངས་ཅན་ཚོས་ངོས་ལེན་བྱས་ཀྱི་ཡོད་མདོག་མདོག་གི་རྫུན་བཤད། བོད་མི་དམངས་མགོ་སྐོར་བྱས།
ཞིན་ཆིན་ཕིང་ཡང་ལྟ་བ་གུ་ཡངས་ཅན་ཡིན་རབས། སྐྱེས་དམན་ནང་པ་ཡིན་རབས། ཕ་དང་པན་ཆེན་གཉིས་འབྲེལ་ཆེ་རབས། རེ་བ་མདོག་མདོག་བཤད་ནས་ད་ལྟའི་བར་དུ་དུས་ཚོད་བསྐྱལ། དེང་སང་སྐད་ཆ་དེ་དག་གི་རྫུན་རྐུབ་གནས་ལུགས་ཀྱི་ངོས་ནས་བཏོན་ཚར་བ་རེད།
ཡིན་ཀྱང་རྫུན་གཏམ་དེ་དག་རྫུན་གཏམ་ཡིན་པར་ངོས་ལེན་བྱེད་མི་ནུས། ནོར་འཁྲུལ་དེ་དག་ནོར་ཡིན་པར་ངོས་ལེན་བྱས་མ་ནུས་ནས་ནོར་འཁྲུལ་ཐོག་ཏུ་ནོར་འཁྲུལ་བརྕེགས་ནས་བོད་མི་རིགས་ཀྱི་ལས་དབང་རླུང་ལ་སྐུར་བཞིན་ཡོད། བོད་མི་དམངས་ཀྱིས་ཤེས་དགོས་པ་གལ་ཆེན་རེད།
ཤར་ཁུག་ལ་འོས་གཅིག་ཡོད།
སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ནས་ཤར་ཁུག་ལ་རྒྱབ་སྐྱོར་བྱས་པར་ཧ་གང་ཡང་ལས་མ་སོང་། གང་ཡིན་ཟེར་ན། ང་ལ་མཚོན་ན། ཁོང་སྔར་བཀའ་བློན་ཡིན་པའི་སྐབས་ནས་ངོ་ཤེས་ཀྱི་ཡོད་ཙང་ཡིན། ཡིན་ནའང་ད་ལན་ཕྱི་གསལ་ནང་གསལ་བྱས་ནས་ཁ་གྲག་པ་ཡག་པོ་རེད།
སྤྱིར་བཏང་དྲང་པོ་བཤད་ན། མདོ་སྨད་པ་ཡིན་མིན་ལ་རྩོད་པ་ཡོད་མཁན་དང་། མདོ་སྨད་པའི་མནའ་མ། རུས་པའི་ཕྱེད་མདོ་སྨད་པ་ཡིན་པ་དེ་འདྲ་མདོ་སྨད་སྤྱི་འཐུས་ལ་ད་བར་མང་པོ་ཞིག་བསྐོས་ཡོད་པ་དེ་ཚོ་ལས། གང་ལྟར་ཆེ་མཐོང་དང་། གུས་བཀུར་འོས་པའི་མི་ཤེས་འཇོན་ནུས་གསུམ་ཡོད་མཁན་རེ་བསྐོ་རྒྱུ་རག་མིན་ཇི་ལྟར་ཡང་། མདོ་སྨད་སྤྱི་འཐུས་ལ་མདོ་སྨད་པ་རྩོད་མེད་རེ་སླེབས་ཐུབ་ན་ཡག་པོ་རེད། ཤར་ཁུག་ནི་མདོ་སྨད་པ་གཙང་མ་ཞིག་ཡིན་པ་ཡོད། མ་རེད་པས། མ་རེད་པས། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། ཧཧཧཧཧཧ
ད་ཡང་ན་ཚ་གསར་པ་ཞིག་སླེབས་འདུག་ཨ། མདོ་སྨད་ཕྱེད་ཀ་དེ་འདྲ་མང་པོ་ཡོད་ཟེར་ཀི་འདུག་གདའ། ད་ཤ་རུས་བརྟག་དཔྱད་བྱ་རྒྱུ་དུས་ལ་སླེབས་མིན་ནམ། ཧཧཧཧཧཧཧ་་་་་་་་་་
ཤར་ཁུག་མི་གཤིས་དང་བོད་ཞེན་གྱི་ཆ་ནས་མདོ་སྨད་ཀྱི་སྤྱི་འཐུས་སླེབ་རྒྱུར་མོས་མཐུན་རྩ་ནས་མེད། འོན་ཀྱང་སྐབས་འཚོལ་གྱིས་འཇོན་རྒྱུ་ཡོད་འདོག་དང་སྒེར་དོན་གྱིས་གཞན་ལ་སྒྲོ་སྐུ་ཚོད་མེད་བཟོ་བཞིན་པར་རྟེན་སྤྱི་འཐུས་སུ་སླེབས་ན་ཡག་པོ་ཡོད་རྒྱུ་རེད། དཔེར་ན་དེ་སྔོན་ཨ་མདོ་བ་བསྟན་འཛི་མགོན་པོས་ཟམ་གདོང་བླ་མར་སྐྱོན་འཛུགས་ཚོད་མེད་བྱས་ནས་མདོ་སྨད་ཚང་གི་སྤྱི་འཐུན་སླེབས་པ་རེད། ཁོ་པ་སྤྱི་འཐུན་སླེབས་ནས་ཟམ་གདོང་ལ་ཚིག་ཁམ་གཅིག་གིས་སྐྱོན་འཛུགས་མ་ཐུབ་པ་རེད། མཐའ་མ་ཁོང་སྤྱི་འཐུན་ཕར་ཟད། མིའི་མཚན་ཉིད་ཚང་བའི་རྣམ་དཔྱད་དེ་ཡང་བོར་སོང་བ་རེད། ཤར་ཁུག་ཡང་དེ་བཞིན་ལས་འགྲོ་ས་ཡོག་ནི་མ་རེད། མདོ་སྨད་པ་ཚང་གི་ཐོན་ཡོང་གིན་འདུག་གོ།
ད་ཡང་སྐྱག་པས་རྐུབ་བཀྱགས་འདུག་ག་ཧཧཧ
གནམ་སྔོན་པོ་མ་དགའ་ཐེད་ཀྱང་རུང་། །འབྲུག་ཕོ་ཆུང་མ་དགའ་ལྷུང་སོང་རུང་། །དཔའ་འཛུམ་དྲུག་ཉིལ་ལེར་ཆས་ཤིག་སྟེ། །ངས་ལོ་ཆང་བདུད་རྩིའི་མཆོད་ཅིག་འདེག །
སྐུ་ངོ་ལ་བློ་རིགས་འདི་ཙམ་ལས་མེད་པ་ཞིག་ནམ་ཡང་བསམ་མ་མྱོང་། ངོ་མ་ད་ཡིན་ན་མི་ཆེ་ཚོ་ཐུར་དུ་འགྲོ་འགོ་ཚུགས་ཀྱི་འདུག
ཤར་ཕྱོགས་ཁུག་རྟ་འམ་བློ་བཟང་ཆོས་འབྱོར་སྤྱི་འཐུས་ལ་ལངས་རྒྱུར་རྒྱབ་སྐྱོར་ཡོད། ལྷག་ཏུ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་ཀྱང་ཚད་མཐོར་ངོས་འཛིན་དང་མ་འོངས་པར་བོད་དོན་ཕྱག་ལས་གནང་མཁན་ཡག་པོ་ཞིག་ཡོང་བར་རེ་བ་ཆེན་པོ་གནང་བཞིན་པ་ལ་ལྟོས་ན་ཚད་ལྡན་ཞིག་ཡོང་བར་ཐེ་ཚོམ་མི་འདུག། དེར་བརྟེན་མདོ་སྨད་པ་ཡོངས་ཀྱིས་རྒྱབ་སྐྱོར་ཡོང་རྒྱུ་རེ་སྐུལ་ཞུ།
xxxxx ཤར་ཕྱོགས་ཁུག་རྟ་ངེས་པར་དུ་སྤྱི་འཐུས་ལ་སླེབས་ཐུབ་པ་བྱེད་དགོས། ཆིག་སྒྲིལ་ཟེར་ན་ཕྱོགས་ཚང་མ་ནས་ཤུགས་རྒྱག་དགོས་རེད་མ་གཏོགས་ཕྱོགས་གཅིག་ག་ནས་ཡིན། འཐེན་འཁྱེར་དང་ཕྱོགས་རིས་བྱས་ནས་རྩོད་པ་རྒྱག་དགོས་རེད། ཉིན་མ་གཅིག་ཕར་ཚུར་ཚང་མ་ཐང་ཆད་པའི་དུས་ཤིག་ཤར་ཡོང་དུས་གཞི་ནས་ཆིག་སྒྲིལ་ཟེར་བ་དེ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་རེད་ལ། དེ་དུས་གཞི་ནས་ཆིག་སྒྲིལ་ཡོང་གི་རེད། དེ་མིན་ཆིག་སྒྲིལ་གཏོར་མཁན་གཏེ་བོ་ཚོས་ཆིག་སྒྲིལ་ཡོང་དགོས་ཟེར་བ་དེར་ངོ་ཚ་གང་ཡང་མི་འདུག ང་ཤར་ཕྱོགས་ཁུག་རྟ་མཐོང་ན་གཡོལ་ནས་འགྲོ་གི་ཡོད་ལ། གྲིབ་མའང་རྒྱག་གི་བཅུག་གི་མེད་ཀྱང་ད་ཐེངས་ངས་ཤར་ཕྱོགས་ཁུག་རྟར་འོས་ཤོག་གཅིག་འཕེན་གྱི་ཡིན། སྤྱི་འཐུས་སུ་སླེབས་ན་མགོ་སླ་པོ་མི་བྱེད་པར་མི་འདི་ཚོར་ཁ་གཏད་ལྕོགས་དགོས། ཡིན་ནའང་ངས་འོས་ཤོག་འཕངས་པ་དེ་ང་ཁྱོད་ལ་དགའ་བོ་ཡོད་པ་ཞིག་གཏན་ནས་མིན། གང་ལྟར་ཁྱོད་ཀྱིས་མི་འདི་ཚོར་རྒོལ་བའི་བློ་རིག་དང་སྙིང་སྟོབས་ཡོད་པ་དེས་ཡིན།
བཀའ་ཟུར་ཐུབ་བརྟན་ལུང་རིག་ནས་འོས་བསྡུའི་སྒྲིག་གཞི་ཡག་པོ་ཤེས་ཀྱི་ཡོད་ས་མ་རེད་།
དང་པོ་ཤར་ཁུག་མདོ་སྨད་སྤྱི་འཐུས་ལ་ལང་གི་ཡོད་པ་ཙམ་ལས་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་མ་རེད་།
གཉིས་པ་འོས་བསྡུ་དེ་གསང་བའི་འོསྈབསྡུ་རེད་།
ང་ཁོ་ལ་རྒྱབ་སྐྱོར་ཡོད་ཟེར་ནས་ཁྲོམས་གྲགས་ཆོག་གི་མ་རེད་།
བཞི་པ་གོང་ས་མཆོག་གི་མཚན་བེད་སྤྱད་དེ་ནོར་བ་རེད་།
ལྔ་པ་འཛིན་སྐྱོང་བཀའ་ཤག་གི་གནས་དབྱུང་བཏང་བའི་མི་ཞིག་ལ་གོང་ས་མཆོག་གི་མཚན་བེད་སྤྱད་ནས་འོས་ཐོབ་ཐབས་བྱེད་པ་བཀའ་ཟུར་དང་ཚོགས་གཞོན་ཟུར་པ་བོད་མི་མང་སྤྱི་འཐུས་ལས་ཐོག་གི་གནང་སྟངས་དེ་དག་འོས་བསྡུའི་སྒྲིག་གཞི་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐོག་ཞིབ་འཇུག་ནན་པོ་གནང་དགོས་།
སྤྱི་འཐུས་ལང་མཁན་ལ་ཆོལ་ཁ་འདྲེས་པ་མང་པོ་བདུག་ལ་སྲིད་སྐྱོང་ལང་མཁན་ནང་ཆོལ་ཁ་བདྲེས་པའི་ཤག་ཚ་མང་པོ་འདུག་ཧ་གོ་སོང་ངམ།
དངོས་གནས་དྲང་གནས་རྒྱུ་མཚན་ཡག་པོ་ཞེ་དྲག་བཀོད་འདུག་པས་དགའ་གུས་ངང་ནས་རྒྱབ་སྐྱོར་ཞུ་བ་ཡིན།