བོད་ཀྱི་དུས་བབ་ནས་དྲངས།
ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་སྲིད་སྐྱོང་འོས་མིའི་ཆེད་དམིགས་བཅར་འདྲི་བྱེད་སྐབས། ཁོང་ལ་སྲིད་སྐྱོང་རྒྱལ་ཁ་འཐོབ་པ་ཡིན་ན། དབུ་མའི་ལམ་གྱི་གཞི་རིམ་མི་མང་གི་བསམ་བློར་འགྱུར་བ་བཏང་ཚར་བ་ཡིན་སྟབས། ཁྲིམས་དང་སྒྲིག་གཞིའི་ཡིག་ཆར་འགྱུར་བ་གཏོང་རྒྱུ་ལས་སླ་ཤོས་ཡིན་སྐོར་བརྗོད་བྱུང་།
དྲི་བ། ཐོག་མར་ཁྱེད་༢༠༡༦ ལོའི་སྲིད་སྐྱོང་འོས་མིར་དང་བླང་ཐོག་ནས་ལངས་པ་དེ་རྐུབ་བཀྱག་གི་ཆེད་དུ་མིན་པར་རང་བཙན་གྱི་ཆེད་དུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་ལྟར། དེའི་དམིགས་ཡུལ་དང་རྒྱབ་ལྗོངས་ག་རེ་ཡིན་ནམ།
ལན། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྐུབ་བཀྱག་འདི། ལོ་རྒྱུས་ཤིག་གི་ཐོག་ནས་བཤད་ན། ཆབ་སྲིད་ཀྱི་སྡིངས་ཆ་དང་ཆབ་སྲིད་པའི་རྐུབ་བཀྱག་ཅིག་རེད། ངས་འདི་ངོ་བོ་ཐོག་ནས་བཤད་ན་འདི་དབང་ཆའི་རྐུབ་བཀྱག་ཅིག་མིན་པར་འཐབ་རྩོད་བྱེད་སའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་དཔོན་པོ་འཁྲབ་ས་ཞིག་མ་རེད། ང་ཚོའི་འཐབ་རྩོད་ཀྱི་ཆབ་སྲིད་ལས་འགུལ་སྤེལ་སའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། རྩ་བའི་ཆ་ནས་རྐུབ་བཀྱག་གི་ཆེད་དུ་མིན་ཞུ་རྒྱུ་མ་ཟད། མ་གཞི་ནས་ངས་རྐུབ་བཀྱག་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། དམིགས་ཡུལ་དང་རྒྱབ་ལྗོངས་ཀྱི་ཐོག་ནས་བཤད་ན། ང་ཡིན་ན་རང་བཙན་གྱི་དམིགས་ཡུལ་འཁྱེར་ནས་རྐུབ་བཀྱག་འདིའི་ཐོག་ལ་ལང་གི་ཡོད་པ་རེད། རྒྱབ་ལྗོངས་ཀྱི་སྒང་ནས་བཤད་ན་ང་ཚོ་བོད་རང་དབང་རང་བཙན་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དེའི་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་ཚེ་སྲོག་བློས་བཏང་ཡོད་སྟབས། ང་ཚོས་བོད་རང་བཙན་ལེན་དགོས་པ་ནི་ལོ་རྒྱུས་ཀྱི་འོས་འགན་ཆགས་ཡོད་པ་རེད།
དྲི་བ། ཁྱེད་ལ་སྲིད་སྐྱོང་གི་འོས་མི་གཞན་ལས་ལྷག་པའི་ནུས་པ་དང་འཇོན་ཐང་ག་རེ་ཡོད།
ལན། ང་ལ་སྲིད་སྐྱོང་གི་འོས་མི་གཞན་ལས་ལྷག་པའི་འཇོན་ཐང་དང་ནུས་པ་ག་རེ་ཡོད་མེད་ངས་གསལ་པོ་ཞིག་བཤད་ཐུབ་ཀྱི་མི་འདུག ང་ལ་སྲིད་སྐྱོང་གི་འོས་མི་གཞན་ལས་མ་འདྲ་བའི་ལངས་ཕྱོགས་དང་ལྟ་བ་གསར་པ་ཞིག་ཡོད་པ་དེ་ངས་གལ་ཆེན་པོ་རེད་བསམ་གྱི་ཡོད། ངས་བརྒྱུད་ལམ་ཁག་ལ་འདི་ལྟར་བཤད་ཀྱི་ཡོད། སྲིད་སྐྱོང་གི་འོས་མི་གཞན་པ་ཆ་ཚང་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་མཁན་གྱི་སྒོག་པ་བཙོང་མཁན་ཞིག་དང་། ང་ནི་ཚྭ་བཙོང་མཁན་ལྟ་བུ་ཞིག་ཡིན་སྟབས། འདི་གཉིས་ངོ་བོའི་ཆ་ནས་མ་འདྲ་བ་རེད། ང་ཚོས་གལ་ཆེ་ཤོས་དེ་འཇོན་ཐང་གི་ཆ་ནས་བཤད་ན། ཁྱབ་ཁོངས་སོ་སོར་མི་རང་ཉིད་ལ་དཔག་པའི་ནུས་པ་དང་འཇོན་ཐང་དེ་འདྲ་ཡོད་སྲིད་པ་ཞིག་ཡིན་ཡང་། ད་ལྟ་རྒྱ་ཆེའི་མི་མང་གིས་ཧ་གོ་དགོས་པ་ཞིག་ལ་ང་ཚོའི་ངོ་བོ་དང་ལངས་ཕྱོགས་འདྲ་ཡི་མེད་པ་འདི། ངས་འཇོན་ཐང་ལ་བརྩི་གི་མེད་ཀྱང་། ང་རང་ལ་ཆ་བཞག་ན་འདི་ངའི་ཁྱད་ཆོས་ཟེར་ནའང་མ་འགྲིག་པ་གང་ཡང་མེད།
དྲི་བ། ཁྱེད་ཀྱིས་བཀའ་ཤག་སྐབས་ ༡༤ པའི་རིང་འཐུས་ཤོར་དང་སྲིད་བྱུས་འཛིན་སྟངས་ཐད་ནོར་འཁྲུལ་ག་རེ་ཤོར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
ལན། བཀའ་ཤག་སྐབས་ ༡༤ པས་སྤྱིར་བཏང་གྲུབ་འབྲས་གང་ལ་གང་འཚམ་ཐོན་ཡོད་ཀྱང་། ནོར་འཁྲུལ་ཆེ་ཤོས་ག་རེ་ཤོར་ཡོད་རེད་ཟེར་ན། ཁོ་ཚོས་ནོར་འཁྲུལ་ཤོར་བར་ཁས་ལེན་བྱེད་རྒྱུའི་སྤོབས་པ་དང་ངོས་ལེན་བྱེད་རྒྱུའི་བློ་ཁོག་མེད་པ། སྔོན་མ་ནས་མ་དག་རྒྱུན་འབྱམས་ཀྱི་ལམ་ཁ་ཞིག་ཐོག་འགྲོ་བསྡད་ཡོད་པ་དེར། ལེགས་བཅོས་བྱེད་རྒྱུའི་ནུས་པ་དང་བློ་སྟོབས་མེད་པ་མ་ཟད། སོ་སོས་ནོར་འཁྲུལ་བྱུང་བར་ངོས་འཛིན་བྱེད་མ་ཐུབ་པ་དེ་ནོར་འཁྲུལ་ཆེ་ཤོས་རེད་བསམ་གྱི་འདུག སྲིད་སྐྱོང་བློ་བཟང་སེང་གེ་ཡར་བསླེབས་པ་ནས་བཟུང་སྟེ། ཁོང་གིས་གསར་གཏོད་དང་རང་ཁ་རང་གསོ། རྡོག་རྩ་ཆིག་སྒྲིལ་བྱེད་ཀྱི་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན་ཟེར་བ་ལ་སོགས་པའི་བསྒྲགས་གཏམ་མང་པོ་ཞིག་སྤེལ་བ་དག་བསྒྲུབ་ཐུབ་ཀྱི་མེད་པ་དེ། མང་ཚོགས་ལ་ཕྱི་གསལ་ནང་གསལ་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་གལ་ཆེ་ཤོས་རེད་བསམ་གྱི་ཡོད་ཀྱང་། དེ་མ་བྱས་པར་སོ་སོའི་ནོར་འཁྲུལ་འགེབ་ཆེད་ནོར་འཁྲུལ་ཤོར་བ་དག་ལ་མུ་མཐུད་བསྐྱར་དུ་འགྲེལ་བཤད་བརྒྱབ་ཏེ། ཡག་པོ་བཟོ་གི་ཡོད་པའི་བཟོ་འདྲ་པོ་བྱེད་བཞིན་ཡོད་པ་དེ་འགྲིག་གི་ཡོད་མ་རེད་བསམ་གྱི་འདུག
སྤྱིར་བཏང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་བྱེ་བྲག་སྒང་ནས་འཐུས་ཤོར་མང་པོ་ཞིག་འགྲོ་བསྡད་ཡོད་པ་རེད། དེ་སྔོན་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་བཙན་བྱོལ་ནང་གི་རྩིས་རྙོག་མང་པོ་ཞིག་བཏོན་པ་དེ་ཚོར། ཁ་ཡོད་ལག་ཡོད་ཀྱིས་ཐག་གཅོད་བྱེད་མ་ཐུབ་པ་དང་། སྔོན་མ་གནད་དོན་མང་པོ་ལྷགས་བསྡད་ཡོད་པ་དག་ལ་གསལ་ཁ་བཏོན་མ་ཐུབ་པ་མ་ཟད། སོ་སོར་གྲུབ་འབྲས་ཕྲན་བུ་བྱུང་བ་དེ་རྒྱ་ཆེའི་མི་མང་ལ་ཧ་ཅང་གིས་དྲིལ་བསྒྲགས་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་སོགས་ནི་ནོར་འཁྲུལ་རེད་བསམ་གྱི་ཡོད། ད་ལྟ་ནོར་འཁྲུལ་ཆེ་ཤོས་ག་རེ་མཐོང་གི་འདུག་ལབ་ན། སྲིད་སྐྱོང་བློ་བཟང་སེང་གེས་ཁོ་རང་གི་ཁྱད་ཆོས་དང་ངོ་བོ་མཚུངས་པའི་ཕྱག་ལས་ཤིག་གནང་ཐུབ་པ་ཡིན་ན། རྒྱ་ཆེའི་མི་མང་གིས་ཏན་ཏན་གྱིས་དང་ལེན་བྱེད་སྲིད་མོས་ཀྱང་། ཁོ་རང་གིས་དེ་མ་བྱས་པར་སྔོན་མ་ག་རེ་ཡིན་པ་དེའི་ངོ་བོར་ཁོ་རང་ཕར་འགྱུར་སོང་བ་མ་ཟད། སོ་སོས་འབུར་དུ་ཐོན་པའི་ལས་ཀ་བྱེད་མ་ཐུབ་པ་དེ་ནོར་འཁྲུལ་ཆེ་ཤོས་རེད་བསམ་གྱི་ཡོད།
དྲི་བ། བོད་རྒྱ་འབྲེལ་མཐུད་བྱེད་མ་ཐུབ་པར་ལོ་ཤས་སོང་ཡོད་སྟབས། གལ་སྲིད་ཁྱེད་རང་ལ་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་པ་ཡིན་ན། འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐབས་ཤེས་གང་ཡོད།
ལན། ངས་བོད་རྒྱ་འབྲེལ་མོལ་ཟེར་བ་དེ་ཡོང་ཐུབ་པར་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། ད་ལྟ་བོད་རྒྱ་འབྲེལ་མོལ་གྱི་རྨང་གཞི་ཁོ་རང་སྒང་ནས་བཤད་པ་ཡིན་ཡང་། འདི་རྒྱ་ནག་གི་འགན་ཁུར་ཆགས་ཡོད་པ་པ་མ་ཟད། ང་ཚོས་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞིའི་འོག་ལ་འགྲོ་གི་ཡིན། མི་རིགས་ས་གནས་རང་སྐྱོང་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་ཟེར་བའི་ལམ་ཁ་དེ་ཚོའི་གྲས་འདི། ངས་ལམ་ཁ་ཡག་པོ་ཞིག་མིན་པ་མ་ཟད་ཉེན་ཁ་ཚ་པོ་ཞིག་ཡིན་པ་མཐོང་གི་ཡོད་སྟབས། གལ་སྲིད་ང་སྲིད་སྐྱོང་ཆགས་པ་ཡིན་ན། ད་ལྟ་ང་ཚོས་རྩོད་བཞིན་པའི་མི་རིགས་ས་གནས་རང་སྐྱོང་གི་རྩ་ཁྲིམས་ཀྱི་ཁྲིམས་སྒྲིག་གཞིར་བཟུང་སྟེ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་གི་མེད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་ང་ཚོས་གནོན་ཤུགས་སྤྲད་དགོས་ས་ཞིག་དང་ཁ་གཏད་གཅོག་ས་ཞིག་རེད་མ་གཏོགས། ཆེས་ངན་ལམ་ཤོར་དེའི་འོག་འགྲོ་བསྡད་པ་ཡིན་ན། རྩ་བ་ཉིད་ནས་འགྲིག་གི་མེད་པ་རྒྱ་ཆེའི་མི་མང་ལ་གསལ་བཤད་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག
དྲི་བ། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་སྒྲིག་གཞིར་བསྒྱུར་བཅོས་གཏང་དགོས་པ་གང་དག་མཐོང་གི་ཡོད།
ལན། ངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་སྒྲིག་གཞི་ཙམ་མིན་པར། ལས་དོན་བྱེད་ཕྱོགས་ཀྱི་ངོ་བོར་ཏན་ཏན་བསྒྱུར་བ་གཏོང་དགོས་པ་རེད་བསམ་གྱི་འདུག དཔེར་ན། གྲོས་ཚོགས་ལ་ཆ་བཞག་ན་གྲོས་ཚོགས་ལམ་ལུགས་འདི་ཆབ་སྲིད་ཀྱི་ཚོགས་པ་ཡོད་པ་ཞིག་ཏུ་འགྱུར་ཐུབ་མིན་སོགས་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད། ང་ཚོའི་འགྱུར་བ་ཆེ་ཤོས་དེ་ག་རེ་རེད་ཟེར་ན། དབུས་བོད་མིའི་སྒྲིག་འཛུགས་འདིས་རྒྱལ་ཁབ་ལ་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་ཐོག་ནས་བཤད་ན། ང་ཚོས་ཕྱོགས་ཡོངས་ནས་ལམ་ཁ་ལ་བསྐྱར་ཞིབ་བྱས་ནས་བདག་དབང་བསྐྱར་གསོའི་ལམ་བུར་བསྐྱོད་དགོས་རེད་མ་གཏོགས། འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་རྩོད་མཁན་གྱི་སྡེ་ཚན་འདྲ་པོ་བྱས་ནས་ཕྱིན་པ་ཡིན་ན་དེ་རྩ་བ་ཉིད་ནས་འགྲིག་གི་ཡོད་མ་རེད། ང་ཚོའི་འཐབ་རྩོད་འདི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལས་ལྷག་པའི་འཐབ་རྩོད་ཅིག་ཡིན་སྟབས། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཙམ་མིན་པར་ཁྲིམས་སྒྲིག་གི་རྒྱབ་ལྗོངས་ལ་འགྱུར་བ་བཏང་སྟེ། ང་ཚོས་ལས་ཀ་བྱེད་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་རེད་བསམ་གྱི་འདུག
ཁྲིམས་སྒྲིག་གཞི་ལ་ཆ་བཞག་ན་ཞིབ་ཕྲའི་ཐོག་ནས་བསྒྱུར་བཅོས་གཏོང་དགོས་པ་མང་པོ་ཞིག་ཡོད་སྟབས། ང་ཚོས་སྐབས་དང་བསྟུན་ནས་བྱེད་དགོས་པ་རེད་བསམ་གྱི་འདུག སྲིད་བྱུས་ཐོག་ནས་འགྱུར་བ་གཏོང་དགོས་པ་དེ་དབུ་མའི་ལམ་ལ་བསྐྱར་ཞིབ་བྱས་ནས་རང་བཙན་ཕྱོགས་སུ་འགྱུར་དགོས་པ་ལ་སོགས་པའི་ལས་ཀ་མང་པོ་ཞིག་ཡོད་ཀྱང་། དེ་ཚོ་སྐབས་དང་དུས་སུ་གྲོས་ཚོགས་ཚོགས་ཏེ་རིམ་པ་བྱས་ནས་བཤད་དགོས་རེད་མ་གཏོགས། རྒྱ་ཆེའི་མི་མང་གིས་མང་ཚོགས་རང་བཞིན་གྱི་བརྒྱུད་ལམ་གཅིག་གི་ཐོག་ནས་འདིར་ཐག་གཅོད་བྱེད་ཐུབ་ཐབས་མེད་སྟབས། ཁྲིམས་འཆར་གྱི་ངོ་བོ་ཐོག་ནས་འགྱུར་བ་གཏོང་དགོས་པ་རེད། ངས་གོང་དུ་ཞུས་པ་ལྟར་ད་ལྟའི་ལས་ཀ་བྱེད་སྟངས་འདི་མིན་པ་ཞིག་བྱེད་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ང་སྲིད་སྐྱོང་ཆགས་པའི་ཉིན་ནས་བཟུང་སྟེ་ཁྲིམས་དང་སྒྲིག་གཞི་ལ་ཏན་ཏན་གྱི་འགྱུར་བ་འགྲོ་གི་རེད།
དྲི་བ། ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་རེད། མ་འོངས་པར་ཁྱེད་རང་སྲིད་སྐྱོང་ཆགས་པ་ཡིན་ན་བཞེངས་ཕྱོགས་དེར་འགྱུར་བ་གཏོང་རྒྱུ་ཡིན་ནམ། ཡང་ན་མུ་མཐུད་དབུ་མའི་ལམ་གྱི་ཐོག་འགྲོ་རྒྱུ་ཡིན།
ལན། ང་རང་བཙན་གྱི་ལྟ་བ་འཁྱེར་ནས་ལངས་ཀྱི་ཡོད་སྟབས། དབུ་མའི་ལམ་ལ་ཏན་ཏན་འགྱུར་བ་གཏང་དགོས་ཀྱི་རེད། དབུ་མའི་ལམ་ལ་འགྱུར་བ་གཏོང་སྐབས་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་གདོང་ལེན་བྱེད་དགོས་པ་སྣ་ཚོགས་ཡོད་པ་རེད། ང་འདྲ་པོ་ཞིག་སྲིད་སྐྱོང་ལ་མང་མོས་ཐོག་ནས་འཐོབ་པ་ཡིན་ན། དེས་དབུ་མའི་ལམ་གྱི་གཞི་རིམ་མི་མང་གི་བསམ་བློར་འགྱུར་བ་བཏང་ཚར་བ་རེད། དེ་ལས་ལྷག་པ་ཁྲིམས་དང་སྒྲིག་གཞིའི་ཡིག་ཆ་ཡིན་སྟབས། དེའི་འགྱུར་བ་དེ་ལས་སླ་ཤོས་རེད་བསམ་གྱི་འདུག ངས་ད་ལྟའི་སྐབས་ལ་འགྱུར་བ་གང་ཞིག་གཏང་དགོས་པ་རེད་ཟེར་ན། ང་ཡར་ལངས་ནས་མི་མང་གི་བསམ་བློར་འགྱུར་བ་གཏོང་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། འགྱུར་བ་དེ་ཐེབས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་ནས་འགྲོ་དགོས་པའི་རྒྱུ་མཚན་ཡོད་མ་རེད། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱེད་མིན་ནི། བོད་པ་རང་ལ་རག་ལུས་མེད་པ་མ་ཟད། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡ་ལན་བྱེད་ཀྱི་མེད་པ་སོགས་ཀྱིས་ཏན་ཏན་འགྱུར་བ་གཏོང་དགོས་པ་ཆགས་ཀྱི་རེད། ང་ཡར་ཐོབ་པ་དེ་རྒྱ་ཆེའི་མི་མང་གིས་མང་མོས་བྱས་ནས་ཐོབ་ཡོད་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྲིད་བྱུས་གང་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་ཀྱང་། མི་མང་གིས་མངོན་འདོད་ལྟར་གྲོས་ཚོགས་འཐུས་མི་ཚོའི་མདུན་ཅོག་སྒང་ལ་བཞག་ཡོད་སྟབས། ངས་འགྱུར་བ་གཏོང་དགོས་ཡོད་པ་མ་ཟད། འགྱུར་བ་གཏོང་རྒྱུ་སྟབས་བདེ་པོ་ཡོད་རེད་བསམ་གྱི་འདུག
དྲི་བ། ཁྱེད་ཀྱིས་མི་སྒེར་ཞིག་གི་ངོས་ནས་བཤད་ན་དད་པ་ཟེར་བ་དེ་ཧ་ཅང་གལ་ཆེན་ཡིན་ཡང་། རྒྱལ་ཁབ་ཅིག་ལ་མཚོན་ན་དད་པ་ལས་ཀྱང་གལ་ཆེ་བ་ནི་དམངས་གཙོ་རེད་ཅེས་དང་། དེ་བཞིན་དད་པ་ལོག་སྤྱོད་ལ་ངོ་རྒོལ་ཞེས་པ་དེ་ཚོར་དཔེ་མཚོན་གྱི་ཐོག་ནས་འགྲེལ་བཤད་ཅིག་རྒྱོབས་དང་།
ལན། ངས་དད་པ་ཟེར་བ་དེ་གང་ཟག་སྒེར་གྱི་བྱ་སྤྱོད་ཞིག་ཡིན་པ་ཡང་ཡང་ལབ་ཀྱི་ཡོད། གང་ཟག་སྒེར་པ་ཞིག་གིས་ཆོས་ལུགས་ག་རེ་ལ་དད་པ་བྱེད་མིན་དེ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བསྒྲགས་གཏམ་རིམ་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལའང་འཁོད་ཡོད་ཀྱང་། ང་ཚོའི་དཀའ་ངལ་ཆེ་ཤོས་དེ་དད་པ་བེད་སྤྱོད་ལོག་པ་བཏང་སྟེ། སྤྱི་ཚོགས་ནང་ལ་སོ་སོའི་ལྟ་ཕྱོགས་མི་མཐུན་པའི་ཁྱབ་ཁོངས་ནང་ལ་དཀའ་ངལ་བཟོ་གི་ཡོད་པ་རེད། ད་ལྟ་ངས་དད་པ་ལོག་སྤྱོད་ཀྱི་དཔེ་མཚོན་མང་པོ་ཞིག་བགྲང་པ་ཡིན་ན། ང་ཚོས་ཁ་ཡར་བསྒྲགས་མར་བསྒྲགས་ག་རེ་བྱས་ཀྱང་༧སྐྱབས་མགོན་རིན་པོ་ཆེའི་མཚན་བེད་སྤྱོད་བཏང་སྟེ། སྲིད་དོན་པ་ཚོས་སོ་སོའི་ཁེ་བཟང་བསྒྲུབ་པ་འདི་དད་པ་ལོག་སྤྱོད་ཀྱི་དཔེ་མཚོན་ཆེ་ཤོས་ཆགས་ཀྱི་ཡོད་པ་རེད། དད་པ་ནི་བག་ཆགས་ཀྱི་གནད་དོན་ཞིག་ཡིན་སྟབས། མི་མང་གིས་བག་ཆགས་གཏིང་ཟབ་པོ་ཡོད་པའི་རྒྱུ་མཚན་དེ་རིགས་བེད་སྤྱོད་བཏང་སྟེ། ང་ཚོས་ལྷ་དང་འདྲེ་ཡི་ཁྱབ་ཁོངས་ལ་འདྲ་མི་འདྲ་བཤད་བསྡད་པ་དེ་ཚོའི་རིགས་ཏེ། ངས་བལྟས་པ་ཡིན་ན་ཏན་ཏན་དད་པ་ལོག་སྤྱོད་ཀྱི་ཁོངས་རེད་བསམ་གྱི་འདུག དད་པ་ལག་སྤྱོད་ཟེར་བ་འདི་འགྲོ་བ་མིའི་རིགས་ཀྱི་དད་མིན་གྱི་ཁྱབ་ཁོངས་ལ་ཞིབ་འཇུག་བྱས་ནས་དེ་ལ་ངོ་རྒོལ་བགྱིས་ལབ་ཀྱི་ཡོད་པ་མ་རེད། དད་པ་བེད་སྤྱོད་བཏང་ནས་སྤྱི་ཚོགས་དཀྲུགས་བསྡད་པའི་རིགས་ལ་དད་པ་ལོག་སྤྱོད་ལབ་དགོས་པ་རེད།
དྲི་བ། དེ་སྔོན་ཁྱེད་ཀྱིས་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་པ་ཡིན་ན། ལས་ཀ་དང་པོ་དབུས་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ལ་ཕྱིར་འགྱུར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད་སྟབས། མ་འོངས་པར་འགྱུར་བ་གཏང་བ་ཡིན་ན་རྒྱ་གར་གཞུང་གིས་གཙོས་བོད་རྒྱ་ཆེའི་མི་མང་གི་ངོས་ནས་དང་ལེན་བྱེད་སྲིད་དམ།
ལན། ངས་རྒྱ་གར་གཞུང་གིས་འདི་ལ་གནོན་ཤུགས་ཤིག་སྤྲད་ཀྱི་རེད་བསམ་གྱི་མི་འདུག རྒྱ་གར་གཞུང་གིས་བོད་གཞུང་ངོས་ལེན་གང་ཡང་བྱས་ཡོད་པ་མ་རེད། རྒྱ་གར་གཞུང་ལ་ཁྲིམས་ཐོག་ནས་དེབ་སྐྱེལ་བྱས་ཡོད་པ་དེ་དབུས་བོད་མིའི་སྒྲིག་འཛུགས་(Central Tibetan Administration) ཟེར་བ་འདི་རེད། རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་བཙན་བྱོལ་བོད་གཞུང་ཟེར་བ་ངོས་འཛིན་བྱས་མེད་སྟབས། འདི་ལ་མིང་ག་རེ་འདོགས་མིན་རྒྱ་གར་གཞུང་ལ་ཇུས་གཏོགས་མེད་པ་མ་ཟད། རྒྱ་གར་གྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་འགྲོ་བ་མིའི་རིགས་ལ་སྨྲ་བརྗོད་རང་དབང་དང་། སོ་སོའི་སྲིད་དོན་གྱི་གདམ་ཀ་སོ་སོས་བྱེད་ཆོག་པ་བཀོད་ཡོད་སྟབས། རྒྱ་གར་གཞུང་གིས་ང་ཚོར་ཐད་ཀར་གནོན་ཤུགས་སྤྲད་སའི་གཞི་ཡོད་པ་མ་རེད། རྒྱ་ཆེའི་མི་མང་གིས་དེར་དང་ལེན་བྱེད་མིན་ནི། ངས་རྒྱ་ཆེའི་མི་མང་ལ་འགྲེལ་བཤད་གང་འདྲ་རྒྱག་མིན་ལ་རག་ལུས་ཡོད་རེད་བསམ་གྱི་འདུག
ངས་སྐབས་དང་དུས་ལ་དཔག་པའི་འགྲེལ་བཤད་ཡང་དག་པ་ཞིག་བརྒྱབ་ཏེ། དེ་སྔོན་བཙན་བྱོལ་བོད་གཞུང་གི་མིང་འགྱུར་བ་དེ་བོད་རྒྱ་ཞི་མོལ་དང་རྒྱ་གར་གཞུང་གི་གནོན་ཤུགས་རྐྱེན་པས་འགྱུར་བ་བཏང་བ་རེད་ཟེར་བ་སོགས་འགྲེལ་བཤད་ག་རེ་བརྒྱབ་ཡོད་ཀྱང་། དེར་ངས་རྒྱ་གར་གཞུང་གིས་གནོན་ཤུགས་ཡོང་གི་མེད་པ། བཙན་བྱོལ་བོད་གཞུང་གི་མིང་འགྱུར་བ་བཏང་ནས་རྒྱ་ནག་གཞུང་གིས་ང་ཚོ་དང་ཞི་མོལ་བྱ་རྒྱུའི་ཚབ་ཏུ་སྡུག་ཏུ་བཏང་ཡོད་པ་སོགས་གྲོས་ཚོགས་ནང་གསལ་པོ་བཤད་པ་ཡིན་ན། གྲོས་ཚོགས་ཀྱིས་འདིར་ངོས་འཛིན་ཐུབ་ཀྱི་རེད་བསམ་གྱི་འདུག སྐབས་སྔོན་མའི་གྲོས་ཚོགས་འཐུས་མིས་ངོས་ལེན་མ་བྱས་པ་ཡིན་ཡང་། ད་ལྟ་གྲོས་ཚོགས་ཀྱི་འཐུས་མི་གསར་པ་ཡོང་གི་ཡོད་སྟབས། ཁོ་ཚོས་དངོས་ཡོད་གནས་ཚུལ་ལ་དཔག་པའི་ལས་ཀ་ཞིག་ཏན་ཏན་བྱེད་ཀྱི་རེད་བསམ་གྱི་འདུག འདི་ངའི་གོམ་པ་དང་པོ་དེ་ཡིན།
གོམ་པ་གཉིས་པ་དེ་དང་པོ་ང་ཡར་བསླེབ་རྒྱུར་ཤུགས་རྒྱག་དགོས་པ་དང་། གཉིས་པ། ཁྲིམས་དང་སྒྲིག་གཞིའི་འཆར་གཞི་བཟོ་དགོས་པ། གསུམ་པ། རྒྱ་ཆེའི་མི་མང་ལ་ངོ་སྤྲོད་བྱ་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལས་འགུལ་སྤེལ་དགོས་པ་ཆགས་ཡོད་སྟབས། ང་ལ་བོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་བྱས་ནས་ཡར་བསླེབ་པ་ཡིན་ན། ངས་དབུས་བོད་མིའི་སྒྲིག་འཛུགས་བོད་གཞུང་ལ་འགྱུར་བ་གཏོང་རྒྱུར་སྟབས་བདེ་པོ་ཆགས་ཡོད་པ་མ་ཟད། རྒྱ་གར་གཞུང་གི་གནོན་ཤུགས་བསླེབ་པ་དང་། གྲོས་ཚོགས་དང་བོད་མི་མང་གིས་དང་ལེན་བྱེད་ཀྱི་མ་རེད་བསམ་པའི་སེམས་ཁྲལ་གང་ཡང་མེད། གཙོ་བོ་དེ་མགོར་སྡོད་མཁན་ཚོས་ལས་ཀ་དེ་འཇོན་པ་ཡིན་ན་སོ་སོས་བྱེད་དགོས་པ་དང་། མ་འཇོན་པ་ཡིན་ན་དེའི་གྱོང་དང་གནོན་ཤུགས་རང་ཉིད་ཀྱིས་འཁུར་གྱི་ཡིན་ཟེར་ནས་ཁས་ལེན་དམ་བཅའ་ཞིག་གི་འོག་ཏུ་ཕྱིན་པ་ཡིན་ན། ངས་མིང་འགྱུར་རྒྱུ་འདི་ལས་སླ་པོ་རེད་བསམ་གྱི་འདུག
དྲི་བ། ཁྱེད་རང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་དབང་ཤུགས་ཅན་གྱི་མི་སྣ་ཁག་གཅིག་གིས་ཆབ་སྲིད་ཀྱི་རྩེད་ཆས་སམ་ལག་ཆ་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་ལུགས་བརྗོད་མཁན་མང་པོ་འདུག་པས། དེའི་ཐད་ཁྱེད་ལ་ག་རེ་བཤད་རྒྱུ་ཡོད།
ལན། ང་ཚོ་འདྲ་པོས་སྤྱི་ཚོགས་སྒང་ལ་ལས་ཀ་བྱས་ནས་ཡོང་སྐབས། མི་དེ་ཚོས་གཞན་པས་བེད་སྤྱོད་བཏང་བ་རེད་ཟེར་བ་དང་། མི་ཁ་ཤས་ཀྱིས་སོ་སོས་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་པ་ཡིན་ཡང་། དེ་ཚོ་ཀླུ་མཁར་བྱམས་ཀྱི་ཨབ་ཕྲུག་རེད་ཟེར་བ་དང་ཀླུ་མཁར་བྱམས་ཀྱིས་བེད་སྤྱོད་གཏོང་གི་ཡོད་རེད་ཟེར་བ་སོགས། ང་ཚོའི་སྤྱི་ཚོགས་ནང་བསྡད་ནས་བསྡད་ཚོད་མེད་པ་འདྲ་པོ་ཆགས་ཀྱི་འདུག འདི་ཚོ་མང་ཆེ་བ་དྲ་འབུ་ཡི་སྐད་ཆ་རེད་བསམ་གྱི་འདུག་མ་གཏོགས། སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་གྱི་སྡིངས་ཆ་ཞིག་གི་སྐད་ཆ་མ་རེད། ང་ཆ་བཞག་ན་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་སྟབས། དེའི་ཁྲིམས་དང་སྒྲིག་གཞིའི་ཁྱབ་ཁོངས་འོག་འགྲོ་དགོས་པ་དང་། ད་ལྟ་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཡིན་པའི་ཆ་ནས་ཚོགས་པའི་བྱེད་སྒོ་རྣམ་གཞག་ཁག་ལའང་བསྟུན་དགོས་པ་ཆགས་ཡོད་སྟབས། ང་ཁོ་ཚོའི་རྩེད་མོ་རྩེད་ས་དང་གནོན་ཤུགས་སྤྲོད་ས་རེད་ལབ་ན་འགྲིག་གི་མ་རེད།
ཆབ་སྲིད་ཀྱི་ལས་ཀ་བྱེད་སྐབས་མི་གཅིག་ལ་ཆ་བཞག་ན། བོད་རང་བཙན་དེ་མི་གཅིག་གི་ལས་འགན་མིན་སྟབས། བོད་རང་བཙན་ལེན་མཁན་གྱི་ལྟ་ཕྱོགས་མཐུན་པའི་མིའི་ཁྱབ་ཁོངས་ལ་གཅིག་གིས་གཅིག་ལ་མཐུན་སྒྲིལ་དང་མཉམ་འབྲེལ་བྱེད་དགོས་པ་མ་ཟད། མཉམ་འབྲེལ་དེ་ཡང་སྤྱི་འཆང་ཞིག་དང་ཁ་གཏད་ཞིག་གི་ངོས་ནས་བྱེད་དགོས་སྟབས། ང་ཁོ་ཚོའི་ལག་ཆ་རེད་ཟེར་བ་དང་བེད་སྤྱོད་གཏོང་ས་རེད་ཟེར་བ་དེ་ཚོ། ངས་གསང་ལམ་ནང་གི་སྐད་ཆ་ཞིག་ཡིན་པ་ལས་རིན་ཐང་ཆེན་པོ་ཡོད་པར་མཐོང་གི་མི་འདུག ང་ལ་ཆ་བཞག་ན་བློ་ཕམ་ཆེ་ཤོས་དེ་སྐད་ཆ་འདིའི་རིགས་ལ་ཡར་རྒྱས་གཅིག་ཀྱང་འགྲོ་གི་མི་འདུག སྔོན་མ་ནས་འདི་འདྲ་རྐྱང་རྐྱང་བཤད་བསྡད་ཡོད་པ་མ་ཟད། ད་ལྟ་ཡིན་ཡང་བཤད་ཀྱི་ཡོད་པ་རེད། སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པ་དང་ཆབས་གཅིག་ཏུ་མི་དེ་ཚོའི་ཤེས་ཡོན་དང་གནས་ཚད། སྐད་ཆའི་གླེང་སྟེགས་ལ་འགྱུར་བ་ཞིག་འགྲོ་གི་ཡོད་ན། ང་ལ་ཏན་ཏན་ཕན་ཐོགས་ཀྱི་རེད་མ་གཏོགས། སྐད་ཆ་འདིའི་རིགས་བཤད་པ་ཡིན་ན། བཤད་མཁན་ཞིག་གིས་བཤད་པ་ཡིན་ཡང་། ང་སྒེར་ངོས་ནས་འདི་ཚོའི་རིགས་ལ་ལན་ག་རེ་རྒྱག་དགོས་མིན་ཧ་གོ་གི་མི་འདུག རང་བཙན་དེ་ཀླུ་མཁར་བྱམས་གཅིག་པུའི་ལས་འགན་མིན་པ་མ་ཟད། འཐོབ་པ་ཡིན་ཡང་ང་གཅིག་པུར་འཐོབ་པ་མིན་སྟབས། རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ང་འོས་མིར་བཏོན་པར་བརྟེན། ང་ཁོ་ཚོའི་ཆབ་སྲིད་ཀྱི་ལག་ཆ་རེད་ཟེར་ན་ངས་ངོས་འཛིན་བྱེད་ཀྱི་མ་རེད།
དྲི་བ། ཁྱེད་ཀྱི་སྲིད་གཞུང་གསར་པ་དེ་བསླེབ་ན། དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་ཚོར་དབུགས་ཤིག་གཏོང་བའི་གོ་སྐབས་ཡོད་སྐོར་བརྗོད་པ་དེ་དང་། ཁྱེད་ཀྱི་ལྟ་གྲུབ་བཞི་ཡི་ནང་གཞུང་སྲིད་བར་གནས་ཞེས་པ་གཉིས་འགལ་ཟླ་རུ་འགྲོ་ཡི་མེད་དམ།
ལན། གཞུང་སྲིད་བར་གནས་ཟེར་བ་དེ། གཞུང་གིས་རྩ་བའི་ལས་དོན་བྱེད་ཕྱོགས་ཐོག་ནས་ལབ་ཀྱི་ཡོད་པ་མ་རེད། གཞུང་གི་ཆབ་སྲིད་ཀྱི་སྲིད་བྱུས་དེ་རང་བཙན་ལ་འགྱུར་གྱི་ཡིན་ཟེར་བ་དེ་ཡིན་ཡང་། རང་བཙན་ལ་འགྱུར་བ་དང་ཆབས་གཅིག་བཙན་བྱོལ་བོད་མི་ཡོད་དོ་ཅོག་གི་ལྟ་བ་དེ། རང་བཙན་ལ་འགྱུར་དགོས་པ་དང་གལ་སྲིད་མ་འགྱུར་བ་ཡིན་ན། འདི་དང་འདི་བྱེད་ཀྱི་ཡིན་ཟེར་བའི་གནས་སྟངས་གང་ཡང་ཆགས་ཀྱི་ཡོད་པ་མ་རེད། དཔེར་ན། ང་སྲིད་སྐྱོང་ཆགས་པ་ཡིན་ན། ངའི་གཞུང་གི་ལྟ་བ་དེ་རང་བཙན་ལ་འགྲོ་དགོས་པ་དེ་ཨ་ཅང་ཅང་ཡིན་ཡང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྒེར་བ་དེ་འདྲ་ཡོང་ཆོག་གི་རེད། དེ་གུ་ཡངས་ཀྱི་རང་བཞིན་ཞིག་རེད། གཞུང་གིས་ལས་དོན་བྱེད་སྐབས་ཁོ་རང་གིས་གཞུང་གི་ལས་དོན་ཏག་ཏག་ཅིག་བསྒྲུབ་པ་ཡིན་ན། ནང་ལ་ཕྱིན་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལབ་ཀྱང་། ངས་དེ་དཀའ་ངལ་ཞིག་ལ་མཐོང་གི་མེད།
ངར་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་ཉིན་ནས་བཟུང་། དབུ་མའི་ལམ་དང་རང་བཙན་གྱི་སྲིད་སྐྱོང་མིན་པ་མ་ཟད། ཆོས་ལུགས་བྱེ་བྲག་པ་ཞིག་གི་སྲིད་སྐྱོང་ཡང་མ་རེད། བཙན་བྱོལ་བོད་མི་སྤྱི་ལ་དབང་བའི་སྲིད་སྐྱོང་ཡིན་སྟབས་གཅིག་འགྱུར་གྱི་བལྟ་དགོས་པ་རེད། དབུ་མའི་ལམ་རྩོད་མཁན་ཚོར་འབུར་བཅོམ་གཏོང་རྒྱུའི་གནས་སྟངས་རྩ་བ་ཉིད་ནས་ཆགས་ཀྱི་མ་རེད། ངའི་གཞུང་དེ་རང་བཙན་དང་དབུ་མའི་ལམ་གཉིས་ཆ་མིན་པ་ཞིག་ཆགས་ཀྱི་རེད་དམ་ཟེར་ན་དེ་ཆགས་ཀྱི་མ་རེད། གཞུང་གི་སྲིད་བྱུས་དེ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་རང་བཙན་ཐོག་འགྲོ་རྒྱུ་མ་ཟད། ང་ཚོས་རང་བཙན་གྱི་ཁྱབ་ཁོངས་ཐོག་ནས་ལས་ཀ་ག་རེ་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་སར་ག་རེ་གཏུག་དགོས་འདུག རྒྱལ་སྤྱིའི་མི་མང་ལ་གང་འདྲ་བྱས་ནས་གོ་རྟོགས་སྤེལ་དགོས་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྐབས། ང་ཚོས་བོད་རང་བཙན་གྱི་བརྗོད་གཞི་གཙོ་བོར་འགྱུར་བའི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུའི་ལས་ཀ་དེ་ཚོ་ཏན་ཏན་བྱེད་ཀྱི་རེད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་ཁྱེད་རང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་སྟབས། ཁྱེད་རང་གིས་དེའི་ཐད་གསལ་བཤད་ཅིག་གནང་རོགས།
ལན། བཙན་བྱོལ་སྤྱི་ཚོགས་ནང་ལ་ང་ཚོ་རང་བཙན་རྩོད་མཁན་ཚོ་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་དང་མཚན་སྨད་ཞུ་མཁན་རེད་ཟེར་བ་དེ། ང་སྲིད་སྐྱོང་ལ་ལངས་སྐབས་ཙམ་མིན་པར། སྔོན་མ་ནས་དེ་འདྲ་རྐྱང་རྐྱང་ཞིག་བཤད་བསྡད་ཡོད་ཀྱང་། ད་རེས་ང་སྲིད་སྐྱོང་གི་འོས་མིར་ལངས་པ་དང་། ཕྱོགས་མཐའ་ཁག་ལ་གཏམ་བཤད་བྱ་རྒྱུ་རག་པ། ལྷག་པར་དུ་བརྒྱུད་ལམ་ཁག་ཏུ་གསལ་བཤད་བྱ་རྒྱུའི་གོ་སྐབས་ཡོད་སྟབས། ང་ལ་ཆ་བཞག་ན་སྐད་ཆ་འདིའི་རིགས་མི་མང་ནང་ལ་ཁ་གསལ་དུ་འགྲོ་རྒྱུ་གོ་སྐབས་ཡག་པོ་ཞིག་རེད་བསམ་གྱི་འདུག མི་མང་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་དང་། ༧གོང་ས་མཆོག་ཁ་ལ་འཁྱེར་ནས་སོ་སོའི་དོན་དག་སྒྲུབ་མཁན་གྱི་དབར་ལ་ས་མཚམས་དབྱེ་རྒྱུའི་དུས་ཚོད་ཅིག་བསླེབས་ཡོད་རེད་བསམ་གྱི་འདུག
ང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རེད་ཟེར་མཁན་གྱི་མི་དེ་ཚོ་དང་། ད་ལྟ་བརྒྱུད་ལམ་ཁག་ཏུ་ང་ཚོའི་དབར་ལ་བགྲོ་གླེང་དེ་འདྲ་ཡོང་བསྡད་ཡོད་སྟབས། འདིས་ང་ལ་ཕན་ཐོགས་ཡོད་པ་ཞིག་དང་། ང་ཚོའི་སྤྱི་ཚོགས་ནང་གི་གནད་དོན་ཁག་གཅིག་ལ་ཕྱི་གསལ་ནང་གསལ་ཆགས་རྒྱུའི་རེ་བ་ཡོད་རེད་བསམ་གྱི་འདུག ངས་ང་ཚོའི་སྤྱི་ཚོགས་ལ་ཁག་ཡོད་མ་རེད་བསམ་གྱི་འདུག
སྔོན་མ་ཟམ་གདོང་རིན་པོ་ཆེས་རང་བཙན་རྩོད་མཁན་དེ། ༧རྒྱལ་བ་རིན་པོ་ཆེའི་ཁ་གཏད་རེད། དོལ་རྒྱལ་བསྟེན་མཁན་ལས་རང་བཙན་རྩོད་མཁན་༧རྒྱལ་བ་རིན་པོ་ཆེར་དད་པ་མེད་མཁན་དེ་ཚོ་ཉེན་ཁ་ཚ་བ་ཡོད་པའི་ངོས་འཛིན་གནང་ཡོད་སྟབས། དེ་ལ་ལྟོས་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདིའི་ནང་ལ་རྙོག་གྲ་ལུང་པ་གང་བྱུང་ཡོད་སྟབས་མི་མང་དཀྱུས་མར་ཁག་གང་ཡང་ཡོད་པ་མ་རེད། ང་ཚོས་དམངས་གཙོའི་ལུང་པའི་ནང་ཁྲིམས་སྒྲིག་དང་ཐོབ་ཐང་རྨང་གཞིར་བཟུང་ནས་སྐད་ཆ་བཤད་ཡོད་པ་ལས། ༧གོང་ས་མཆོག་ལ་མཚན་སྨད་ཞུས་མ་ཞུས་ཀྱི་གནད་དོན་གང་ཡང་ཆགས་མེད་སྟབས། ཉི་མ་ཇེ་རིང་དང་རྩམ་པ་ཇེ་ཞིམ་ཟེར་བ་ལྟར། ངས་༧གོང་ས་མཆོག་ལ་མཚན་སྨད་ཞུས་མེད་པ་ད་ལྟ་མི་མང་ནང་ལ་ངོ་འཕྲོད་ཡོང་གི་འདུག
གསར་འགོད་པ། དོན་གྲུབ།
གང་བསམ་པ་དེ་བཤད་ཐུབ་པར་དགའ་བསྲུ་ཡོད། ཕོད་པ་རྣམ་གསུམ་ལག་ཏུ་ལེན་ཟེར་ན་འདི་འདྲ་ལ་ཟེར་རོ།།
བློ་སེང་དང་སྤེན་ཚེ་གང་རུང་ཞིག་སྲིད་སྐྱོང་ཐོབ་ཀྱང་སྔར་མུས་བཞིན་འགྲོ་རྒྱུ་ལས་མ་འདས། ཨ་ཚོགས་ཀླུ་མཁར་བྱམས་སྲིད་སྐྱོང་ལ་ཐོབ་ན་ག་འདྲ་ཡིན་ནམ། འོན་ཀྱང་བློ་སེང་བསྐྱར་དུ་ཐོན་གྱི་རེད་སྙམ། བློ་སེང་གིས་འདས་པའི་ལོ་བཞིའི་རིང་ལ་འབུར་དུ་ཐོན་པའི་བྱ་བ་གང་ཡང་བྱས་མེད་པར་མ་ཟད། ཆབ་སྲིད་ཀྱི་གནད་འགག་གང་ཡང་ཤེས་ཀྱི་མེད་པ་འདྲ་བོ་འདུག གང་ལྟར་ཀྱང་བོད་མིའི་ལས་དབང་ལ་རག་ལས་པ་རེད། དཀོན་མཆོག་མཁྱེན། །
ཉིན་རྒྱུན་འཚོ་བའི་ཁྲོད་དུ་སྒོག་པ་མི་ཟ་མཁན་མང་ཡང་། ཚཱ་མི་དགོས་མཁན་མི་རྐང་གཅིག་མེད།
ཀླུ་བྱམས་ལ་སྲིད་སྐྱོང་འཐོབ་མ་ཐུབ་པར་བློ་སེང་སྤེན་ཚེ་གང་རུང་འཐོབ་ན་བོད་ཀྱི་རང་ཚུགས་ཤོར རྒྱ་དགའ་བས་ཁེངས་ནས་འགྲོ་གྱི་རེད། བོད་མི་དམངས་ཀྱི་བསམ་བློ་ཡག་པོ་གཏོང་དགོས། མུ་མཐུད་ནས་སྒོག་པ་བཙོང་མཁན་ལ་འོས་སྤྲད་ན་རྡ་སའི་གངས་སྐྱིད་ཀྱི་ནང་དུ་དྲི་ངན་ཁ་རོགས་རེད།
ཀླུ་བྱམས་ཀྱི་སྐད་ཆ་འདི་དག་ལ་ལེགས་ཉེས་ཀྱི་ཐོག་ནས་རྒྱུ་མཚན་བཤད་མཁན་ཡོང་ཕོད་མཁན་མེད། གནས་ལུགས་དང་རྒྱུ་མཚན་གྱིས་ཐོག་ནས་ཀླུ་བྱམས་ལས་ལྷག་པའི་སྲིད་སྐྱོང་འོས་མི་སུ་ཡང་མེད། འོས་མི་གཞན་ཚོ་འུར་མགོ་དང་བྲན་གཤིས་ཅན་ཡིན། རང་ཚུགས་མེད་མཁན། རྒྱལ་རབས་ལོ་རྒྱུས་མི་ཤེས་མཁན། བོད་ཀྱི་རིག་གནས་མི་ཤེས་མཁན། རྒྱའི་སྲིད་ཇུས་མི་ཤེས་མཁན་། རྒྱ་སྐད་རྒྱ་ཡིག་མི་ཤེས་མཁན་རེད། ཁོ་ཚོས་རྒྱ་གུན་ཁྲན་གྱི་ཁ་གཏད་བཅག་ཐུབ་ཀྱི་ཕར་ཞོག རྒྱ་འཁྱམ་ཚོས་ཀྱང་མགོ་སྐོར་ག་ནས་གཏོང་གཏོང་རེད།
ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ།
བོད་ཀྱི་བང་ཆེན་ ༢༠༡༥ ཟླ་བ་ ༨ ཚེས ༢༦ དུས་ཚོད ༤:༥༨༠ ཕྱི་དྲོ།
གཅིག ཁོང་ནི་བོད་དུ་སྐྱེས་ཤིང་བོད་དོན་ཆེད་དུ་རྒྱ་ཡི་བཙོན་ཁང་འགྲིམས། བཙན་བྱོལ་ནང་དུ་ཡང་ལོ་མང་བཞུགས་པ་བཅས་ཀྱི་ཆ་ནས་རྒྱ་བོད་གཉིས་ཀྱི་གནས་སྟངས་སྲིད་སྐྱོང་འོས་མི་གཞན་དག་ལས་རྒྱུས་མངའ་ཆེ་བ།
གཉིས། ཁོང་ནི་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་དང་། རྒྱ་ཡིག རྒྱ་སྐད་མཁྱེན་པས་རྒྱ་ནག་གི་ཆབ་སྲིད་འཕོ་འགྱུར་རྟོགས་པར་དབྱིན་ཡིག་དང་། བོད་ཡིག་བརྒྱུད་མི་དགོས་པར་རང་མགོ་ཐོན་པ་བཅས་ཀྱི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་རྒྱ་ནག་གི་ཆབ་སྲིད་ལ་རྒྱུས་ལོན་ཡོད་པའི་དམིགས་བསལ་ཁྱད་ཡོན་ལྡན་པ།
གསུམ། ༡༩༧༢ ནས་ ༢༠༡༥ བར་མི་ལོ་ ༤༣ རིང་དབུ་མའི་ལམ་ལ་ཆབ་སྲིད་ཀྱི་ཐོག་ནས་གྲུབ་འབྲས་དམིགས་བསལ་བྱུང་མེད་པ་དངོས་ཡོད་ཡིན་པ་དང་། བོད་ནང་གི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་དང་ལེགས་བཅོས་བྱེད་དགོས་པ་དུས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད་ལ། ཁོང་ནི་དགོས་མཁོ་འདི་ལག་བསྟར་བྱེད་པའི་ཆོད་སེམས་ཡོད་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་སྙིང་སྟོབས་ལྡན་པ།
བཞི། དེང་གི་དུས་སུ་བོད་མི་ནང་ཁུལ་ལ་དབུ་མ་དང་། རང་བཙན་རྩོད་གླེང་བྱེད་བཞིན་པའི་སྐབས་འདིར། ཁོང་གིས་གཞུང་གི་སྲིད་བྱུས་དེ་བོད་མི་ནང་ཁུལ་གྱི་རྩོད་གླེང་འདིར་བར་གནས་གནང་གི་ཡིན་གསུང་གིན་ཡོད་པས། ཁོང་ནི་བོད་མི་ནང་ཁུལ་ལ་དབུ་མ་དང་རང་བཙན་གར་འགྲོ་རྩོད་བྱེད་མི་དགོས་པའི་སྲིད་བྱུས་ཡོད་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་གུ་ཡངས་ཀྱི་ཁྱད་ཆོས་ལྡན་པ།
ལྔ། རྒྱལ་སྤྱིའི་འབྲེལ་ལམ་ཁྲོད་བོད་པ་རང་གི་ངོ་བོ་ལྡན་པའི་ཆབ་སྲིད་ཀྱི་གཟུགས་བརྙན་ཞིག་བསྐྲུན་རྒྱུ་ལས། ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་དགོས་མཁོའི་འོག་ཏུ་ཁེ་ཕན་འཚོལ་བའི་བྲན་གཡོག་རིང་ལུགས་ཀྱི་ཆབ་སྲིད་ལངས་ཕྱོགས་འཛིན་གྱི་མེད་པས་ཆབ་སྲིད་རང་བཞིན་གྱི་རང་ཚུགས་ལྡན་པའི་ཆ་ནས་ཁོང་ནི་སྲིད་སྐྱོང་འོས་མི་གཞན་དག་ལས་དམིགས་བསལ་ལྗིད་ཁོག་ལྡན་པ།
དྲུག བོད་མིའི་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་གྱི་ཆོས་ལུགས་པའི་དབང་བསྒྱུར་དང་རྗེས་འབྲངས་བྱེད་རྒྱུ་མིན་པར། འཇིག་རྟེན་སྤྱི་ཡོངས་ཀྱི་སྲིད་གཞུང་གི་ལས་དོན་གནང་ཕྱོགས་ལྟར་གནང་རྒྱུ་ལས། ཁོང་ནི་ལྷ་འདྲེ་ལ་ཁོག་ཞུགས་ཀྱི་རྗེས་སུ་འབྲངས་རྒྱུ་མིན་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་ཆབ་སྲིད་པའི་རང་གཤིས་ལྡན་པ།
བདུན། ད་བར་བོད་མིའི་ཤེས་ཡོན་སྲིད་བྱུས་དེ་གཞན་གྱིས་བཟང་ངན་གང་བྱས་ཀྱང་བྱང་ཆུབ་སེམས་སྒོམ་དགོས་པའི་ཆོས་ལུགས་ཀྱི་སློབ་གསོ་ཞིག་ཡིན་པ་ལ། ཁོང་གིས་བཟང་ལ་བཟང་། ངན་ལ་ངན་བྱེད་དགོས་པའི་འགྲོ་བ་མིའི་རང་བཞིན་དང་འཚམ་པའི་ཤེས་ཡོན་གོ་རྟོགས་ལག་བསྟར་གནང་རྒྱུ་ཡིན་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་འགྲོ་བ་མིའི་ཤེས་ཡོན་ལྟ་ཚུལ་ཡོད་པའི་དམིགས་ཁྱད་ཆོས་ལྡན་པ།
བརྒྱད། ད་བར་བཙན་བྱོལ་བོད་གཞུང་མང་གཉིས་ནས་རྒྱ་ནག་གཞུང་ལ་བསྟུན་མཁས་བྱས་ནས་རྒྱལ་སྤྱིའི་ཁྱོན་དུ་ཡོད་པའི་རྒྱ་རྒོལ་ཤོག་ཁག་དང་མཉམ་ལས་གནང་མེད་མོད། དེ་ཡིས་ཆབ་སྲིད་ཀྱི་ཐོག་ནས་ཕན་ནུས་གང་ཡང་ཐོབ་མེད་པ་མངོན་གསལ་ལ་སོང་། ཁོང་གིས་རྒྱ་རྒོལ་སྟོབས་ཤུགས་མཉམ་ལས་ཀྱི་སྒོ་ནས་བོད་དོན་ལྗིད་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་ཁྱད་ཆོས་ལྡན་པ།
དགུ རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་ཞིག་མེད་ཅེས་འཛམ་གླིང་ལ་སྒྲོག་བཞིན་པའི་སྐབས་འདིར། བོད་དོན་དེ་བོད་དོན་རང་གི་ངོ་བོའི་ཐོག་ནས་འཛམ་གླིང་ལ་ཁྱེར་བ་བརྒྱུད་བོད་དོན་ཟེར་བ་ཞིག་ཡོད་པའི་ར་སྤྲོད་འཛམ་གླིང་ལ་བྱེད་པ་བརྒྱུད། རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་ཞིག་ཡོད་པ་ངོས་ལེན་བྱེད་དུ་འཇུག་རྒྱུའི་སྲིད་བྱུས་ཡོད་པའི་ཆ་ནས་ཁོང་ནི་སྲིད་སྐྱོང་འོས་མི་གཞན་དག་ལས་དམིགས་བསལ་གཟིགས་རྒྱང་ལྡན་པ།
བཅུ། ཁྱོད་རང་བོད་མི་ཞིག་ཡིན་ཕྱིན་ནང་པ་ཡིན་དང་། ཁ་ཆེ་ཞིག་ཡིན། ཆོས་ལུགས་ཁས་མི་ལེན་མཁན་གང་ཡིན་རུང་། གཙོ་བོ་ཁྱོད་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་དོན་འཐབ་རྩོད་ལ་མཉམ་རུབ་དགོས་པའི་ཆིག་སྒྲིལ་སྲིད་བྱུས་ཡོད་པའི་ཆ་ནས་ཁོང་ནི་སྲིད་སྐྱོང་འོས་མི་གཞན་དག་ལས་བོད་མིའི་ཆིག་སྒྲིལ་སྲིད་བྱུས་ལ་དམིགས་བསལ་ཁྱད་ཆོས་ལྡན་ཡོད།
དེས་ན་ཁྱོད་རང་གི་ཐོབ་ཐང་གི་འོས་གཅིག་པུ་དེ་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལ་བླུགས་ན་རྩ་ནས་ནོར་མེད།
དྲ་མིང་བཙན་པོའི་དྭ་ཕྲུག་ནས།
བོད་ཀྱི་བང་ཆེན་ནས་དྲངས། གོ་རྒྱུ་ཆེན་པོ་འདུག
ཀླུ་བྱམས་སྲིད་སྐྱོང་ལ་ལང་ནས་ཐོབ་རྒྱུའི་རེ་ཅང་ཡོད་མ་རེད། ཁོ་སྲིད་སྐྱོང་ལ་ལང་བའི་དམིགས་ཡུལ་གཉིས་རེད། དང་པོ། གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལམ་དབུ་མ་བཅས་ལ་སྐྱོན་བརྗོད་བྱེད་རྒྱུ་དང་། གཉིས་པ་རང་ཉིད་ཁྱབ་བསྒྲགས་བྱེད་རྒྱུ་དེ་རེད། དེ་མིན་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཡང་མི་ཐོབ་མཁན་ཞིག་སྲིད་སྐྱོང་ཐོབ་མི་སྲིད་པ་ནི་ནམ་ལང་ཉི་ཤར་རེད།
ལུང་རྟོགས་ལགས། མདོ་སྨད་སྤྱི་འཐུས་ལངས་ན་མདོ་སྨད་ཁོངས་ཅིག་ནས་འོས་འདེམས་རེད། སྲིད་སྐྱོང་དེ་དང་འདྲ་ཀི་མེད། ཆོལ་གསུམ་ཁོངས་ནས་འོས་འདེམས་ཡོང་ཀི་ཡོད། མང་ཉུང་ཨེ་འདུག་གམ། དེ་དང་རང་དབང་དམངས་གཙོ་ལོངས་སྤྱོད་སྐབས་སུ་་་་གོང་ས༧མཆོག་བེད་སྤྱོད་མ་གཏོང་ན་ཡག་ཀི་རེད། དེ་ཁྱོད་རང་ལ་བདེན་པ་མེད་པའི་རྒྱབ་གནོན་ཆེད་རེད། ཀླུ་མཁས་བཤད་པ་དེར་བདེན་པ་མེད་ན་རྒྱུ་མཚན་ཡང་དག་བཀོད་ཤོག་དང་བགྲོ་གླེང་བྱ་ཆོག་རེད་མ་གཏོགས་དོན་མེད་མི་ལ་ཚོད་དཔག་སྐད་ཆ་བཤད་ན་དུས་ཚོད་འཕྲོ་བརླག་རེད་དོ།།
ཆབ་སྲིད་ཀྱི་འཛིན་སྐྱོང་གི་གོ་གནས་ལ་བསམ་མཁན་ཞིག་གི་གཏམ་མ་རེད།འདི་ཆབ་སྲིད་ཀྱི་ལྟ་གྲུབ་ཁོ་ན་བཤད་ནས་འདུག འཛིན་སྐྱོང་གི་གཏམ་དང་ལྟ་གྲུབ་གཉིས་སོ་སོར་འབྱེད་དགོས་པ་ལས་མཉམབསྲེས་བྱས་ན་ཞོ་ཡི་ནང་ཚྭ་བཏབས་པ་དང་གཅིག་མཚུངས་རེད།
སྲིད་དབང་སྒེར་གཅོད་ཞེས་པའི་ཚིག་གི་གོ་དོན་ཤེས་པ་བགྱིས། ཁ་གྲགས་ཚོད་ལ་གོང་ས་ཆོག་ཞེས་དྲེད་མ་ཡོང་། དེས་གོང་ས་ཆོག་ལ་ཕན་པ་ལས་གནོད་རྒྱུ་རང་ལས་མི་འདུག། གོང་ས་ཆོག་ལ་ཟུར་ཟ་དང་མཚན་སྨོད་རིགས་ཡོང་དོན་ཡང་དེ་རེད། གོང་ས་ཆོག་གིས་གནང་ཚཔད་གནང་ཟིན་པ་རེད། འཇོན་ཚོད་ཡང་གྲུབ་པ་རེད། ད་ཁོང་རྒན་ཡོལ་རེད། མི་ལོ་བརྒྱད་བཅུའི་རིང་གི་མ་འཇོན་པ་དང་མ་ཐུབ་པ་ཞིག་ཁོང་གིས་གནང་རྒྱུ་ཡོད་ནི་མ་རེད། ད་ནི་རིག་པ་གསར་པ་དང་བྱ་ཐབ་གསར་པ། མི་རབས་གསར་པ་དང་གོམ་གཤིས་གསར་པ་འགའ་བེད་སྤྱོད་རྒྱུ་མ་གཏོག་དེ་སྔོན་མི་ལོ་དྲུག་བཅུ་ལྷག་གིས་བོད་དོན་གྱི་སྲིད་ཇུས་དང་ཁ་ཕྱོགས་ཀྱི་བྱ་འགུལ་དེས་འཇོན་ཡོད་ནི་མ་རེད།
ལུང་རྟོགས། ཀླུ་བྱམས་མདོ་སྨད་སྤྱི་མཐུས་བར་མའི་འོས་བསྡུ་མི་དགོས་པར་རྩེ་གཏོགས་དེ་ཡིན་གིན་ཡིན་གིན། འོས་བསྡུ་ལྷན་ཁང་གི་ཁྲིམས་སྒྲིགས་ལག་བསྟར་མ་བྱས་པར་བར་མའི་འོས་བསྡུ་བྱས་ཏེས་གཞུང་རྒྱུ་ཆུས་ཟོས་བཏང་དགོས་པའི་རྒྱུ་མཚན་ཁྱོད་ཀྱིས་ཨེ་ཤེས། མི་ཤེས་ན་ངས་ངས་ཁྱོད་ལ་འགྲེལ་བརྗོད་བྱས་ཆོག། དེས་ན་ཁྱོད་དང་ཁྱོད་ལྟ་བུའི་༧རྒྱལ་བ་རིན་པ་ཆེ་ཁ་འཁྱེར་གྱིས་དད་པ་ལོག་སྤྱོད་པའི་གཞུང་འཛིན་མི་སྣ་དེེ་ཚོའི་གནོན་ཤུགས་མིན་ན་རྒྱུ་མཚན་གཞན་ཁྱོད་ལ་འགྲེལ་བརྗོད་འདྲ་ཨེ་ཡོད། བྱས་ཙང་སྐབས་དེའི་བར་མའི་འོས་བསྡུ་ནི་འོས་བསྡུ་ལྷན་ཁང་གི་ཁྲིམས་སྒྲིག་ལ་བརྩི་བསྲུང་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། ཨ་ཚོགས་ཚང་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་དངོས་དེ་ཁྱོད་ཀྱིས་མི་ཤེས་པ་རེད་མཐོང་འདོད་མེད་པ་རེད། ཡང་ན་བལྟ་འདོད་མེད་པ་རེད། དེ་མིན་ན་མདོ་སྨད་མི་དམངས་ཀྱིས་ཀིརྟི་སྒྲོལ་དཀར་ལྷ་མོའི་རྗེས་ཀྱི་འོས་མིར་འདམས་ཡོད་པ་རེད། མ་གཞི་མདོ་སྨད་མི་དམངས་ཚང་མ་དད་པ་ལོག་སྤྱོད་པ་དང་སྲིད་དོན་ཚོང་པ་ཤར་ཁུག་དང་ཐུབ་ལུང་འདྲ་བ། དར་དམར་ཐོད་ལ་བཙུགས་ནས་རང་དབང་ལུང་པའི་གཞུང་ལམ་དུ་རྒྱུགས་འགྲོ་མཁན་རྐྱང་རྐྱང་ཡིན་ཚོད་མ་རེད།
ལར་ནས་༢༠༡༦་ལོའི་སྲིད་སྐྱོང་མདོ་སྨད་ཀྱི་སྤྱི་མཐུས་འདེམས་ཀྱི་ཡོད་པ་མ་རེད། ཁྱོད་དང་ཁྱོད་འདྲ་བ་དད་པ་ལོག་སྤྱོད་པའི་ཤོག་ཁག་དང་སྲིད་དོན་ཚོང་པའི་ཤོག་ཁག་གིས། ༧རྒྱལ་བ་རིན་པོ་འཐབ་འཕྱིས་ལ་བཀོལ་ནས་གནས་ལུགས་ལས་གཡོལ་ཏེས་སྡུག་སྐད་ཇི་ཙམ་བརྒྱབས་ཀྱང་ཀླུ་བྱམས་ཀྱི་ཁ་སྤུ་རྐང་གཅིག་ཀྱང་སྒུལ་མི་བཏུབ་ནི་དངོས་ཡོད་རེད།
དེ་རིང་གཞི་ནས་ཁ་བརྡའི་དྲྭ་ཚོགས་ཐོག་སྲིད་སྐྱོང་འོས་མི་སྐུ་ཞབས་ཀླུ་མཁར་བྱམས་ལགས་སུ་དུས་བབ་གསར་ཁང་ནས་བཅར་འདྲི་བྱས་པ་ཞིག་བཀོད་འདུག་པ་ཧ་ཅང་བཟང་། ཁ་བརྡ་ཚང་གི་ཡར་རྒྱས་རྣམ་པ་ཞིག་ཀྱང་རེད། ད་བར་ནོར་ཝེ་རླུང་འཕྲིན་ཁང་སོགས་ནས་ཀླུ་མགར་ཚང་ལ་བཅར་འདྲི་བྱས་པའི་བརྙན་འཕྲིན་གྱི་རིགས་གཅིག་ཀྱང་མ་བཀོད་པ་ནི་ཉེས་སྐྱོན་དང་མཐུད་ཤོར་གཉི་ཀ་རེད། སྤྱི་འཐུས་ཚོགས་གཙོའི་བཅར་འདྲིའི་ལས་རིམ་ཆ་ཚང་དུས་ཐོག་ཏུ་བཀོད་ཐུབ་སར་འོས་མི་གཞན་ལའང་དེ་ལྟར་གཅིག་མཚུངས་གནང་དགོས། དེ་མིན་ཕྱོགས་རིས་དང་ཞེན་ཁོག་ཙམ་བྱས་བསྡད་ན་ང་ཚོ་སུ་ལའང་ཕན་ཐོགས་མེད། གོང་དུ་ཅོ་རི་ཉི་མ་ལགས་ཀྱིས་མཆན་དུ་བཏབ་པ་བཞིན། ང་ཚོས་གནས་ལུགས་རྒྱུ་མཚན་གྱི་ཐོག་ནས་ཕན་ཚུན་དགེ་མཚན་གླེང་བ་དང་། སྐྱོན་སེལ་བྱ་དགོས། གནས་ལུགས་ཀྱིས་ཕོངས་པའི་ཟུར་ཟ་དང་སྐྱོན་བརྗོད་ཤ་སྟག་བྱས་བསྡད་ན། ང་ཚོའི་རྩ་དོན་འཐབ་རྩོད་ལ་གྱོང་ཁ་གཅིག་པུ་ལས་མི་ཡོང་། གལ་འགངས་ཆེ་བའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ལམ་ལྷོངས་ཡོང་བར་འགོག་རྐྱེན་དུའང་འགྱུར་མི་སྲིད་པ་མིན་པ་བཅས་ཚང་མས་མནོ་བསམ་བཞེས་རོགས། བཀའ་དྲིན་ཆེ།
སྐུ་ཞབས་རིན་ཆེན་དོན་གྲུབ་ལགས། བོད་ཀྱི་དུས་བབ་གསར་ཁང་གིས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་དང་བཀྲ་ཤིས་དབང་འདུས། ཀླུ་མཁར་བྱམས་བཅས་ལ་བཅར་འདྲི་བྱས་པ་ཁ་བརྡ་དྲ་བར་ཡོང་ཁུངས་གསལ་བོའི་ངང་འདྲེན་བཀོད་བྱས་ཡོད།
གཞན་སྲིད་སྐྱོང་འོས་མི་རྣམས་ལ་བཅར་འདྲི་སོགས་ཀྱི་དྲ་བརྙན་ཁ་བརྡ་དྲ་བར་ཀློག་མཁན་གྱིས་འོས་སྦྱོར་བྱས་པ་རེད་ལ། སྐུ་ཉིད་ཀྱིས་ཀྱང་ང་ཚོར་འོས་སྦྱོར་བྱས་པ་ཡིན་ན་དྲ་བར་འགོད་འོས་རྣམས་དེ་བཞིན་དྲ་ངོས་སུ་འཇོག་ངེས།
—ཁ་བརྡ་རྩོམ་སྒྲིག་པས།
ཁ་བརྡ་ཚང་ཐུགས་རྗེ་ཆེ། འདི་ངས་འོས་སྦྱར་བྱས་ན་འགྲིག་གམ། འགྲིག་ན་གོང་དུ་བཀོད་རོགས་གནོང་།
https://www.youtube.com/watch?v=kECNQ-qEP0s
སེམས་ཁྲེལ་མེད་པའི་སེམས་ཁྲེལ། ཀླུ་མཁར་འབྱམས་ལ་སེམས་གསོའི་ཆེད་དུ་འོས་གྲངས་ཁ་ཤས་ཐོབ་པ་ལས་སྲིད་སྐྱོང་གི་སྲིད་སྟེགས་འཐོབ་རྒྱུ་ནི་རེ་བ་མེད་ལ། ཉིན་མོའི་རྨི་ལམ་རང་རེད། དེར་བརྟེན་ཁྱེད་ཅག་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་ཨ། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་གཉིས་ནས་གང་རུང་ཞིག་ཡིན་དགོས་ལ། ཡིན་པར་ཡང་ངེས་སོ།
གཞན་རྣམས་ད་ལྟ་སྲིད་སྟེགས་འདིའི་སྟེང་དུ་སྡོད་པར་ལོ་མང་སྒུག་དགོས།
བཀྲིས་དབང་འདུས་ལགས། ད་དུང་འཛིན་སྐྱོང་གི་ལས་དོན་ཐོག་ལ་ཉམས་མྱོང་གསོག་དགོས།
ཀླུ་མཁར་འབྱམས་ལགས། ད་དུང་དབྱིན་ཡིག་ལ་སོགས་པའི་རྒྱལ་སྤྱིའི་གནས་ཚུལ་ཐོག་ལ་སློབ་སྦྱོང་བྱེད་དགོས།
རང་བཙན་ཟེར་བ་འདི་ཁྱོ་ཤི་ང་གསོན་གྱི་གནས་བབ་ཞིག་རེད། འདི་ཡིག་ཆ་རྐམ་པོ་ཞིག་གནད་དོན་མ་རེད། ཁྱོ་དཔའ་བོ་ཡིན་ན་འདྲ། ཁྱོ་ལ་དཔོང་དམགས་ཡོད་ན་འདྲ། ས་མཚམས་གཏོར་ནས་ཁྱོད་རང་རྒྱུག་ཆོག་ཆོག་ཡིན། ང་ཚོས་ཁྱོ་ལ་སྐྱལ་མ་བྱེད། དཔའ་བོར་བགྲེང་།
དེ་མིན། དགྲ་ཁ་ནང་ལ་སྐོར་ནི་མང་མེད་ན་ཉུང་མེད། རྒྱ་ནག་གི་འཆར་གཞི་ལྟར་ཁྱོས་ལོ་བཞིར་ནང་འཁྲུག་རྒྱག་འདོད་ཡོད་ན་ཡང་། ང་ཚོ་ལ་དེ་འདྲའི་དུས་ཚོ་དང་དགོས་མཁོ་མེད།
རྒྱལ་སྤྱི་ཕར་བཞག། ཐ་ན་རང་སྡོད་སའི་རྒྱ་གར་གྱི་གནས་བབ་ཡང་ཤེས་མི་འདུག།
ཆབ་སྲིད་ཟེར་བ་འདི་སྐབས་ཞིག་གི་ཁེ་བཟང་རེད། དུས་དང་སྐལ་བ་ཤར་ན། ཁེ་བཟང་འདིའི་ཆེད་དུ་ཡོད་ཚད་འཐོར་འགྲོ་བ་རེད། འཐོར་ཚད་འདུས་འགྲོ་བ་ཡང་ཡོང་གི་རེད། གཡག་སྣ་ཁུར་ཚུར་བྱས་ན་ལོན་ཐུབ་ནི་ཞིག་མ་རེད།
ངས་ཁྱོར་གཅིག་བཤད། རང་བཙན་དགོས་ཟེར་མཁན་གྱི་གཙོ་གཙོ་ཚང་མ་ཕྱུག་པོ་ཡིན། གང་ནས་བསྡད་ན་གང་ཡིན། ཡིད་སྐྱོ་བ་ཞིག་ལ། ཕར་ལ་འགྲོ་སོང་བཏང་ནས་ཚོགས་ཐོག་ལ་འགྲོན་དགོས་བ་རྐྱང་ཡིན། དེ་ལས་བློ་ཕམ་པ་ཞིག། བོད་ནང་གི་དངོས་ཡོད་རྒྱུས་ལོན་ཞིག་ཕར་བཞག་། ཐ་ན་གཞི་ཆགས་ཁག་ཚང་མ་ལ་སོང་ནས་ང་ཚོའི་གནས་བབ་ཞིག་ལ་ཡང་རྒྱུས་ལོན་མེད། མི་ལོ་སྟོང་ཚོ་གསུམ་ལ་རང་བཙན་མ་རེག་ན་ཡང་དེ་ལ་འགྱུར་བ་མེད་མདོག་མདོག་བཤད་ནས་རྗེའུ་མི་རིགས་ལྟར་ཡིན་ཁུལ་བྱེད། རྗེའུ་མི་རིགས་ཀྱིས་ལོ་ངོ་སྟོང་ཚོ་གསུམ་རིང་ལ་རང་བཙན་བརྩད་མེད། སོ་སོའི་ངོ་བོ་ལ་བརླག་བྱས་ནས་བསྡད་པའི་མཐའ་འབྲས་ལ། དུས་དང་སྐལ་བ་ཤར་ནས་རྒྱལ་ཁ་ཐོབ་པ་རེད། དེ་རིང་ཁ་སང་གི་རང་བཙན་པ་ཚོར་མཁོ་བ་ནི། མིང་བྱང་ཞིག་དང་སྤྲང་ཕྲུག་འགའ་ཡི་ཁ་བླ་ཡིན།
དེ་རིང་ཁ་སང་ང་ཚོ་དགོས་བ་ནི། བོད་རིགས་ཚང་མ་ས་འཐོར་ཡུལ་འཐོར་ལ་མི་འགྲོའི་གནས། བོད་ཀྱི་ངོ་བ་མི་ཤོར་ས་ཞིག་དགོས་བ་དེ་གལ་ཆེན་ཡིན་པ་ཤེས་བར་བྱོས།
ཁྱོད་ལ་ཁ་བླ་བྱེད་སྤྱད་ཀི་གཏམ་རྣོ་པོ་གསོན་པོ། རྒྱལ་སྤྱི་ཕར་བཞག། རང་གི་མཐའ་དོན་གྱི་རང་བཙན་ལ་རེ་བའི་བོད་མི་ཙམ་ཡང་འགུག་ཤད་མེད་ཀི། ཁྱོ་དང་བླང་བྱས་ཉིན་ནས། ངས་བཙན་བྱོལ་སྐུ་ངོའི་རྐུབ་སྟེག་དེ་རིན་པ་གཞལ་མེད་ཞིག་ཡིན་པ་ཤེས་སོང་། ཁྱོ་ལ་ངོ་མས་མི་འབབ་གི། དྲིན་ཆེན་པོ།
གཅིག་ལྷག་འདུག། བཙན་བྱོལ་བོད་མིའི་ཁ་བླ་ཙམ་གྱིས། བོད་ནང་གི་བོད་མིའི་ཚེ་སྲོག་ལ་འགན་དབང་དངོས་བར་དུ་འཁུར་དགོས་ཡོད། པིན་ལ་ཏུན། ས་དམ་ཧོ་སང་། རྒ་རྡ་ཧྥི་ལ་སོགས་པ་ལྟར། ཁ་ཕོ་དང་ཁ་བླ་ཙམ་གཅིག་པོས་དུས་སྐབས་འདི་འཁོར་མི་ཐུབ་པ་ཤེས་དགོས།
གནམ་ལགས། ཁྱོད་ཀྱི་ཡིག་ནོེར་དེ་དག་གིས་དོན་སྟོན་མི་ཐུབ་པས། གོ་རྒྱུ་ཅན་ཞིག་བཤད་བཞིན་ཡོད་ན་ཡི་གེ་དག་མ་རེ་འབྲི་རོགས།
ད་ཡིན་ན་གནམ་ལགས་དྲན་པ་ཐང་པོ་མི་འདུག་་་་་་རང་བཙན་ཟེར་བ་དེ་ཁྱོད་ཤི་ང་གསོན་གྱི་གནས་བབ་ཡིན་པའི་རྒྱུ་མཚན་ཅི་ཡོད་དམ། དེ་འདྲ་མི་མདོ་མེད་ཀྱི་ཁ་ནས་གཏམ་དྲི་ངན་ཅིག་ཐོན་ཡ་འདུག་་་་་་་བོད་མིའི་བདག་དབང་ཡིན་པ་ཅིག་ལ་རང་བདག་དགོས་ཟེར་གྱི་ཡོད་པ་མ་ཤེས་སམ། ཨ་ཁ་ཁ་་་་་་མི་འདི་འདྲའི་ད་དུང་ཆབ་སྲིད་སྐོར་འདྲ་གླེང་ཁུལ་བྱེད། མ་ཤེས་ན་ཁ་རོགས་བཞུགས་དང་མལ་གསོས་འགྲོ་རེད། ལས་ངན་པ་མི་འདི་དང་འདི་འདྲ་བ་གཞུང་ཞབས་ནང་གི་རེ་འགས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དེ་ཆུ་ནང་ལ་གཡུག་ཀི་ཡོད་རེད། སྔོན་མ་དང་མི་འདྲ་བ་དེང་རབས་གཞོན་སྐྱེས་རྣམས་བསམ་བློའི་རྣམ་དཔྱོད་ཧ་ཅང་གི་ཡར་རྒྱས་མགྱོགས་པས་རྨོངས་དད་པ་དང་སྐབས་འཚོལ་བ་རྣམས་རིམ་བཞིན་རྫུན་རྐུབ་རྡོལ་དུས་ཁ་ནང་མཛུབ་མོ་ཆུག་ནས་སྡོད་ཅིག་ཨ།
བོད་པའི་དམངས་གཙོ་ནི་རྩེད་ཆས་རང་འདུག ཆབ་སྲིད་དང་ཤེས་རིག ཕུགས་བསམ། མཐའ་ན་སྐད་རིག་གཅིག་་ཚད་ལོངས་་པ་ཞིག་མི་ཤེས་པའི་ཀླུ་བྱམས་ལྟ་བུ་ཕུད་རྒྱངས་ཆོག་ཆོག སྨྱོན་བཤད་གཟའ་བཤད་བྱེད་མཁན་ཞིག་གཞུང་འཛིན་དབུ་ཁྲིད་ཀྱི་འོས་མི་ལངས། དེ་ལ་ཕུགས་བསམ་ཅི་ཡང་བཏང་མི་ཤེས་པའི་འཁྱམས་པོ་ཀླད་སྟོང་སྐོར་ཞིག་གིས་རྒྱབ་སྐྱོར་ཡོད་མདོག་བྱེད། དྲིན་ཅན་ལ་ཁ་ལོག་ཚིག་ལོག་ཕངས། སྡང་དགྲ་བོས་མཐོང་ན་གད་མོ་བགད། གཉེན་གྲོགས་ཀྱིས་མཐོང་ན་ཡིད་མུག་པ་ཞིག་འདུག ད་གང་དྲགས། དཀོན་མཆོག་མཁྱེན། བོད་ཀྱི་ཆབ་སྲིད་འཇིག་པའི་སྔ་ལྟས་མིན་ནམ་སྙམས། གལ་ཏེ་ང་ཚོ་འཇབརྒོལ་བའི་རུ་ཁག་ཞིག་ཡིན་ཚེ་ཕལ་ཆེར་ཀླུ་བྱམས་མགོ་བ་བྱས་ན་ཏག་ཏག་ཡིན་ས་རེད། དེ་མིན་འུར་མ་རྒྱབ་ན་བཟང་གི་རེད། དྲྭ་འབུ་ལས་མེད་ཚོ། འོན་ཀྱང་བུ་ཁ་ཤོམ་ཅན་གྱི་བཟའ་ཚང་སྐྱིད་ཟེར་བ་ལྟར་ཡིན་ན་ཐང་།
བེ་རེ་གདོང་ནག་ཉོན་ཅིག་་་་་་ཀླུ་མཁའ་བྱམས་བོད་སྐད་དང་རྒྱ་མིའི་སྐད་གཉིས་ཐད་ལ་ཁྱོད་ལས་དྲག་ན་མ་གཏོགས་ཞན་པ་མེད། ཆབ་སྲིད་པའི་ལས་ཀ་དེ་རྐང་རྩེད་སྤོ་ལོ་ནང་བཞིན་ཡིན་པ་མ་ཤེས་སམ། ཧཧཧཧཧ་་་་་་་་ཆོད་སེམས་དང་གདེངས་སྤོབས་ཡོད་ན་གནས་ལུགས་བཤད་ཤོག་་་་་་་དེ་མིན་རྨོངས་དད་རིགས་ལུགས་ཀྱིས་འབུད་འཇོམས་གཏོང་ལུགས་ལ་ལྟོས་ན་གནས་ལུགས་བཤད་རྒྱུ་མེད་པའི་རྟགས་རེད། བོད་ཀྱི་ཆབ་སྲིད་འཇིག་ནས་མི་ལོ་དྲུག་ཅུ་ཡན་སོང་རིང་དབུགས་ཆད་ལ་ཁད་གནས་ཡོད་པ་མ་ཤེས་སམ། ཆབ་སྲིད་ཐད་ལ་མ་ཤེས་ན་འཚང་ཁ་དགོས་མ་རེད། དེ་ལས་སྔས་མགོ་མཐོ་ཙམ་འཇོག་ནས་ཉལ་ན་གཉིད་སྐྱིད་པོ་ཁུག་ཀི་རེད་གདའ།
མདང་དགོང་སེམས་ཚོར་གྱི་དབང་དུ་སོང་ནས་རང་གི་མཐོང་ཚུལ་ཙམ་ཞིག་ལྷག་བསམ་རྣམ་དག་གིས་མཆན་བུར་བཏབ་ནས་བཀོད་པ་ཅུང་ཐལ་ཆར་སོང་འདུག་པར་བཟོད་གསོལ་ཞུ། ཁ་བརྡའི་རྩོམ་སྒྲིག་པས་མྱུར་དུ་གསལ་བཤད་གནང་བ་ཙམ་མ་ཟད། ད་རེས་དངོས་སུ་སྲིད་སྐྱོང་འོས་མི་གཞན་གྱི་བཅར་འདྲིའི་སྐོར་གྱི་དྲྭ་བརྙན་ཡང་གོང་དུ་འཇོག་གནང་མཛད་འདུག་པར་བཀའ་དྲིན་ཆེ་ཞུ། འབྱུང་འགྱུར་འོས་སྦྱོར་ཞུ་འོས་ཀྱི་གནས་ཚུལ་འདྲ་མཆིས་ཚེ་ངེས་པར་དུ་ཁ་བརྡ་ཚང་ལ་ཞུ་ངེས་ཡིན།ཁ་བརྡ་དྲྭ་ཚིགས་སྔར་ལྷག་མཛད་འཕྲིན་རྒྱས་པར་ཤོག
གང་ལྟར་དད་པ་ལོག་སྤྱོད་སོགས་ག་རེ་བཤད་རུང་མ་བཤད་རུང་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་ཞིག་སྲིད་སྐྱོང་གི་ཁྲི་ལ་སླེབས་མི་སྲིད་པ་དེ་ཟུར་ལྟས་ལེབ་མཐོང་རེད། འདི་ནི་བོད་མི་མང་གིས་གོང་ས་མཆོག་ལ་བཅང་བའི་དད་པ་དང་བརྩེ་དུང་རེད། ཁོང་གིས་དེ་སྔ་ཡན་ཆད་བོད་མི་མང་བསླུ་མ་མྱོང་བས་རེད། འདོད་ཀྱང་མ་འདོད་ཀྱང་འདི་དོན་དངོས་རེད། ཀླུ་བྱམས་ཀྱི་ཁོ་སྲིད་སྐྱོང་ལ་སླེབས་ན་བོད་རྒྱ་འབྲེལ་མོལ་སྒོ་རྒྱག་གི་ཡིན། དབུ་མའི་ལམ་མེད་པ་བཟོ་ཡི་ཡིན། སྐུ་ཚབས་དོན་གཅོད་ཚང་མ་འགྱུར་བ་གཏོང་གི་ཡིན་ཟེར་གྱི་ཡོད་པ་རེད། སྐད་ཆ་འདི་ཁོ་ནའི་སྟེང་ནས་སྲིད་སྐྱོང་ལ་སླེབས་པའི་ལམ་ཁ་བཀག་ཟིན་པ་རེད།
xxསྐུ་ངོ་ལུང་རྟོགས་ལགས།
བོད་རྒྱ་འབྲེལ་མོལ་གྱི་སྒོ་རྒྱག་དགོས་ཡ་མི་འདུག རྒྱ་ནག་གཞུང་གིས་སྒོ་གཏན་འདུག་
དབུ་མའི་ལམ་མེད་པ་བཟོ་དགོས་མི་འདུག རྒྱ་ནག་གཞུང་གིས་ཡིག་ཐོག་ནས་མེད་པ་བཟོས་འདུག
སྐུ་ཚབ་དོན་གཅོད་འགྱུར་བ་གཏོང་ཆོག་ད་ཆོག དེ་ནི་གཞུང་གི་དགོས་མཁོ་ལྟར་འགྲོ་དགོས་རེད།
ཀླུ་མཁར་བྱམས་ལ་སྲིད་སྐྱོང་ཐོབ་རྒྱུ་མིན་པ་དེ་སུས་བལྟས་ཀྱང་ཤེས་གི་ཡོད་རེད། རྒྱབ་སྐྱོར་ཡིན་ཟེར་མཁན་ཚོས་ཀྱང་ཤེས་གི་ཡོད་རེད། སྲིད་སྐྱོང་སུ་ལ་ཐོབ་ཀྱི་ཡོད་མེད་མ་ཤེས་མཁན་གྱི་སྲིད་དོན་དབྱེ་ཞིབ་བྱེད་མཁན་འདི་དག་དགོད་རེ་བྲོ། སྲིད་སྐྱོང་གི་རྐུབ་རྟགས་ཚ་བོ་དེ་ནི་སྤེན་ཚེ་དང་བཀྲ་དབང་སོགས་སུ་གཅིག་གིས་ཀྱང་མ་རེད། སྲིད་སྐྱོང་བློ་སེང་གི་རེད། སྲིད་སྐྱོང་བློ་སེང་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་ཕྱིན་པ་ལས་གསལ་པོར་ཤེས་གི་རེད། སྲིད་སྐྱོང་བློ་སེང་གི་ལངས་ཕྱོགས་དེ་དབུ་ལམ་ཡིན་པར་བརྗོད་པས་ངེད་གཉིས་ལངས་ཕྱོགས་ཐད་ཤིན་ཏུ་མཐུན་ཡང་། བློ་སེང་འདི་བ་ཚང་ལ་བློ་གཏད་ཆོག་པ་ཞིག་མི་འདུག ཁོང་གིས་ཆཱིག་སྒྲིལ། རང་ཁ་རང་གསོ། གསར་གཏོད་ཟེར་ནས་སླེབས་ཀྱང་ལས་ཀ་བྱས་པ་དེ་ཚོར་ལྟ་དུས་ཡ་མཚན་དེ་འདྲ་འདུག སྤེན་ཚེ་དང་བཀྲ་དབང་གཉིས་ལ་བློ་སེང་ལས་ལྷག་པའི་འཇོན་ཐང་དང་བྱེད་རྒྱུ་གང་ཡང་མེད་པ་མ་ཟད། བློ་སེང་ལས་ཀྱང་སྐྱོ་བ་ཡོད་རེད་དྲན། གང་ལྟར་ཡང་འདེམས་རྒྱུ་གཞན་མེད་དུས་ལྟ་བ་ཙམ་མཐུན་པ་དེའང་གལ་ཆེན་ཡིན་པས། ངས་སྲིད་སྐྱོང་བློ་སེང་ལ་ཡང་བསྐྱར་བླུགས་གི་ཡིན། ཡིན་ནའང་རེ་བ་ཆེན་པོ་ནམ་ཡང་རྒྱག་གི་མིན།
ལུང་རྟོགས་ལགས། མདོ་སྨད་པ་ཚོས་རང་གི་མི་ཞིག་དུས་ནམ་ཡང་མགོ་ཡར་བཀྱག་གི་བཅུག་ལེ་མ་རེད།་གང་ཡིན་ཞེ་ན་གྲྭ་བ་གྲྭ་ལོག་ཁ་ཤས་ཀྱིས་འདྲེ་ལག་བརྐྱངས་ནས་སྤྱི་ཚོགས་འདི་གད་སྙིགས་བཟོས་པ་དང་སྲིད་ལ་འོས་འཕེན་གྱི་ཡོད་པ་དེ་རེད། དེང་སང་ཀླུ་མཁར་བྱམས་ལ་ཨ་མདོ་གྲྭ་བ་སྡོམ་མེད་ཁ་ཤས་ཀྱིས་ཁྱི་ནང་བཞིན་ཟུག་པ་དེ་ཐོག་ནས་ཀླུ་མཁར་བྱམས་ཀྱི་རིན་ཐང་ངོ་མ་ཤེས་སླ་བ་ཞིག་རེད།
བཙུན་པ་ལུང་རྟོགས་ལགས། ཀླུ་བྱམས་སྲིད་སྐྱོང་མ་ལངས་པའི་ཡར་སྔོན་ནས་བོད་རྒྱ་འབྲེལ་མོལ་ཆད་ཟིན་ནས་སྔ་ཕྱི་གཉིས་ཀྱི་རྒྱབ་ཤ་དཀར་པོའི་དེབ་དེས་སྒོ་རང་བརྒྱགས་མ་རེད་པས། དེས་ན་དབུ་མའི་ལམ་རང་བཞིན་གྱི་ནུས་མེད་སོང་ཙང་མེད་པ་བཟོ་རྒྱུ་ཞིག་ལྷག་ཡོད་ཚོད་མ་རེད། ཀླུ་བྱམས་སྲིད་སྐྱོང་ལ་སླེབས་ན་མེད་པ་བཟོ་རྒྱུ་གཉིས་ལྷག་ཡོད་པ་ནི་བྲན་གཡོག་གཤིས་ཀ་དང་དད་པ་ལོག་སྤྱོད་པ་ཚོ་རེད། འདི་མེད་པ་བཟོ་རྒྱུ་དམ་བཅའ་ལ་འགྱུར་བ་ཅང་ཡོད་ཚོད་མ་རེད། སྐུ་ཚབ་དོན་གཅོད་ཁང་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་བར་གཏན་འཇགས་གནས་སྲིད་ལ་ཀླུ་བྱམས་ཀྱིས་སྒོ་བརྒྱག་རྒྱུ་ཡིན་པའི་གཏམ་བཤད་གང་དུ་ཡང་མི་འདུག། ཁོ་ཁ་ཁོག་མི་མཚུངས་མཁན་དེ་འདྲ་མིན་ཙང་དེ་འདྲ་བྱེད་མི་སྲིད་པས་རི་བོང་གནམ་བརྡིབ་ཀྱི་སེམས་ཁྲལ་བྱེད་དགོས་པའི་རྒྱུ་མཚན་ཞིག་ཅང་ཨེ་ཡོད། མ་གཞི་སྡུག་ས་ནས་བཤད་ན་སྐུ་ཚབས་དོན་གཅོད་ཁག་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་མ་བཞུགས་རྗེས་ནས་སྒོ་རྒྱག་གི་རེད་མ་རེད། འདི་དྲི་བ་ཞིག་རེད། རྒྱུ་མཚན་བོད་དང་བོད་མི་རིགས་འདི་༧རྒྱལ་བ་རིན་པོ་ཆེ་མ་བཞུགས་རྗེས་ནས་གནས་དགོས་མིན་དེ་འདི་ལ་འཐུག་ཡོད་པ་རེད། འདི་ནི་བོད་མི་རིགས་ཤིག་ཡིན་ན་བསམ་བློ་མ་བཏང་རང་བཏང་གི་གནད་དོན་ཞིག་རེད།
གསར་ཁོ། གསལ་ལེ་རྒྱལ། སྤོ་མ་ལངས། ཡིག་ནོར་དང་ཕྲད་ནོར་ཤོར་བ་བདེན་པ་རེད། རྗེས་ཕྱོགས་སུ། ཤེས་ཚོད་ཀིས་སྲལ་ལེན་ཡེད་དགོས། དེ་མིན་དོན་མི་གོ་ན་འདི་འདྲ་ཞིག་བཤད་ཡོད། སོ་སོའི་རྐྱ་ཡས་དང་ལང་ཕྱོགས་མི་མཐུན་ནི་ཞིག་གིས། བོད་རྒྱ་ཆེ་མི་མང་ལ་ཁ་བླ་བྱས་ནས་ཁ་ཕྱོགས་བསྒྱུར་རྒྱུ་ཟེར་ན། རྒད་པོ་ཀླུ་བྱམས་སྨྱོ་བསྡད་ཡོད་རྒྱུ་རེད་ཟེར་གི་ཡོད། དེའི་མ་ཚད། སྤེན་ཚེ་ཡི་འོས་ཤོག་གིས་རྩེ་སྤྱད་མ་བྱས་ན་བཟང་ནི་རེད་ཟེར་གི་ཡོད། ད་རེ་ཨ་མདོ་བའི་མྱི་ཆེན་ཆགས་འཇོག་ཡོད་ས་ཞིག་ལ་ཐོབ་པ་ཡིན་ན། ཆོལ་གསུམ་གོང་བུ་གཅིག་ཏུ་ཡིན་པའི་རྒྱལ་ཁབ་ཞིག་གི་ལོ་རྒྱུས་འཐབ་ཕྱོགས་ལ་བཟང་གི་འདོད་ཡོད། བློ་སེང་ལ་མ་དགའ་བའི་སྐད་ཆ་མིན།
(དད་པ་ལོག་སྤྱོད)་ཟེར་བ་འདིས་ཅི་ཟེར་གི་ཡོད་པ་རེད་ཟེར་ན། ༧གོང་ས་མཆོག་གི་སྐུ་དྲིན་གླེང་མི་ཆོག་ཟེར་གི་ཡོད་ནི་རེད། ༧གོང་ས་མཆོག་ལ་དད་དམ་འཛིན་མི་ཆོག་ཟེར་གི་ཡོད་ནི་རེད། དོལ་རྒྱལ་ཚང་གི་དམེ་ལག་ཁུར་ནས་༧གོང་ས་མཆོག་ལ་ཐུགས་སུན་གཙོས་རྒྱུ་ཟེར་གི་ཡོད་ནི་རེད།
མྱི་འདི་ཅན་པོའི་གསེང་ན་ཅང་མེད་རུང་རྒོལ་ས་དེ་ཆོལ་གསུམ་བོད་མིའི་གོང་ལ་ཚོ་ཡིན། ཟང་གདོང་རིན་པོ་ཆེ། ཨ་ལགས་འཇིག་མེད་ལ་སོགས་པ་ཡོད་ནི་རེད།
དམར་པོའི་ལྟ་བ་ཁུར་ནས་བཙན་བྱོལ་ལ་ཐོན་པ་རེད། དགྱ་དམར་ཚང་གིས་ཡང་བོད་བླ་ཚང་མ་དམ་ལ་བཏགས་པ་རེད། རེ་འབྲས་གང་ཙམ་ཐོན་པ་རེད། ཁོ་ཡང་དེ་བཞིན་དུ་སྤྱང་པགས་ཞིག་གོན་འདོད་ཡོད་པ་རེད། ཚང་མས་ཤེས་ན་བཟང་ནི་རེད། ཞེ་གནག་པའི་སྟོང་གཏམ་ལ་ཡིད་གཟབ་བྱས་ན་བཟང་ནི་རེད་ཟེར་གི་ཡོད་དོ།
གསར་འབྱོར་བ་ཚོ་ཚྭ་དང་། གཞི་ཆགས་པ་ཚོ་སྒོག་པ་རེད་ཟེར་ན་ཅི་རྫོ་ལེ་རེད། ????????????? སྙིང་ནན་ཅན་འདི་ཚོ།
བཙུན་ཟུར་ཞོལ་གཡག་ལགས། བོད་རྒྱ་འབྲེལ་མོལ་གནས་སྐབས་ཆད་ཀྱང་བསྐྱར་གསོ་བྱེད་རྒྱུ་ཡོད་པ་རེད། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་མོལ་ནི་སྐབས་རེ་ཆད་སྐབས་རེ་འཐུད་ནས་འགྲོ་བ་ཆོས་ཉིད་རེད། དབུ་ལམ་ལ་ངོས་ལེན་མེད་ཟེར་བའི་སྐད་ཆ་འདི་ཡང་གནའ་སྔ་མོ་ནས་ཡོད་པ་ཞིག་ལས་གསར་དུ་བཤད་ཡོང་བ་ཅང་མ་རེད། དབུ་ལམ་ལ་ངོས་ལེན་མེད་ཟེར་བཞིན་བོད་རྒྱ་འབྲེལ་མོལ་ཐེང་མང་བྱུང་ཡོད་པ་ཤེས་གསལ་རེད། ཀླུ་བྱམས་སྲིད་སྐྱོང་ལ་སླེབས་ན་བྲན་གཡོག་དང་དད་པ་གཉིས་མེད་པ་བཟོས་ན་དེ་ནི་སྤྱི་ཚོགས་འགོ་འཇུག་མེད་པ་ཞིག་བཟོས་པ་ཡིན་པས་ཡག་པོ་གང་ཡང་མ་རེད། རྒྱ་གུང་ཕྲན་གིས་ཀྱང་རྙིང་བཞི་རྩ་གཏོར་ཟེར་བའི་ལས་འགུལ་མང་པོ་སྤེལ་བ་རེད། འོན་ཀྱང་དད་པ་ད
བཙུན་ཟུར་ཞོལ་གཡག་ལགས། བོད་རྒྱ་འབྲེལ་མོལ་གནས་སྐབས་ཆད་ཀྱང་བསྐྱར་གསོ་བྱེད་རྒྱུ་ཡོད་པ་རེད། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་མོལ་ནི་སྐབས་རེ་ཆད་སྐབས་རེ་འཐུད་ནས་འགྲོ་བ་ཆོས་ཉིད་རེད། དབུ་ལམ་ལ་ངོས་ལེན་མེད་ཟེར་བའི་སྐད་ཆ་འདི་ཡང་གནའ་སྔ་མོ་ནས་ཡོད་པ་ཞིག་ལས་གསར་དུ་བཤད་ཡོང་བ་ཅང་མ་རེད། དབུ་ལམ་ལ་ངོས་ལེན་མེད་ཟེར་བཞིན་བོད་རྒྱ་འབྲེལ་མོལ་ཐེང་མང་བྱུང་ཡོད་པ་ཤེས་གསལ་རེད། ཀླུ་བྱམས་སྲིད་སྐྱོང་ལ་སླེབས་ན་བྲན་གཡོག་དང་དད་པ་གཉིས་མེད་པ་བཟོས་ན་དེ་ནི་སྤྱི་ཚོགས་འགོ་འཇུག་མེད་པ་ཞིག་བཟོས་པ་ཡིན་པས་ཡག་པོ་གང་ཡང་མ་རེད། རྒྱ་གུང་ཕྲན་གིས་ཀྱང་རྙིང་བཞི་རྩ་གཏོར་ཟེར་བའི་ལས་འགུལ་མང་པོ་སྤེལ་བ་རེད། འོན་ཀྱང་དད་པ་དང་འགོ་འཇུག་ནི་དགོས་པ་ཞིག་ཡིན་དུས་མེད་པ་བཟོ་མ་ཐུབ་པར་བསྐྱར་དུ་དར་ཡོད་པ་རེད། གུང་ཕྲན་གིས་མེད་པ་བཟོ་མ་ཐུབ་པ་ཞིག་ཀླུ་བྱམས་ཀྱིས་མེད་པ་བཟོ་ཐུབ་ཨེ་ཡོང་། སྐུ་ཚབས་དོན་གཅོད་ཁག་ནི་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་ཡོད་ཀྱང་དོན་ལ་བོད་གཞུང་གི་གཞུང་ཚབས་རེད། དེས་ན་འདི་དག་གནས་མིན་ནི་རྒྱལ་བ་རིན་པོ་ཆེ་བཞུགས་མ་བཞུགས་ཀྱི་གནད་དོན་ཞིག་མ་རེད།
རེད་རེད་་་དབུ་མའི་ལམ་ལ་ངོས་ལེན་མེད་ཟེར་བ་སྔ་ཡང་རེད་ལ་ད་ཡང་རེད། མ་འོངས་པ་ལ་ཡང་རེད། འདས་མ་ད་གསུམ་ལ་རྒྱ་གུན་ཁྲན་གྱི་ངོས་ལེན་མི་བྱེད་པར་ཤེས་བཞིན་དུ་འགྲུབ་ཡ་ཡོད་མདོག་མདོག་བཤད་ནས་བོད་མི་དམངས་མགོ་སྐོར་མ་གཏོང་ན་ཡག་བ་འདུག་ག བོད་མི་རིགས་ཀྱི་རྒྱུད་ལ་རྒྱ་དགའ་བའི་འདུ་ཤེས་སྐྱེས་མ་བཅུག་ན་ཡག་བ་འདུག་ག བོད་མི་དམངས་མགོ་སྐོར་གཏོང་ཡ་མཚམས་འཇོག་པའི་རེ་བ་ཡོད།
རྙིང་གཞི་རྩ་གཏོར་བཏང་མཁན་རྒྱ་གུན་ཁྲན་ལ་མ་དགའ་ན་ཁྱོད་ཚོ་དབུ་མའི་ལམ་ནས་རྒྱ་གུན་ཁྲན་གྱི་དམར་ཁྲིམས་འོག་ཏུ་སྐྱག་པ་བཟའ་མཁན་འགྲོ་ཡ་ཡིན་པེ།་་་་་ཧཧཧ བྱས་ཙང་སྐད་ཆ་སྔ་ཕྱི་མི་མཐུན་པ་འདི་འདྲ་བཤད་ནས་བོད་མི་དམངས་མགོ་སྐོར་མ་གཏོག་རོགས་བྱོས་ཟེར་གི་ཡོད་་་ད
ད་དུང་་་ལུག་རྒན་ཧམ་བཤད་ཅན། ཁས་ལེན་མེད་པར་དགག་ལན་བརྒྱབ་མདོག་མདོག་བྱེད་མ་འོང་ཨ། ཀླུ་བྱམས་ཀྱིས་དད་པ་མེད་པ་བཟོ་དགོས་ཟེར་གྱི་མེད་པ། ལུག་རྒན་ཧམ་པ་ཅན་ཁྱོད་ཀྱིས་གཅིག་སྟོན་ཤོག་དང་། ཧམ་བཤད་དང་རྫུན་བཤད། ལོག་བཤད་གསུམ་པག་བཟའ་བཟའ་བྱས་བསྡད་པ་འདིས་ཁྱོད་རང་སྒེར་གཅོད་པའི་ལག་གཡོག་ཡིིན་པར་བསྟན་པ་རེད།
དད་པ་ལོག་སྤྱོད་ལ་མེད་པ་བཟོ་དགོས་རེད་ཟེར་བཞིན་ཡོད་པ་ལས་དད་པ་མེད་བཟོ་དགོས་ཟེར་མཁན་ཡོད་ན་སྨྱོན་པ་ཡིན་གྱི་རེད་་ད་་་་་་ཧཧཧ ཧམ་བཤད་དང་ལོག་བཤད ལུག་རྒན་
དྲི་བ། བོད་རྒྱ་འབྲེལ་མཐུད་བྱེད་མ་ཐུབ་པར་ལོ་ཤས་སོང་ཡོད་སྟབས། གལ་སྲིད་ཁྱེད་རང་ལ་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་པ་ཡིན་ན། འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐབས་ཤེས་གང་ཡོད།
༼ལན། ངས་བོད་རྒྱ་འབྲེལ་མོལ་ཟེར་བ་དེ་ཡོང་ཐུབ་པར་ངོས་འཛིན་བྱེད་ཀྱི་མེད། གལ་སྲིད་ང་སྲིད་སྐྱོང་ཆགས་པ་ཡིན་ན། རྒྱལ་སྤྱིའི་སྟེང་རྒྱ་ནག་༼ང་ཚོས་གནོན་ཤུགས་སྤྲད་དགོས་ས་ཞིག་དང་ཁ་གཏད་གཅོག་ས་༽ཞིག་རེད་མ་གཏོགས། ཆེས་ངན་ལམ་ཤོར་དེའི་འོག་འགྲོ་བསྡད་པ་ཡིན་ན། རྩ་བ་ཉིད་ནས་འགྲིག་གི་མེད། ༽
ངས་ཁྱོད་ལ་དྲི་བ་ཞིག་འདྲི། རྒྱ་ནག་ལ་ང་ཚོས་གནོན་ཤུགས་ཅི་ལྟར་སྤྲད་དགོས། ཁ་གཏད་ཅི་ལྟར་གཅོག་དགོས། ? དྲི་བ་འདི་༧གོང་མཆོག་གིས་ལམ་དབུ་མར་མ་སྐྱོད་པའི་སྔོན་གྱི་རྒྱ་ཆེ་མི་མང་ལ་གནང་བའི་དྲི་བ་ཡང་རེད། དྲི་བ་འདི་ལ། ད་ལྟའི་ཆར། མི་རྒྱུ་སྲོག་གསུམ་ག་རེ་བཏང་ཡང་འཇུག་འབྲས་ཕོང་བའི་བྱ་བ་ལས་མེད་པར་ངེས་ཤེས་བྱུང་བ་རེད། དེ་ན་ཁྱོས། ཁ་གཏད་གཅོག་ཐུབ་ལུགས། གནོན་ཤུགས་སྤྲོད་ཐུབ་ལུགས་ལ་ནུས་བ་ཡོད་པའི་ཁ་ཕོ་དེ་ཁ་གསལ་གཏིང་གསལ་གྱི་དྲིས་ལན་ཞིག་མེད་ན། ཁྱོད་ཨ་ཕའི་བུ་མིན།
ལོ་རྒྱུས་རང་བཙན་རེད། དགོས་བ་རང་བཙན་ཡིན། བདེན་པ་ལ་རྒྱལ་ཁ་ཡོད་ཟེར་བ་ཙམ་གྱིས་ལན་ཐེབས་སོང་བ་དེ་འདྲ་ཅི་ཡང་མ་རེད།
གནམ་ལགས། མི་རྒྱུ་སྲོག་གསུམ་ག་རེ་གཏོང་ཡང་འཇུག་འབྲས་འཕུང་བའི་བྱ་བ་ལས་མེད་པ་ངེས་ཤེས་བྱུང་བ་རེད་ཟེར་ན། ག་དུས་ངེས་ཤེས་བྱུང་བ་རེད་དམ། སུ་ལ་བྱུང་བ་རེད་དམ། ལོ་ཟླ་ཚེས་སོགས་གསལ་པོ་ཡོད་དམ། བཀོད་ཤོག་ཨ་ཕ་བཟང་བུ།
ཅོ་རྒན། རྒྱ་གཞུང་གིས་དབུ་ལམ་ལ་ལོག་འགྲེལ་སྣ་ཚོགས་རྒྱག་ནས་ངོས་ལེན་མི་བྱེད་དུས་བོད་རང་བཙན་ལམ་ལ་འགྲོ་ན་དེ་བས་ཀྱང་ངོས་ལེན་མི་བྱེད་པ་གསལ་པོ་གསལ་རྐྱང་རེད། རང་བཙན་རྩོད་ན་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ཐུབ་པའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཤུགས་དགོས་པ་རེད་དེ་ང་ཚོ་ལ་ཡོད་དམ། འོན་ཀྱང་དབུ་ལམ་ལ་སོང་ན་རྒྱ་གཞུང་གིས་ག་རེ་བཤད་རུང་མ་བཤད་རུང་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་གིས་བོད་དོན་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་རིགས་མི་མང་གི་ཁྲོད་ནས་ཀྱང་རྒྱབ་སྐྱོར་བྱེད་མཁན་ཡོང་གི་ཡོད་པ་རེད། རང་བཙན་ལ་སོང་ན་དེ་ཚོ་ཚང་མ་མེད་པ་ཆགས་རྒྱུ་ཡིན་པ་ཟུར་ལྟས་ལེབ་མཐོང་རེད།
རྒྱ་གུང་ཕྲན་གྱི་འོག་ལ་འགྲོ་ཡི་ཡིན་ཟེར་བ་འདི་རྒྱ་གུང་ཕྲན་ལ་དགའ་དྲག་ནས་འགྲོ་གི་ཡིན་ཟེར་གྱི་ཡོད་པ་མ་རེད། བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་མི་འགྲོ་བའི་ཆེད་ལམ་ཁ་འདི་མ་གདམ་རང་གདམ་ཆགས་པ་རེད། དཔེར་ན་སྲོག་མི་ཤོར་བའི་ཆེད་དུ་རྐང་ལག་བློས་གཏོང་བ་ལྟ་བུ་རེད། ཤེས་བཞིན་དུ་ལོག་བཤད་བྱེད་མཁན་ཁྱོད་ཚོར་གསལ་བཤད་བྱས་ནས་གསལ་པོ་ཆགས་མི་སྲིད་པ་ཤེས་མོད། བསམ་བློ་མི་བརྟན་པའི་མི་ཁ་ཤས་ལོག་བཤད་ཀྱི་འོག་ལ་མགོ་སྐོར་ཐེབ་སྲིད་པས་དེ་ཚོ་ལ་གསལ་འདེབས་ཤིག་བྱས་པ་ཡིན།
ཨ་ཚོགས་ཀྱིས་དད་པ་ལོག་སྤྱོད་ཡིན་ན་གཅིག་མེད་པ་བཟོ་ཡི་ཡིན་ཟེར་གྱི་འདུག དེ་ནི་ཆབ་སྲིད་པས་མི་ལ་ཞྭ་མོ་གཡོག་ཐབས་ཀྱི་གཡོ་གཏམ་ཞིག་རེད། དོན་ལ་ཁོས་རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་ཀྱི་ཡོད་པ་དེ་མེད་པ་བཟོ་དགོས་ཟེར་གྱི་ཡོད་པ་རེད། དེ་མི་ཤེས་མཁན་སུ་ཡོད། དེ་མིན་ན་སུས་དད་པ་ལོག་སྤྱོད་བྱེད་ཀྱི་འདུག ཚུལ་ཇི་ལྟར་བྱེད་ཀྱི་འདུག་སོགས་ཁ་གསལ་པོ་སྟན་ནས་དགག་པ་རྒྱག་དགོས་པ་རེད་མ་གཏོགས། དད་པ་ལོག་སྤྱོད་བྱེད་མཁན་དང་བྱེད་ཚུལ་སོགས་གསལ་པོ་ཅི་ཡང་བཤད་རྒྱུ་མེད་པར་དད་པ་ལོག་སྤྱོད་མེད་པ་བཟོ་དགོས་ཞེས་འུར་རྒྱག་ཁ་བྱས་ཀྱང་དོན་སྙིང་ཅི་ཡང་མེད་པ་རེད།
ད་ལྟད་མོ་འདུག རྒྱལ་འཚོང་བ་དང་དད་པ་ལོག་སྤྱོད་པ་ཚོས་རྒྱལ་གཅེས་པ་ཨ་ཚོགས་ཀླུ་མཁར་ལ་གནས་ལུགས་ཐོག་ནས་མ་ཐུབ་རེད། འཛམ་གླིང་མི་དམངས་དང་བོད་ནང་ལ་ཁྱབས་ཚར་རེད། ད་མི་དམངས་ལ་བླུན་བསྒྱུར་བྱས་པར་མཇུག་རྫོགས་སོང་།
ལུང་རྟོགས་ཟེར་བ་འདི་ལ་གནས་ལུགས་ཡང་དག་ཅིག་བཤད་ཡ་མེད་དུས་ཁ་ལ་གོང་ས༧མཆོག་དང་དབུས་གཞུང་ཁུར་ནས་མི་ལྟ་བ་ལངས་ཕྱོགས་གཏན་པོ་ཡོད་མཁན་ལ་ཞྭ་མོ་གཡོག་ཀི་འདུག་་་་་་དེང་སྐབས་སྲིད་སྐྱོང་བློ་སེང་དང་ཚོགས་གཙོ་སྤེན་ཚེ་གཉིས་ཀྱིས་ཕྱོགས་བསྐྱོད་སྐབས་ལྟོས་དང་དད་པ་ལོག་སྤྱོད་སོགས་ས་རིས་ཐང་གསལ་མ་རེད་དམ། གཞན་ལོང་རྟོགས་ཡིན་ན་ཁག་ཡོད་མ་རེད་གདའ། གང་ཡིན་ཟེར་ན་ནག་ཁུང་ནང་མཐོང་ཀི་མ་རེད་ལགས།
ལུག་རྟོག་་་་བོད་རང་བཙན་བརྩད་ན་དམག་དགོས་པ་རེད་ཟེར་བ་དང་། དཔལ་འབྱོར་དགོས་པ་རེད་ཟེར་བ། མི་འབོར་དགོས་པ་རེད་ཟེར་བ་སོགས་ཀླད་སྟོང་ཚོས་བཤད་བསྡད་པ་རེད། ཡོད་ན་དང་ལོས་དགོས། ཡག་ཤོས་རེད་བ། མེད་པ་ཞིག་དགོས་རེད་ཟེར་བ་འདི་བྱབ་ཆུང་གི་སྐད་ཆ་རེད།
ཁྱོད་ཀྱིས་་་《བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་མི་འགྲོ་བའི་ཆེད་ལམ་ཁ་འདི་མ་གདམ་རང་གདམ་ཆགས་པ་རེད། དཔེར་ན་སྲོག་མི་ཤོར་བའི་ཆེད་དུ་རྐང་ལག་བློས་གཏོང་བ་ལྟ་བུ་རེད། 》ཅེས་བཤད་འདུག
ལན་་་དབུ་མའི་ལམ་གྱིས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་མི་ཐུབ། བོད་རྒྱ་ཁོངས་བསྡད་ཚར་དུས་བོད་ལ་རྒྱ་མི་མང་རེ་འགྲོ་གི་རེད། བོད་མི་རྣམས་ཀྱིས་རྒྱ་ཡིག་མ་སྦྱོང་ཀ་མེད་རེད། རྒྱའི་སྲིད་གཞུང་འོག་ཏུ་སྡོད་དགོས་དུས་རྒྱ་ཡིག་མ་ཤེས་ན་དཀའ་ལས་ཁག་པོ་རེད། ཏྭ་ལའི་བླ་མའི་རྒྱ་ཡིག་མཐོ་སློབ་ཟེར་བ་ཞིག་ཀྱང་བཙུགས་ཡོད་བསམས་བྱུང་། དབུ་མའི་ལམ་དུ་འགྲོ་འགོ་བཙུགས་པ་ནས་བཙན་བྱོལ་ནང་དུ་རྒྱ་ཡིག་སྤྱོང་མཁན་ག་ཚོད་མང་པོ་བྱུང་སོང་། འདིས་བོད་ཀྱི་སྐད་ཡིག་ལ་ཕན་གྱི་འདུག་གམ་་་་གནོན་གྱི་འདུག
དེ་ནས་་་ཁྱོད་ཀྱི་དཔེར་ཡག་པོ་བཞག་འདུག་་་ཧཧ སྲོག་མི་ཤོར་བའི་ཆེད་དུ་རྐང་ལག་བཅད་ཀྱི་ཡོད་ཟེར་བ་འདིར་རེད། རྐང་ལག་བཅད་ཚར་དུས་སྲོག་འཚམས་ཁག་པོ་རེད། གལ་སྲིད་སྲོག་འཚམས་པའི་དབང་བཏང་ཡང་ཞ་བོ་རེད། ངས་ངོས་ནས་བོད་མི་རིགས་ཞ་བོ་མ་བཟོ་རོགས་བྱོས་ཟེར་གི་ཡོད། དབུ་མའི་ལམ་གྱིས་རྒྱལ་སྤྱིའིཚོགས་ནང་དུ་བོད་ཀྱི་རྐ་ལག་བཅད་འོང་གི་འདུག བོད་རང་བཙན་གྱི་མདུན་ལམ་བཀག་འོང་གི་འདུག བོད་མི་དམངས་ཀྱི་རེ་འདུན་རྩ་མེད་བཟོ་འོང་གི་འདུག བྱས་ཙང་དབུ་མའི་ལམ་ཕྱིར་སྡུད་བྱོས་ཅེས་སྔོན་ནས་ཞུས་ཡོད་ལ་ད་ལྟ་ཡང་དེ་ག་རང་ཡིན།
ཀླུ་མཁར་བྱམས་ཀྱི་ཆེད་དུ་ནང་རྩོད་མ་མང་།
ཀླུ་མཁར་བྱམས་ལ་འོས་གྲངས་6420དང་བཀྲིས་དབང་འདུད་ལ་འོས་གྲངས་15420དང་སྤྱི་འཐུས་ཚོགས་གཙོ་ལ་འོས་གྲངས་17420དང་ལུག་རྫི་ལ་འོས་གྲངས་1420དང་སྲིད་སྐྱོང་བློ་སེང་ལ་འོས་གྲངས་25420བཅས་ལ་གཏན་འཁེལ་ན་ཁྱེད་ཚོ་ནང་འཁྲུགས་མ་རྒྱག་ཤ་ཚ་།
ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས་།
སྐྱེས་བུ་དེ་བྱོན་བོད་ལ་བད་ེ་སྐྱིད་ཤར་།
མགུ་རུའི་ལུང་བསྟན་ལས་དྲང་།
བོད་རང་བཙན་ལེན་པ་ལ་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ཐུབ་པའི་སྟོབས་ཤུགས་དགོས་པ་རེད། དམག་དང་དཔལ་འབྱོར་མི་འབོར་སོགས་ཀྱི་སྟོབས་ཤུགས་མེད་པར་གནོན་ཤུགས་ཇི་ལྟར་སྤྲད་རྒྱུ་ཡིན། ཡང་ན་བོད་རང་བཙན་སྤྲད་རོགས་ཤེས་རྒྱ་གཞུང་ལ་ཞུ་བ་རྒྱག་རྒྱུ་ཡིན་ནམ། ངོ་མ་ཅི་བཤད་འདི་བཤད་མི་འདུག དབུ་མའི་ལམ་ནས་བོད་ལ་རང་སྐྱོངས་ཐོབ་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་བྱེད་ཐུབ་ཀྱི་རེད་ལ། དེ་ལྟར་ན་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབས་བྱེད་ཐུབ་སོང་བ་རེད། རང་བཙན་རྩོད་ན་རྒྱ་གཞུང་བཞག་ནས་རྒྱ་ནག་མི་མང་གིས་ཀྱང་ཁས་མི་ལེན་པ་ས་རིས་ཐང་གསལ་ཡིན་པས་དུས་ཚོད་རྒྱུན་རིང་པོ་འགོར་ངེས་ཤིང་། དེ་ལྟར་ན་བོད་ཀྱི་རིག་གཞུང་སྲུང་སྐྱོབས་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་ཞིང་། རིག་གཞུང་ཉམ་སོང་ན་མི་རིགས་ཀྱི་ངོ་བོ་བརླག་འགྲོ་བ་ཡང་རང་བཞིན་རེད། བཙན་བྱོལ་ནང་ལ་དབྱིན་ཡིག་གིས་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་བཟོ་བཞིན་པ་ལས་རྒྱ་ཡིག་གིས་ཉེན་ཁ་བཟོ་ཡི་མེད། རྒྱ་འོག་ལ་སྡད་རུང་མ་སྡད་རུང་རྒྱ་ཡིག་ནི་སྤྱོད་སྒོ་ཆེ་བའི་སྐད་ཡིག་གཅིག་ཡིན་པ་མ་ཟད། རྒྱ་མི་རིགས་དང་འབྲེལ་བ་བྱེད་དགོས་པ་ཡང་དངོས་ཡོད་གནས་ཚུལ་ཡིན་པས་སྦྱང་འོས་པ་ཞིག་རེད། སྲོག་དང་རྐང་ལག་གཉིས་གང་གལ་ཆེ་བ་ཤེས་སོང་ན་གཞི་ནས་ངའི་དཔེ་དེའི་གོ་བ་ལོན་ཡོང་། དེ་མིན་ངའི་དཔེ་དེ་ལ་གཅིག་བཤད་ཁུལ་བྱས་ཀྱང་སྟོང་པ་རེད། མི་སུ་ཡིན་ཡང་ཁྱོད་ལ་གདམ་ཀ་གཉིས་ལས་མེད་སྲོག་ཤོག་བཅུག་གི་ཡིན་ནམ་རྐང་ལག་བློས་གཏོང་གི་ཡིན་ཟེར་ན་རྐང་ལག་བློས་གཏོང་བ་ལས་སྲོག་བློས་གཏོང་མཁན་གྱི་མི་ཞིག་ཡོད་མི་སྲིད་པ་རེད།
བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཞེས་པའི་ནང་དུ་གསལ་གསལ་དག་དག་བཀོད་ཡོད། xx་ཁྱོད་ལ་ཐེངས་གཉིས་ཙམ་སྟོན་ཚར་བ་རེད། ཡིན་ཀྱང་ཁྱོད་ལྟ་བུ་ཚོས་གོ་བ་ལེན་ཤེས་ཀིན་མ་རེད། གཅིག་རེད།
གཉིས་པ། བོད་རང་བཙན་བརྩད་ལེན་བྱས་པ་ལ་ཡིན་གཅིག་དམག་རྒྱབ་དགོས་དོན་མེད། འཛམ་གླིང་ཐོག་ཏུ་རང་བཙན་ཐོབ་སོང་བའི་རྒྱལ་ཁབ་ཁག་གི་ལོ་རྒྱུས་ལ་བལྟས་ནའང་དམག་བརྒྱབ་ནས་རང་བཙན་ཐོབ་སོང་བ་ཤིག་ཅང་མཐོང་ཡ་མེད།
ལུང་རྟོགས་་་འཛམ་གླིང་འདིའི་ཐོག་ཏུ་རྒྱལ་ཁ་འཐོབ་ཐུབ་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཐབས་ཇུས་རེད། མ་གཏོགས་མི་འབོར་དང་དཔག་འབྱོར། དམག་ཤུགས་མ་རེད། ཐབས་ཇུས་མཁས་པ་ཡིན་ན་རྒྱལ་ཁབ་འཐོར་པའི་མདུན་ལམ་ཡོད་ངེས་ཡིན།
དམག་དང་མི་འབོར། དཔལ་འབྱོར་མེད་ན་རང་བཙན་ཡོང་ཐབས་མེད་པ་ཡིན་ན་འབྲུག་པ་རང་བཙན་རྒྱལ་ཁབ་ཤིག་ཇི་ལྟར་ཆགས་སོང་རེད་དམ། འབྲུག་པ་ལ་དམག་ཤུགས་ཡོད་དམ། མི་འབོར་ཡོད་དམ། དཔལ་འབྱོར་ཡོད་དམ། ཧཧཧ ངས་ངོས་ནས་བྱས་ན་ཁྱོད་ཚོ་དོན་དངོས་པོའི་ཐོག་གི་མགོ་སྟོང་རང་རེད་བསམས་ཀྱི་ཡོད།
ལུང་རྟོགས་ལགས། ཁྱེད་རང་རྒྱ་ཡིག་ལ་དད་པ་ཡོད་ན། ཨ་ཚོགས་ཀླུ་མཁར་བྱམས་ནི་ད་ལྟར་སྲིད་སྐྱོང་ལ་བཞེངས་པའི་ཁྲོད་ཀྱི་རྒྱ་ཡིག་མཁྱེན་མཁན་དེ་རེད། བོད་ཡིག་ཀྱང་འོས་མི་གཞན་ཚོ་ལས་ཡག་ཐག་ཆོད།
ད་དུང་ཨ་ཚོགས་ཀླུ་མཁར་བྱམས་ནས་ཁ་གསལ་ནས་གསུང་སིང་ང་། དབུ་མའི་ལམ་གྱི་ཚེ་ཐག་དང་གུང་ཁྲན་ཏང་གི་ཚེ་ཐག་གཅིག་ཏུ་སྦྲེལ་ཡོད་པ་དང་། གུང་ཁྲན་ཏང་འཇིག་ངེས་རེད། བོད་རང་བཙན་དང་མ་འོངས་པ་སྦྲེལ་ཡོད་པས། ཚེ་ཚད་ལ་མཐའ་ཡོད་པ་མ་རེད།
རྒྱ་ནག་ཁྲིམས་ལ་བཏུག་ནས་རང་བཙན་ལེན་གྱི་ཟེར་བ་ཡིན་ན་དེ་ནི་དགད་མོ་ཤོར་བའི་སྐད་ཆ་རེད། རྒྱ་ནག་ལ་ཁྲིམས་ཆད་བཅད་ནས་བོད་རང་བཙན་སྤྲད་ཐུབ་པའི་རྒྱལ་ཁབ་དང་ཁྲིམས་ཁང་སུ་ཡོད་པ་རེད། འཛམ་གླིང་གང་གི་རང་བཙན་ལེན་མཁན་སུ་ཡིན་ཡང་ཁ་གཏད་ལ་གནོན་ཤུགས་སྤྲད་ནས་རང་བཙན་མ་སྤྲད་ཀ་མེད་བྱུང་བ་ལས་དགའ་བཞིན་སྤྲོ་བཞིན་དུ་རང་བཙན་སྤྲད་མཁན་སུ་ཡང་བྱུང་མྱོང་མེད། གནོན་ཤུགས་སྤྲད་པ་ལ་ཆ་རྐྱེན་ཅི་ཞིག་དགོས་པ་ནི་ཁྱོས་ཀྱང་ཤེས་རྒྱུ་རེད། ཐབས་ཇུས་དགོས་པ་བདེན་ཡང་བོད་རང་བཙན་ལེན་པའི་ཐབས་ཇུས་བཟང་པོ་ཞིག་ད་བར་དུ་སུས་ཀྱང་སྟན་ཐུབ་མ་སོང་། ཧམ་བཤད་དང་སྟོང་བཤད་ཁ་ཤས་ཤིག་བྱས་ནས་དེ་ཐབས་ཇུས་ཡིན་ཟེེ་ན་རང་སེམས་གསོ་བྱེད་ཙམ་ལས་དོན་དག་འགྲུབ་བྱེད་ཅིག་མ་རེད། འབྲུག་རྒྱལ་ཁབ་རྒྱལ་ཁབ་གཞན་གྱི་འོག་ནས་རང་བཙན་འཐབ་རྩོད་བྱས་ནས་རང་བཙན་ཐོབ་སོང་བ་མ་རེད། ཁོ་རང་ཚོ་ལ་དང་པོ་ནས་རང་བཙན་ཡོད་ཡོད་པ་རེད།
རྒྱ་ནག་གི་ཁྲིམས་ལ་གཏུག་གྱི་སུས་ལབ་ཀྱི་འདུག་གམ།་་་་xxxx་་ཧཧཧཧ
ལོང་རྟོགས་་་་འབྲུག་པ་སྔོན་མ་བོད་ཀྱི་མངའ་འབངས་རེད། དེ་ནས་དབྱིན་ཇུས་ཀྱིས་བཙན་འཛུལ་བྱས་པ་རེད། ༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་འཛུལ་ཞུགས་བྱས་པ་རེད། ཧཧ
བོད་རང་བཙན་ལེན་ཐབས་ཀྱི་འཆར་སྣང་ཁྲིམས་བཏུག་མ་ཟེར་ན་རྒྱ་ནག་ཁྲིམས་ལ་བཏུག་ནས་བོད་རང་བཙན་ལེན་རྒྱུའི་སྐད་ཆ་མིན་ནམ། ད་འོ་ན་ཁྲིམས་བཏུག་མ་ཟེར་བ་དེ་སུ་ཁྲིམས་ལ་བཏུག་གི་ཡིན་ཟེར་གྱི་ཡོད་པ་རེད། བཙན་བྱོལ་སྒྲིག་འཛུགས་ཁྲིམས་ལ་བཏུག་གི་ཡིན་ཟེར་གྱི་ཡོད་པ་མིན་ནམ། ཧཧཧ བོད་རང་གི་བདག་དབང་ཤོར་སོང་དུས་འབྲུག་པ་དབང་བསྒྱུར་བྱེད་རྒྱུ་ཕ་རིའི་སྤང་རྒྱན་རེད། དེ་བཞིན་དབྱིན་འཇི་ལ་མཚོན་ན་ཡང་རྒྱལ་ཁབ་མང་པོའི་ངོ་རྒོལ་ཁྲོད་སྟོབས་ཤུགས་ཉམ་ཆགས་བྱུང་ནས་སྔོན་མ་དབྱིན་འཇིའི་འོག་ལ་ཡོད་པའི་རྒྱལ་ཁབ་ཚང་མར་རང་བཙན་མ་སྤྲད་རང་སྤྲད་ཆགས་རྐྱེན། འབྲུག་པ་ལ་ཡང་བཟང་པོའི་ཞོར་ལ་ཇ་ཆང་རག་སོང་བ་ལས་འབྲུག་པས་དབྱིན་འཇི་ལ་རྒོལ་ནས་རང་བཙན་བླངས་པའི་ལོ་རྒྱུས་མེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལ་གཏུག་གྱི་ཡིན་ཟེར་གྱི་ཡོད་ད། རྒྱལ་ཚོགས་ཀྱི་ཚོགས་ཁོངས་ཡིན་པའི་དམངས་གཙོའི་རྒྱལ་ཁབ་ཁག་གི་ཁྲིམས་ལ་གཏུག་གྱི་ཡིན་ཟེར་གི་ཡོད་ད། ཤེས་སོང་ངམ། རྒྱ་གཞུང་གི་རྩ་ཁྲིམས་ངས་ངོས་ནས་ཁས་ལེན་གྱི་མིན། དེ་ཇག་པའི་ཁྲིམས་རེད། གུན་ཁྲན་ཏང་གིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཇག་པ་བརྒྱབ་ཀྱི་ཡོད་པ། མི་དཀར་པོ་ལ་ཉེས་ཁྲིམས་བཅད་ཀྱི་ཡོད་པ། དེ་འདྲའི་རྩ་ཁྲིམས་ཁས་ལེན་མཁན་དབུ་མའི་ལམ་པ་བ་ཚོ་རེད། ལྐུག་པ་ཚོ་རེད།
ཧྭ་ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པའི་ཐོག་ནས་བོད་ཞི་བའི་བཅིངས་གྲོལ་བཏང་པ་ཡིན་ཟེར་གྱི་ཡོད་པྭ། གུན་ཁྲན་ཏང་གིས་བོད་ནང་དུ་འཕྲོག་བཅོམ་བྱས་ཚོད་ཐམས་ཅད་ཀྲུང་གོའི་རྩ་ཁྲིམས་དང་མཐུན་གྱི་ཡོད་པར་ཏང་གིས་ངོས་ལེན་བྱས་ཀྱི་རེད་པྭ།
ཧཧཧ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དེ་སྟོབས་ཆེན་རྒྱལ་ཁབ་ཁ་ཤས་ཀྱིས་ག་བ་ཁྲིད་ཁྲིད་རེད། གཏན་འཇག་ཚོགས་མི་ལྔའི་ནང་ནས་གཅིག་གིས་མོས་མཐུན་མ་བྱས་ན་ལས་དོན་གང་ཡང་སྒྲུབ་ཐུབ་ཀྱི་ཡོད་མ་རེད། གཏན་འཇག་ཚོགས་མི་ལྔའི་ནང་ལ་རྒྱ་ནག་ཡོད་པ་རེད་ད། དེས་ན་རྒྱལ་ཚོགས་ལ་རྒྱ་ནག་ཁྲིམས་བཏུག་བྱེད་རྒྱུ་ཡིན་ཟེར་ན་དགད་མོ་ཤོར་སྐྱེད་རེད། དམངས་གཙོའི་རྒྱལ་ཁབ་ང་ཡིན་ཟེར་མཁན་ཚོས་དེང་སང་རྒྱ་ནག་གི་རྐུབ་ལྡག་གྲབ་བྱེད་ཀྱི་འདུག་ན་ཁྲིམས་ཆད་བཅད་རྒྱུ་ཕ་རིའི་སྤང་རྒྱན་རེད། རང་བཙན་ལེན་པའི་ཐབས་ཇུས་འདི་འདྲ་ཞིག་ཡིན་ཟེར་ན་ད་་་་་་ཧཧཧ
ཧཧ ད་བོད་ཡིག་ལམ་ནས་ལེན་མ་ཕོག་ན་དབྱིན་ཡིག་སྐུར་ཡང་སྟོང་པ་རེད།
ལུང་རྟོགས་ཚང་རང་སྐད་རྒྱག་གི་མ་འདུག ཕྱི་འགལ་ནང་འགལ་གྱི་བསམ་ཚུལ་ཅོལ་ཆུང་འདི་འདྲའི་ཕན་གང་མི་ཐོག ལོ་རྒྱུས་ཁྱེདམི་ཤེས། ཆབ་སྲིད་ཁྱེད་མི་ཤེས། དྲང་བདེན་ཁྱེད་མི་བཤད། དགྲ་བོའི་འདོད་དོན་བསྒྲུབ་གི་མ་འདུག
བསོད་ནམས། ངས་མི་ཤེས་ཤིང་ཁྱོས་ཤེས་པའི་རྒྱུ་མཚན་ཞིག་ཤོད་དང་། ངའི་སྐད་ཆ་ལ་རྒྱུ་མཚན་ལྡན་པའི་ལན་ཡོད་ན་ཁྱེར་ཤོག དེ་མིན་ངའི་ཁ་བཀག་བསམ་ན་སྟོང་བསམ་རེད།