སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་ཀྱི་གཏམ་བཤད། Posted on 2015-09-102015-09-10 By ཁ་བརྡ 11 Comments on སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་ཀྱི་གཏམ་བཤད། གློག་བརྙན་།
ཀླུ་བྱམས་ཀྱི་བཤད་པའི་འཆར་སྣང་གཉིས་དང་ངོ་རྒོལ་གཉིས་ཀྱི་ཐོག་ཏུ་བགྲོ་གླེང་གནད་ལ་ཁེལ་བ་རེ་བྱེད་ན་ཡག་པོ་རེད། གནད་དོན་དངོས་ཀྱི་ཐོག་ཏུ་དགག་སྒྲུབ་མི་ནུས་པར་མི་གཞི་ལ་མཐོང་ཆུང་དང་ཁྱད་གསོད་བྱས་ན་དོན་འབྲས་ཅི་ཡང་འབྱུང་མི་སྲིད། ཀླུ་བྱམས་ཀྱི་བཤད་པའི་སྐད་ཆ་ལ་མཛུབ་མོ་བཙུགས་ནས་འདི་དང་དེ་འགྲིག་གི་མི་འདུག་ཟེར་ནས་དགག་སྒྲུབ་བྱས་ན་རང་གཞན་གཉིས་ཕན་རེད། དེ་འདྲའི་དགག་སྒྲུབ་བྱེད་པའི་ཤེས་ཚོད་དང་ནུས་པ་མེད་ན་ཁ་བཙུམ་ནས་སྡོད་ན་ལྐུགས་པ་རེད་ལབ་མཁན་ཡོད་ཀྱི་མ་རེད་དོ།
དོན་སྙིང་ལྡན་འདུག། ཞོར་ལ་དད་པ་ལོག་སྤྱོད་པའི་ཁ་ནང་རྡོ་རྗེ་རྒྱ་གྲམ་བརྒྱབ་འདུག། རེད་ཡ། འགྲོ་མིའི་རིགས་ཀྱི་གསར་བརྗེ་ལ་གདོང་འཐུག་རྒྱག་མི་དགོས་པའི་འཚམས་སྦྱོར་དུ་སྲིད་སྐྱོང་འཐོབ་ན་དགེ་མཚན་ཆེན་པོ་ལྡན་ཡོད། ད་མིན་ནམ་ཞིག་འུ་འཐུག་ན་གདོང་འཐུག་རྒྱག་དགོས་བྱུང་ན་ཉེན་ཁའི་རང་བཞིན་རེད།
མི་རིགས་ཞིག་གི་མི་སྣ་ཡོངས་རྫོགས་ཀུན་སྙོམས་དང་ལོ་རྒྱུས་ཀྱིས་བཞགས་པའི་རྩ་དོན་དེ་མ་དོར་བའི་ཐོག་ནས་རང་ཚུབ་དང་ལང་ཕྱོགས་གཏན་པའི་བཀའ་མོལ་འགའ་གསུངས་འདུག། གསར་གཏོད་གསར་གཏོད་ཟེར་བ་འདི་མོ་རེད། སྲིད་སྐྱོང་འོས་གཞི་གཞན་རྣམས་ཀྱིས་མི་རྒྱབ་ཁྱི་འགྲོ་ཙམ་ལས་བོད་ཀྱི་དཀའ་སེལ་ལ་གསར་གཏོད་དང་འགྱུར་བ་གཏོང་རྒྱུའི་བསམ་བློ་དང་སྤོབས་པ། དམིགས་ཡུལ་དང་འཆར་གཞི་གང་ཡང་མེད་པའི་གཅིག་མཚུངས་རེད། ཁོ་ཚོས་བཤད་རྒྱུ་ནི། གོང་ས་མཆོག་གི་བཀའ་དགོངས་འགལ་མེད་ཀྱིས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ཡིན་ཚུལ་དེ་རང་རེད། དེས་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཀྱི་མེད་པ་མི་ལོ་དྲུག་བཅུའི་ལྷག་གིས་ཐབ་ཇུས་དང་ཁ་ཕྱོགས་ལམ་ཕྱོགས་ཀྱིས་ད་ཆར་གསལ་མོ་དག་མོ་གྱུར་ཟིན་པ་རེད། ལྷག་པར་དུ་དབུ་ལམ་ཇི་ཙམ་སྤེལ་ཤུགས་ཆེ་བ་དེ་ཙམ་གྱིས་བོད་མི་ལ་དཀའ་ངལ་ཆེ་རུ་སོང་ཡོད་པ་ནི་ང་ཚོའི་མི་ཐོག་འདིས་མཐོང་མཐོང་པ་རེད། དབུ་ལམ་ལ་རྒྱ་བོད་གཉིས་མོས་སམ་རྒྱ་བོད་གཉིས་ཕན་མ་ཡིན་པར། དེས་རྒྱ་བོད་གཉིས་མེད་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ངས་ཞུ་མི་དགོས་པ་རྒྱ་ནག་ཚང་གིས་བཤད་ཚུལ་ལས་ཚུལ་ནས་གསལ་སོང་བ་རེད། ཆོས་སྲིད་ནག་གེ་ནོག་གེ་བཤད་ནས་ལོ་ཟླ་རྫོགས་སོང་བ་དེར་སྐྱར་ཞིབ་ཟབ་ནན་ཞིག་དགོས་རྒྱུ་དུས་ལ་སླེབས་ནི་ཡོད་པས་ཀླུ་བྱམས་ལས་ལྷག་པའི་སྲིད་སྐྱོང་གི་འོས་གཞི་ཞིག་མཐོང་དང་གོ་རྒྱུ་མི་འདུག། ཁོང་གིས་བཤད་པའི་དོན་ཚན་རེ་རེར་དཔྱོད་གླེང་གིས་བླང་དོར་གྱི་བློ་སྒོར་ཕྱེ་བའི་གོ་སྐབས་ཞིག་ཀྱང་འདུག་པས་དེ་ལུགས་ཐུགས་བསམ་གཞེས་དགོས། སྤུན་ཟླ་ཚོ།
ཁོང་ནི་དངོས་གནས་དྲང་གནས་སྲིད་དོན་ཐད་ཀྱི་དར་ཆ་ཞིག་རེད། སྔར་སྡེ་བ་གཞུང་གིས་གསར་བརྗེ་བ་ཕུན་ཚོགས་དབང་རྒྱལ་འཕྲོ་བརླག་ལ་བཏང་བ་རེད། ད་ལྟའི་དུས་སུ་རྡ་ས་གཞུང་གིས་གསར་བརྗེ་བ་ཨ་ཚོགས་ཀླུ་མཁར་བྱམས་ལགས་འཕྲོ་བརླག་ཏུ་གཏོང་མི་རུང་། ལྷག་པར་དུ་མང་ཚོགས་ངོས་ནས་ཤུགས་རྒྱག་དགོས།
ལག་ཁྱེར་ནི་བློ་བཟང་སེང་གེ་མཐོ།།ངོ་སྲུང་ནི་སྤེན་པ་ཚེ་རིང་མཁས།།ཧམ་པ་ནི་ཨ་ཚོགས་ཀླུ་བྱམས་ཆེ།།ཕོ་གསར་ནི་བཀྲ་ཤིས་དབང་འདུས་རྫིགས།།སྲིད་སུས་སྐྱོང་ནི་ང་ལ་ཆ་རྒྱུས་མེད།།སུས་སུ་བདམ་ནི་རང་རང་རང་དབང་རེད།
སྤོམས་མཐས་བཤད་པ་བདེན་པ་རེད། སུས་སུ་གདམ་མིན་རང་དབང་རེད། འདིར་དྲ་འབུ་ཁ་ཤས་ཀྱིས་འུར་བསྟོད་བྱས་ནས་ཀླུ་བྱམས་ལ་རྒྱལ་ཁ་ནམ་ཡང་ཐོབ་མི་སྲིད།
ད་ཐེངས་ཀྱི་འོས་འདེམས་ལ་ཀླུ་མཁར་བྱམས་ལ་ཐོབ་ཀི་མ་རེད། གལ་ཏེ་ཐོབ་ན་མཇུག་སྐྱོང་རྒྱུའི་ཁག་པོ་རེད། སྙོགས་འཛིངས་རེད། རྩོལ་བ་མུ་མཐུད་དེ་བྱས་ན་མ་འོང་པ་ལོ་ལྔའི་རྗེས་སུ་ཐོབ་སྲིད་པ་རེད། དེ་དུས་སྙོག་འཛིངས་ཀྱང་ད་ལྟ་ལས་ཉུང་བ་རེད། བོད་མི་ཚོར་ཡང་ཆབ་སྲིད་ཀྱོ་གོ་རྟོགས་ཆེ་རུ་འགྲོ་རྒྱུ་རེད། དེ་མིན་ད་ལྟ་བོད་མི་ཕལ་མོ་ཆེས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཕྱིར། ཨ་ཚོགས་ལ་གྲུབ་འབྲས་གང་ཡང་ཐོན་ཀི་མ་རེད། ཡིན་ནའང་ད་ལྟ་ནས་ཁྱབ་བསྒྲགས་བྱེད་རྒྱུ་ཅིས་ཀྱང་གལ་ཆེན་རེད། བོད་མི་ཚོའི་རྣ་ལམ་དུ་རང་བཙན་གྱི་ངོ་སྤྲོད་ཡང་ཡང་བྱེད་དགོས་པ་ལགས། །
ཀླུ་བྱམས་ཀྱི་འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་་ཐོག་ཏུ་སྐད་ཆ་བཤད་མཁན་གཅིག་ཀྱང་བསླེབས་མི་འདུག་ལ་བགྲོ་གླེང་བྱུང་མི་འདུག འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་ཐོག་ནས་བཤད་དགོས་པ་རེད། མ་གཏོགས་ཀླུ་བྱམས་ལ་ཆོས་དད་ཡོད་མེད་དང་། བླ་དད་ཡོད་མེད་ཁོ་རང་སྒེར་གྱི་རང་དབང་དང་ཐོབ་ཐང་རེད། ཀླུ་བྱམས་ཀྱིས་གསར་གཏོད་བྱས་པའི་འཆར་སྒོ་གཉིས་དང་ངོ་རྒོ་གཉིས་ཀྱི་བོད་ལ་ཕན་ཐོགས་ཡོད་མེད། ལག་ལེན་ཐོག་ཏུ་ཡོང་ཐུབ་མིན་གྱི་སྐོར་དུ་བགྲོ་གླེང་བྱེད་མི་ནུས་པ་འདི་ལ་བལྟས་ན་འོས་མི་གཞན་དག་ཚོའི་རྒྱབ་སྐྱོར་བ་དེ་དག་ཤེས་ཡོན་མེད་མཁན་རྐྱང་རྐྱང་ཡིན་ཟོལ་འདུག་ག
ལས་དང་པོ་བ་རྣམས་ལ་ཆབ་སྲིད་གོ་རྟོགས་སྤེལ་རྒྱུའི་སྐད་ཆ་ཡག་པོ་བཤད་འདུགབོད་རྒྱ་ཞི་མོལ་དང་ཤེས་ཡོན་སྲིད་ཇུས་སོགས་རྒྱུས་ལོན་དང་གོ་རྟོགས་མེད་པ་གསལ་པ་རེད། ཤེས་ཡོན་སྲིད་ཇུས་སྐོར་གནས་ཚུལ་མཁྱེན་གྱི་མེད་པ་མ་ཟད། བོད་པའི་རིག་གནས་དང་སྲོལ་རྒྱུན་གྱི་ལྟ་བ་ལ་རིན་ཐང་དང་ངོ་འཕྲོད་མི་འདུག་་
ངོས་ནས་རྒྱ་ཆ་བརྒྱ་ཐམ་པ་ཀླུ་ཚོགས་ལ་འདེམས་པ་ཡིན། བློ་སེང་གི་དུས་ཚོགས་རྫོགས། སྤེན་པ་ནི་དད་པ་ལོག་སྤྱོད། བཀྲ་འདུས་ནི་དཔལ་འབྱོར་སྒེར་སྤྱོད། དེ་བས་བོད་མིའི་དམངས་གཙོ་ཚེ་ཐག་རིང་བར་འདོད་ནས་ཁོ་ལ་གདམས་པ་ཡིན། མདོར་ན་ཁོས་བཤད་པ་དག་ལ་བདེན་གཏམ་དང་རང་དོན་སྒེར་སྤྱོད་མིན་པར་ཉམས་མྱོང་དངོས་སུ་ཡོད་པ་ལས་ཁ་དབུ་མ་ཁོག་རང་དོན་བདག་པོ་རེད་མི་འདུག
ཁོང་དངོས་གནས་ཆབ་སྲིད་ཤེས་མཁན་རེད་གདའ། ཁོང་གིས་བཤད་པ་ལ་རིན་ཐང་འདུག
ཀླུ་བྱམས་ཀྱི་བཤད་པའི་འཆར་སྣང་གཉིས་དང་ངོ་རྒོལ་གཉིས་ཀྱི་ཐོག་ཏུ་བགྲོ་གླེང་གནད་ལ་ཁེལ་བ་རེ་བྱེད་ན་ཡག་པོ་རེད། གནད་དོན་དངོས་ཀྱི་ཐོག་ཏུ་དགག་སྒྲུབ་མི་ནུས་པར་མི་གཞི་ལ་མཐོང་ཆུང་དང་ཁྱད་གསོད་བྱས་ན་དོན་འབྲས་ཅི་ཡང་འབྱུང་མི་སྲིད།
ཀླུ་བྱམས་ཀྱི་བཤད་པའི་སྐད་ཆ་ལ་མཛུབ་མོ་བཙུགས་ནས་འདི་དང་དེ་འགྲིག་གི་མི་འདུག་ཟེར་ནས་དགག་སྒྲུབ་བྱས་ན་རང་གཞན་གཉིས་ཕན་རེད། དེ་འདྲའི་དགག་སྒྲུབ་བྱེད་པའི་ཤེས་ཚོད་དང་ནུས་པ་མེད་ན་ཁ་བཙུམ་ནས་སྡོད་ན་ལྐུགས་པ་རེད་ལབ་མཁན་ཡོད་ཀྱི་མ་རེད་དོ།
དོན་སྙིང་ལྡན་འདུག། ཞོར་ལ་དད་པ་ལོག་སྤྱོད་པའི་ཁ་ནང་རྡོ་རྗེ་རྒྱ་གྲམ་བརྒྱབ་འདུག། རེད་ཡ། འགྲོ་མིའི་རིགས་ཀྱི་གསར་བརྗེ་ལ་གདོང་འཐུག་རྒྱག་མི་དགོས་པའི་འཚམས་སྦྱོར་དུ་སྲིད་སྐྱོང་འཐོབ་ན་དགེ་མཚན་ཆེན་པོ་ལྡན་ཡོད། ད་མིན་ནམ་ཞིག་འུ་འཐུག་ན་གདོང་འཐུག་རྒྱག་དགོས་བྱུང་ན་ཉེན་ཁའི་རང་བཞིན་རེད།
མི་རིགས་ཞིག་གི་མི་སྣ་ཡོངས་རྫོགས་ཀུན་སྙོམས་དང་ལོ་རྒྱུས་ཀྱིས་བཞགས་པའི་རྩ་དོན་དེ་མ་དོར་བའི་ཐོག་ནས་རང་ཚུབ་དང་ལང་ཕྱོགས་གཏན་པའི་བཀའ་མོལ་འགའ་གསུངས་འདུག། གསར་གཏོད་གསར་གཏོད་ཟེར་བ་འདི་མོ་རེད། སྲིད་སྐྱོང་འོས་གཞི་གཞན་རྣམས་ཀྱིས་མི་རྒྱབ་ཁྱི་འགྲོ་ཙམ་ལས་བོད་ཀྱི་དཀའ་སེལ་ལ་གསར་གཏོད་དང་འགྱུར་བ་གཏོང་རྒྱུའི་བསམ་བློ་དང་སྤོབས་པ། དམིགས་ཡུལ་དང་འཆར་གཞི་གང་ཡང་མེད་པའི་གཅིག་མཚུངས་རེད། ཁོ་ཚོས་བཤད་རྒྱུ་ནི། གོང་ས་མཆོག་གི་བཀའ་དགོངས་འགལ་མེད་ཀྱིས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ཡིན་ཚུལ་དེ་རང་རེད། དེས་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཀྱི་མེད་པ་མི་ལོ་དྲུག་བཅུའི་ལྷག་གིས་ཐབ་ཇུས་དང་ཁ་ཕྱོགས་ལམ་ཕྱོགས་ཀྱིས་ད་ཆར་གསལ་མོ་དག་མོ་གྱུར་ཟིན་པ་རེད། ལྷག་པར་དུ་དབུ་ལམ་ཇི་ཙམ་སྤེལ་ཤུགས་ཆེ་བ་དེ་ཙམ་གྱིས་བོད་མི་ལ་དཀའ་ངལ་ཆེ་རུ་སོང་ཡོད་པ་ནི་ང་ཚོའི་མི་ཐོག་འདིས་མཐོང་མཐོང་པ་རེད། དབུ་ལམ་ལ་རྒྱ་བོད་གཉིས་མོས་སམ་རྒྱ་བོད་གཉིས་ཕན་མ་ཡིན་པར། དེས་རྒྱ་བོད་གཉིས་མེད་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ངས་ཞུ་མི་དགོས་པ་རྒྱ་ནག་ཚང་གིས་བཤད་ཚུལ་ལས་ཚུལ་ནས་གསལ་སོང་བ་རེད། ཆོས་སྲིད་ནག་གེ་ནོག་གེ་བཤད་ནས་ལོ་ཟླ་རྫོགས་སོང་བ་དེར་སྐྱར་ཞིབ་ཟབ་ནན་ཞིག་དགོས་རྒྱུ་དུས་ལ་སླེབས་ནི་ཡོད་པས་ཀླུ་བྱམས་ལས་ལྷག་པའི་སྲིད་སྐྱོང་གི་འོས་གཞི་ཞིག་མཐོང་དང་གོ་རྒྱུ་མི་འདུག། ཁོང་གིས་བཤད་པའི་དོན་ཚན་རེ་རེར་དཔྱོད་གླེང་གིས་བླང་དོར་གྱི་བློ་སྒོར་ཕྱེ་བའི་གོ་སྐབས་ཞིག་ཀྱང་འདུག་པས་དེ་ལུགས་ཐུགས་བསམ་གཞེས་དགོས། སྤུན་ཟླ་ཚོ།
ཁོང་ནི་དངོས་གནས་དྲང་གནས་སྲིད་དོན་ཐད་ཀྱི་དར་ཆ་ཞིག་རེད། སྔར་སྡེ་བ་གཞུང་གིས་གསར་བརྗེ་བ་ཕུན་ཚོགས་དབང་རྒྱལ་འཕྲོ་བརླག་ལ་བཏང་བ་རེད། ད་ལྟའི་དུས་སུ་རྡ་ས་གཞུང་གིས་གསར་བརྗེ་བ་ཨ་ཚོགས་ཀླུ་མཁར་བྱམས་ལགས་འཕྲོ་བརླག་ཏུ་གཏོང་མི་རུང་། ལྷག་པར་དུ་མང་ཚོགས་ངོས་ནས་ཤུགས་རྒྱག་དགོས།
ལག་ཁྱེར་ནི་བློ་བཟང་སེང་གེ་མཐོ།།ངོ་སྲུང་ནི་སྤེན་པ་ཚེ་རིང་མཁས།།ཧམ་པ་ནི་ཨ་ཚོགས་ཀླུ་བྱམས་ཆེ།།ཕོ་གསར་ནི་བཀྲ་ཤིས་དབང་འདུས་རྫིགས།།སྲིད་སུས་སྐྱོང་ནི་ང་ལ་ཆ་རྒྱུས་མེད།།སུས་སུ་བདམ་ནི་རང་རང་རང་དབང་རེད།
སྤོམས་མཐས་བཤད་པ་བདེན་པ་རེད། སུས་སུ་གདམ་མིན་རང་དབང་རེད། འདིར་དྲ་འབུ་ཁ་ཤས་ཀྱིས་འུར་བསྟོད་བྱས་ནས་ཀླུ་བྱམས་ལ་རྒྱལ་ཁ་ནམ་ཡང་ཐོབ་མི་སྲིད།
ད་ཐེངས་ཀྱི་འོས་འདེམས་ལ་ཀླུ་མཁར་བྱམས་ལ་ཐོབ་ཀི་མ་རེད། གལ་ཏེ་ཐོབ་ན་མཇུག་སྐྱོང་རྒྱུའི་ཁག་པོ་རེད། སྙོགས་འཛིངས་རེད། རྩོལ་བ་མུ་མཐུད་དེ་བྱས་ན་མ་འོང་པ་ལོ་ལྔའི་རྗེས་སུ་ཐོབ་སྲིད་པ་རེད། དེ་དུས་སྙོག་འཛིངས་ཀྱང་ད་ལྟ་ལས་ཉུང་བ་རེད། བོད་མི་ཚོར་ཡང་ཆབ་སྲིད་ཀྱོ་གོ་རྟོགས་ཆེ་རུ་འགྲོ་རྒྱུ་རེད། དེ་མིན་ད་ལྟ་བོད་མི་ཕལ་མོ་ཆེས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཕྱིར། ཨ་ཚོགས་ལ་གྲུབ་འབྲས་གང་ཡང་ཐོན་ཀི་མ་རེད། ཡིན་ནའང་ད་ལྟ་ནས་ཁྱབ་བསྒྲགས་བྱེད་རྒྱུ་ཅིས་ཀྱང་གལ་ཆེན་རེད། བོད་མི་ཚོའི་རྣ་ལམ་དུ་རང་བཙན་གྱི་ངོ་སྤྲོད་ཡང་ཡང་བྱེད་དགོས་པ་ལགས། །
ཀླུ་བྱམས་ཀྱི་འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་་ཐོག་ཏུ་སྐད་ཆ་བཤད་མཁན་གཅིག་ཀྱང་བསླེབས་མི་འདུག་ལ་བགྲོ་གླེང་བྱུང་མི་འདུག འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་ཐོག་ནས་བཤད་དགོས་པ་རེད། མ་གཏོགས་ཀླུ་བྱམས་ལ་ཆོས་དད་ཡོད་མེད་དང་། བླ་དད་ཡོད་མེད་ཁོ་རང་སྒེར་གྱི་རང་དབང་དང་ཐོབ་ཐང་རེད།
ཀླུ་བྱམས་ཀྱིས་གསར་གཏོད་བྱས་པའི་འཆར་སྒོ་གཉིས་དང་ངོ་རྒོ་གཉིས་ཀྱི་བོད་ལ་ཕན་ཐོགས་ཡོད་མེད། ལག་ལེན་ཐོག་ཏུ་ཡོང་ཐུབ་མིན་གྱི་སྐོར་དུ་བགྲོ་གླེང་བྱེད་མི་ནུས་པ་འདི་ལ་བལྟས་ན་འོས་མི་གཞན་དག་ཚོའི་རྒྱབ་སྐྱོར་བ་དེ་དག་ཤེས་ཡོན་མེད་མཁན་རྐྱང་རྐྱང་ཡིན་ཟོལ་འདུག་ག