ཐོས་དགའ་རྒྱལ་མོ།
༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་ནས་ད་ལྟའི་བར་དུ་བསྐྱར་བཅོས་ཐེངས་ ༣༠ ཉེ་བ་གནང་ཡོད་པ་དེ་དག་ལ་རོབ་ཙམ་བལྟས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་བློན་ཡོང་སྟངས་དང་། བཀའ་བློན་ཁྲི་པ་འདེམས་བསྐོ་གནང་སྟངས། ༢༠༡༡ ལོའི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་སྐབས་བཅས་སོ་སོར་མར་བཀའ་གནང་ནས་འགྱུར་བ་བཏང་བ་ཁ་ཤས་ཤིག་མ་གཏོགས། བཅའ་ཁྲིམས་བསྐྱར་བཅོས་ཕལ་ཆེ་བ་ཟ་ཐོག་ལ་མི་འཁེལ་བའི་སྟོང་འཕྲུག་རེད་ཅེས་བརྗོད་ན་ཐལ་ཆ་འགྲོ་གི་མ་རེད་བསམ།
སྤྱི་འཐུས་ལྷན་ཚོགས་འདི་བོད་མིའི་སྒྲིག་འཛུགས་ཀྱི་དབང་ཆའི་གྲུབ་གལ་ཆེ་ཤོས་དེ་རེད། གྲུབ་ཆ་གལ་ཆེན་འདིའི་འཐུས་མི་ཡོང་སྟངས་ཐོག་ ༡༩༨༠ ནང་གཞོན་ནུ་ལྷན་ཚོགས་ནས་ལས་འགུལ་ཤུགས་ཆེར་སྤེལ་ཡོད་ནའང་། ༡༩༩༡ ལོའི་བཅའ་ཁྲིམས་སུ་དེ་ལས་ཇེ་སྡུག་ཏུ་བཏང་སྟེ། ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་འཕེན་པར་ཆོལ་ཁ་དང་ཆོས་ལུགས་གཉིས་ཀར་འོས་ཤོག་འཕེན་རྒྱུ་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ ༤༢ ནང་སྤྱི་འཐུས་རྒྱུན་ལས་ཟེར་བའི་གཏན་འཇགས་ལས་ཁང་ཞིག་ཀྱང་བཟོས་པ་རེད།
འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྐད་ཆ་གྲགས་ཆེ་བ་ཞིག་ནི། འདྲ་མཉམ་མེད་ན་མཐུན་སྒྲིལ་ཡོང་གི་མ་རེད་ཟེར་བ་དེ་རེད། འོས་འཕེན་པའི་ཐོབ་ཐང་དབྱེ་འབྱེད་བྱས་པ་དེ་ཐོབ་ཐང་མ་རག་མཁན་ལ་གཞི་རྩའི་ཐོབ་ཐང་འཕྲོག་པ་དང་གཅིག་པ་རེད། ༡༩༩༨ ལོར་འོས་བསྡུ་ལས་ཁང་ནས་མང་ཚོགས་ལ་གཞི་རྒྱ་ཆེ་བའི་བསམ་ཚུལ་སྡུད་ལེན་གནང་སྟེ། སྐབས་དེའི་འོས་བསྡུའི་སྒྲིག་གཞི་བསྐྱར་ཞིབ་ཚོགས་ཆུང་ལ་སྤྲད་དེ།(ཚོགས་གཙོ་ཐུབ་བསྟན་ལུང་རིགས་དང་། ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ་སོགས་ལས་བྱེད་རྒན་པ་སྐོར་ཞིག་ཡོད།) ཚོགས་ཆུང་ནས་མང་ཚོགས་ཀྱི་དགོངས་འཆར་གཞི་ལ་བཞག་སྟེ་འོས་འཕེན་པའི་ཐོབ་ཐང་གཅིག་མཚུངས་དང་། མི་འབོར་གཞིར་བཟུང་སྤྱི་འཐུས་འོས་བསྡུ་བྱ་རྒྱུའི་འཆར་གཞི་སྒྲིག་གཞིའི་ནང་བཅུག་ཡོད་པ་དང་། ༢༠༡༠ ལོར་བྷེབ་ཀོབ་གཞིགས་ཆགས་སུ་ཚོགས་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཀྱི་གྲོས་ཆོད་དུའང་འོས་འཕེན་ཐོབ་ཐང་ཉིས་རྩེག་མི་འོས་པའི་མང་མོས་ཚད་མཐོའི་གྲོས་ཆོད་བཞག་ཡོད།
འོ་ན་བསྐྱར་ཞིབ་ཚོགས་ཆུང་གི་སྒྲིག་གཞི་ཟིན་བྲིས་དང་། རྒྱལ་ཡོངས་ཚོགས་ཆེན་གྱི་གྲོས་ཆོད་འདི་དག་ག་རེ་བྱས་ནས་ལག་ལེན་བསྟར་ཐུབ་ཀྱི་ཡོད་པ་མ་རེད་ཟེར་ན། དེ་ནི་སྤྱི་འཐུས་རྒྱུན་ལས་ལ་ཐུག་ཡོད་རེད། ༡༩༩༩ ལོའི་ཚོགས་ཆུང་གི་སྒྲིག་གཞི་ཟིན་བྲིས་དེ་རྒྱུན་ལས་ཚོས་ནག་བསུབ་བཏང་བ་དང་། ༢༠༡༠ ལོའི་རྒྱལ་ཡོངས་ཚོགས་ཆེན་གྱི་གྲོས་ཆོད་ཀྱང་རྒྱུན་ལས་ཀྱིས་གསོན་སྦས་བཏང་འདུག
༡༩༩༡ ལོའི་སྤྱི་འཐུས་སྐབས་ ༡༡ ནས་བལྟས་ན། རྙིང་མའི་སྤྱི་འཐུས་མདོ་སྟོད་ཆོལ་ཁའི་སྒེར་གྱི་རྒྱུ་ནོར་ཆགས་ཡོད། དགེ་ལུགས་ནང་རོང་པོ་བློ་བཟང་སྙན་གྲགས་གཅིག་པོ་མ་གཏོགས་མདོ་སྟོད། བོན་པོའི་ནང་བྱ་དུར་བཟང་པོ་མ་རྩིས་ན་གཞན་མདོ་སྟོད། བཀའ་བརྒྱུད་པར་ཀརྨ་ཆོས་འཕེལ་དང་། བློ་གྲོས་མཐར་ཕྱིན་ལྟ་བུ་ལས་གཞན་མདོ་སྟོད། ས་སྐྱའང་པད་མ་འབྱུང་གནས་དང་གུ་རུ་རྒྱལ་མཚན་ཕུད་པའི་གཞན་མདོ་སྟོད་ཆགས་ཡོད། སྤྱི་འཐུས་སྐབས་རེ་རེར་མདོ་སྟོད་ལ་ཆོལ་ཁའི་སྤྱི་འཐུས་ ༡༠ སྒང་ལ་ཆོས་ལུགས་ཀྱི་སྤྱི་འཐུས་ ༧ ནས་ ༨ ཡོང་གི་ཡོད་པས། གལ་སྲིད་ཆོས་བརྒྱུད་ལ་འོས་ཤོག་གཉིས་མེད་པ་ཆགས་ན་སུའི་ཤ་སྐལ་ཤོར་གྱི་ཡོད་པ་འདི་འདྲ་རེད།
དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ནི། སྤྱི་འཐུས་རྒྱུན་ལས་མདོ་སྟོད་ཆོལ་ཁས་བཟུང་ཡོད་པ་དེ་རེད། ཤ་འབྲོང་བཀྲ་ཤིས་རྒྱ་མཚོས་བརྩམས་པའི་<སྲིད་གཞུང་གཤིབ་བསྡུར་>དུ་གྲོས་ཚོགས་ལམ་ལུགས་འཆད་སྐབས། “ཨ་རི་དང་ཧྥ་རན་སིའི་གྲོས་ཚོགས་སུ་གཏན་འཇགས་ཆེད་བཙུགས་ཚོགས་ཆུང་ཡོད་པ་དང་། དབྱིན་ལན་དུ་དམིགས་ཡུལ་དུ་མའི་སླད་དུ་ཆེད་བཙུགས་ཚོགས་ཆུང་མང་པོ་འཛུགས་པའི་སྲོལ་ལས་ལྡོག་སྟེ། བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་འཐུས་རྒྱུན་ལས་ཞེས་པའི་གཏན་འཇགས་ལས་ཁང་ཞིག་ཟུར་འཛུགས་བྱས་ཡོད་”ཅེས་དང་།
དེའི་མཆན་འགྲེལ་དུ། “ཆོས་བརྒྱུད་སྤྱི་འཐུས་ ༡༠ ཡོད་པ་དེས་སྤྱི་འཐུས་ཀྱི་རྩ་འབོར་ ༤༤ ཡི་བརྒྱ་ཆའི་ ༢༢་༧ ལས་ཟིན་གྱི་མེད་ཀྱང་། རྒྱུན་ལས་ ༡༡ ཁྲོད་ཆོས་བརྒྱུད་སྤྱི་འཐུས་ ༥ ཡོད་པ་དེས་བརྒྱ་ཆའི་ ༤༥་༥ ཙམ་ཟིན་གྱི་ཡོད་པ་དང་། བྱང་ཨ་རི་དང་ཡུ་རོབ་སྤྱི་འཐུས་ལ་རྒྱུན་ལས་ཀྱི་ས་མིག་བཀོད་སྒྲིག་བྱས་མེད་”ཅེས་བྲིས་འདུག
དེ་ལས་ཞིབ་ཙམ་སོང་ན། རྒྱ་བལ་འབྲུག་གསུམ་ཁོ་ནར་སྤྱི་འཐུས་སྐབས་རེ་རེ་ལ་མདོ་སྟོད་ཆོལ་ཁའི་མི་ ༡༧ ནས་ ༡༨ ཙམ་ཞིག་སྤྱི་འཐུས་བཟོ་དགོས་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་བརྒྱ་ཆའི་ ༥༠ ནས་ ༦༤ ཙམ་ཞིག་མདོ་སྟོད་ཡིན་དགོས་པ་ཆགས་ཡོད། ༢༠༡༡ ལོར་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་ ༨༠༠༠༠ ཙམ་ཡོད་ཁོངས། དབུས་གཙང་ཆོལ་ཁའི་འོས་འཕེན་པ་ ༦༠༠༠ ཙམ་དང་། མདོ་སྟོད་ལ་ ༡༥༠༠༠ ། མདོ་སྨད་ལ་ ༥༠༠༠ ཡིན་པ་ཚོད་རྩིས་བྱས་ན།
འོས་འཕེན་པའི་གྲངས་འབོར་བརྒྱ་ཆ་ ༡༨་༢༥ ཙམ་ཡོད་པའི་མདོ་སྟོད་ཆོལ་ཁས་སྤྱི་འཐུས་ལྷན་ཚོགས་ཀྱི་རྐུབ་བཀྱག་བརྒྱ་ཆའི་ ༣༨ ནས་ ༤༥ ཙམ་ཟིན་གྱི་ཡོད་པ་དང་། འོས་འཕེན་པའི་གྲངས་འབོར་བརྒྱ་ཆ་ ༧༥ ཙམ་ཡོད་པའི་དབུས་གཙང་ཆོལ་ཁ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་རྐུབ་བཀྱག་བརྒྱ་ཆའི་ ༢༧ ནས་ ༣༦ ཙམ་ལས་ཟིན་གྱི་མེད་པ་འདི་ག་འདྲ་རེད། མང་གཙོའི་ལུང་པ་སྤྱིའི་འགྲོ་སྟངས་ལྟར་སྐུ་ཚབ་འཐུས་མི་ཚོའི་ཡོང་སྟངས་མི་འབོར་མ་ལྟོས་པར། ཆོལ་ཁ་དང་ཆོས་བརྒྱུད་ཟེར་བ་ཞིག་བཟོ་དགོས་དོན་ག་བར་ཐུག་པ་རེད་དམ།
གལ་སྲིད་ཆབ་སྲིད་ཀྱི་གར་སྟེགས་སྟེང་རྡོག་བྲོ་རྒྱབ་ཀྱི་ཡིན་བསམ་ན། གཞི་རིམ་གྱི་འདྲ་མཉམ་མིན་པའི་གནས་སྟངས་འདི་འདྲ་ཞིག་གིས་ནམ་ཕུགས་འཁྱོལ་གྱི་རེད་བསམ་ནས་ཡ་མེད་བཏང་ནས་བསྡད་ན་ཉེན་ཁ་ཆེན་པོ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་ཞལ་འཚོ་བཞུགས་ཀྱི་སྐབས་འདིར་ཚང་མ་འགྲིག་འགྲོ་གི་རེད་ཟེར་བ་བདེན་ནའང་། འདྲ་མཉམ་མིན་པའི་གནས་སྟངས་འདི་མུ་མཐུད་གོ་མེད་ཚོར་མེད་དུ་འཇོག་ཐབས་མེད། རྒྱུ་མཚན་ནི། འདྲ་མཉམ་མེད་པའི་གནས་སྟངས་དེ་ནི་རྙོག་དྲའི་རྒྱུ་ཚོགས་ཉེན་ཁ་ཆེ་ཤོས་དེ་ཡིན།
སྤྱི་ཚོགས་ནང་སྔོན་མ་ནས་གླེང་སློང་ཡོང་བཞིན་པ་ཞིག་ནི། ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པ་བཟོ་རྒྱུ་ད་ལྟའི་བབས་ལ་བལྟས་ན་སྟོབས་ཤུགས་དེའི་ཁ་ནས་འགྲོ་ཁག་པོ་ཡིན་པས། གྲོས་ཚོགས་གོང་འོག་གཉིས་བཟོས་ཏེ། གྲོས་ཚོགས་གོང་མར་ཆོལ་ཁ་རེ་ནས་སྤྱི་འཐུས་ ༣ རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་ ༡ རེ་བཅས་སྤྱི་འཐུས་ ༡༤ དང་། གྲོས་ཚོགས་འོག་མར་མི་འབོར་ལ་གཞིགས་པའི་འོས་བསྡུའི་ས་ཁོངས་ ༣༠ བཟོས་ཏེ་འོས་འདེམས་བྱས་པ་ཡིན་ན་ག་འདྲ་འདུག་གམ།
བཅའ་ཁྲིམས་དོན་ཚན་ ༥༦ ནང་། ” བོད་དང་བོད་མིའི་རྩ་དོན་དང་འབྲེལ་བའི་གལ་ཆེའི་སྲིད་བྱུས་གཏན་འབེབས་ཆེད་སྤྱི་འཐུས་ལྷན་ཚོགས་སུ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་བའམ། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱིས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱུང་ན། དབུས་འོས་བསྡུ་ལས་ཁང་བརྒྱུད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་རྩོམ་ཆོག་ཅིང༌། མང་མོས་ཇི་བྱུང་ལ་ལས་ཉིན་བཅུ་བཞིའི་ནང་ཚུན་སྲིད་སྐྱོང་གིས་མང་མོས་བྱུང་བའི་ཚད་འཛིན་དང་མིང་རྟགས་བཀོད་དེ་གསལ་བསྒྲགས་བྱ་རྒྱུ་”གསལ་བ་འདིའི་ཐོག་ནས་འགྲོ་ས་འདུག་གམ།
ཆབ་སྲིད་གར་སྟེགས་སྟེང་རྩེད་འཇོ་ལ་རོལ་རྒྱུར་བྲེལ་བ་བྱེད་བཞིན་པའི་འོས་མི་ཚོར་སྤྱི་ཚོགས་ནང་ཡོངས་གྲགས་ཐོག་གླེང་གི་ཡོད་པའི་དྲི་བ་འདི་ལ་ལན་ཡོད་མེད་ལྟོས་ལོ། །
ཨ་མདོར་འོས་འཕེན་ཐོ་འགོད་མཁན༥༠༠༠ལས་མེད་ན། སྤྱི་འཐུས་བཅུའི་རྐུབ་སྟེགས་སྤྲད་པ་ཡོད་པར་མང་སྐྱོན་མི་འདུག་གམ། མི༥༠༠ནང་སྤྱི་འཐུས་རེ་སླེབས་འདུག་ག མདོ་སྟོད་དང་དབུས་གཙང་ལ་མི་སྟོང་ཕྲག་ཁ་ཤས་ནང་སྤྱི་འཐུས་རེ་མ་གཏོགས་སླེབས་ཀྱི་མི་འདུག ཨ་མདོའི་སྲིད་དོན་པ་ཚོས་ཐུགས་རྗེ་ལེགས་གསོལ་ཞུ་མི་ཐུབ་ཀྱང་ཁ་གྲགས་མང་ན་རང་སྐལ་རང་གིས་གཅོད་ཀྱིན་པ་མ་རེད་དམ།
རྩོམ་ཡིག་འདི་འབྲི་མཁན་དེའི་དངོས་མིང་བྲིས་མི་འདུག དེ་ཡག་པོ་འདྲ་མཐོང་མ་བྱུང་། འདི་ནས་རྩིས་པའི་ལོ་ལྔ་དྲུག་ཞིག་གི་ནང་དུ་ཆོས་རྒྱུད་སྤྱི་འཐུས་ལ་དགག་པ་རྒྱག་མཁན་གྲལ་ནས་ཁ་གསལ་ཤོས་ཁྱོད་རང་འདུག ཡག་པོ་རེད།
མདོ་སྟོད་མི་ཡི་ཆོལ་ཁ་ཡི་མིའི་ནང་ནས་སྤྱི་འཐུས་མང་སོང་། ཆོལ་ཁ་གཞན་དག་གཉིས་ཀྱི་མི་ཡི་ནང་དུ་སྤྱི་འཐུས་ཡོང་བ་ཉུང་སོང་ཟེར་གྱི་ཡོད་རེད། མི་འབོར་གྱི་ཆ་ནས་བཤད་ནའང་མདོ་སྟོད་དང་མངའ་རིས་གཉིས་ལ་སྤྱི་འཐུས་དེ་ཙམ་ཡོང་ཆོག་པ་ཡོད། མདོ་སྟོད་དང་མངའ་རིས་གཉིས་ལ་ཁྱད་པར་མེད།
ཁྱད་པར་མེད་པའི་རྒྱུ་མཚན་ཡོད། མངའ་རིས་ཀརྨ་ཆོས་འཕེལ་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ནང་འགྲོ་ལམ་མེད་བཟོ་འོས་དུས་མདོ་སྟོད་པས་བདག་པོ་བརྒྱབ་ཡོད། དྲང་བདེན་དང་རྒྱལ་ཞེན་ཡོད་པའི་མི་ཡིན་ན་མདོ་་སྟོད་པའི་ངོས་ནས་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་འབྱེད་བྱས་ཀྱི་མེད། དེ་ལ་འོས་བླུགས་ཀྱི་ཡོད། འདི་ནི་མདོ་སྟོད་མི་དམངས་ཀྱི་ཐུགས་འདོད་རེད་དོ།
གོང་དུ་མདོ་སྟོད་མི་འབོར་༡༥༠༠༠རེད་ཅེས་བྲིས་འདུག དེ་ཙམ་གྱི་མི་ཚོད། གྲྭ་པ་གཅིག་པོ་ལ་མདོ་སྟོད་པའི་མི་༡༥༠༠༠ཙམ་ཡོད་ངེས་ཡིན། བཙན་བྱོལ་ནང་དུ་མི་འབོར་གྱི་བརྒྱ་༦༥་ཙམ་མདོ་སྟོད་དང་མངའ་རིས་ཀྱི་མི་ཡིན། དེ་ལུགས་བྱོས། མི་འབོར་གྱི་ཆ་ནས་སྤྱི་འཐུས་ཡོང་དགོས་པ་བཟོ་ནའང་མདོ་སྟོད་དང་མངའ་རིས་གཉིས་ལ་གྱོང་རག་འོང་དོན་མེད་པར་དེར་ཤེས་པ་བྱོས།
xxxxxxxརྡ་སའི་རི་སྒང་གི་མིག་མང་རྩེད་མོ་རྩིས་སྟངས་འདི་ལ་ང་ཚོའི་ངོས་ནས་ཀྱང་རྩེད་མོ་ལ་རོལ་འདོད་ཡོད།
རྩོམ་ཡིག་འདི་ཀློག་ནས་ཉན་པ་དང་། འདི་ལ་བསམ་བློ་གཏོང་ཐུབ་མཁན་ཕལ་ཆེར་ཡོང་གི་མ་རེད། འདི་རྐང་བཙུགས་ནས་སྤྱི་ཚོགས་ཀྱི་གླེང་གཞིར་གྱུར་དུ་འཇུག་གི་མ་རེད། ཡིན་ཡང་། དོན་དངོས་རེད།
ཆོས་རྒྱུད་ཁག་གིས་འོས་གཉིས་འཕེན་གྱི་འདུག་ཟེར་བའི་སྐད་ཆ་དེ་ལ་མ་བརྟག་མ་དཔྱད་ན་བདེན་བདེན་འདྲ་ཞིག་ཡོད་ཀྱང་བརྟག་ཞིང་དཔྱད་ན་འོས་གཉིས་འཕེན་གྱི་མེད། ཆོས་རྒྱུད་ཁག་གིས་ཆོལ་ཁའི་སྤྱི་འཐུས་བཅུ་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་གཉིས། སྡོམ་པའི་འོས་གྲངས་༡༢ འཕེན་བཞིན་ཡོད། རྒྱ་བལ་འབྲུག་གསུམ་གྱི་མི་སྐྱ་ཕོ་མོ་རྣམས་ཀྱིས་ཆོལ་ཁའི་སྤྱི་འཐུས་བཅུ་༡༠ ལ་འོས་འཕེན་བཞིན་ཡོད། ཡུང་རོབ་ནང་གི་བོད་མི་རྣམས་ཀྱིས་ཡུང་རོབ་སྤྱི་འཐུས་༢ ལ་འོས་འཕེན་བཞིན་ཡོད།
འགའ་རེས་སྤྱི་འཐུས་༡༢་ལ་འོས་འཕེན།
འགའ་རེས་སྤྱི་འཐུས་༡༠་ལ་འོས་འཕེན།
འགའ་རེས་སྤྱི་འཐུས་༢་ལ་འོས་འཕེན།
ཕལ་ཆེན་ཨོ་སི་ཁྲི་ལི་ཡའི་ནང་གི་བོད་རྣམས་ཀྱིས་སྤྱི་འཐུས་གཅིག་ཁོ་ན་ལ་འོས་འཕེན་མེད་དམ་སྙམ། ཆ་མ་མཉམ་པའི་འགྲོ་སྟངས་འདི་དག་སྤེན་ཚེའི་གྲོས་ཚོགས་ཀྱིས་བཟོས་པ་རེད། མིག་མང་རྩེད་མོ་འདི་ལ་རོལ་བཅུག་མཁན་སྤེན་ཚེའི་གྲོས་ཚོགས་རེད། མི་ལོ་ཉིས་ཤུའི་རིང་དུ་སྤྱི་འཐུས་བྱས་ནས་འདྲ་མཉམ་མེད་པའི་ལུགས་སྲོལ་འདི་དག་གཏན་འབེབས་བྱས་པ་རེད་དོ།
རེད་་ཅོ་རུ་་་སྤེན་ཚེའི་གྲོས་ཚོགས་ཀྱིས་དེ་ལྟ་བུའི་ཁྲིམས་སྒྲིག་ཅིག་ལག་བསྟར་བྱེད་ཀྱི་ཡོད་པ་རེད་དེ། དེ་ལྟ་བུའི་ཁྲིམས་སྒྲིག་མགོ་བདེ་ཅིག་སུས་བཟོས་པ་ཡིན་ན།
ཅོར་ཉི། མགོ་ཚོས་པར་གྱིས།
ང་ཚོར་སྤྱི་འཐུས་ཀྱི་ཡོང་སྟངས་གཉིས་ཡོད། རྒྱ་བལ་འབྲུག་གསུམ་སྡེ་ཚན་གཅིག་དང་ཕྱི་རྒྱལ་ཡུལ་གྲུ་སྡེ་ཚན་གཅིག་ཏུ་ཕྱེས་ཡོད།
ཕྱི་རྒྱལ་ཡུལ་གྲུའི་ནང་བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་ནས་སྤྱི་འཐུས་གཉིས་དང་། ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་གཉིས། ཉེ་ཆར་བསྣན་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་ནས་སྤྱི་འཐུས་གཅིག་བཅས་ལྔ་འདི་ཆོལ་ཁ་ཆོས་ལུགས་དབྱེར་མེད་ཀྱི་སྒོ་ནས་འོས་ཤོག་འཕངས་ནས་ཡོང་གི་ཡོད། འདི་ལ་ས་ཁོངས་སྤྱི་འཐུས་ཟེར་གྱི་ཡོད། འདི་དག་གི་སྤྱི་འཐུས་ཐོབ་སྐལ་མི་འབོར་གཞིར་བཞག་ནས་ཡོང་གི་ཡོད་པ་དང་། སྤྱི་འཐུས་ས་ཁོངས་དགོས་གལ་དང་བསྟུན་ཏེ་སྤར་ཆོག་གི་ཡོད། འདི་ནི་མང་གཙོའི་ལམ་སྲོལ་དང་མཐུན་པའི་འོས་བསྡུ་བྱེད་སྟངས་ཤིག་ཡིན།
རྒྱ་བལ་འབྲུག་གསུམ་ནང་ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ་དང་། ཆོས་བརྒྱུད་ལྔ་ནས་སྤྱི་འཐུས་ ༢ རེ་དགོས་པ་འདི་དག་འོས་བསྡུའི་སྐབས། མི་སྐྱ་ཚོས་རང་རང་གི་ཐོབ་ཁུངས་ཆོལ་ཁ་དེར་མ་གཏོགས་ཆོས་བརྒྱུད་ལ་འོས་ཤོག་བླུག་ཆོག་གི་མེད། གྲྭ་བཙུན་སྔགས་གསུམ་ནས་ཐོབ་ཁུངས་ཆོལ་ཁར་འོས་ཤོག་འཕེན་པའི་ཐོག སོ་སོའི་ཆོས་བརྒྱུད་ལའང་འོས་ཤོག་འཕེན་ཆོག་གི་ཡོད། དེར་བརྟེན། དེ་ནི་”མི་རེར་འོས་ཤོག་གཅིག་རེ། འོས་ཤོག་རེའི་རིན་ཐང་འདྲ་མཉམ་”ཡིན་དགོས་པའི་མང་གཙོའི་རྩ་དོན་དང་རྒྱབ་འགལ་ཆགས་ཡོད།
སྤྱི་འཐུས་ ༡༠ དང་། ༢ ། ༡ ཟེར་བ་དེ་ཚོ་ཐོབ་ཁུངས་སོ་སོའི་གྲངས་ཚད་རེད་མ་གཏོགས་འོས་ཤོག་གི་གྲངས་ཀ་མ་རེད། ཡོངས་གྲགས་ཐོག་འདི་ལྟར་འགྲེལ་ལོག་རྒྱག་མཁན་ཐོག་མ་སྤྱི་འཐུས་པད་མ་འབྱུང་གནས་རེད། ངས་འདིར་འོས་ཤོག་བཤད་ཀྱི་ཡོད། འགའ་ཤས་ལ་འོས་ཤོག་གཅིག་དང་། འགའ་ཤས་ལ་འོས་ཤོག་གཉིས་ཡོད་པ་དེ་འདྲ་མཉམ་མ་རེད་ཟེར་གྱི་ཡོད།
ཁྱོད་ཀྱིས་འོས་གྲངས་ཟེར་བ་དེ་འོས་ཤོག་རྩིས་བཤེར་སྐབས་ཀྱི་གྲངས་ཀ་ལ་གོ་དགོས་པས། མགོ་ཚོས་ནས་བཤད་ན་ཡག་གི་རེད།
ཐོས་དགའ་རྒྱལ་མོ་ལགས་ཁྱེད་རང་ལོ་རྒྱུས་ཞིབ་ཚགས་བཀོད་པར་ལེགས་གསོལ་ཡོད་ད།
ཝ་ཡེ་ཅོ་རི་ད་བྱས་ན་སྤྱི་འཐུས་ཀྱི་གྲངས་འབོར་དེ་མདོ་སྟོད་དང་མངའ་རི་གཉིས་ལ་སྤར་ཆ་དགོས་དགོས་པའི་བརྡ་ཞིག་གཏོང་གི་ཡོད་པ་འདྲ། བཙན་བྱོལ་སྒྲིག་འཛུགས་ནང་མངའ་རི་བར་བོད་མི་མང་སྤྱི་འཐུས་ཟེར་བ་ཞིག་དེ་རིང་མ་གཏོགས་གོ་མ་མྱོང་ལ་བཙན་བྱོལ་ནང་གི་གྲྭ་པའི་གྲངས་འབོར་༼མདོ་སྟོད་ལ་༡༥༠༠༠ཙམ་ཡོད་ངེས་ཡིན།༽ ཟེར་བ་དེར་ཁུངས་གཏུགས་ས་དང་གཞི་བཅོལ་སའི་ཡིག་ཆ་སོགས་ཇི་ཡོད་སྡིང་འདིར་གདན་འདྲེན་ཞུ་རོགས་ཞུ་རྒྱུ་ཡིན།
དང་པོར་་་འདིའི་ཁུངས་སྐྱེལ་ཡིག་ཆ་སྟོན་ཡ་ཡོད་དམ། དབུས་གཙང་ཆོལ་ཁའི་འོས་འཕེན་པ་ ༦༠༠༠ ཙམ་དང་། མདོ་སྟོད་ལ་ ༡༥༠༠༠ ། མདོ་སྨད་ལ་ ༥༠༠༠ ཡིན་པ་ཚོད་རྩིས་བྱས་ན།
བྱས་ཙང་མངའ་རིས་བ་མི་འབོར་ག་ཚོད་ཡོད་ནའང་མངའ་རིས་སྤྱི་འཐུས་ཟེར་བ་ཞིག་ཡོང་ས་མེད་པ་བཟོས་ཡོད་རེད། མངའ་རིས་སྤྱི་མཐུན་ཚོགས་པ་བཙུགས་སྐབས་ཀྱང་མངའ་རིས་བ་ཚོ་སྒེར་གཅོད་པ་དག་ལ་སྐྲག་སྐྲག་གྱིས་ཚོགས་འདུས་ཤིང་ནགས་ཀྱི་ནང་དུ་འཚོགས་མཁན་དགོས་བྱུང་པའི་ལོ་རྒྱུས་འདུག་ག
སྤྱི་འཐུས་མང་ཉུང་ནི་བཙན་བྱོལ་ནང་གི་མི་གྲངས་ལ་བལྟས་ན་འགྲིག་གི་མ་རེད། སྤྱི་འཐུས་རྣམས་ནི་གཞི་བྱེས་གཉིས་ཀྱི་ཚབ་མཚོན་དགོས་པ་རེད། འོན་ཀྱང་བོད་ནས་འོས་ཤོག་བླུག་རྒྱུ་གོ་སྐབས་བྲལ། སྲིད་སྐྱོང་ལ་འོས་ཤོག་བླུག་དུས་ཆོལ་ཁའི་དབང་གིས་མ་སོང་བ་ཞིག་ཅིས་ཀྱང་དགོས། བློ་སེང་སྲིད་སྐྱོང་ལ་བཞེངས་སྐབས་ངའི་གྲོགས་པོ་ལི་ཐང་བ་ཚོས་འུར་ལངས་ནས་བློ་སེང་ལ་འོས་བླུག་རྒྱུ་ཡིན་ཟེར་བཞིན་འདུག ང་ནི་དེ་དུས་ཧང་སང་སོང་། ད་དུང་ཇི་ལྟར་བྱང་ཀྱང་བཙན་བྱོལ་གཞུང་འདི་དམངས་གཙོ་ཚད་ལྡན་ཞིག་ཆགས་རྒྱུ་རེ་འབྲས་ནི་ནམ་མཁའི་མེ་ཏོག་གོ་སྙམ། །
ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས་།
སྐྱེ་བུ་དེ་བྱོན་བོད་ལ་བདེ་སྐྱིད་ཤར་།
མགུ་རུའི་ལུང་བསྟན་ནས་དྲངས་།
སྲིད་སྐྱོང་བློ་སེང་ལས་གཞན་ལ་རེ་བ་མེད་པ་ནི་ལུང་གི་ཟིན་འདུག་།
གཏམ་ཐམས་ཅད་འདོད་པའི་ཕྱོགས་ཟེར་བ་ཅིས་མི་བདེན། སྤྱི་འཐུས་ཡོངས་ཁུངས་ཆོལ་ཁ་ཆོས་ལུགས་ཆ་ཚང་ནས་དང་པོ་བཟོ་མཁན་མགོ་བདེ་མོ་ཞིག་གི་བཟོས་བཞག་པ་མ་རེད། ༧གོང་ས་མཆོག་གི་ཕུགས་རྒྱངས་རིང་པོའི་དགོངས་གཞི་རེད། ཆོས་ལུགས་སྤྱི་འཐུས་མང་ཤོས་མདོ་སྟོད་ཆགས་ཀྱིན་ཡོད་པར་མི་དགའ་མཁན་ཚོས་གལ་ཏེ་༧ གོང་ས་ཁམས་ལ་ཁྲུངས་ཡོད་ན་༧ གོང་ས་མཆོག་གིས་ཀྱང་དགོངས་གཞི་ཁེ་ཙང་བཞེས་འདུག་ཟེར་བ་ཐེ་ཚོམ་མི་འདུག གང་ལྟར་ཁྱོད་ཚོས་་བོད་གཞུང་གི་ཆབ་སྲིད་མི་སྣ་གྲངས་མཉམ་་མེད་ན་མང་གཙོ་མ་རེད་ཟེར་གྱིན་ཡོད་ས་རེད། ཉིན་གཅིག་སྲིད་སྐྱོང་གསུམ་ཡང་ན་རེས་མོས་བྱས་དགོས་ཟེར་ས་རེད། དཔེར་ན་ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཚོས་ཇོ་ནང་སྤྱི་འཐུས་དགོས་པའི་ཕྱག་རྐྱངས་པ་རེད། དེ་ལ་འགྲེལ་བཤད་ཇི་ལྟར་རྒྱབ་ཀྱང་གལ་ཏེ་ཐོབ་ན་དེ་ནས་བཟུང་མི་དགོས་་ཟེར་མཁན་ཉུང་ཉུང་ཆགས་ངེས་ཡིན་པ་མཁྱེན་གསལ་རེད། དྲྭ་འབུའི་ནང་ལ་ཟུར་གནས་བསམ་བློ་ཟེར་བ་དེ་དྲི་ཙམ་མི་འདུག
ཡིག་ནོར་ཤོར་ཡོད་པར་དགོངས་སེལ་ཞུ།་
གོང་དུ་གུ་རུ་རིན་པོ་ཆེའི་ལུང་བསྟན་དེ་རྗེ་རིན་པོ་ཆེ་ལ་ཡིན་པ་ཡོངས་གྲགས་རེད། གཞན་ཁ་བདེ་མོ་ཚོས་ག་བར་སྦྱར་ན་འགྲིག་རེད། དེ་དང་དེང་སང་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་མཁོ་མེད་ཚུལ་དང་སེར་མོ་བའི་སྲིད་ལ་ཇུས་གཏོགས་མ་བྱས་ན་ཡག་ཀི་དགོངས་མཁན་ཚོ་བསམ་བློ་ཡག་པོ་ཅིག་གཏོང་མ་གཏོགས་སེར་མོ་བས་སྲིད་དོན་མ་བྱས་ན་བོད་སྤྱི་ལ་གྱོང་མ་གཏོགས་ཁེ་ཡོད་མ་རེད་འདས་ཟིན་ནང་ལྟོས་ན་གསལ།ད་ལྟའི་དུས་ནང་ངེས་པར་དུ་སེར་མོ་བས་བོད་དོན་ལ་ལག་པ་འཆང་ན་དགེ་ལས་སྐྱོན་མེད། ནམ་ཅིག་རང་ཡུལ་རང་ལག་ཏུ་ཐོབ་དུས་དེ་ནས་སེར་མོ་བ་སྲིད་ལ་འབྲེལ་མེད་བྱས་ན་ལེགས། ཕྱོགས་ཡོངས་ནས་མནོ་བསམ་གཏོང་དང་སེར་མོ་བས་རྒྱ་གུང་བྲན་ལ་མ་བདེ་བ་དང་བོད་དོན་ཐད་བསུན་བརྩིར་ག་འདྲ་བྱ་ཀི་འདུག་་་་་་གུང་བྲན་གྱི་མིག་ནང་འཚེར་མ་དེ་སེར་མོ་རྣམས་ཆགས་ཡོད། ཆབ་སྲིད་ཀྱི་ལས་ཀ་བྱ་དུས་དགོས་མཁོ་གང་ཡིན་དེ་ངེས་པར་དུ་བེད་སྤྱོད་ཐུབ་པ་དགོས་རེད། ཕྱོགས་ཡོངས་ལ་བསྐྱར་ཞིབ་ཅིག་གཏོང་ནས་ཕྱོགས་བསྡོམ་རྒྱག་དགོས་རྒྱུ་གལ་ཆེ།
ཐོས་དགའ་རྒྱལ་མོ་ཟེར་བ་དེས་མ་བརྟག་མ་དཔྱད་པའི་བབ་ཅོལ་མང་པོ་ཞིག་བཤད་འདུག་པས་གནད་དོན་རེ་ཟུང་ཞིག་ཞུས་ན་སྙམ། ཐོག་མར་ ༡༩༩༡ ལོའི་སྤྱི་འཐུས་སྐབས་ ༡༡ ནས་བལྟས་ན། རྙིང་མའི་སྤྱི་འཐུས་མདོ་སྟོད་ཆོལ་ཁའི་སྒེར་གྱི་རྒྱུ་ནོར་ཆགས་ཡོད། དགེ་ལུགས་ནང་རོང་པོ་བློ་བཟང་སྙན་གྲགས་གཅིག་པོ་མ་གཏོགས་མདོ་སྟོད། བོན་པོའི་ནང་བྱ་དུར་བཟང་པོ་མ་རྩིས་ན་གཞན་མདོ་སྟོད། བཀའ་བརྒྱུད་པར་ཀརྨ་ཆོས་འཕེལ་དང་། བློ་གྲོས་མཐར་ཕྱིན་ལྟ་བུ་ལས་གཞན་མདོ་སྟོད། ས་སྐྱའང་པད་མ་འབྱུང་གནས་དང་གུ་རུ་རྒྱལ་མཚན་ཕུད་པའི་གཞན་མདོ་སྟོད་ཆགས་ཡོད། སྤྱི་འཐུས་སྐབས་རེ་རེར་མདོ་སྟོད་ལ་ཆོལ་ཁའི་སྤྱི་འཐུས་ ༡༠ སྒང་ལ་ཆོས་ལུགས་ཀྱི་སྤྱི་འཐུས་ ༧ ནས་ ༨ ཡོང་གི་ཡོད་པས། གལ་སྲིད་ཆོས་བརྒྱུད་ལ་འོས་ཤོག་གཉིས་མེད་པ་ཆགས་ན་སུའི་ཤ་སྐལ་ཤོར་གྱི་ཡོད་པ་འདི་འདྲ་རེད། ཟེར་འདུག སྐབས་ ༡༡ པའི་རྙིང་མའི་སྤྱི་འཐུས་ཐུབ་བསྟན་ཉི་མ་མདོ་སྟོད་ཡིན་དོན་མེད་ལ། ད་ལྟའི་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལ་འོག་བླུག་མཁན་གཙོ་བོ་མདོ་སྟོད་མ་ཡིན་པར། བལ་ཡུལ་མཚམས་ཐུབ་བསྟན་ཆོས་གླིང་གི་སྟོད་པའི་གྲྭ་བཙུན་སུམ་བརྒྱ་ལྷག་དེ་ཚོ་རེད། དགེ་ལུགས་ནང་རོང་པོ་བློ་སྙན་བྱུང་བ་དེ་ཡང་སེ་ར་ཐེག་ཆེན་གླིང་གི་མདོ་སྟོད་གྲྭ་མང་རྣམས་ཀྱིས་ཤུགས་བརྒྱབ་པ་ལས་སྒོ་མང་གི་ཨ་མདོའི་གྲྭ་པ་རེ་ཟུང་དང་། བཙན་བྱོལ་སྤྱི་ཚོགས་ནང་ཆེས་གྲངས་ཉུང་དུ་གྱུར་པའི་དབུས་གཙང་གི་གྲྭ་པ་དེ་ཚོས་བསྐོས་བཞག་པ་མ་རེད། བོན་པོའི་ནང་སྐབས་བཅུ་གཅིག་པའི་གྲོ་མོ་དགེ་བཤེས་རྣམ་རྒྱལ་ཉི་མ། སྐབས་བཅུ་གཉིས་དང་བཅུ་གསུམ་བཅས་ལོ་རིང་སྤྱི་འཐུས་གནང་མཁན་ཁྱུང་ལུང་སྨན་པ་ཐོགས་མེད་གཉིས་མདོ་སྟོད་མ་རེད། བཀའ་བརྒྱུད་ནང་སྐབས་བཅུ་གཅིག་པའི་སྟོད་དགེ་རྒྱས་ཀུན་དགའ་ཚེ་རིང་དང་། སྐབས་བཅུ་གཉིས་པའི་ཆོས་རྒྱལ་བསྟན་འཛིན་གཉིས་ཀྱང་མདོ་སྟོད་མ་རེད། ས་སྐྱའི་ནང་སྐབས་བཅུ་གསུམ་པའི་ཁྲ་རིགས་འཇམ་དབྱངས་འཕྲིན་ལས་མདོ་སྟོད་མ་རེད།
ད་དུང་ཆོས་ལུགས་མི་སྣ་ཁག་ལ་ཆོས་བརྒྱུད་མ་གཏོགས་བླུག་རྒྱུ་མེད་པའི་དཀྲུག་ཤིང་རྒྱག་གི་ཡོད་ཚེ་སྤྱི་འཐུས་བཅུ་ཆ་ཚང་མདོ་སྟོད་ཡོང་སྲིད། རྒྱུ་མཚན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་གདན་ས་གྲྭ་ཚང་ཁག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དང་གྲྭ་མང་ཕལ་ཆེ་བ་མདོ་སྟོད་ཡིན་པ་ལས་དབུས་གཙང་གིས་ནི་གྲྭ་པ་མི་བཟོ། མདོ་སྨད་པ་རྣམས་གྲྭ་པ་ལོག་ནས་དབྱིན་མོའི་རྐུབ་ལ་རྒྱུགས་འགྲོ་བའི་རྒྱུ་མཚན་གྱིས་རེད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཐོབ་ཐང་ཚང་མ་འདྲ་མཉམ་བཟོ་དགོས་ན་བཙན་བྱོལ་བོད་མིའི་མི་འབོར་མང་ཉུང་ལ་ལྟོས་ཏེ་སྤྱི་འཐུས་གྲངས་ཚད་བཟོ་དགོས་པས་ཤ་སྐལ་ཤོར་མཁན་དེ་མདོ་སྟོད་མིན་པར་མདོ་སྨད་ཆགས་རྒྱུ་ས་རིས་ཐང་གསལ་རེད། སྔོན་མ་ཐུབ་བསྟན་ལུང་རིགས་སོགས་ཀྱིས་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་ཞིག་གཏོང་འཆར་སྐབས་རྒྱུན་ལས་རྒྱབ་སྐྱོར་མ་བྱས་ཟེར་བ་བདེན་པ་མ་རེད། ཁྲིམས་འཆར་དེ་གྲོས་ཚོགས་ནང་ཚུད་པར་དགག་བྱ་མི་ ༡༦ དང་རྒྱབ་སྐྱོར་མི་ ༡༦ ཡོད་དུས་ཟམ་གདོང་བླ་མ་དང་ཐུབ་བསྟན་ལུང་རིགས་དགེ་སློབ་གཉིས་ཚོགས་གཙོའི་འགན་མཉམ་འདུས་ཡིན་ཟེར་ཏེ་དགག་བྱ་ཕྱོགས་པ་འོས་འཕངས་ཏེ་ཟག་པ་རེད། སྐྱག་རྫུན་བཤད་མི་ཉན།
དེ་བཞིན་སྦེལ་ཀོབ་ནས་མི་རེས་འོས་རེ་འཕེན་རྒྱུ་ཡོད་པ་བཟོ་དགོས་ཟེར་བ་དེ་ཁྲིམས་སྒྲིག་ལ་བསྐྱར་བཅོས་མ་བྱས་ནས་ལྷག་པ་ནས་མདོ་སྟོད་ཀྱིས་བྱས་པ་གང་ཡང་མ་རེད།
ཤྤྱིར་བཏང་འཁྲིས་ནད་ཅན་ལྟ་བུ་ཕྱོགས་རེས་བ་རེ་ཟུང་གིས་སྔར་ནས་ད་བར་དེ་ལྟར་བཤད་དེ་བཙན་བྱོལ་སྤྱི་ཚོགས་དཀྲུགས་བསྡད་པ་རེད། དཔེར་ན་སྐབས་བཅུ་གཉིས་པའི་ཨ་མདོའི་སྤྱི་འཐུས་ཤིག་གིས་ཨ་མདོ་བ་གཞུང་ཞབས་ནང་ཉུང་ཉུང་ཡིན་པ་དང་། བཀའ་བློན་གཉིས་བྱུང་བ་དེ་དུས་ཚོད་མ་ཟིན་གོང་དགོངས་པ་ཞུ་དགོས་བྱུང་བ་སོགས་གཞུང་གིས་ཨ་མདོ་བར་བལྟ་སྟངས་ཡག་པོ་མེད་པ་བཤད་སྐབས། ཚོགས་གཙོ་ཟམ་གདོང་བླ་མས་གཞུང་གི་ལས་བྱེད་རྣམས་སྒྲིག་གཞིའི་ཆ་རྐྱེན་འོག་འགྲོ་དགོས་པ་དང་། བཀའ་བློན་དགོངས་པ་ཞུ་དོན་བཀའ་བློན་སོ་སོར་དྲིས་ན་མཁྱེན་གྱི་རེད། སྒེར་གྱི་དཀའ་ངལ་ལ་བརྟེན་ནས་དགོངས་པ་ཞུས་སོང་བ་ལས་གཞུང་གིས་ཞུ་བཅུག་མེད། མ་གཞི་གང་ཟག་རང་ཉིད་ཕྱོགས་རིས་ཅན་ཞིག་ཡིན་ན་གཞན་ཕྱོགས་རིས་ཅན་དུ་མཐོང་གི་རེད། མཁྲིས་ནད་ཅན་གྱིས་གངས་ལ་སེར་པོ་མཐོང་པ་བཞིན་ཡོང་གི་རེད་གསུངས་མྱོང་བ་རེད། སྐབས་འཚོལ་བ་འགའ་ཞིག་དང་དམིགས་བསལ་མདོ་སྨད་པ་དེ་ཚོས་མི་སྣ་སྐྱོན་འཛུགས་བྱ་རྒྱུ་ལས་རང་རང་སོ་སོའི་དཀའ་ངལ་སོགས་སྐྱོབ་ཐུབ་ཀྱི་མ་རེད།
བཀའ་ཤག་སྐབས་བཅུ་གསུམ་པའི་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་སྦར་སིལ་དོན་གཅོད་དུ་བསྐོས་པ་ཡིན་ཟེར་བཀའ་རྒྱ་གཅིག་བཏང་། ཡང་ནུད་མེད་ཕྱིན་པ་རེད་ཅེས་གསུངས་ཡོང་དུས་ཐོབ་ཐང་བརྩད་མ་ཐུབ་པ་རེད། དེ་བཞིན་ཀིརྟི་བླ་མས་ནོར་གླིང་སྐུ་ངོ་ལ་ཚད་ཚད་ཁ་ཤས་བྱས་རྗེས་བཀའ་བློན་ནས་དགོངས་པ་ཞུ་དགོས་ཐུག་སྐབས་དཔུང་རོགས་ཡོད་མ་རེད། ཀིརྟི་བླ་མ་བཀའ་བློན་ལ་ཐོབ་དོན་ཐོས་དགའ་རྒྱལ་མོས་བཤད་པའི་མདོ་སྟོད་དང་ཆོས་ལུགས་སྤྱི་འཐུས་དེ་ཚོས་ཤུགས་བརྒྱབ་ནས་བྱུང་བ་རེད། མ་ཤེས་ན་ཨ་ཡི་མགོན་པོ་མཚོ་ལ་དྲིས་དང་ཤེས་ཀྱི་རེད། ད་ལྟ་མདོ་སྨད་ནས་བོད་མིའི་སྒྲིག་འཛུགས་ནང་དབང་ཆ་ཆེ་ཤོས་ཟིན་མཁན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་རེད་དེ་ཁོང་ལ་གཞི་མེད་སྒྲོ་སྐུར་འདེབས་མཁན་གཙོ་བོ་ཐུབ་བསྟན་ལུང་རིགས་ཀྱི་ཨབ་ཕྲུག་ཤར་ཕྱོགས་ཁུག་རྟ་ཟེར་མཁན་དེ་ཡིན་ནའང་མདོ་སྨད་དབུས་རྒྱུན་ལས་ཀྱིས་དེབ་དེ་སྒོ་འབྱེད་ལ་གོ་སྒྲིག་བྱས་པ་རེད། ད་དུང་མང་པོ་ཡོད་རེད། དགྲ་ཕྱི་ལ་མེད་ལེ་ནང་། སྟུ་ངན་སྔོ་སྤུ་ནང་། ཧཧཧཧཧཧ
ཐུབ་བསྟན་ལེགས་བཤད་གཙོས་དྲ་མཆན་སྤེལ་མཁན་རྣམ་པའི་མཆན་ཡིག་ནས་བློ་སྐྱེད་མང་པོ་ཐོབ་ཀྱི་འདུག ཁ་འཛིང་སྣ་འཛིང་བྱེད་པ་ལས་འདི་འདྲ་བའི་ཞིབ་འཇུག་རང་བཞིན་གྱི་མཆན་ཡིག་སྤེལ་ཐུབ་ན་ཚིག་ཉུང་ནང་ནས་དོན་མང་ཤེས་ཀྱི་འདུག་པས་ཧ་ཅང་ཕན་པ་མཆིས།
སྲིད་སྐྱོང་དང་སྤྱི་འཐུས་འོས་བདེགས་སྒྲུག་བྱེད་རྒྱུ་ཡིན་ཀྱང་འོས་མིར་ལངས་མཁན་ཁ་ཤས་ལ་ངོ་ཚ་གཏན་ནས་མིན་འདུག གང་ཡིན་ཟེར་ན་སོ་སོ་རང་ཉིད་ལ་ཤེས་ཡོན་མེད་པའི་སྟེང་ཧམ་བཤད་ཆེ་བ། འདས་ཟིན་པའི་དུས་ཚོད་ནང་ཆུང་ས་ནས་གྲོགས་པོ་གྲོགས་མོ་ནང་ཁུལ་མགོ་སྐོར་གཏོང་མཁན་དང་། ཆེ་ས་ནས་མི་རིགས་འདི་ལ་གནོད་པའི་ལས་ཀ་ཤ་སྟག་བྱེད་མྱོང་ཡོད་པ་རེད། ད་དུང་ངོ་མི་ཚར་བར་བཀའ་སྤྱི་གཉིས་ཀྱི་འོས་མིར་ལངས་ཀྱི་འདུག ཧེཧེ།