——-ཨེ་མ་ཧོ།
ཨ་མའི་བུ་གཅེས་རྒྱལ་ཞེན་ཅན་པོ་ཧ་ཅང་དཀའ་བའི་སྲིད་སྐྱོང་ལོངས་ཐལ།།
ས་སྐྱོང་དཔོན་གྱི་གོ་སར་མིན་པར་ཤ་ཞེན་བདེན་པའི་དམ་དཔུང་ཆེན་པོས།།
ལ་རྒྱའི་རྒྱལ་མཚན་ལེགས་པར་འཛུགས་ནས་ར་རིའི་ནང་དཀྲུགས་ཟིལ་གྱིས་བརྣན་པ།།
ཡ་རབས་བཟང་པོའི་ལོ་རྒྱུས་རྣམ་དག་འ་ཅག་དགོས་མདུན་གཙང་མ་ལགས་སོ།།
ཟ་གོས་སྒེར་དོན་བདག་གཉེར་མིན་པར་ཞ་ལོང་གངས་ཅན་གཉིད་ལས་སློང་ཐལ།།
ཝ་ལེར་བདེན་དཔུང་བཙོན་མུན་ཉུལ་བས་ཛ་དྲག་ལུས་ངག་དངོས་སུ་སྤྱོད་པས།།
ཚ་དང་སྒོག་པའི་གཏམ་བཤད་མཉན་ཚེ་ཙ་ར་གཅོད་པའི་གནམ་ལྕགས་རལ་གྲིས།།
མ་ལུས་སྲིད་སྐྱོང་ཕྱི་གསལ་ནང་གསལ་བ་རྒོད་རྩེད་མོའི་རྩོད་པ་དབེན་ནོ།།
ཕ་མེས་རྒྱུད་པའི་སྣོད་བཅུད་ཆེད་དུ་པ་སངས་ལྟར་དཀར་དྲང་ཚུགས་མངོན་ཐལ།།
ན་ཆུང་ཅོལ་རྒྱུགས་གང་དྲན་མིན་པར་ད་ལྟའི་དུས་རབས་ཤིན་ཏུ་འཚམས་པས།།
ཐ་དག་དཔྱོད་པའི་ཡོན་ཏན་མངའ་བ་ཏྰ་ལའི་གསུངས་ལས་ལྗིག་ཚད་ལྡན་ན།།
ཅ་ཅོའི་ངན་སྨྲས་སྒྲོ་བཀུར་མིན་པར་ཆ་རྐྱེན་ཀུན་འཛོམས་དྲང་སྲོང་གསུངས་སོ།།
ཇ་འཐུང་ངོ་དགའི་གཏམ་བཤད་མིན་པས་ཉ་ཉུང་བསྲེལ་བ་དེ་བས་མེད་ཐལ།།
ང་ཚོའི་བདེན་པའི་ལོ་རྒྱུས་རིང་མོ་ག་དུས་ཡིན་ཡང་བརྗེད་ཐབས་བྲལ་བས།།
ཁ་བའི་ལས་དབང་སྙིང་ལ་བཅིངས་ན་ཀ་དག་བདེན་དཔུང་ཆོས་ཉིད་རིགས་པ།།
ཀླུ་མཁར་བྱམས་པའི་བདེན་ཚིག་རེ་ལ་རྟེན་འབྲེལ་བསླུ་མེད་རང་བཞིན་གནས་སོ།།
རྒྱལ་དབང་མཆོག་གིས་དགོངས་པ་ཟབ་མོས་དམངས་གཙོ་ཡང་དག་ལམ་དུ་བསྒྱུར་ཐལ།།
བློ་བཟང་སེང་གེས་མཛངས་སྤོབས་ཆེན་པོའི་འཛམ་གླིང་གོ་ལ་ཧྲིལ་གྱིས་གཡོས་པས།།
ཀླུ་བྱམས་དྲང་བདེན་ཚངས་པའི་ཐིག་རྩས་ཀླད་མེད་སྒེར་ཕྱོགས་རྩ་བ་གཏོར་ནས།།
གངས་ཅན་བསྟན་སྲིད་ཚུལ་བཞིན་འཛིན་པའི་སྲིད་སྐྱོང་རྡོ་རིང་རྣམ་གསུམ་རྒྱལ་ལོ།།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་ཟླ་ཚེས་ཁྱད་པར་ཅན་ནམ་ཉི་འཛིན་གྱི་སྐབས་སུ་ལྷག་བསམ་རྣམ་དག་གིས་ཀུན་བཟང་སྨོན་ལམ་དང་བཅས་ཀུན་བཟང་ཡེ་ཤེས་བླ་མའི་ཆོས་གླིང་ནས་གང་དྲན་མགུར་དུ་ལེན་པར་མཁས་པའི་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་ཤྲྰི་ཨེ་མ་ཧོས་བདེན་གཏམ་གླུ་རུ་བླངས་པར་དགེའོ།། །།
དང་པོ་ང་ཚོའི་བཅའ་ཁྲིམས་ནང་མང་གཙོ་(Democracy)ལས་ད་སྔོན་འཇུག་དང་ས་ཡང་འཇུག་ཅན་གྱི་གྲལ་རིམ་གྱི་ཐ་སྙད་དམངས་གཙོ་(Proletarain)གསལ་མེད་ན་བཅའ་ཁྲིམས་དང་མཐུན་པའི་ཚིག་བེད་སྤྱོད་གནང་ཐུབ་ན་མང་གཙོ་དང་རང་དབང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་མང་གཙོའི་ཁ་གཡངས་ཆེན་པོའི་གཏམ་དེ་དོན་ལ་གནས་ཐུབ་པ་དང་། སྲིད་སྐྱོང་གི་སྔོན་འགྲོའི་འོས་མི་མང་ནས་མ་གནང་གོང་དུ་ཆོལ་ཁ་དང་ལུང་ཚན་ཤོག་ལང་གི་སྲིད་སྐྱོང་དང་སྤྱི་འཐུས་ལ་འོས་མི་འདོན་བཞིན་པ་འདི་དག་བཅའ་སྒྲིག་དང་ཕྱོགས་མཐུན་བྱུང་ཡོད་མེད་ཇི་ལྟར་ཡང་ད་ལྟ་ནས་སྟོད་རྒྱུ་དང་སྨད་རྒྱུ་དེ་ཚོ་ཁ་ཕྱོགས་གང་ལ་འགྲོ་གི་ཡོད་མ་རྟོགས་ན་ལེགས་བཤད་ལས་།
སྟོད་པས་དགའ་བ་མ་རྒྱུར་ཞིང་།
སྨད་པས་མི་དགའ་མ་རྒྱུར་ཞིང་།
རང་གི་ཡོན་ཏན་ལེགས་སྤེལ་ན་།
སྐྱེས་བུ་དམ་པའི་ཚན་ཉིད་ཡིན་།
ཀླུ་བྱམས་དང་ཁོང་ལ་ཕུད་རྒྱག་མཁན་་ཚོས་ལྷག་བསམ་ཆེན་པོས་རང་བཙན་རྩོད་འདོད་ཡོད་ན་དགའ་བསུ་ཡོད། ཐོན་ཐང་དང་མང་གཙོའི་ཁེ་དབང་རེད། ༧ གོང་ས་མཆོག་དང་བོད་གཞུང་གིས་ཀྱང་ལོ་རྒྱུས་ཐོག་རང་བཙན་ཡིན་པ་དམ་བཅའ་ནམ་ཡང་གློད་མྱོང་མེད། འོན་ཀྱང་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ནི་དབུ་མའི་ལས་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱ་ནག་གི་སྟོབས་ཤུགས་སོགས་གང་ནས་བལྟས་ཀྱང་གཞན་རྙེད་དུ་མེད། གྲུབ་འབྲས་ཀྱང་ཆབ་སྲིད་ལ་དྲི་ཁ་མཁན་ཞིག་ཡིན་ན་ཤེས་དགོས་ངེས་ཡིན། ཁྱོད་ཚོ་རང་བཙན་འཐབ་རྩོད་པ་ཡིན་མདོག་གིས་རང་ཉིད་ས་བསྒྲགས་གནམ་བསྒྲགས་བྱེད་ཐུབ་ཀྱིས་ཁ་གདངས་ཚད་༧གོང་ས་མཆོག་དང་བོད་གཞུང་གི་མ་འགྲིག་རབས། མ་འཇོན་ཚུལ་རྐྱང་རྐྱང་བཤད་ནས་རང་བཙན་འཐབ་རྩོད་ཀྱི་འཆར་གཞི་དང་གདེངས་ཚོད། ཐབས་ལམ། ནུས་ཤུགས། སོ་སོ་མདུན་ལ་ཐོན་ནས་བློས་གཏོང་གང་འཚམ་བྱེད་ཐུབ་པའི་ཡིན་མདོག་ཁ་པོའི་སྟོབས་ཤུགས་ནི་ཕྱོགས་ཙམ་ཡང་མཐོང་ཡ་མི་འདུག མདོར་ན་ཁྱོད་རང་ཚོས་མགོ་བ་འཇོག་འདོད་ཡོད་པའི་རང་་ཚུགས་མེད་པའི་ཀླུ་བྱམས་ལ་འུར་བསྟོད་ཇི་ཙམ་རྒྱབ་ཀྱང་རིག་གསར་སྐབས་ཀྱི་རྙིང་གཞི་རྩ་གཏོར་གྱི་འབོད་ཚིག་ཁ་ཤསབཟོ་བཅོས་ཀྱི་ཐ་སྙད་ཁ་ཤས་ལ་འཆར་གཞི་གསར་པ་ཞེད པོ་ཞིག་རེད་མདོག་མདོག་བྱེད་པ་ནི་ཀླད་པའི་ནང་དུ་ཆབ་སྲིད་ཟེར་བ་དྲི་ཙམ་མེད་པའི་རྒྱུ་མཚན་ཡང་དག་རེད། ཕར་དེད་ན་གཞུང་གི་ལས་ཁུངས་སོ་སོའི་སྒོ་བྱང་ལ་བཙན་བྱོལ་བོད་གཞུང་ཟེར་བ་དབྱིན་ཡིག་མ་བྲིས་ན་ཡང་བོད་ཡིག་འབྲི་དགོས། སྐད་འབོད་ལ་བོད་རང་བཙན་ཡིན། ཅེས་པའི་འབོད་སྒྲ་སྒྲོགས་དགོས་ཟེར་བ་ཙམ་རེད། ཁྱོད་ཚོའི་རང་བཙན་ལེན་པའི་འཐབ་རྩོད་ནི་དེ་ཙམ་རེད། ད་རེབ་ཁྱོད་ཚོས་སོ་སོ་ཁྱབ་བསྒྲགས་དང་སྣང་བ་སྐྱིད་དྲགས་ནས་མང་གཙོའི་ཁེ་དབང་འོག་སྨྱོ་བཤད་བྱེད་པ་ཙམ་ལས་ཁོག་ལ་སྟོབས་ཤུགས་ངེས་ཅན་རེ་འཛུལ་མེད་ན་ཁྱོད་ཚོ་བོད་ཀྱི་སྲིད་སྐྱོང་ཐོབ་མི་སྲིད་ན་འང་སྐྱིད་པོ་བྱུང་ན་འགྲིག་གིན་འདུག རང་བཙན་མི་དགོས་མཁན་གྱི་བོད་མི་ཞིག་རེ་བཟུང་མ་གཏོགས་ཡོད་མི་སྲིད་ཀྱང་ཁྱོད་ཚོས་རང་བཙན་འཐབ་རྩོད་བྱེད་སྟངས་་ལ་ངོ་མ་སུན་སྣང་སྐྱེས་ཡོང་གི། ལྟ་ལོག་གྲྭ་ལོག་འཁྱམ་པོ་སྐོར་ཞིག་གིས། སྤྱོད་ལོག་ཀླུ་མཁར་བྱམས་ལ་འུད་བསྟོད་བྱས། ལམ་ལོག་དྲིན་ལོག་ཅན་གྱི་ཀླད་སྟོང་ཚོ། སྐད་ལོག་དེ་ཙམ་མ་རྒྱབ་ལྟོ་གོས་འཚོལ།
༼དད་མེད་ལོག་སྤྱོད་༽ཀྱི་ཀླུ་བྱམས་ལ་དད་མེད་ལོག་སྤྱོད་པའི་རྒྱུག་ཁྱི་མང་པོ་མེད།
དད་པ་ལོག་སྤྱོད་ཞུས་སོང་ཟེར་བའི་སྐད་ཆ་མ་ཐོན་གོང་ལ། ཁོ་རང་གིས་དད་མེད་ལོག་སྤྱོད་བྱེད་བཞིན་ཡོད་པ་མི་ཤེས་བའི་གནད་དོན་ཅི་ཡིན་ནམ། ཁྲམ་པ་ཧམ་པ་ཅན་འདི་ཚོ། རང་ལ་བལྟ་བའི་མེ་ལོང་མེད་ན་འདི་འདྲ་རེད།
དམངས་གཙོ་དང་མང་གཙོའི་ཐ་སྙད་འདི་རྣ་ཅོག་སྔོན་ལ་སྐྱེས་པ་རེད་དམ་རྭ་ཅོ་སྔོན་ལ་སྐྱེས་ཡོད་དམ་ཞེས་པའི་དྲི་བ་འདི་རེད། དམངས་གཙོ་ནི་བོད་ནང་གི་མཁས་དབང་ཚོས་གནའ་སྔ་མོ་ནས་བེད་སྤྱོད་བྱས་དང་བྱེད་བཞིན་པའི་ཐ་སྙད་ཤིག་རེད། མང་གཙོ་ནི་བཙན་བྱོལ་དུ་ཟམ་གདོང་བླར་རྒན་གྱིས་མཁས་མདོག་སྟོན་པའི་ཐ་སྙད་ཁྱབ་ཆུང་ཞིག་རེད། དམངས་ནི་ཆབ་འབངས་མི་སེར་ལ་གོ་བས་རྒྱལ་རིགས་བྲམ་ཟེ་རིགས་སོགས་དབང་འཛིན་མི་སྣ་དང་གྲལ་རིམ་ལུགས་ཀྱི་མི་སེར་ལ་གཉའ་གནོན་དང་བཤུ་ཞོག་གཏོང་ཡུལ་ཆབ་འབངས་མི་སེར་དཀྱུས་མ་ལ་རང་དབང་ཐོབ་ཏེས། འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱད་ཆོག་པའི་ལམ་ལུགས་འོག་དར་བའི་ཁྲིམས་ལུགས་ཤིག་ཏེ། དབང་ཆ་གཅིག་བསྡུས་མ་ཡིན་པར་དབང་འཛིན་མི་སྣ་མི་གཙོ་བར་མི་དམངས་དཀྱུས་མ་གཙོ་བས་ན་དམངས་གཙོ་རེད། འོན་ཀྱང་ཟམ་གདོང་བླར་རྒན་སོགས་ཀྱིས་མང་བ་གཙོ་བས་མང་གཙོའི་ཐ་སྙད་ལ་བཙན་བསྒྱུར་བྱེད་པར་དགོས་དོན་དམིགས་བསལ་ཞིག་ཡོད་པ་ནི། དད་པ་ལོག་སྤྱོད་པ་མང་བའི་བཙན་བྱོལ་ཀྱི་སྤྱི་ཚོགས་ནི་མང་གཙོ་མིང་དོན་མཚུངས་བས་ན་ཐ་སྙད་འདི་རིགས་བེད་སྤྱོད་ཀྱི་ལམ་འགྲོ་རྒྱུགས་བསྡད་ཡོད། དབྱིན་ཡིག་ཏུ་(Democracy)བརྗོད་དོན་ནི་མི་དམངས་རང་བཞིན་གྱི་ཐོབ་ཐང་སྲུང་སྐྱོབ་ནུས་པའི་བཅའ་ཁྲིམས་ཀྱི་དགོངས་དོན་ཏེ། དམངས་ཀྱི་བསམ་ཚུལ་དང་ལེན་ནུས་ལ་གུ་ཡང་རང་བཞིན་ལྡན་པའི་ཉུང་བའི་བསམ་ཚུལ་དང་བསམ་ཕྱོགས་ལྟ་བ་སོགས་ལ་ཡང་འབུར་བཅོམས་དང་བརྙས་བཅོས་ནམ་ཡང་བྱས་མི་ཆོག་ལ། ཁྲིམས་གཏུགས་བྱེད་པའི་ཐོབ་ཐང་ཆ་ཚང་ལྡན་ཡོད་པ་དམངས་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ལ་དཔེ་རུ་ལེན་རྒྱུ་མིག་མདུན་དུ་ལྷག་བསྡད་ཡོད། དེས་ན་མང་བ་གཙོ་བས་མང་གཙོའི་བཅའ་ཁྲིམས་དེ་ཁྲིམས་ལུགས་ཀྱི་མཚན་ཉིད་རང་བཞིན་ལྡན་ཡོད་ན་རྒྱ་ནག་དམངས་གཙོར་གྱུར་ཏེས། རྒྱ་མི་རིགས་མང་ཆེ་བས་ཏང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་ནི་ཡང་དག་ཅིག་ཏུ་འཛིན་པས་ན་མང་གཙོ་ངོ་མ་དེ་རེད།
དད་མེད་ལོག་སྤྱོད། ཧ་ཧ། དད་མེད་གསར་བརྗེ། དད་མེད་ལོག་སྤྱོད་ནི་དད་པ་ལོག་སྤྱོད་ཀྱི་ལམ་ལུགས་མེད་པ་བཟོ་མཁན་ཏེ་གསར་བརྗེའི་དཔའ་བོ་རེད། རྒྱུ་མཚན་དད་པ་ལོག་སྤྱོད་པས་གཉའ་གནོན་དང་བཤུ་ཞོག་འོག་བོད་འདི་ཆོས་ཡོན་སྦྱིན་བདག་གི་ལག་པར་བཞག་ཏེས་བོད་མི་དམངས་སྡུག་ལ་སྦྱར་བས་སོ། དད་པ་ལོག་སྤྱོད་པ་འདི་ཚོ་རྩ་མེད་མ་བཏང་ན་བོད་ལ་བདེ་སྐྱིད་ཉི་མ་ཞིག་ཤར་རྒྱུ་མེད་ཁོ་ཐག།
ཟམ་གདོང་བླ་མའི་ལྟ་ཚུལ་བྱས་ན་མང་བ་གཙོ་བོ་རེད། མི་མང་པ་ཡོད་ན་གཙོ་བོ། དངུལ་མི་མང་བ་ཡོད་ན་གཙོ་བོ། དམག་མང་བ་ཡོད་ན་གཙོ་བོ། དད་པ་བྱེད་མཁན་མང་བ་ཡོད་ན་གཙོ་བོ་རེད་གདའ། ཉུང་བ་ཚང་མར་རྡོག་རོལ་བཏང་གི་རེད། ཉུང་བའི་ཆོས་དད་ལ་རྡོལ་རོལ། ཉུང་བའི་བསམ་ཚུལ་ལ་རྡོག་རོལ། དངུལ་ཉུང་བའི་རིགས་ལ་རྡོག་རོལ། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་རྡོག་རོལ། འདི་ཟམ་གདོང་བླ་མའི་མང་གཙོ་རེད།
མི་འབོར་མང་ཤོས་རྒྱལ་ནག་ཡིན་པས་མང་གཙོ། དམག་མང་ཤོས་རྒྱ་ནག་ཡིན་པས་མང་གཙོ། ཆོས་མེད་སྨྲ་བ་མང་ཤོས་རྒྱ་ནག་ཡིན་པས་མང་གཙོ། ཟམ་གདོང་བླ་མའི་འདོད་ཚུལ་བྱས་ན་འཛམ་གླིང་ཐོག་ཏུ་རྒྱ་ནག་གཙོ་བོ་རེད། ཉུང་བ་ཡོངས་རྫོགས་རྡོག་རོལ་བཏང་གི་རེད།
རང་བཙན་སེམས་ན་ཡོད་པའི་རྒྱལ་གཅེས་དང་།
རང་བཙན་དགྲ་ལྟར་མཐོང་བའི་རྒྱལ་བཙོང་གཉིས།
རྒྱལ་ཁབ་གཅིག་ལ་སྐྱེས་ལུགས་འདྲ་ན་ཡང་།
རྒྱལ་ཞེན་རུས་རྐང་ཡོད་སྟངས་ཁ་ཁར་རེད།།
ཁྲ་ཡ་རྫ་ལ་སྐྱེས་པའི་འབྲོང་མོ་དང་།
ཚ་བའི་རོང་དུ་སྐྱེས་པའི་མ་ཧེ་གཉིས།
སུག་བཞི་ས་ལ་བཙུགས་ལུགས་འདྲ་ན་ཡང་།
རྫ་རི་སྨུག་པོར་བརྒལ་སྟངས་ཁ་ཁར་རེད།།
དགྲ་བོ་འཕར་སྤྱང་བཀག་མཁན་འབྲོག་ཁྱི་དང་།
རྒྱ་མོའི་ལག་པ་ལྡག་མཁན་ཨ་སོབ་གཉིས།
ཁྱི་ཡི་ལུས་རྟེན་ལེན་ལུགས་འདྲ་ན་ཡང་།
ཁྲོམ་ལ་རིན་གོང་མཐོ་དམན་ཁ་ཁར་རེད།།
ནུབ་ཀྱི་དམངས་གཙོའི་རིག་པའི་གཞུང་ལུགས་དང་།
ཤར་གྱི་མང་གཙོའི་ལྟ་བའི་གྲུབ་མཐའ་གཉིས།
ཆབ་སྲིད་རིག་པ་ཡིན་ལུགས་འདྲ་ན་ཡང་།
དམངས་ལ་བདེ་སྐྱིད་བསྐྲུན་ལུགས་ཁ་ཁར་རེད།།
མང་ཉུང་གི་ཁྱད་པར་ཤོར་ནས་ཀླུ་མཁར་ལ་སྲིད་སྐྱོང་གི་འོས་ཐོབ་རྒྱུ་དཀའ་བར་སྣང་ཡང། བོད་ཀྱི་ཆབ་སྲིད་ཐོག་ཤེས་ཡོན་དང་མཁྱེན་རྒྱ། འཆར་གཞི་སོགས་གང་རུང་ལ་སྲིད་སྐྱོང་འོས་མི་གཞན་རྣམས་ནས་འགྲན་པའི་ཟླ་དང་བྲལ་བ་དེ་ཀླུ་མཁར་བྱམས་ཁོ་ནའོ།
ཨེ་མ་ཧོའི་སྙན་ངག་ཡག་སོང་། གྲོགས་ཅོ་རུའི་སྙན་ངག་ཡང་ཡག་སོང་། ད་དད་པ་ལོག་སྤྱོད་ཁག་ཅིག་འུ་ཐུག་ཏུ་བཅུག་ཤག
ནམ་ཞིག་ཨ་ཚོགས་ཀླུ་མཁར་བྱམས་གཟི་བརྗིད་ཀྱི་ངང་ནས་སླེབ་ངེས་རེད། སྐབས་རེར་ངའི་སེམས་སུ། བུམ་པའི་ནང་དུ་བཅུག་པའི་སྒྲོན་མེ་དང་། སྒྲོག་གིས་བཅིངས་བའི་རྟ་མཆོག་ལྟར། རང་ལ་འཇོན་ཐང་ཡོད་ཀྱང་འཇོན་ཐང་སྟོན་སའི་ཁོར་ཡུག་མེད་པའི་བུ་རྒོད་ཁྱེད་ཚོའི་རིགས་འདི་ལ་སྙིང་ཡང་རྗེ་གི ང་ཚོ་ལ་རྒྱལ་ཁབ་ངོ་མ་ཞིག་ཡོད་ན་ཇི་འདྲ་ཞིག་སྐྱིད་ཨང་།། ༎
རྟ་ཕོའི་བང་རྩལ་ངོམས་ས་་དང་བུ་རྒོད་པོས་འབྱོན་ཐང་སྟོན་སའི་ཁོར་ཡུག་ཟེར་བ་མི་རིགས་་ཆགས་འཇིག་གི་གནས་སུ་ལྷུང་བའི་དུས་འདི་ལས་ལྷག་ཞིག་གང་ན་ཡོད། མིའི་འབྱོན་ཐང་ཟེར་བ་དཀའ་ཁག་སྐབས་སུ་མངོན་ཡོང་གིན་ཡོད། སྟོན་དང་། ངོ་མ་ཁྱོད་ཚོའི་འབྱོན་ཐང་ཟེར་བ་གང་ཡིན་ཧ་གོ་ཡ་མི་འདུག
ད་ཡིན་ན་དད་པ་ལོག་སྤྱོད་པ་དེ་ཚོ་ཉིན་མོའི་ཟས་ལ་བཅུས་དང་། དགོང་མོའི་གཉིད་ལ་ངལ་གསོ་ཐེབས་ཀྱི་མེད་པ་འདྲ། སྙིང་རྗེ་ཡག་རང་རེད།
དད་མེད་ལོག་སྤྱོད་པ་ཚོས། བོད་མི་རིགས་ལ་གསར་བརྗེ་ཁུར་ཡོང་གི་ཡིན་ཟེར། ཧ་ཧ་ཧ། གསར་བརྗེ་རྡུད་རྒན་མོའོ་ལ་སོགས་པས་ང་ཚོ་ལ་སྟེར་ཚར་བ་རེད། ལྷ་ཡུལ་ལྟ་བུའི་བོད་ཁམས་ཏེ། བདེ་སྐྱིད་མེད་པའི་དམྱལ་ཁམས་ལ་བསྐྱལ་བ་རེད། བོད་མི་ཤི་གསོན་གཉིས་ཀའི་སེམས་ནས་བརྗེད་མི་སྲིད། སྐབས་དེར། ཁྱེད་ཚོ་འདྲ་བའི་ཕྱི་འཇམ་ནང་རྩུབ་པ་འགའ་ཡོད་རབས་ཡོད་ཐལ། སྔར་བྱུང་གི་སྐྱིད་སྡུག་གི་ལོ་རྒྱུས་ལས། ཁྱེད་ཚོ་འདྲ་བ་བོད་ཆོས་ལྡན་གྱི་སྤྱི་ཚོགས་ནས་གསོ་སྐྱོང་ཞུ་མི་སྲིད། ཞོལ་གཡག་བོང་རྒྱུད་ཁོ། ཤེས་ཨེ་སོང་ཐལ།
ཨ་ལས། གནམ་རྒན་མ། བདུད་རྒན་མའོ་སུས་གདན་དྲངས་ཡོང་བ་རེད། བོད་ཁམས་དམྱལ་ཁམས་སུ་སུས་བསྒྱུར་བ་རེད། འདི་ཚོ་ཡར་འདེད་སོང་ན་གནམ་རྒན་མ་ཁྱོད་འདྲ་བའི་དད་པ་ལོག་སྤྱོད་པས་བོད་འདི་ཆོས་ཡོན་སྦྱིན་བདག་གི་ལག་པར་བཞག་པའི་བྱས་རྗེས་དེ་མ་རེད་པས། དེས་ན་རིག་གནས་གསར་བརྗེའི་གྲལ་རིམ་འཐབ་རྩོད་བོད་ནང་བྱུང་བ་རེད། དེའི་ངན་ཤུལ་ད་དུང་བཙན་བྱོལ་དུ་ལྷག་དགོས་པའི་རྒྱུ་མཚན་ཨེ་ཤེས། འདི་ནི་དད་པ་ལོག་སྤྱོད་པས་རང་བཙན་འཐབ་རྩོད་པར་འཐབ་འཛིང་བྱེད་པའི་བྱ་སྤྱོད་ངོ་མ་དེ་རེད། བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་ཚོས་དུར་ས་ནས་འཕྱ་སྨོད་བྱེད་ཀྱི་རེད་ད། གོ་ཨེ་སོང་རྒྱ་རྒན་གནམ་སྡུག་མ། ཧ་ཧ།
xxx གོང་ས་མཆོག་གིས་དེང་སྐབས་ཀྱང་མའོ་ལ་ཕ་ཡི་འདུ་ཤེས་ཡོད་ཟེར། དེ་ནི་དད་པ་ལོག་སྤྱོད་མཁན་ཚོར་འགྲམ་ལྕག་ཅིག་གཞུས་པའོ།