ས་འཛིན་དཀར་པོ།
ཀླུ་ཡི་འཇིག་རྟེན་ཁམས་ནས་ཕེབས་པ་མིན།།
ང་ཚོའི་སྦྲ་ནག་བཙན་པོའི་མཁ༷ར་ནས་ཡོང་།།
རུས་པར་བྱ༷མས་པོ་དོར་བའི་འདོ་མེད་མིན།།
མཐོ་སྒང་བཙ༷ན་པོ༷་ཚ༷ང་གི༷་རུས༷་བརྒྱུད༷་ཡི༷ན།།
ཀླུ་གཉན་རྒྱལ་པོས་སྤྲུལ་བའི་གདུད་རྩུབ་མིན།།
དད་པ་ལོག་སྤྱོད་སྲུང་བའི་མཁ༷ར་གསིལ་ཡིན།།
བྱམ༷ས་ཚིག་ཙམ་ལ་ཐ་སྙད་རྗེས་འབྲངས་མིན།།
དོན་གྱི་དམ༷ངས་གཙོ༷་ལག་བསྟར་སྣེ༷་ཁྲི༷ད་ཡི༷ན།།
ཀླུ་རྒྱལ་འདྲ་བའི་བཀས་བཀོད་བཙན་པོ་མིན།།
ཡབ་མེས་མཁ༷ར་རྙིང་དུང་སེམས་ཅན་པོ་ཡིན།།
ཆོས་ལུགས་དང་ནི་བྱམ༷ས་པའི་མགོ་ལོག་མིན།།
མིའི་གཤིས་ར༷ང་དབ༷ང་སྨྲ༷་བ༷འི་རྟོཊ༷་ས༷ད་ཡི༷ན།།
ཀླུ་ཡིས་གནོད་དོགས་བཞིན་དུ་དགོས་པ་མེད།།
ང་ཚོའི་ཡབ་མེས་མཁ༷ར་རྫོང་གསོ་མཁན་རེད།།
རང་གཞན་བྱ༷མས་པའི་དབུ་ལམ་དགྲ་བོ་མིན།།
གདོང་དམར་ར༷ང་དབ༷ང་ལེ༷ན་པ༷འི་ཕོ༷་ཉ༷་ཡི༷ན།།
ཀླུ་མཁར་བྱམས་ཀྱིས་སྲིད་ཀྱི་སྒྲོན་མེ་འཆང་།།
གངས་ཅན་མི་རིགས་རང་དབང་མེ་ལྕེ་འབར།།
ཡབ་མེས་བཙན་པོའི་ཁྱིམ་གཞི་རྒུད་མི་བཟོད།།
མ་འོངས་སྲིད་སྐྱོང་འོས་མི་བཞེངས་པར་རྨད།།
ཀླུ་མཁར་བྱམས་ཀྱིས་ཆོས་ལུགས་དད་མོས་དེ།།
མི་གཅིག་སོ་སོའི་ཁམས་ཀྱིས་རང་མོས་འཇོག།
འཛམ་གླིང་ཡང་རྩེར་གནས་པའི་གཞི་ཁྱིམ་དེ།།
འ་ཅག་བོད་པ་ཡོངས་ཀྱིས་འོས་འགན་བརྗོད།།
ཀླུ་མཁར་བྱམས་ལ་འུར་གྱིས་བསྟོད་པར་མིན།།
ང་ཚོའི་གངས་ཅན་བོད་པའི་དུང་སེམས་འདུག།
མི་རིགས་རང་དབང་ཤེས་པའི་རྟོགས་སད་རེད།།
ཡབ་མེས་བཙན་པོའི་ལོ་རྒྱུས་མཁྱེན་ནུས་ལྡན།།
ཀླུ་མཁར་བྱམས་ནི་དད་པ་ལོག་སྤྱོད་མཁན་ཚོའི་གདོང་ལྤགས་བཤུ་མི་དང་།
སྲིད་གཞུང་བར་དུ་་ལངས་ནས་འབངས་ཀྱི་བདེ་སྡུག་སྙོམ་མི་རེད།
ས་འཛིན་དཀར་པོས་གང་གསུངས་པ་ཐམས་ཅད་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་དོ། མུ་མཐུད་མདུན་ནས་མདུན་དུ་སྐྱོད་ཅིག བོད་རྒྱལ་ལོ།
ཀླུ་མཁར་བྱམས་ཀྱི་དྲང་བདེན་དང་གཟི་བརྗིད་མི་རབས་འདིའི་ངོ་ཤེས་ཡོད་ལ། ལོ་རྒྱུས་ནང་གཟི་བརྗིད་གསེར་རི་བཞིན་གསལ་རྒྱུ་ཡིན་རེད། ཁྱི་ནང་བཞིན་ཟུག་སྐད་ཚོར་གནས་ལུགས་གང་ཡང་མེད་རྐྱེན་སྙིང་རྗེ་ཡ་རང་རེད་དོ།
གང་ལྟར་ཡར་བཤད་མར་བཤད་གང་བྱས་ཀྱང་དབུ་མའི་ལམ་ལ་མདུན་ལམ་མེད་པ་གསལ་རྗེན་རེད། རང་བཙན་ལངས་ཕྱོགས་རྒྱལ་གྱུར་གཅིག
ད་ཡང་མཆན་རྒྱག་ཐུབ་ཀྱི་འདུག ངོ་མ་ཨ་མཚན་རེད།གཟའ་འཁོར་སྔོན་མའི་ནང་ངས་གློག་ཀླད་བརྒྱུད་ནས་མཆན་རྒྱག་ཐུབ་ཀྱི་མི་འདུག་ ད་ཡང་སྔར་བཞིན་འགྲོ་ཡི་འདུག གང་ལྟར་ཁ་བརྡ་ལགས་ལ་དགོངས་དག་ཞུ།
ཀླུ་མཁར་བྱམས་ནི།
རྗེས་ལུས་བོད་པའི་གཤིས་སྤྱོད་ཁོང་ལ་མེད།
ཡར་ཐོན་མགོ་སེར་ཧམ་སེམས་ཁོང་ལ་མེད།
བཙན་རྒྱལ་དམར་པོའི་སྡང་སེམས་ཁོང་ལ་མེད།
ཡ་རབས་བྱམས་པའི་རང་བཙན་ལེན་མཁན་ཁོང་།