— མུ་ལ་ནས།
མེས་པོའི་ཕ་ཁྱིམ།
ཁ་བ་བོད་པའི་གནས་མཆོག་མཐོ་སྒང་ན།
སྟོང་ལོ་དུ་མའི་ལོ་རྒྱུས་ལྡན་པ།
མཛེས་པའི་གཞིས་ཁྱིམ།
མེས་པོ་དག་གིས་གནང་བའི་ཕ་ཁྱིམ།
མཐོ་སྒང་ཡུལ་གྱི་ནོར་བུ་འོད་ཆེན།
ཨོ་་་་་ཨ། སྦྲ་ནག
སྐྱེས་དུས་ལྟེ་ཁྲག་འཐོར་སའི་སྦྲ་ནག
ཞིམ་མངར་འཚོ་བ་རོལ་སའི་སྦྲ་ནག
ཨོ་་་་་་ཨ། ཕ་ཁྱིམ། སྦྲ་ནག
སྟག་ཤར་གཞོན་ནུའི་དཔའ་རྩལ་རྒྱས་ས།
སྨན་ཆུང་བུ་མོའི་ལང་ཚོ་སྨིན་ས།
སྦྲ་ནག་དྲན་པའི་མིག་ཆུའི་མཚོ་མོ།
ཨོ་་་ཨ། ས་མཐའི་ཡུལ་ན་འཁྱིལ་ཡོད།
སྦྲང་དཀར་རྩམ་པ།
སྒང་པ་བོད་ཀྱི་གཞིས་ཁྱིམ་དྲོན་མོ་རུ།
ལོ་རྒྱུས་ཅན་གྱི་ཟས་མཆོག་བཅུད་ལྡན།
ཕ་ཟས་རྣལ་མ།
ནད་རིགས་སྟོང་གི་གཉེན་པོ་རྩམ་པ།
ལུས་ཟུངས་གསོ་བའི་བོད་ཟས་མཆོག་གྱུར།
ཨོ་་་་་ཨ། རྩམ་པ།
གདོང་དམར་བོད་པའི་འཚོ་རྟེན་རྩམ་པ།
ལུས་ལ་བདེ་ཐང་སྟེར་བའི་རྩམ་པ།
ཨོ་་་་་་་་་ཨ། ཕ་ཟས། རྩམ་པ།
རྒན་པ་རྣམས་ཀྱི་ལུས་ཟུངས་གསོ་བྱེད།
སྟག་ཤར་གཞོན་ནུའི་ལུས་སྟོབས་རྒྱས་བྱེད།
རྩམ་པ་དྲན་པའི་མིག་ཆུའི་མཚོ་མོ།
ཨོ་་་་ཨ། ས་མཐའི་ཡུལ་ན་འཁྱིལ་ཡོད།