སྟག་སྨྱོན།
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་ངེས་པར་ཛ་དྲག་གིས་བརྗེ་བོ་བརྒྱག་དགོས་ཀྱི་འདུག ང་ཚོར་སྐུ་ཚབ་བོད་གྱི་ལོ་རྒྱུས་ལ་ཡིད་ཆེས་གཏིང་ཟབ་ཡོད་པ་དང་། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་ཆོལ་གསུམ་བོད་མིའི་འཐབ་རྩོད་འདི་ལོ་རྒྱུས་དང་ཁྲིམས་ཐོག་ནས་དྲང་བདེན་ཡིན་པ་གསལ་བོ་ཧ་གོ་མཁན་ཞིག་ཡིན་དགོས་པ་མ་ཟད། མནར་གཅོད་མྱོང་བཞིན་པའི་བོད་མི་ས་ཡ་དྲུག་ལ་སླད་མེད་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཡོད་མཁན་གྱི་སྐུ་ཚབ་གཅིག་ཁ་ཚ་དགོས་གཏུགས་ཆགས་འདུག
རྒྱུ་མཚན་དང་པོ། རྒྱ་རིའི་ལངས་ཕྱོགས་བོད་ཀྱི་ལོ་རྒྱུས་དང་ཁ་གཏད་ཆགས་འདུག དེ་ཡང་རྒྱ་རི་བླ་མས ཉེ་ཆར་ “འགའ་རེ་ཡིས་རང་བཙན་བཤད་མཁན་ལ་ཞེད་ཀྱིན་འདུག་ཟེར་མཁན་ཡོད་མོད། དེ་བདེན་པ་མ་རེད། ངེད་གཉིས་རྒྱ་གཞུང་དང་གདོང་ཐུག་སྐབས་ཀྱང་། བོད་མི་ཚང་མས་སེམས་ནང་ཡོད་པ་རང་བཙན་འདོད་ཀྱིན་ཡོད་པ་རེད་ཅེས་བཤད་པ་ཡིན། རྒྱ་ནག་གིས་བཤད་པ་ལྟར། མཚམས་རེར་བོད་རང་བཙན་གྱི་དར་ཆ་འཁྱེར་ཏེ་བོད་རིགས་གཅིག་གྱུར་གྱི་ནུས་པར་ག་རེ་བྱས་ཡོང་ངམ་སྙམ་པའི་ཐེ་ཚོམ་ཡོང་གིན་འདུག རང་བཙན་བཤད་མཁན་ཚོས་བོད་རིགས་ཡོངས་རྫོགས་ཀྱི་རང་བཙན་བཤད་ཀྱིན་ཡོད་རྒྱུ་རེད། ལོ་རྒྱུས་དང་རྒྱལ་རབས་ཐོག་ནས་རང་བཙན་ཇི་ལྟར་རྩོད་རྒྱུ་ཡིན། དེ་དག་ལ་དགོངས་པ་བཞེས་དགོས།” ཞེས་པའི་རྒྱ་རིའི་སྐད་ཆ་འདིས་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་དྲང་པོ་བཤད་ན་བོད་དོན་འཐབ་རྩོད་འདི་ལ་བདེན་པ་ཡོད་པ་མ་རེད་ཟེར་གྱི་ཡོད་པ་རེད་དྲན་གི་ཡོད།
རྒྱུ་མཚན་གཉིས་པ། ཡང་རྒྱ་རི་བླ་མས “སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། སྐབས་དེར་རྒྱ་ནག་གི་དཔོན་རིགས་ཚོས། ཁྱོད་ཚོར་གོ་སྐབས་མ་སྤྲད་པ་མ་རེད། སྔོན་མ་སྲིད་བློན་གྱིས་བོད་རིགས་བླ་ཆེན་དཔོན་ཆེན་མང་པོ་ཞིག་བསྡུས་ཏེ། བོད་རིགས་གཅིག་གྱུར་བྱ་རྒྱུ་ཡིན་ནམ་མིན་ཞེས་འདྲིས་སྐབས། ཁོང་ཚོས་གཅིག་གྱུར་མི་དགོས། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག་ཅེས་ལབ་པ་རེད་ཟེར” ཅེས་རྒྱ་ནག་གཞུང་གི་སྐད་ཆ་དེ་ནུས་པ་ལྡན་པའི་རྒྱུ་མཚན་ཞིག་ཏུ་བརྩིས་ནས། བོད་མི་རིགས་ཀྱི་མཐར་ཐུག་གི་མངོན་འདོད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་ཡིག་ཆ་ཞེས་པ་དེ་ལས་ཀྱང་ཆུང་བ་ཡིན་པ་ལས་ཆེ་བ་མ་རེད་མདོག་མདོག་བཤད་ཀྱི་འདུག མདོར་ན་རྒྱ་ནག་གི་སྐད་ཆ་དེ་སྤྱད་ནས་བོད་མིའི་མཐར་ཐུག་གི་མངོན་འདོད་ཀྱང་གང་ཐུབ་ཆུང་དུ་གཏོང་གི་འདུག
རྒྱུ་མཚན་གསུམ་པ། ཡང་རྒྱ་རི་བླ་མས “རྒྱ་ནག་གིས་ལ་བོད་བཙན་འཛུལ་བྱས་སྐབས། བོད་གཞུང་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེ་སྡུག་ཞུས་སྐབས། དུས་ཡུན་རིང་པོའི་བོད་རྒྱའི་ས་མཚམས་འབྲུ་ཆུ་བརྒལ་ཏེ་བཙན་འཛུལ་བྱས་སོང་ཞེས་བཀོད་ཡོད། དེ་དག་ནོར་འཁྲུལ་མ་རེད། སྐབས་དེའི་དངོས་ཡོད་གནས་ཚུལ་རེད།” ཅེས་མདོ་སྨད་ཆ་ཚང་དང་མདོ་སྟོད་གང་འཚམ་བོད་ཀྱི་ས་ཁྲའི་ནང་ནས་ཕྱིར་འབུད་བྱེད་ཀྱི་འདུག སྐབས་དེའི་བཀའ་ཤག་ནི་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་འཇོག་མཁན་གྱི་བཀའ་ཤག་དེའི་རྒྱུད་པ་ཡིན་པ་ལས། བོད་ཀྱི་ལོ་རྒྱུས་དང་ས་མཚམས་མ་ནོར་བར་བདག་པོ་བརྒྱག་ཐུབ་མཁན་གྱི་བཀའ་ཤག་ཚད་ལྡན་ཅིག་མ་ཡིན་པ་གསལ་བོ་ཤེས་བཞིན་དུ། ཚད་ལྡན་མ་ཡིན་པའི་བཀའ་ཤག་ནུས་མེད་ཅིག་གི་ཚིག་རྩ་ལུངས་དྲངས་ནས་བོད་ཆོལ་ཁ་གསུམ་གྱི་ས་མཚམས་ངོ་མ་དེ་ཁས་ལེན་འདོད་མེད་པའི་རྣམ་འགྱུར་གསལ་བོ་འདུག
རྒྱུ་མཚན་བཞི་བ། ཡང་རྒྱ་རི་བླ་མས་ “༧རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།” ཅེས་པའི་ཚིག་འདིས་༧གོང་ས་མཆོག་གིས་བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་ཐོབ་ཐང་རྩོད་བཞིན་པ་དེ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་མི་མཐུན་ཞིང་དྲང་བདེན་མ་ཡིན་པའི་གོ་བརྡ་བཏང་བ་རེད། འོན་ཀྱང་དོན་དངོས་ནི་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བའི་དབུ་ཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་མིའི་ནུས་པ་ཆིལ་སྒྲིལ་ཆེན་པོ་ལོ་ངོ་སྟོང་ཕྲག་གི་རིང་བྱུང་མ་མྱོང་བ་ཞིག་བྱུང་ཡོད་ཟེར་གྱི་ཡོད་མ་གཏོགས། ལོ་རྒྱུས་ཐོག་ནམ་ཡང་གཅིག་གྱུར་བྱུང་མ་བྱུང་བའི་བོད་ཆོལ་ཁ་གསུམ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་སྐབས་སུ་ཐེངས་དང་པོར་གསར་དུ་གཅིག་གྱུར་བྱུང་བ་རེད་དྲན་གྱི་མེད།
རྒྱུ་མཚན་ལྔ་བ། རྒྱ་རི་པེ་ཅིན་ལ་སོང་ནས་ཚུར་ཡོང་ཐེངས་རེས་ཁས་ལེན་མང་པོ་རེ་ཁྱེར་ནས་ཡོང་སྟེ། ༧རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག་ལ་ནན་ཚུགས་ཀྱིས་ང་ཚོའི་ཕྱོགས་ནས་རང་བཙན་རྩོད་ཀྱི་མེད་པ་དང་ལྷག་བསམ་རྣམ་དག་ཡིན་པ་ཕྱི་གསལ་ནང་གསལ་བཟོ་ཐུབ་ན། བོད་རྒྱ་ཞི་མོལ་ལ་རེ་བ་འདུག་མདོག་མདོག་ཞུས་ནས། བོད་གཞུང་གི་ལངས་ཕྱོགས་དང་བརྗོད་ཚིག་མང་དག་ཅིག་ལ་བཟོ་བཅོས་བརྒྱབ་ཏེ་ཆུང་དུ་བཏང་བཅུག་སོང་དྲན་ཡོད། དེ་ལྟར་འཕྲི་གཅོག་མང་པོ་བྱེད་དུ་བཅུག་རྗེས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་བསམ་འཆར་ཡིག་ཆ་ཞེས་པ་དེ་རྒྱ་གཞུང་ལ་སྤྲད་པ་དང་། བསམ་འཆར་དེ་ལའང་ཐོག་མའི་ཚོད་དཔག་གི་གྲུབ་འབྲས་དེའི་ཕྱོགས་ཙམ་ཡང་མ་ཐོབ་པར་བརྟེན། ཤུགས་ཆེན་པོས་ལས་ཀ་དེ་༧གོང་ས་མཆོག་སྐུ་རྐྱང་གི་དབུ་ལ་གཡོག་ཐབས་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད།
འོ་འོ། གནས་ལུགས་ཀྱི་ཐོག་ནས་ནི་དེ་འདྲ་ཨེ་ཡིན་མི་ཤེས། མི་ཆེན་པོ་འདི་ཚོའི་སྲིད་དོན་ལ་ཕྱི་ནང་རིམ་པ་བཅོ་བརྒྱད་ཡོད་ནི་རེད། ཕྱི་ལོགས་གཅིག་པོ་ལ་བལྟས་ནས་ཤེས་དཀའ་ནི་རེད། ཚིག་ནི་གནག་པོ་ཞེ་བོ་ཞིག་བྲིས་འདུག སྟག་སྨྱོན་པ་འདིའི་་སྨྱུག་རྩལ་ཧ་ཅང་རྣོ་གི་ཡ།
རེད་ཡ། རྒྱི་རི་འདི་ཚང་ཡག་པོ་ཁྱོན་ནས་མེད། ཆུ་བཞི་སྒང་དྲུག་གསར་བ་ཟེར་བ་ཞིག་བཙུགས་ཏེ་ཁམས་པ་ནང་ཁུལ་ལ་རྙོག་དྲ་ཆེ་ཐག་ཆོད་ཅིག་བཟོས་ཡོད། ན་ནང་ལོ་རྒྱ་རི་སྒྲོལ་མས་སྤྱི་འཐུས་གཏོར་ནི་རེད། ད་རུང་མང་ནི་རེད། ཁོ་རྙིང་མའི་བླ་མ་ཞིག་ཡིན་མདོག་མདོག་བཤད་དེ་ཆབ་སྲིད་ཀྱི་རྩོད་རྙོག་ཆོས་ལུགས་ནང་དུ་ཁྱེར་ཡོང་མཁན་ཞིག་ཡིན། འཁོར་ཆེན་རིན་པོ་ཆེ་ཟེར་བ་བེད་སྤྱོད་བཏང་སྟེ་རྒྱ་རིའི་ཆབ་སྲིད་བརྟན་པོ་ཡོང་ཆེད་ལས་ཀ་མང་པོ་སྒྲུབ་ཡོད་རེད། ཁོས་བུ་སྤྲུལ་སྐུ་རྫུན་མ་བཟོས་ཏེ་སེམས་ཅན་མང་པོ་མགོ་སྐོར་གཏོང་གིན་ཡོད་པ་རེད།
རྒྱ་རི་རིན་པོ་ཆེ་ལས་ལྷག་པའི་མི་ཞིག་ཡར་སྟོན་རྒྱུ་ཡོད་ན་ཡག་པོ་རེད། དེ་མིན་ལས་བྱེད་བྱས་རྗེས་ཅན་རྙིང་པ་སེམས་ཤུགས་ཆགས་རོགས་རེད། ཁོང་ནི་༧རྒྱལ་བ་རིན་པོ་དགོངས་པ་དང་འགལ་བ་བྱེད་མཁན་ཞིག་ཡིན་པ་ནི་ངས་ངོས་ལེན་མེད། དེ་མིན་ནོར་འཁྲུལ་གཞན་པ་གང་ཡོད་མེད་ནི་ངས་མི་ཤེས།
ང་ཚོ་བོད་མི་ས་ཡ་དྲུག་གི་ནང་ལ་རྒྱ་རི་བླ་མ་འདྲ་བའི་མི་གཅིག་ཀྱང་ཡོད་པ་མ་རེད། ཁོང་ནི་གོང་ས་མཆོག་གི་ཐད་གར་སྐུ་ཚབས་ལ་སྐོས་པ་ཡིན་པ་ཤེས་མི་འདུ རྒྱུ་མཚན་གང་ཡང་མ་ཤེས་སྔོན་ལ་སྐད་ཆ་དེ་འདྲ་མ་བཤད་རོགས་ཞུ། སྐད་ཆ་དེ་འདྲ་དེའི་ང་ཚོ་བོད་པ་ཡོངས་ལ་ཕན་པ་མ་དགོས་གནོད་པ་ཚབས་ཆེན་ཡོད་པའི་དེ་ལྟར་མ་གསུང་རོགས་ཞུ། གོང་ས་༧མཆོག་གིས་མི་མཁྱེན་པ་ཞིག་ཁྱེད་ཀྱིས་མཁྱེན་མི་ཡོང་ངེས་ཅན་ཡིན། གལ་སྲིད་མཁྱེན་པ་ཡིན་ན་ཁྱེད་ལ་གོང་ས་༧་མཆོག་ཞུ་དགོས་པ་འདྲ། ཅི་གང་ཡང་མི་ཤེས་པ་ཞིག་ལ་ཤེས་མདོག་མ་མཛད་རོགས་ཞུ།
i support comment of karma dorjee.we say is very easy to do is not easy.
སྟག་སྨྱོན་ཟེར་བ་ནི་མང་དང་དོན་མཐུན་འདུ དུད་འགྲོ་རང་རེད་འདུག་
སྟག་སྨྱོན་ཟེར་བ་མིང་དང་དོན་མཐུན་འདུག
རྒྱ་རི་བླ་མ་ཡིས་སྔོན་ཆད་དགེ་དང་མི་དགེའི་ལས་ག་རེ་གནང་ཡོད་མེད་དེ་ཚོ་གླེང་འདོད་མི་འདུག ཡིན་ན་ཡང་། ཁ་སང་གི་སྐད་ཆ་འདི་ཚོ་བོད་མི་ཞིག་གི་ངོས་ཐད་ནས་རང་མི་རིགས་གྱི་ལོ་རྒྱུས་ལ་འཁྱོགས་བཤད་དང་། རྒྱ་དམར་གྱི་ཧམ་བཤད་ལ་ཡིད་ཆེས། བོད་མི་རིགས་ཀྱིས་མི་ལོ་ལྔ་བཅུ་ལྷག་རིང་རྒྱ་དམར་དང་བརྩོད་བཞིན་པའི་མི་རིགས་གྱི་མངོན་འདོད་དང་ཐོབ་ཐང་གང་ཞིག་བློས་གཏོང་བྱེད་སྲིད་པའི་ཉེན་ཁ་མང་པོ་ཞིག་མཐོང་ཡོང་བས་ཁོ་ངེས་པར་དུ་དམིགས་བསལ་སྐུ་ཚབ་ནས་བརྗེ་དགོས་ཀྱི་འདུག མ་ཟད་ང་ཚོའི་ད་དུང་ཡང་མི་རྒན་ལུས་སེམས་གཉིས་ཆར་རྒྱ་དམར་གྱིས་དབང་བསྒྱུར་བྱེད་ཆོག་ཆོག་གི་དམིགས་བསལ་སྐུ་ཚབ་ཞིག་ཕར་ཕྱོགས་སུ་གཏང་བསྡད་ན་དེས་རྗེས་འབྲེལ་གྱི་ཉེན་ཁའམ་ཕམ་ཁ་ལ་བསམ་བློ་གཏོང་ཕོད་པ་ཞིག་རེད་མི་འདུག
གོང་ན་བཀྲ་ཤིས་ཟེར་བས་མང་པོ་ཞིག་བཤད་འདུག ཡིན་ནའང་རྒྱུ་མཚན་ཅན་གཅིག་ཀྱང་མི་འདུག འོན་ཀྱང་ཁྱོད་འཆམ་ར་བས་གླུ་ཚིག་བསྡུ་སར་བོད་ནང་གི་གླུ་ཚིག་ཨེ་མ་ལྷ་རྒྱལ་ལོ་ཟེར་བ་དེ་རྐུ་མཁན་མ་རེད་དམ། གླུ་ཚིག་ཙམ་ཡང་རང་གིས་རྩོམ་མི་ཤེས་པར་རྐུ་མཁན་ཞིག་གི་ཚིག་ལ་སུ་ཞིག་ཡིད་ཆེས།
བླ་མ་འདྲ་བོ དཔོན་པོ་འདྲ་བོ་ སྐུ་དྲག་འདྲ་བོ སྲིད་དོན་པ་འདྲ་བོ་ ཚོང་བ་འདྲྲ་བོ་འདི་ཚོས་མང་ཚོགས་ཀྱི་ཆེད་སྐུ་ལས་བསྐྱོན་ཀྱིན་ཡོད་ཅེས་ཀླད་ནས་སྟག་སེང་འགྱིང་འགྱིང་ངར་ངར་བྱེད་ཀི། ང་ནོར་མེད་དང་ངའི་སྐྱོན་མིན་ཞེས་མཆུ་ལ་མི་གཙང་སྐྱག་པ་འགོས་བའི་ཁ་ཏ་ནང་བཞིན་སོ་སོ་གཙང་མ་བཟོ་ཀི། ད་ངོ་ནས། མི་ཁོག་མིས་མི་ལོན། རྡོ་ཁོག་ཆུས་མི་ལོན་གྱི་ཁ་བཤད་ནང་བཞིན་རེད་དོ།
བོད་རྒྱའི་འབྲེལ་བ་འདི་རྒྱ་རི་ལ་ལན་ཁག་ཁྱོན་ནས་མེད། འོ་ཀྱང་རྒྱ་རི་ནས་ད་ལྟའི་བོད་ཀྱི་འཐབ་རྩོད་འདི་ལོ་ངོ་སྟོང་ཕྲག་ནང་བྱུང་མ་མྱོང་བ་ཡིན་ཞེས་དང་། ཡང་ན་ནིང་ཆབ་བྲག་ལྷ་མོ་སྐྱབས་ནས་ཀྱང་། གོང་ས་མཆོག་ནས་ལོ་ངོ་སྟོང་ཕྲག་ནང་བྱུང་མ་མྱོང་བའི་བོད་ཅིག་གྱུར་བྱུས་ཡོད་སྐོར་ཞིག་བཤད་སོང་། དེ་ལྟར་བདེན་ན་ལོ་ངོ་སྟོང་ཕྲག་ནང་བྱུང་མ་མྱོང་བའི་ཅིག་གྱུར་དེ་རྒྱ་མའི་སྤྲོད་ཨེ་ཡོང་།
སྟག་སྨྱོན་ལགས་ཀྱི་རྒྱུ་མཚན་ལྔ་པོར་རྒྱུ་མཚན་ལྡན་པའི་ཤེས་ཚོར་བྱུང་བས་ད་ཅི་དྲག ཁ་སྔོན་གསུང་འཕྲིན་བགྲོ་གླེང་ལ་ཉན་ཞིབ་སྐབས་བཀའ་ཁྲི་ཟུར་བ་འཇུ་ཆེན་མཆོག་གི་བཀའ་འདྲི་ཁག་ཀྱང་རྒྱུ་མཚན་ཡང་དག་ལྡན་པར་མཐོང་སྟེ། ད་ཕན་རྒྱ་དམར་ལ་སྤྲད་ཟིན་པའི་བསམ་འཆར་དང་འགྲེལ་བརྗོད་གཉིས་ལྟར་ན། ༧གོང་ས་མཆོག་གི་འཁྲུངས་གཞིས་རྗེ་སྐུ་འབུམ་དང་དགོན་ལུང་དམར་གཙང་སོགས་བོད་རིགས་ཡོངས་ལ་ཟེར་བའི་ཁོངས་ནས་དབྱུགས་རྐྱང་གནང་འདུག་པས་ཤ་གསེང་ལ་ཚ་གཟུག་གེ་མི་འགྲོའམ། ད་ཅི་དྲག ལར་ད་ལྟའི་མཚོ་སྔོན་ཞིང་ཆེན་ཡོངས་རྫོགས་ནི་བོད་རང་སྐྱོང་ལྗོངས་ཇི་བཞིན་བོད་ས་རྩོད་མེད་ཅི་ལ་མིན། ད་ཅི་དྲག གསུང་བབ་འདི་དག་བོད་སེམས་སྲེག་བྱེད་མ་རེད་དམ། ད་ཅི་དྲག
དྲ་གྲོགས་ཚོ་དེ་འདྲའི་ཐབས་སྐྱོ་བ་ལ་ང་ཚོ་བོད་མི་རིགས་ཀྱི་ལུགས་སྲོལ་ལ་བྱས་རྗེས་དང་ལྷག་བསམ་ཡོད་པའི་མི་ལ་དགྲ་བཞིན་སྡེང་བ་དང་། གཞན་ངན་གཡོ་མགོ་སྐོར་བྱེད་མཁན་གྱི་མི་ལ་ལྷ་བཞིན་རྩི་བཀུལ་བྱེད་བཞིན་འདུག ད་གོང་ས་༧་མཆོག་གི་མི་མཁྱེན་པ་ཞིག་འདིར་སྟག་སྨྱོན་སོགས་ཀྱི་ཤེས་པ་དེ་ལ་ཡ་མཚན་དགོས་པ་འདུག ལྷག་པར་དུ་རྒྱ་རི་བླ་མ་ལས་ལྷག་པའི་གང་ཟག་ཁྱད་པར་བ་ཞིག་སུ་སྐུ་ཚབས་ལ་སྐོས་ན་རན་པོ་འདུག སྟག་སྨྱོན་ཁྱེད་རང་བྱས་ན་མི་དགའ་སམ། ཧ་ཧ་ཧ་
དྲ་གྲོགས་ཚོ་དེ་འདྲའི་ཐབས་སྐྱོ་བ་ལ་ང་ཚོ་བོད་མི་རིགས་ཀྱི་ལུགས་སྲོལ་ལ་བྱས་རྗེས་དང་ལྷག་བསམ་ཡོད་པའི་མི་ལ་དགྲ་བཞིན་སྡེང་བ་དང་། གཞན་ངན་གཡོ་མགོ་སྐོར་བྱེད་མཁན་གྱི་མི་ལ་ལྷ་བཞིན་རྩི་བཀུལ་བྱེད་བཞིན་འདུག ད་གོང་ས་༧་མཆོག་གི་མི་མཁྱེན་པ་ཞིག་འདིར་སྟག་སྨྱོན་སོགས་ཀྱི་ཤེས་པ་དེ་ལ་ཡ་མཚན་དགོས་པ་འདུག ལྷག་པར་དུ་རྒྱ་རི་བླ་མ་ལས་ལྷག་པའི་གང་ཟག་ཁྱད་པར་བ་ཞིག་སུ་སྐུ་ཚབས་ལ་སྐོས་ན་རན་པོ་འདུག སྟག་སྨྱོན་ཁྱེད་རང་བྱས་ན་མི་དགའ་སམ། ཧ་ཧ་ཧ་་ཧ་ཧ་ཧ་
སྤྱིར་ང་ཚོ་བོད་པ་ཚང་ལ་བསོད་ནམས་མེད་པའི་བོད་དོན་ལ་བྱ་བ་གང་སྒྲུབ་པ་ཡིན་ན་ལམ་འགྲོ་མི་འདུག
རྒྱ་རིས་རྒྱ་ཡི་རྣ་བར་མི་འགྲོ་བའི་ལས་ཀ་བྱེད་མི་ཐུབ། གང་ཡིན་ཟེར་ན། དེ་འདྲ་བྱས་ན་པེ་ཅིན་ནས་ལམ་སེང་སྒྱོགས་ཆེན་འཕངས་ནས་བོད་ནང་ན་ཡོད་པའི་རྒྱ་རི་ཚང་གི་འཁོར་བསྡུ་བྱེད་ཟམ་པ་ཐེབས་་རྩ་གཏོར་གི་རེད།
བསྟན་འཛིན་བདེ་བྱེད་ལགས་གནས་ཚུལ་གང་ཡང་མི་ཤེས་པའི་འབྲེལ་བཤད་མི་བྱེད་རོགས་ཞུ
དེས་ན། ཁྱེད་རང་གིས་གསུངས་དང་། རྒྱ་རིས་རྒྱ་ལ་རྒྱབ་བརྒལ་བྱས་ན་རྒྱ་མིས་ཁོང་གི་ཟམ་པ་ཐེབས་རྩ་གཏོར་གི་མ་རེད་པས།།
དྲ་གྲོགས་སྟག་སྨྱོན་ལགས་རང་གིས་བསམ་བློ་གཏང་ནས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་
བཀྲ་ཤིས་ཟེར་བ་མི་འདིའི་འབྲི་ལུགས་ལ་ལྟས་ན་བསམ་བློ་གང་ཡང་མི་གཏང་བའི་ཧོམ་རྒྱུགས་ཅན་ནང་དཀྲུག་ཁོ་ན་གཏང་མཁན་ཞིག་གི་རྗེས་འབྲང་པ་ཞིག་ཡིན་པ་གསལ་པོ་རེད་ ཆུ་བཞི་སྒང་དྲུག་གསར་རྙེང་གཉིས་སྙོག་གྲ་ཡོད་པ་སུའི་ཀྱང་ཤེས་ ཡིན་ཡང་གསར་པ་བཙུག་མཁན་སུ་ཡིན་ལོ་རྒྱུས་ནང་ལ་གསལ་ཐག་ཆོད་ཡོད་གི་ མིག་ཡོད་ན་དེབ་ཐེར་ཚོ་ལ་གཟིག་དང་ཡག་པོ་རེད་ དེ་མིན་བྱས་རྗེས་ཅན་གི་མི་ཚོ་སེམས་ཤུགས་བཅག་ན་ཕུན་ཐོགས་གང་མེད་
ཆབ་སྲིད་གི་རྙོག་དྲ་ཆོས་ལུགས་ནང་ཅི་ཞིག་ཁྱེར་ཡོང་ནི་རེད་ རྙིང་མའི་དགོན་སྡེ་ཐམས་ཅད་ཞི་བདེ་ལྷིང་འཇག་རེད་བརྩད་སྙོག་གང་ཡང་མེད་གི གལ་སྲིད་རྒྱ་རི་ལས་གནས་ལ་མོས་འཐུན་མེད་ན་༧་གོང་ས་མཆོག་ལ་ཁར་ཐུགས་ཞུ་དགོས་ནི་རེད་མ་ཏོགས་དེ་མིན་སྟོང་བཤད་བྱས་ནས་ཕུན་ཐོགས་གང་ཡང་མེད གང་ཡིན་ཟེར་ན་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་གཉིས་༧གོང་ས་མཆོག་གི་ཐད་བཀོས་སྐུ་ཚབ་རེད་ བོད་མི་མང་གི་འོས་ཤོགས་བླུགས་ནས་ཐོབ་པ་མ་རེད་ དེ་མིན་ཞ་ར་གཡང་མཆོང་གི་སྐད་ཆ་ལ་སུ་ཞིག་ཡིད་ཆེས་ནི་རེད་
རྒྱ་རི་བློ་གྲོས་གི་ཉེ་ཆར་འཚོག་འདུའི་བསྐབས་སུ་ཁོའི་གིས་བསྒྲུབ་པའི་བྱ་བ་ཐམས་ཅད་༧་གོང་ས་མཆོག་གིས་དགོངས་གཞི་དངོས་ཡིན་པ་གསལ་པོ་བཟོས་སོང་ གྲོས་ཚོགས་གི་མི་ཚང་མའི་གོ་ནི་རེད་ ཁྱོད་མིག་ཡ་བཙམ་ནས་སྐད་ཆ་ཅི་ཞིག་བཤད་གི་ཡོད
རྒྱ་རི་བླ་མ་ལ་བོད་ནང་ཚོང་གི་ཁེ་བཟང་ཡོད་མེད་ཤེས་ཀྱི་མེད། ཤེས་ཀྱི་ཡོད་མདོག་མདོག་བྱེད་མཁན་ཚོས། དཔང་རྟགས་གསལ་པོ་མེད་ན། དོན་མེད་བོད་པའི་སྤྱི་ཚོགས་ནང་དཀྲུག་ཤིང་རྒྱབ་མ་ཡོང་། ཁ་སྔོན་གསལ་བཤད་ལ་བལྟས་ན། རྒྱ་རི་རིན་པོ་ཆེ་མུ་མཐུད་ཞི་མོལ་གྱི་སྐུ་ཚབ་ཏུ་སྡོད་པ་དེ་ནི། དངོས་གནས་ཉེན་ཁ་ཆེན་པོ་ཞིག་རེད་འདུག བོད་ཀྱི་བླ་ཆེན་ཚོར་གོ་སྐབས་སྤྲད་ཡོད་ཅེས་པའི་རྒྱ་ནག་གཞུང་གི་སྐད་ཆ་སྟོང་པ་ཞིག་ལ་བརྟེན་ནས། བོད་པའི་མགོ་གནོན་བྱེད་ཀྱི་འདུག ད་དུང་བོད་རྒྱའི་ས་མཚམས་དང་། བོད་པའི་ལོ་རྒྱུས་ལ་ཤེས་བཞིན་དུའམ། ཤེས་བཞིན་མ་ཡིན་པར་འགྲེལ་བརྗོད་ལོགས་པར་བྱེད་པ་ནི་དངོས་གནས་འཇབ་ཆུང་རེད།
གོང་གི་ཟིན་བྲིས་དེ་རྒྱ་རི་བླ་མིའི་སྐད་ཆ་ལ་ངས་འགྲེལ་བ་བརྒྱབ་པ་ཙམ་རེད། ངས་ཁོང་གི་སྐད་ཆའི་ཟུར་ཚང་མ་ཁ་གསལ་རུ་བཏང་བ་རེད། ཟིན་བྲིས་འདི་ལ་ནོར་འཁྲུལ་འདུག་ན་དང་པོ་རྩ་བ་ནོར་འདུག་ཡང་ན་འགྲེལ་བ་ནོར་འདུག་ཡག་པོ་གཟིགས་ཞིབ་གནང་རོགས།
གལ་སྲིད་ང་ནོར་ན་ང་རང་ནག་པོ་བཟོས་པ་ཙམ་ལས་བོད་ལ་གནོད་ཚབས་ཕོགས་མི་ཐུབ། སྐུ་ཚབ་རྒྱ་རི་ནོར་ན་ཁོ་རང་མི་གཅིག་ནག་པོ་ཆགས་པ་ཙམ་མ་ཡིན་པར། བོད་ཀྱི་ལོ་རྒྱུས་ལ་རྨས་སྐྱོན་ཕོགས་པ་དང་བོད་ཀྱི་ལོ་རྒྱུས་ཉམ་ང་བ་བཟོས་པའི་ཉེན་ཁ་ཆེན་པོ་རེད། མཁས་པ་འཕྱུགས་ན་འདོམ་དང་། བླུན་པོ་འཕྱུགས་ན་མཐོ་གང་ཟེར་བའི་དཔེ་རེད།
རྒྱ་རི་༧གོང་ས་མཆོག་གིས་ཐད་ཀར་བཞག་པ་རེད། དེས་ན་དམིགས་བསལ་སྐུ་ཚབ་ཟེར་ནི་རེད། སྟག་སྨྱོན་ལ་ཁུར་སྟངས་ཡོད་ནི་མ་རེད། དོན་རྡོག་རྡོག་བཤད་ན་དེ་འདྲ་རེད། ཧ་ཧ་ཧ།
སྟག་སྨྱོན་ཁྱེད་ཀྱི་བོད་མི་དམངས་ཐུགས་ཁུལ་གནང་བ་དེ་ཚོ་ཡག་པོ་རེད། ཡིན་ནའང་གོང་ས་༧མཆོག་གི་དགོང་གཞི་ལ་ཁྱེད་ཀྱི་སྐྱོན་བརྗོད་བྱས་པ་ཡིན་ན་ང་ཚོ་དྲ་གྲོགས་ཚོ་ཁྱོད་ལ་གསང་ཉུལ་ཡིན་མིན་གྱི་ཐེ་ཚོམ་ཆེན་པོ་ཡོད། གང་ལྟར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནི་གོང་ས་༧་མཆོག་གི་བློ་ཐུབ་ཡིད་ཆེས་ཆ་ཚང་ཡོད་པའི་མི་ཞིག་ཡིན་པ་ཐམས་ཅད་ཀྱི་མཁྱེན་གསལ་འདི་རེད། དེ་ལ་ཁྱེད་ཀྱི་སྐྱོན་བརྗོད་བྱས་པ་ཡིན་ན་ཁྱོད་ཀྱིས་གོང་ས་༧་མཆོག་ལ་སྐྱོན་བརྗོད་བྱས་པ་དང་གཅིག་མཚུང་རེད་འདུག སྟག་སྨྱོན་ལགས་ཁྱེད་རང་བོད་མི་དམངས་ལ་དེ་འདྲའི་སེམས་ཤུགས་ཆེན་པོ་ཡོད་པ་ཡིན་ན་གོང་ས་༧་མཆོག་གི་གང་གནང་ལ་སྐྱོན་བརྗོད་མི་རོགས་ཞུ། ཨ་རོ་ཤི་ད་ནི་བོད་པ་འདི་ཚོ་ལ་སྙིང་ནས་ཞེན་པ་ལོག་སོང་། གོང་ས་མཆོག་གི་ཐུགས་མདོད་ལ་གང་ཡོད་པ་དེ་ཚོ་ལ་ཅེས་ཏོག་མ་བྱེད་རོགས་སྐུ་ཚེ་རིང་།
མ་ཚད་བཀའ་བློན་ཁྲི་བ་ཡང་གོང་ས་༧་མཆོག་གི་ཐད་གར་རྒན་མོ་ལོ་༨༠་ཅན་ཞིག་སྐོས་པ་ཡིན་ན་ངའི་ངོས་ལེན་ཡོད
དྲ་གྲོགས་རྣམ་པ་ཐམས་ཅད་ཀྱི་བློ་ཟུ་བོར་གནས་ནས་གཅིག་གསུང་རོགས་ཞུ
ཡི་གེ་མ་མཆུ་ལགས། ཁྱེད་ཀྱིས་རྒྱ་རི་བླ་མར་ཐད་ཀར་མི་ལྟ་བར་༧རྒྱལ་བ་རིན་པོ་ཆེ་བརྒྱུད་ནས་རྒྱ་རི་ལ་ལྟ་གི་འདུག དེའི་ཕྱིར་ཁྱོད་ཀྱིས་རྒྱ་རིའི་སྐྱོན་མཐོང་མི་ཐུབ་ཀྱང་མཐོང་ནའང་བཤད་མི་འདོད་པར་ངས་བསམ་ཤེས་ཡོད། ངའི་ནོར་འཁྲུལ་ནི་རྒྱ་རི་མི་གང་འདྲ་ཡིན་མིན་ཐད་ཀར་རྒྱ་རི་རང་གི་ངོ་ལ་བལྟས་ནས་བཤད་པ་ལས། ཁྱེད་རང་ནང་བཞིན་༧རྒྱལབ་རིན་པོ་ཆེ་བརྒྱུད་ནས་རྒྱ་རི་ལ་ལྟ་གི་མེད་པའི་ཁྱད་པར་ཤོར་འདུག དེའི་ཕྱིར་རེ་བར་ཁྱེད་ཀྱིས་ཀྱང་ཐད་ཀར་རྒྱ་རི་རང་གི་ངོ་ལ་བལྟས་ནས་རྒྱ་རི་གང་འདྲ་ཡིན་མིན་དཔྱད་པ་ཞིག་གནང་རོགས། ཡང་སྙིང་རྒྱ་རི་ལ་སྐྱོག་ནས་མ་ལྟ་དྲང་པོ་ལྟ་རོགས་ཟེར་གྱི་ཡོད། ཤེལ་གྱི་མེ་ལོང་ནང་ཤར་བའི་རྒྱ་རི་ལ་བལྟས་ནས་རྣམ་པ་ཡག་སྡུག་མི་བཤད་པར། ཐད་ཀར་རྒྱ་རིའི་ལུས་གསོན་པོའི་ངོ་ལ་བལྟོས་ནས་ཁོང་གི་རྣམ་པ་ཡག་ཉེས་གླེང་རོགས།
གལ་སྲིད་ངས་༧རྒྱལ་བ་རིན་པོ་ཆེ་བརྒྱུད་ནས་རྒྱ་རི་ལ་ལྟ་མ་ཐུབ་པ་འགྲིག་མེད་ན་བཟོད་གསོལ་ཞུ།
ཡང་སྙིང་རྒྱ་རི་ལ་སྐྱོག་ནས་མི་ལྟ་བར་དྲང་པོ་ལྟ་རོགས། ཤེལ་གྱི་མེ་ལོང་ནང་ཤར་བའི་རྒྱ་རི་ལ་བལྟས་ནས་རྣམ་པ་ཡག་སྡུག་མི་གླེང་བར། ཐད་ཀར་རྒྱ་རིའི་ལུས་གསོན་པོའི་ངོ་ལ་བལྟོས་ནས་ཁོང་གི་རྣམ་པ་ཡག་ཉེས་གླེང་རོགས།
སྟག་མྱོན་ལགས་༧་གོང་ས་མཆོག་གིས་ཐད་ཀར་རྒྱ་རི་ལུས་གསོན་པོ་ལ་ལྟས་ནས་རང་གིས་སྐུ་ཚབ་ལ་བཞག་ནི་རེད་ ད་དུང་འདོད་པ་མ་ཚོམས་ན་ གལ་སྲིད་ཡིན་གཅིག་རྒྱ་བོད་ཞི་མོལ་བསྐོར་གླེང་ནས་རྒྱ་རི་ལ་སྐྱོན་འདྲ་བསྟོན་དགོས་ན་༧་གོང་ས་མཆོག་ཟུར་དུ་བཞག་ཐབས་མེད་པ་ཉེ་ཆར་ཚོགས་འདུའི་བསྐབས་སུ་འགྲེལ་བརྗོད་གསལ་ཐག་ཆོད་ཟིན་པ་ཚོགས་ཞུ་པ་ཚང་མའི་མཁྱེན་གསལ་རེད།
དེ་མིན་ཐད་ཀར་རྒྱ་རི་དང་ཁྱོད་རང་གཉིས་སྒེར་དོན་གླེང་ན་གང་འདྲ་འདུག
སྟག་མྱོན་ལགས་སྤྱིར་བཏང་ཁྱོད་རང་གི་སྨྱུག་རྩེ་རྣོའུ་བོད་རྒྱ་ཆེ་མི་མང་གི་དོན་གླེང་གི་ཡོད་པ་གོའུ་ ཡིན་ཡང་གང་ཟག་གཉིས་ཡོད་དུས་མཆོག་དམན་ལ་ལྟོས་ནས་སྐྱོན་བརྗོད་བྱས་ན་དྲངས་པོ་མ་རེད་
སྟག་སྨྱོན་ལགས་ཁྱེད་ཀྱི་ང་ལ་གོང་ས་༧་མཆོག་ལ་མི་ལྟ་བར་རྒྱ་རི་བླ་མ་ལ་ལྟ་དགོས་གསུང་བ་དེ་རྒྱུ་མཚན་མེད་པའི་སྐད་ཆ་རང་རེད། ཁྱེད་ཀྱི་ང་ལ་གོང་ས་༧་མཆོག་ལ་མི་ལྟ་བར་རྒྱ་རི་བླ་མ་ལ་ལྟ་དགོས་གསུང་པ་དེ་ཡ་མཚན་རེད། རྒྱ་རི་བླ་མ་ལ་ལྟ་མཁན་བོད་མི་ས་ཡ་དྲུག་གི་ཆོས་སྲིད་གཉིས་ཀྱི་བདག་པོ་གོང་ས༧་མཆོག་གི་གཟིགས་ཞུབ་རྒྱ་ཆེན་པོ་དུས་ཡུན་རིང་པོ་ལ་གནང་ཡོད་པ་རེད། གོང་ས་མཆོག་གི་གཟིགས་པ་ལས་ལྷག་གཅིག་ང་ཡི་ལྟ་ཤེས་གི་མེད། ཁྱེད་ལ་གོང་ས་༧་མཆོག་གི་ལྷག་པའི་རྣམ་སྤྱོད་ཞིག་ཡོད་པ་ཡིན་ན་ཁྱེད་ཀྱིས་གཟིགས་རོགས། རྒྱུ་མཚན་གང་ཡང་མེད་པའི་སྐད་ཆ་གང་བྱུང་བོད་པའི་སྤྱི་ཚོགས་ནང་ལ་མ་བཤད་རོགས་སྐུ་ཚེ་རིང་།
འོ་ན་ཁྱེད་ཀྱིས་རྒྱ་རིའི་སྐད་ཆ་ཚང་མ་བདེན་པ་རེད་ཟེར་གྱི་ཡོད་དམ། སྐུ་ཚབ་པེ་ཅིན་ལ་སོང་ནས་ཚུར་ཡོང་ཡོང་བ་དང་བོད་གཞུང་གི་ལངས་ཕྱོགས་དང་བོད་གཞུང་གིས་སྤེལ་བའི་བོད་མི་རིགས་ཀྱི་དགོས་འདུན་ཡང་དགའ་རབ་ཆུང་དུ་འགྲོ་བཞག་གི་འདུག དེ་ལྟར་བོད་དོན་ཆུང་ནས་ཆུང་དུ་འགྲོ་བའི་རྒྱུ་མཚན་དེ་སུས་གང་ནས་ཁྱེར་ཡོང་གི་ཡོད་པ་རེད་དམ།
ཡི་གེ་མ་མཆུ་ལགས། མི་གཅིག་བཟང་ན་གཞན་ཚང་མ་བཟང་བ་དང་། མི་གཅིག་ངན་ན་གཞན་ཚང་མ་ཡང་ངན་དགོས་པའི་གནས་ལུགས་དེ་འདྲ་ཡིད་ལ་དྲན་མ་སོང་།
རྒྱལ་ལོ་དོན་གྲུབ་དང་འཇུ་ཆེན། རྒྱ་རི་གསུམ་ཀ་༧གོང་ས་མཆོག་གི་སྐུ་ཚབ་གནང་མྱོང་མཁན་ཡིན་ནའང་། ཁོང་གསུམ་ལའང་གཅིག་མཚུངས་ཀྱི་ལངས་ཕྱོགས་བསམ་ཚུལ་གཏན་ནས་མེད་པ་མ་ཟད། ཆེས་ཐ་དད་ཀྱི་སྐད་ཆའང་བཤད་ཀྱི་འདུག ཡིན་ནའང་༧གོང་ས་མཆོག་གི་བཀའ་ཡིན་ལབ་སྟངས་གསུམ་ཀ་གཅིག་པ་རེད། སྐད་ཆའི་ནང་དོན་ཐ་དད་རེད། གནད་དོན་རེ་འགའི་ཐོག་ཁོང་ཚོ་མེ་ཆུ་ནང་བཞིན་འགལ་ཟླ་ཡོད་སའང་སྣང་བའི་རྒྱུ་མཚན་ཅི་རེད། སྔ་ཕྱི་བར་གསུམ་ལ་༧གོང་ས་མཆོག་གཅིག་རེད། འོ་ན་སྐུ་ཚབ་ལངས་ཕྱོགས་དང་བསམ་ཚུལ་མི་མཐུན་པ་ཁ་ཤས་ཡོང་དོན་ཅི་རེད། འདིས་ཐོག་ནས་སྐུ་ཚབ་ཚོས་༧གོང་ས་མཆོག་གི་བཀའ་གཅིག་པོ་ཉན་གྱི་ཡོད་པ་ཙམ་མ་ཡིན་པར། སྐུ་ཚབ་རང་རང་གི་བསམ་བློ་དང་མི་གཤིས་ཀྱང་སྐུ་ཚབ་ཀྱི་ལས་འགན་ནང་བསྲེས་ཀྱི་ཡོད་པ་གསལ་བོ་མ་རེད་དམ།
སྐབས་རེ་༧གོང་ས་མཆོག་གིས་སྐུ་ཚབ་ཚོ་ལ་མར་གསུངས་པ་ལས་ཀྱང་སྐུ་ཚབ་ཚོས་གོང་ས་མཆོག་ལ་ཡར་ཞུ་བ་མང་བ་མེད་འགྲོ་དྲན་གྱི་འདུག ད་དུང་མང་པོ་ཡོད་པས་རྒྱུ་མཚན་དང་མ་བྲལ་བར་མུ་མཐུད་གླེང་ཆོག
རྒྱལ་ལོ་དོན་གྲུབ་དང་འཇུ་ཆེན། རྒྱ་རི་གསུམ་ཀ་ཚབ་གནང་མྱོང་མཁན་གཅིག་པ་ཡིན་ན་༧གོང་ས་མཆོག་གི་མུ་འཐུད་ནས་ཁོ་གསུམ་ཀ་མ་གཏང་བའི་རྒྱུ་མཚན་ཅི་རེད་ རྒྱུ་མཚན་དང་བཅས་གཅིག་གསུང་རོག་གནང་དང་
འོ་ལགས་སོ་སྟག་སྨྱོན་ལགས་ཁྱེད་ཀྱི་གསུང་པ་དེ་བདེན་པ་རེད། ཡིན་ནའང་སྔོན་གྱི་སྐུ་ཚབ་དེ་ཚོ་ད་ལྟ་འགྲོ་གི་ཡོད་པ་མ་རེད། དེ་གང་ཡིན་ཞུ་ན་༧གོང་ས་མཆོག་གི་རྟག་དཔྱད་ཡང་དག་བྱས་ནས་མི་སུ་ཡག་པོ་འདུག་གང་ལ་བློ་ཁེལ་ས་རེད། དེ་ལྟར་ཞུབ་འཇུག་བྱས་ནས་མཐར་བཙན་བྱོལ་བོད་མི་ཡོངས་ཀྱི་ནང་ནས་རྒྱ་རི་བླ་མ་ལས་ལྷག་ཞིག་མི་འདུག་དགོངས་ནས་དེ་ལ་ཡིད་ཆེས་དང་ཐུགས་སྟན་ཁེལ་བ་རེད། འདི་སྤྱིར་གཏང་༧གོང་ས་མཆོག་གི་བྱས་པས་རྩེད་མོ་ནང་བཞིན་གཏན་ནས་བྱས་མེད་པ་རེད། སྟག་སྨྱོན་ལགས་ང་རང་གི་ངོ་ནས་རྒྱ་རི་བླ་མ་ཟེར་བ་དེ་དངོས་སུ་ཐུག་མ་མྱོང་། ཡིན་ནའང་ང་རང་ཁོང་ལ་ཡིད་ཆེས་གཙང་མ་ཡོད། གང་ཡིན་ཞུ་ན་ཐང་གཅིག་ཙམ་མ་ཡིན་པར་ལན་གྲངས་མང་པོར་༧གོང་ས་མཆོག་གི་སྐུ་འཚབ་བྱས་ནས་རྒྱ་བོད་གྲོས་མོར་ལ་ཕེབས་ཀྱི་ཡོད་པ་རེད། མ་ཚད་དང་པོ་ཕེབས་པའི་སྐབས་སུ་༧གོང་ས་མཆོག་གི་སྐུ་མདུན་ལ་གཅར་ནས་གནས་ཚུལ་ཆ་ཚང་བཀའ་འདྲི་ཞུ་གི་ཡོད་པ་རེད། དེ་རྗེས་ཚུལ་ཕེབས་ནས་གྲོས་མོར་གྱི་གནས་གཏང་ཐམས་ཅད་ཆད་ལྷག་མེད་པ་༧གོང་ས་མཆོག་ལ་ཞུ་གི་ཡོད་པ་རེད། དེ་ལ་ཐང་གཅིག་ལ་འདི་འགྲིགས་མི་འདུག་ཟེར་བ་ཞིག་༧གོང་ས་མཆོག་གིས་གསུང་བ་བདག་གིས་གོ་མ་བྱུང་། དེས་ན་ཁྱེད་ཀྱིས་གསུང་པ་ཐམས་ཅད་ལ་ངོས་ཀྱི་ངོ་ནས་ཁས་ལེན་ཚིག་གཅིག་ཀྱང་བྱེད་ཐབས་བྲལ། སྤྱིར་ཆབ་སྲིད་ཀྱི་ལས་དཀའ་འདི་ཧ་ཅིང་གི་གཉོག་གྲ་ཚ་བོ་ཡིན་པའི་དེ་ཡག་པོ་རེད་ཟེར་བ་དང་དེ་ཡག་པོ་མ་རེད་ཟེར་བ་གཉིས་ཐག་ཆོད་བྱེད་མཁན་གྱི་མི་དེ་༧གོང་ས་མཆོག་འདྲ་བ་གཅིག་མིན་ན་ངོས་ཀྱི་ཁས་ལེན་མེད། ད་དུང་མང་པོ་ཞུ་ཡ་ཡོད་པའི་རུམ་གྱིས་ཞུ་ཆོག
བོད་རིགས་ཚོ། གོང་གི་ཟིན་བྲིས་དེ་གཙོ་བོ་རྒྱ་རི་བླ་མའི་གསུངས་བཤད་དུས་བབ་ནང་བཀོད་པ་རྩ་བ་བྱས་ནས་ངས་འགྲེལ་བ་བརྒྱབ་པ་ཙམ་ལས། ཕྲན་ཡང་འགྲེལ་བ་དེ་འདྲ་འབྲི་རྒྱུར་སེམས་པ་སྐྱིད་པོ་བྱུང་མ་སོང་།
བོད་ཀྱི་རྩ་དོན་རང་བཙན་ནས་དབུ་མ་དང་། རིག་གཞུང་རང་སྐྱོང་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་བསམ་འཆར་ཡིག་ཆ་སོགས། ག་ལེར་སྐེས་མགོ་ནས་མར་བབ་ཡོང་བ་རེད། དེ་ཡང་བོད་རྒྱ་གཉིས་ཀྱི་མི་འབོར་དང་དཔལ་འབྱོར་ཆེ་ཆུང་། དམག་དཔུང་ཡོད་མེད། རྒྱལ་སྤྱིའི་ཚོང་འབྲེལ་སོགས་ཀྱི་ཤུགས་རྐྱེན་འོག་ནས་འགྱུར་ལྡོག་སོང་བ་ཡིན་ན་བསམ་ཤེས་ལོས་ཐུབ། འོན་ཀྱང་རྒྱ་རིས་བཤད་པ་ལྟར་ལོ་རྒྱུས་ཀྱི་ཐོག་ནས་བོད་ལ་འདི་ལས་ལྷག་ཅིག་བཤད་རྒྱུའི་ཐོབ་ཐང་མེད་པ་དང་། ༧རྒྱལ་བ་རིན་པོ་ཆེས་བོད་ཆོལ་གསུམ་གཅིག་གྱུར་གྱི་ཐོབ་ཐང་རྩོད་བཞིན་པ་དེར་ལོ་རྒྱུས་རྒྱབ་ལྗོངས་ཡོད་པ་མ་རེད་མདོག་མདོག་བཤད་ན་གཏན་ནས་དགའ་གི་མི་འདུག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་བསམ་འཆར་ཡིག་ཆ་དེ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་མཐུན་པའི་བོད་ཀྱི་ཐོབ་ཐང་ངོ་མ་རེད་མདོག་མདོག་བཤད་ན་ནམ་ཡང་ཁས་ལེན་མི་འདོད།
གཙོ་བོ་ད་ལྟའི་རྒྱ་བོད་གཉིས་སྟོབས་ཤུགས་ཧ་ཅང་དོ་མི་མཉམ་པའི་དབང་གིས་ཆེས་ཉམ་ང་བའི་ཉེ་དུས་ཀྱི་བསམ་འཆར་ཡིག་ཆ་འདི་ལྟར་སྤེལ་བ་རེད་གསུངས་ན་རང་གཞུང་ལ་ཐུགས་ཁག་ཅི་ཡོད་དྲན་ནས་གདུང་སེམས་མཉམ་སྐྱེས་ཀྱི་མིག་ཆུ་ལྷུང་ས་རེད། དེ་ལྟར་མ་ཡིན་པར་རྒྱ་རི་བླ་མས་ལོ་རྒྱུས་ཀྱི་ཐོག་ནས་བོད་ལ་བདེན་པ་ཡོད་པ་མ་རེད་མདོག་མདོག་བཤད་ན་ཆེས་ཐལ་དྲགས་པ་མ་རེད་དམ། བོད་གཞུང་གི་དྲ་རྒྱའི་ནང་གཟིགས་དང་ལོ་རྒྱུས་ཀྱི་ལངས་ཕྱོགས་གསལ་བོ་བྲིས་མི་འདུག་གམ།
གལ་སྲིད་ཁྱེད་ཚོས་རྒྱ་རིའི་སྐད་ཆར་དགའ་བསུ་དང་ཡིད་ཆེས་རྒྱབ་སྐྱོར་ཡོད་ན་ང་ཁ་བཙུམ་ནས་འདུག་རྒྱུར་དཀའ་ངལ་གེ་མི་འདུག འབྲོག་ཕྲུག་གླེན་པ་ངས་སོ་སོ་ནག་པོ་བཟོ་ཨེ་ཐུབ་ལྟ་དོན་མི་འདུག
དགོང་དག་སྟག་སྨྱོན་ལགས་ཁྱེད་ཀྱི་ངའི་འདྲི་བ་ལ་ལན་འདེབས་ཐུབ་མ་སོང་། ལན་གསལ་བོ་ཡོད་པ་ཞུ།
ཡི་གེ་མ་མཆུ་ལགས། ཁྱེད་ཀྱི་དྲི་བར་ངས་ང་ལས་རྒྱུས་ཡོད་དེ་འདྲ་ཡོད་སྲིད་བསམ་ནས་ལན་མ་བཏབ་པར་བཞག་པ་ཡིན། འཇུ་ཆེན་དང་རྒྱ་ལོ་དོན་གྲུབ་གཉིས་ཕྱེད་ཀ་རྒན་ཡོལ་ཐོབ་པ་འདྲ་བོ་རེད། འཇུ་ཆེན་ལགས་བོད་མི་རྙིང་བ་མིག་མཐོང་ལག་ཟིན་གྱི་མྱོང་བ་མང་པོ་ཡོད་པ་ལས་དེང་རབས་ཀྱི་ཤེས་ཡོན་ཆ་རྐྱེན་འདང་མིན་ལ་འབྲེལ་བ་མེད་འགྲོ་དྲན། རྒྱ་ལོ་དོན་གྲུབ་ལོ་རྒྱུས་དང་ཆབ་སྲིད་ཀྱི་མཁྱེན་ཡོན་ཟབ་མོ་ལྡན་ཁར། སྐད་ཡིག་ཕུན་སུམ་ཚོགས་པོ་ཡོད་ཕྱིར་ཕྱི་ནས་ལྟས་ན་ཁོང་སྐུ་ཚབ་ལ་རན་ཤོས་མཐོང་ཡང་ཁོང་སྔ་སེ་ནས་རྒན་ཡོལ་ལྟ་བུ་ཕེབས་དོན་ངས་ཀྱང་གསལ་བོ་མི་ཤེས། བོད་པའི་སྤྱི་ཚོགས་ནང་ཆོས་ཕྱོགས་བག་ཆགས་གང་ཡང་མེད་པའི་ཆབ་སྲིད་པ་རྐྱང་བ་ཞིག་ཡིན་ཕྱིར་ཞེད་པོ་ཞིག་གནང་ས་ཡོད་པ་མཐོང་། ཁོང་སྐུ་ཚབ་ཕར་ཕྱོགས་རྡ་ས་ནས་བཞུགས་ཡོད་པ་མ་རེད། དེ་ཚོའི་རྒྱུ་རྐྱེན་ངས་མི་ཤེས། རྒྱ་རི་སྐད་ཡིག་དང་ཆབ་སྲིད་ཀྱི་ཕྱོགས་ནས་སྐུ་ཚབ་རྩེ་དྲ་དེ་ཆགས་ཡོད་མེད་གང་ལྟར་ཡང་། བོད་དང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་གཉིས་ཀར་ཆོས་ཕྱོགས་ཀྱི་བག་ཆགས་དང་མཛད་འཕྲན་རྒྱས་ཡོད་པ། ལྷག་པར་དུ་ཆོས་ཕྱོགས་ནས་ཐོབ་པའི་སྟོབས་ཤུགས་ཆེན་པོ་ཆེ་ཤོས་ཤིག་ཡིན་པ་རེད། ནུབ་ཀྱི་མི་ལ་འཕྲོད་པོ། རྒྱ་གཞུང་ལ་འཕྲོད་པོ་ཡོད་པའི་མི་ཞིག་ཡིན་པ་རེད། གནད་འགག་གཅིག་རྒྱ་རི་ཁོང་ལ་ཆོས་ཕྱོགས་ནས་ཡོད་པའི་མཚན་མཐོང་དེ་དང་འབྲེལ་ཆེན་པོ་ཡོད་པ་རེད་དྲན། དེ་མིན་རྒྱ་རི་སྐུ་ཚབ་གཞན་པ་ལས་ཆབ་ཀྱི་ཐོག་ནས་འཇོན་ཤོས་དང་ལྷག་བསམ་ཆེ་ཤོས་ཡིན་པའི་ཡིད་ཆེས་བྱེད་མི་ཐུབ།
ཡི་གེ་མ་མཆུ་ལགས། ཁྱེད་ཀྱི་དྲི་བར་ངས་ང་ལས་རྒྱུས་ཡོད་དེ་འདྲ་ཡོད་སྲིད་བསམ་ནས་ལན་མ་བཏབ་པར་བཞག་པ་ཡིན། འཇུ་ཆེན་དང་རྒྱ་ལོ་དོན་གྲུབ་གཉིས་ཕྱེད་ཀ་རྒན་ཡོལ་ཐོབ་པ་འདྲ་བོ་རེད། འཇུ་ཆེན་ལགས་བོད་མི་རྙིང་བ་མིག་མཐོང་ལག་ཟིན་གྱི་མྱོང་བ་མང་པོ་ཡོད་པ་ལས་དེང་རབས་ཀྱི་ཤེས་ཡོན་ཆ་རྐྱེན་འདང་མིན་ལ་འབྲེལ་བ་མེད་འགྲོ་དྲན། རྒྱ་ལོ་དོན་གྲུབ་ལོ་རྒྱུས་དང་ཆབ་སྲིད་ཀྱི་མཁྱེན་ཡོན་ཟབ་མོ་ལྡན་ཁར། སྐད་ཡིག་ཕུན་སུམ་ཚོགས་པོ་ཡོད་ཕྱིར་ཕྱི་ནས་ལྟས་ན་ཁོང་སྐུ་ཚབ་ལ་རན་ཤོས་མཐོང་ཡང་ཁོང་སྔ་སེ་ནས་རྒན་ཡོལ་ལྟ་བུ་ཕེབས་དོན་ངས་ཀྱང་གསལ་བོ་མི་ཤེས། གཅིག་བྱས་ན་བོད་པའི་སྤྱི་ཚོགས་ནང་ཆོས་ཕྱོགས་བག་ཆགས་གང་ཡང་མེད་པའི་ཆབ་སྲིད་པ་རྐྱང་བ་རྒྱ་ལོ་དོན་གྲུབ་ལྟ་བུ་ཡིན་ན་ཞེད་པོ་ཞིག་གནང་ཐུབ་ཀི་རེད་མི་དྲན། ཁོང་སྐུ་ཚབ་ཕར་ཕྱོགས་རྡ་ས་ནས་བཞུགས་ཡོད་པ་མ་རེད། དེ་ཚོའི་རྒྱུ་རྐྱེན་ངས་མི་ཤེས། རྒྱ་རི་སྐད་ཡིག་དང་ཆབ་སྲིད་ཀྱི་ཕྱོགས་ནས་སྐུ་ཚབ་རྩེ་དྲ་དེ་ཆགས་ཡོད་མེད་གང་ལྟར་ཡང་། བོད་དང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་གཉིས་ཀར་ཆོས་ཕྱོགས་ཀྱི་བག་ཆགས་དང་མཛད་འཕྲིན་རྒྱས་ཡོད་པ། ལྷག་པར་དུ་ཆོས་ཕྱོགས་ནས་ཐོབ་པའི་སྟོབས་ཤུགས་ཆེན་པོ་ཡིན་པ་རེད། ནུབ་ཀྱི་མི་ལ་འཕྲོད་པོ། རྒྱ་གཞུང་ལ་འཕྲོད་པོ་ཡོད་པའི་མི་ཞིག་ཡིན་པ་རེད། ཀུན་མཐུན་གྱི་མི་ལ་ལྟ་བའང་དམིགས་ཡོད་པ་མ་རེད་འདོད། གནད་འགག་གཅིག་རྒྱ་རི་ཁོང་ལ་ཆོས་ཕྱོགས་ནས་ཡོད་པའི་མཚན་མཐོང་དེ་དང་འབྲེལ་ཆེན་པོ་ཡོད་པ་རེད་དྲན། དེ་མིན་རྒྱ་རི་སྐུ་ཚབ་གཞན་པ་ལས་ཆབ་ཀྱི་ཐོག་ནས་འཇོན་ཤོས་དང་ལྷག་བསམ་ཆེ་ཤོས་ཡིན་པའི་ཡིད་ཆེས་བྱེད་མི་ཐུབ།
མཆན་འདི་ལྷག་འདེབས་མི་དགོས་པའི་རེ་བ་ཡོད།
༡། རྒྱ་རིས་༼༧རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།༽ཟེར་བ་འདི་བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ཡིན། ཡང་ན་སྨད་ཤེས་མཁན་ཞིག་གིས་བསྟོད་པ་ཡིན་དཔྱད་པ་ཐོངས།
༢། རང་ཉིད་ཕོ་རོག་དཀར་པོ་དང་མི་ནག་པོ་ཆགས་རྒྱུར་བདག་ཟོན་མ་བྱས་པར་མི་གོ་བ་ཅན་བརྡ་དང་རི་སྤྱང་སྔོན་མོར་ཐོ་ཞིག་བཙུགས་ལྟ་བུའི་ཟིན་བྲིས་འདི་སྤེལ་བ་ཡིན།
༣། སང་ཉིན་ནས་དགོས་པ་ངེས་ཅན་འདྲ་མ་བྱུང་ན་སྔར་བཞིན་དྲ་རྒྱའི་ནང་མང་པོ་བཤད་མི་དགོས་པའི་ཏིང་འཛིན་ལ་གཞོལ་བར་བྱེད་དོ།
དགོས་པ་ངེས་ཅན་འདྲ་མ་མཐོང་ན་ད་ནས་ཁ་བརྡ་དྲ་རྒྱའང་ཁ་བརྒྱ་མིག་སྟོང་ཚང་ལ་ཡོང་ནས་ཁ་བརྒྱ་མགོ་བརྒྱ་ཚོའི་མིག་ནང་གི་ཕོ་རོག་དཀར་པོ་འཁྲབ་ནས་འདུག་གི་མིན། མཐར་ཁ་བརྡའམ་ཁ་བརྒྱ་མིག་སྟོང་ཚང་ལ་ཐུགས་རྗེ་ཆེ།
ཨོ་ལགས་སོ་སྟག་སྨྱོན་ལགས་ད་ངའི་ཁྱེད་སུ་ཡིན་ཤེས་སོང་བའི་ང་རང་གཉིས་རྩོད་པ་བྱེད་དགོས་མི་འདུག ཉིན་བརྒྱ་ལ་ང་རང་གཉིས་བརྩོད་པ་བྱས་པ་ཡིན་ན་ཚར་ས་མ་རེད། ད་ཁྱེད་བདེ་མོ་ཞུགས མདོར་ན་ངའི་སྔོན་བཤད་པ་ལ་འགྱུར་བ་སྤུ་ཙམ་མེད་
སྟག་སྨྱོན།
དང་པོ། རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་དེ་རྒྱལ་བ་རིན་པོ་ཆེས་བསྐོ་བ་དང་འབེབ་པ་ལས། བོད་གཞུང་དང་བོད་མི་དམངས་ལ་དེའི་བསྐོ་གཞག་ལ་དབང་ཆ་མེད། དེར་བརྟེན། ཁྱེད་ཀྱི་བསམ་འཆར་འདི་རྒྱལ་བ་རིན་པོ་ཆེར་ཞུ་དགོས།
གཉིས་པ། རྒྱལ་བ་རིན་པོ་ཆེར་ཨ་རིའི་ནང་ཨ་རིའི་མི་དམངས་དང་སྲིད་གཞུང་ལ་རྒྱ་རི་ལས་ལྷག་པའི་འབྲེལ་བ་བྱེད་ཐུབ་མཁན་ད་བར་བྱུང་མེད། སླད་ཀྱང་ཡོང་རྒྱུ་ཁག་པོ་རེད་སྙམ། དེར་བརྟེན། རྒྱལ་བ་རིན་པོ་ཆེར་མཚོན་ན་རྒྱ་རི་རིན་པོ་ཆེ་ནི་དཔུང་པ་གཡས་པ་ལྟ་བུ་རེད། རྒྱ་རིའི་ལས་ཀ་གཙོ་བོ་དེ་བོད་རྒྱའི་འབྲེལ་གཏུགས་དེ་མ་རེད། ཁོང་གི་ལས་འགན་གཙོ་བོ་དེ་ཨ་རིའི་གཞུང་དང་མི་དམངས་མཉམ་དུ་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་བཟོ་རྒྱུ་དེ་རེད། དེའི་ཐད་ལ་ཁོང་ལས་ལྷག་པའི་བྱས་རྗེས་ཅན་ད་བར་བྱུང་མེད། རྒྱལ་བ་རིན་པོ་ཆེ་ལ་ཨ་རིའི་སྲིད་འཛིན་ནས་གཤམ་འོག་མི་དཀྱུས་མ་མཉམ་དུ་འབྲེལ་བ་བཟོ་རྒྱུ་དེ་རྒྱ་རིས་བྱེད་ཀྱི་ཡོད། ད་བར་ཨ་རིའི་གཟེངས་རྟགས་མང་པོ་ཞིག་སྐུ་མདུན་ལ་འབུལ་ཡོད། དེ་དག་རྒྱ་རི་ཚང་གི་ལས་ཁུངས་ནས་འབྲེལ་བ་བཟོས་པ་གསལ་པོ་འདུག
གསུམ་པ། ངས་སྟག་སྨྱོན་རང་ལ་སྒྲུང་ཞིག་བཤད་ཆོག དེས་རྒྱལ་བ་རིན་པོ་ཆེས་རྒྱ་རི་ལ་གདེང་འཇོག་ཇི་ཙམ་ཡོད་མིན་མཚོན་ཡོད།
དཔེར་ན། ༢༠༠༠ལོར་ཨ་རིའི་ནང་བོད་ཀྱི་རིག་གཞུང་བྱེད་སྒོ་ཆེན་པོ་ཞིག་སྤེལ། དེའི་སྐབས་དང་བསྟུན་ནས་རྒྱ་རི་རིན་པོ་ཆེས་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཚོགས་པར་དངུལ་སློང་བའི་དགོངས་ཚོགས་༼Fund Raising༽ཤིག་སྤེལ་ཡོད། སྐབས་དེ་དུས་རྒྱལ་བ་རིནཔོ་ཆེ་ཡང་དགོངས་ཚོགས་དེ་ལ་ཕེབས་འདུག རྒྱལ་བ་རིན་པོ་ཆེ་ལ་དགོངས་འདྲོའི་གསོལ་ཚིགས་འབུལ་སྐབས། ཁོང་ནས། “ང་རང་དགོངས་མོ་ཁ་ལག་ཟ་གི་མེད། ལྷག་པར་དུ་ཆུ་ཚོད་དགུ་པའི་རྗེས་ལ་གཉིད་བྲོ་ནས་སྡོད་ཐུབ་ཀྱི་མིན་འདུག དི་རིང་འདིར་རྒྱ་རི་རིན་པོ་ཆེའི་གདན་འདྲེན་འབྱོར་སྟབས། དམིགས་བསལ་བྱས་ནས་ཡོང་བ་ཡིན་མ་གཏོགས་མི་ཚེའི་ནང་དགོངས་འདྲོའི་གསོལ་ཚིགས་ལ་ཧ་ལམ་འགྲོ་མྱོང་མེད། རྒྱལ་སྤྱིའི་བོད་དོན་ལས་ཁུངས་ཀྱི་ལས་ཀ་འདི་ཤིན་དུ་ནས་གལ་ཆེ་བ་ཞིག་ཡིན་པ་དང་། དེ་ཡང་རྒྱ་རི་རིནཔོ་ཆེས་དབུ་ཁྲིད་ནས་ཡོད་སྟབས། འདིར་དམིགས་བསལ་བྱས་ནས་ལུས་པོ་ཐང་ག་ཚོད་ཆད་ནའི་སྡུག་རུས་རྒྱག་གི་ཡིན་གསུངས་སོང་།”
ད་དུང་སྤྱི་ལོ་༡༩༩༥ཙམ་ལ་རྒྱལ་བ་རིན་པོ་ཆེ་དབྱིན་ཇིའི་ལུང་པར་ཕེབས་དུས། ཉིན་གཅིག་མགྲོན་ཁང་ནས་ཕྱི་ལ་ཚོགས་འདུར་ཕེབས་སྐབས། རྒྱ་རི་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེ་རྣམ་གཉིས་གློག་སྐས། ༼Left༽ནང་མར་ཕེབས་སྐབས། རྒྱ་རི་རིན་པོ་ཆེ་གློག་བུར་དུ་སྐུ་མདུན་གྱི་མདུན་ལ་འགྱེལ་སོང་། མི་ཚང་མ་སྐྲག་ནས་གློག་སྐས་སྒོ་ཕྱེས་ནས་རྒྱ་རི་རིན་པོ་ཆེ་ཡར་སློང་བ་དང་ཟང་ཟིང་བྱེད་དུས། རྒྱལ་བ་རིན་པོ་ཆེས་སྐུ་སྲུང་བར་རོགས་པ་བྱེད་པའི་བཀའ་གནང་བ་དང་། མི་འགའ་ཤས་ཀྱིས་རྒྱ་རི་རིན་པོ་ཆེ་འཁུར་འགྲོ་སྐབས། རྒྱལ་བ་རིན་པོ་ཆེས་རྒྱ་རི་རིན་པོ་ཆེའི་རྣ་ཅོག་ནང་ལ། ༼རིན་པོ་ཆེ། དངངས་སྐྲག་མ་བྱེད་ཨང་། ཐང་ཆད་པ་རེད། གཞན་སྐྱོན་མི་ཡོང་། ང་བཞག་ནས་འགྲོ་ན་མི་འགྲིག་གི་མ་རེད་ད། བྱས་ཙང་འཕེན་པ་གཏོང་ཤོག་ཨ། རྒྱལ་བ་རིན་པོ་ཆེ་གཅིག་པུར་མ་ཞོག་ཨང་གསུངས་སོང་།
ད་སྟག་སྨྱོན་རང་རྒྱལ་བ་རིན་པོ་ཆེ་ལ་ཡར་རྒྱ་རི་རིན་པོ་ཆེ་གཡུག་རོགས་ཟེར་ཞུས། ཁོང་གི་ལན་གང་སྐྱོན་པ་འདི་ང་ཚོ་ལ་ཤོད་རོགས།
ཐོག་མར་སྟག་སྨྱོན་ཁྱོད་ཀྱིས་རང་གི་མིང་ངོ་མ་དེ་ཕྱིར་ལ་སྟོན། དེ་ནས་གླེང་མོལ་གྱི་སྒོ་མོ་ཕྱེས། ངོ་གདོང་ངོ་མ་དེ་ང་ཚོར་སྟོན། དེ་མིན་ད་སྔོན་རང་གི་མིང་ཙམ་ཡང་ཕུད་མི་ཕོད་ཅིང་། བོད་གཞུང་ལ་དཔྱ་ཁྲལ་ཙམ་ཡང་སྤྲད་མེད་པ་ཞིག་གིས་སྤྱི་ཚོགས་སུ་དཀྲོག་གཏམ་བཤད་ན། དེ་ནི་ལྐོག་ནས་བླ་བཙག་རྐང་འདྲེན་ཟེར་བ་དེ་རེད། དོན་དུ་ཉན་མཁན་ཡོད་ནི་མ་རེད། དེ་ངས་སྙིང་གཏམ་ཡིན།
སྟག་སྨྱོན་ཟེར་བའི་མིང་དེ་སེམས་ཅན་དུད་འགྲོ་ཞིག་གི་མིང་ཡིན་པས་འདི་ལ་ཆག་འཇོག་བྱེད་ས་མི་འདུག
རྒྱུ་མཚན་མི་ཤེས་པའི་མི་ལ་གང་ལྟར་འབྲེལ་བཤད་བྱས་པ་ཡིན་ན་ཕན་པ་ཡོད་མི་སྲིད་པ་འཇིགས་རྟེན་གྱི་ཆོས་ཉིད་ཡིན་པ་རེད། ཁོང་ནི་ལྐུག་པ་ཨུ་ཚུག་ཟེར་བ་དེ་རེད་ཞག ཁོ་རང་གི་རྒྱ་རི་བླ་མ་དེ་དུས་རྟག་དུ་གོང་ས༧་མཆོག་ལ་འབྲེལ་བ་མེད་པའི་བརྗོད་གཞི་ཞིག་འཇོག་གི་འདུག དེ་འདྲ་ཡིན་དུས་ག་རེ་བཤད་ན་གོ་བ་ལོན་གི་མ་རེད
དེ་རིང་དགོས་པའི་དབང་གིས་མཆན་བུ་ ༤༤ བར་མོས་གུས་ཡོད་ཞུ་གི་ཡོད། དོན་དག་གཞན་རྣམས་གོང་གི་རྩ་འགྲེལ་བཞིན་ནོ།
དེ་རིང་དགོས་པའི་དབང་གིས་མཆན་བུ་ ༤༤ བར་མོས་གུས་ཡོད་ཞུ་གི་ཡོད། དོན་དག་གཞན་རྣམས་གོང་བཞིན་ནོ།
སྟག་སྨྱོན་ཁྱེད་རང་ལོ་རྒྱུས་ཤེས་ན་ཁོང་གིང་གི་གསུང་པ་དངོས་ཡོད་རེད་ཨ་མདོ་བ་བོད་རིགས་ཡིན་ཀྱང་བོད་འབངས་མ་རེད་ཟེར་ན་ཉེར་རབ་ལོ་རྒྱུས་ཁ་གསལ་རེད། གལ་སྲེད་དེ་དུས་རྒྱ་འོག་མིན་ན་ཕྱི་ལོ༡༩༤༠ཡན་མན་ནང་ཁམས་ཁུལ་ནང་བཞིན་ངོར་རྒོལ་གྱན་ལང་མ་བྱས་པའི་རྒྱུ་མཚན་ག་རེ་ཡིན། དངོས་འབྲེལ་དེངས་སང་ཨ་མདོ་བོད་ཁོང་ཡིན་པའི་ལོ་རྒྱུས་ཆོས་ཕྱོགས་ནས་མ་རྟོགས་རྒྱུ་མཚན་གཞན་པ་སྟོན་རྒྱུ་མེད་པ་དངོས་ཡོད་ཡིན་པ་ནི་ཧོར་འཇིགས་གི་བསྒྲིགས་པའི་མདོ་སྨད་ལོ་རྒྱུས་ཆེན་མོའི་ནང་གཟིགས་ན་ཤོག་གྲང་མང་པོ་འདུག་པ་དེ་དག་དོན་དག་བསྡུས་ན་ཨ་མདོ་རྒྱ་ཁོང་ཡིན་ཀྱང་ཆོས་རིགས་ཐོག་བོད་ལ་འབྲེལ་བ་དམ་ཟབ་ཡོད་པ་བཅས་རེད་
ཁྱེད་རང་མཐོང་རྒྱ་དང་ཤེས་རྒྱ་ཆུང་དྲགས་པ་མ་གཏོགས་སྐམ་སའི་ཐོག་གི་ཐེ་ཝན་དང་མགོ་ལོག་དམར་གསོད་ཆེན་མོ་སོགས་རྒྱ་བོད་ཀྱི་ལོ་རྒྱུས་ནང་སྐད་གྲགས་ཆོད་པའི་རྒྱ་བོད་བར་གྱི་དམག་འཐབ་དེ་རིགས་མདོ་སྨད་ཀྱི་ས་ཐོག་ཏུ་བྱུང་བ་རེད། མ་གཞི་ཙ་ཡིས་རིན་པོ་ཆེས་མདོ་སྨད་ཀྱི་རྒྱ་དམག་ལ་འཐབ་པའི་ལོ་རྒྱུས་ཤིག་བྲིས་ཡོད་པ་བཙལ་ནས་ཐེངས་གཅིག་ཀློག་དང་མ་འོངས་པར་མིའི་འགྲམ་ནས་ངོ་ཚ་ཉོ་དགོས་མི་ཡོང་། ཁྱེད་ཀྱི་ཨ་མདོས་དམག་འཁྲུགས་མ་བརྒྱབ་པ་མ་ཤེས་པ་རེད། མ་ཤེས་པ་ལ་ཉེས་པ་མེད་ཟེར་བ་ལྟར་ཁྱོད་ལ་ཉེས་པ་མེད།
ཁྱེད་ཀྱིས་ཨ་མདོས་དམག་འཁྲུགས་མ་བརྒྱབ་པ་ཟེར་བ་མ་ཤེས་པ་རེད། མ་ཤེས་པ་ལ་ཉེས་པ་མེད་ཟེར་བ་ལྟར་ཁྱོད་ལ་ཉེས་པ་མེད།
དེ་ལྟར་བཤད་ན་ང་འདྲ་བོ་རྒྱ་དམག་ལ་འཐབ་མ་མྱོང་མཁན་ཚོར་སེམས་སྐྱོ་དོན་ཡོད་མ་རེད། འོན་ཀྱང་བོད་མི་རིགས་ཀྱི་ལ་རྒྱའི་ཆེད་མདོ་སྨད་ཀྱི་ས་ཐོག་ནས་ཤི་སོང་བའི་དཔའ་བོ་དཔའ་མོ་དེ་ཚོས་ཕྱི་མའི་ཡུལ་ནས་མིག་ཆུ་འདོན་སྲིད།
ཀུན་དགའ་གཅེས་ཕྲུག་ཁྱེད་རང་གིས་ “གལ་སྲེད་དེ་དུས་རྒྱ་འོག་མིན་ན་ཕྱི་ལོ༡༩༤༠ཡན་མན་ནང་ཁམས་ཁུལ་ནང་བཞིན་ངོར་རྒོལ་གྱན་ལང་མ་བྱས་པའི་རྒྱུ་མཚན་ག་རེ་ཡིན།” ཞེས་པ་འདི་གཅེས་ཕྲུག་ཁྱེད་རང་སྐྱེས་དུས་འཕྱི་དྲགས་པས་མིག་གིས་མ་མཐོང་བ་དང་། སློབ་སྦྱོང་སྐྱོ་དྲགས་པས་ལོ་རྒྱུས་མ་ཤེས་པའི་དབང་གིས་བཤད་པ་རེད། འོན་ཀྱང་མ་ཤེས་པ་ལ་ཉེས་པ་མེད་ཟེར་བ་ལྟར་གཅེས་ཕྲུག་ཁྱོད་ལ་ཉེས་པ་མེད།
རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ལྟར་རྒྱལ་བ་ཀརྨ་པ་མཆོག་གི་ཡུ་རོབ་ཆིབས་བསྒྱུར་དེ་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད།
ཕྱི་ཚེས་ ༤ ཉིན་རྒྱལ་བ་ཀརྨ་པ་མཆོག་གི་ཡུ་རོབ་ཆིབས་བསྒྱུར་གྱི་འབྲེལ་མཐུད་པས་དྲ་ངོས་སུ་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་ཟླ་ ༥ ནས་ཡུ་རོབ་རྒྱལ་ཁབ་ ༩ ནང་གཟིགས་སྐོར་སྐྱོང་རྒྱུའི་མཛད་འཆར་དེ་རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པ་ལྟར་ཕྱིར་འཐེན་བྱས་ཡོད་འདུག
འབྲེལ་མཐུད་པས་དྲ་ངོས་སུ་བཤད་དོན། རྒྱ་གར་གཞུང་གིས་ཆོག་མཆན་མ་སྤྲད་པ་ལྟར་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་དེ་ཕྱིར་འཐེན་བྱ་དགོས་པའི་གསལ་བསྒྲགས་སྤེལ་རྒྱུར་བློ་ཕམ་པོ་བྱུང་། ཁོང་གི་ཆིབས་བསྒྱུར་དེ་ཕྱི་ཟླ་ ༥ པའི་ཚེས་ ༢༧ ཉིན་ནས་ཕྱི་ཟླ་ ༧ པའི་ཚེས་ ༢ བར་འཁེལ་ཞིང་དེའི་རིང་རྒྱལ་ཁབ་ ༩ ནང་ཕེབས་འཆར་ཡོད་པ་རེད། ཅེས་གསུངས།
གཞན་ཡང་དྲ་ངོས་དེར། ཁོང་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་བའི་ཐག་གཅོད་འདི་ཟླ་འདིའི་ཕྱི་ཚེས་ ༣ ཉིན་བཙན་བྱོལ་བོད་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་གི་བཀའ་བརྒྱུད་ཡིག་ཚང་ལ་གསུངས་བྱུང་། ཆིབས་སྒྱུར་འདི་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་ཅི་ཡིན་དང་། འབྱུང་འགྱུར་གྱི་དུས་ཐུང་ནང་ཆིབས་བསྒྱུར་གནང་རྒྱུར་རེ་བ་ཡོད་མེད་ཀྱི་གནས་ཚུལ་སོགས་རྩད་གཅོད་བྱེད་རྒྱུའི་ལས་རིམ་མགོ་བཙུགས་ཚར་ཡོད་ཅེས་བཀོད་འདུག
ཁོང་གིས་མུ་མཐུད་ནས་བཀོད་དོན། རྒྱལ་བ་ཀརྨ་པ་མཆོག་གི་རྗེས་འཇུག་པ་དང་གྲོགས་པོ་འབོར་ཆེན་ཞིག་གིས་ཁོང་གི་ཆིབས་བསྒྱུར་ལ་རེ་ལྟོས་བྱས་ཡོད་པ་ངས་ཤེས་ཡོད་ལ། ཁོང་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་བའི་ཐད་སེམས་སྡུག་དང་བློ་ཕམ་གནང་གི་ཡོད་པའང་ངས་ཤེས་ཡོད་ཅེས་བྲིས་འདུག
འབྲེལ་མཐུད་པས་མཇུག་དེར། རྒྱལ་བ་ཀརྨ་པ་མཆོག་གི་ཆིབས་བསྒྱུར་དེ་འབྱུང་འགྱུར་དུས་ཐུང་ནང་ལེགས་འགྲུབ་འབྱུང་བའི་རེ་བ་དང་སྨོན་ལམ་འདེབས་བཞིན་ཡོད་ལ། དེ་དུས་ང་ཚོས་མཉམ་གཅིག་ཏུ་ཡུ་རོབ་ནས་ཁོང་གི་གསུང་ཆོས་ལ་ཉན་ཐུབ་གི་རེད་ཅེས་བཤད་འདུག
སྟག་སྨྱོན་ཟེར་བ་དེ། རྒྱའི་སོ་བ་རེད། ཁོའི་བྱིད་པ་དེ་ལ་ལེན་མ་རྒྱམ་རོག གང་ཟེར་ན། ཁོས་བོད་མི་རྣམ་ལ་སྐྲིག་ཤིས་དང་བ་རིད། ངེས་ལེན་མ་རོག གོ་འདའ། ང་ཡེ་གི་ཡ་པོ་མེད། དགོང་འགའ་མིད་པ་ཞུ།
ནོར་བུ་འཟང་བོ་ལགས། ཁྱོད་ཡི་གེ་ཡག་པོ་མེད་པ་ཙམ་དུ་མ་ཟད། བསམ་བློ་ཡང་ཡག་པོ་མི་འདུག རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པར་དགོས་མེད་ཀྱི་འུར་སྒྲ་མ་རྒྱག །
དམངས་གཙོའི་གཞུང་ཞིག་ཡིན་ན་མི་མང་གི་འདོད་པ་དང་མཐུན་པ་ཞིག་ཡིན་དགོས། དམངས་གཙོའི་ལས་བྱེད་ཅིག་ཡིན་ན་བཟང་ངན་ཀྱི་བསམ་འཆར་ཤོང་པ་ཞིག་ཡིན་དགོས། གཙོ་བོ་ཞིག་གིས་གང་བཤད་མཛུབ་མོ་ཤར་བསྟན་ལས་བསམ་འཆར་ཞུ་ས་མེད་ཚེ་རྒྱལ་པོའི་རིང་ལུགས་དང་བཙན་པོས་དབང་བསྒྱུར་བའི་རིང ལུགས་ལས་གཞན་དུ་འགྲོ་ས་མེད་པ་རེད། དེ་ལྟ་བུ་དམངས་གཙོའི་གཞུང་ཡིན་ཚེ་བྱང་ཀོ་རི་ཡ་དང་། རྒྱ་ནག་སོགས་མཐོ་རིམ་འགོ་བྱེད་ཀྱིས་དབང་བསྒྱུར་བའི་གཞུང་ཡང་དེ་ལས་གཞན་དུ་མེད། དེ་ལ་མོས་ན་རང་དབང་དང་མི་རིགས་ཅིའི་ཕྱིར་རྩོད། ལྷ་མིའི་རྣམ་འདྲེན་ཆེན་པོའི་བཀའ། རྒྱ་རིའི་བྱས་རྗེས་སོགས་ལ་གུས་ཤིང་བསྔགས་པར་འོས་ནའང་། བསམ་འཆར་ཞུ་མི་ཆོག་པ་ག་ལ་སྲིད། རྒྱ་རི་ཡིན་ན་འོས་ཤིང་འཚམ་པའི་སར་བཞག་ན་བྱ་བ་རླབས་ཆེན་འགྲུབ་ངེས་ཀྱང་བོད་རྒྱའི་གྲོས་མོལ་ཡོང་མིན་མ་འཚལ། དཔེར་ན་ཞི་མོལ་ཐེངས་བརྒྱད་པའི་སྐབས། རྒྱ་ནག་གི་འགོ་ཁྲིད་ཝིན་ཅ་པོས་ཉི་ཧོང་དུ། ད་ལྟའི་བོད་རྒྱའི་ཞི་མོལ་སྐབས། དེ་ཡི་རྣམ་པར་བལྟས་ཏེ། དེ་ཡི་གཏམ་ལ་ཉན། ཟེར་བའི་གཏམ་དཔེ་དེ་བཀོད་ཡོད་པ་རེད། རྒྱའི་རིག་གཞུང་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་དཔེ་དེ་གོ་རྒྱུ་རེད། གཏམ་དཔེ་འདི་བྱེད་སྤྱོད་བཏང་ཚེ་མི་དེ་དག་ལ་ཞིབ་གཤེར་བྱ་རྒྱུ་ལས་དོན་བྱ་ལ་འབྲས་བུ་གང་ཡང་ཐོན་རྒྱུ་མེད་ཟེར་བ་རེད། དེ་འདྲའི་ཚིག་ཅིག་བྱུང་མ་ཐག་འཕྲལ་དུ་ལན་བསྐྱོན་མ་ཤེས་ན་གཅིག་གི་ཤར་དང་གཅིག་གིས་ནུབ་ཟེར་ནས་དངོས་དོན་ལ་ཡར་རྒྱས་གང་ཡང་མེད་པ་ཆགས་འགྲོ་རྒྱུ་རེད། རང་ཉིད་ཆོས་དང་ཆབ་སྲིད་གང་ལ་ཡང་རྒྱུས་མེད་པས་གང་སྨྲས་ནོར་འཁྲུལ་ཡང་ཡིན་སྲིད། དགོངས་འགལ་མེད་པར་ཞུ།
གཞིས་ལུས་བོད་ལགས། ཁྱོད་ཐུགས་རྗེ་ཆེ། ཁྱོད་ཀྱི་དགོངས་པ་ནོར་མེད། དེ་ག་རང་རེད། སྟག་སྨྱོན་ཟེར་བ་འདི༼མདའ་མཚན་པ་མགོན་པོ་དོན་གྲུབ་ཡིན་ནམ་ཅིག་དང་མགོན་པོ་ཕྱག་གཉིས ཚུལ་ཁྲིམས་མཐར་ཕྱིན་སོགས་མིང་རྫུན་མང་དུ་སྤྱོད་མཁན་དེ་རེད་ཟེར།ཡིནམིན་མི་ཤེས།་༽༸གོང་ས་་མཆོག་གི་བཀའ་སློབ་དང་། ཟམ་གདོང་རིན་པོ་ཆེ་ལ་རྒོལ་བའི་གདོང་མཆོང་བ་ཞིག་རེད། དེའི་ཐོག་ནས་མི་འདི་ལ་རིན་ཐང་ག་ཚོད་ཡོད་མེད་ཤེས་པ་གནང་རོགས། ད་དུང་ཆོས་ལུགས་གསར་རྙིང་ཐོག་དཀྲུགས་ཤིང་གང་ནུས་ཤིག་རྒྱག་སོང་ཡང་མི་ལ་རིན་ཐང་མེད་ཙང་།་ཁོ་དང་འདྲ་བའི་ཁྱིམ་ལོག གྲྭ་ལོག་ ལྟ་ལོག་བྱབ་ཆུང་རེ་གཉིས་ལས་རྒྱབ་སྐྱོབ་མེད་སྟབས་བསམ་དོན་འགྲུབ་མ་སོང་། ད་དེང་སང་རྒྱལ་ལོ་དང་རྒྱ་རི་སོགས་ལའང་ཅི་དྲན་གང་དྲན་བཤད་སྟངས་ལ་བལྟས་ན་རྒྱ་དམར་པོའི་སོ་ཉུལ་འདྲའང་ཨེ་ཡིན་དྲན་མོད། མི་ཐབས་ཆགས་འདི་འདྲ་རྒྱ་རིགས་ལའང་ཐབས་ཆགས་ག་ལ་ཡོད། དེ་བས་ན་རྒྱ་ཕོག་ད་ཟ་གོ་ཆོད་མི་འོང་བསམ་གྱི་ཡོད། གང་ལྟར་ཡང་བོད་ནས་དྲ་ཚིགས་ཀློག་མཁན་ཚོར་མི་འདིའི་གནས་བབ་རགས་ཙམ་ཞིག་ངོ་སྤྲོད་མ་ཞུས་ན་གོ་ནོར་ཆེན་པོ་དེ་འདྲ་ཐེབས་སྲིད་བསམ་ནས་འདིར་གསལ་བཤད་མི་བཟོ་ཀ་མེད་བྱུང་།
ལོང་བ་རྣམས་ལ་སྟག་སྨྱོན་མུན་ནག་བཞིན་འཁོར་ཡོང་།།
མིག་ལྡན་ཀུན་ལ་སྟག་སྨྱོན་ཉི་འོད་བཞིན་ཤར་ཡོང་།།
ཁོ་བོ་དཀར་ནག་གང་ཡིན་ལས་འབྲས་ལ་བཅོལ་ཤོག།
ང་ལ་བསྟོད་སྨད་གང་བྱེད་རང་དབང་དེ་སྤྲད་ཡིན།།
མགོ་ལ་སྟ་རེ་གཞུ་ན་སྒུར་སྒུར་དེ་ངས་བྱེད།།
རྐུབ་ལ་མེ་བཙའ་འཛུགས་ན་ན་ཚ་དེ་ངས་སྲོན།།
བཟུང་ན་ར་མདའ་མེད་པའི་མི་ལྡོམ་ཞིག་ཡིན་ལ།།
བསད་ཀྱང་བདག་རོ་བདག་མེད་པའི་བོད་མི་ཞིག་ཡིན་ཏོ།།
ལྟ་བ་ལོག་ན་ང་རང་དམྱལ་བ་ལ་འགྲོ་ཆོག།
སུ་ལའང་སྐྱབས་རོགས་ཟེར་ནས་སྐད་འབོད་དེ་མི་བྱེད།།
དད་པ་ལོག་ན་སྡིག་པ་ང་རང་ལ་བཀལ་ཤོག།
ཁྱོད་ཚོར་ཁུར་རོགས་ཟེར་ན་ཨུ་ཚུགས་དེ་མི་བརྒྱག།
ལྟ་ལོག་དམ་ལོག་ཟེར་བ་འཇིགས་རྟེན་གྱི་དུག་རེད།
སྐྱབས་མེད་མགོན་མེད་ཟེར་བ་ས་སྟེང་གི་སྡུག་རེད།
དེ་འདྲིའི་ལས་ངན་མྱང་བའི་དྲ་གྲོགས་ཀྱི་སྟག་སྨྱོན།
དགོས་མེད་སྨྱོ་གཏམ་སྟག་སྨྱོན་ཁྱེད་རང་གི་མ་བཤད།
དགྲ་བོའི་རྐུབ་ཤ་ལྕེ་ལྡག་བྱེད་དུས་སྟག་སྨྱོན་ལེབ་དར་ལས་འཇམ།།
གཉིན་གྱི་ཐོག་ལ་ཚིག་མཚོན་འཕེན་དུས་སྟག་སྨྱོན་ལྕེ་རྩེ་མཚོན་ལས་རྣོ།།
ཆོས་དང་ཆོལ་ཁ་ཕྱོགས་རེས་འབྱེད་དུས་སྟག་སྨྱོན་ལྕེ་འདི་སོག་ལེ་བཞིན།།
གནས་ལུགས་རྗེན་པ་ར་སྤྲོད་བྱེད་དུས་སྟག་སྨྱོན་ལྕེ་ཡིས་མུད་པ་འགག།
གཞིས་བཞུགས་བོད་ལགས། འདི་སྟག་སྨྱོན་གྱི་མིང་པགས་གྱོན་མཁན་དེའི་གཏམ་བརྗོད་ཀྱི་སྡོམ་ཚིག་ཅིག་ཡིན། ཅིས་ཀྱང་མཁྱེན་པར་གནང་རོགས། ད་དུང་འདི་འདྲའི་རིགས་ལ་དོགས་ཟོན་གནང་དགོས།
ཧ་ཧ་ཧ བེ་རི་འཇིགས་མེད་ལགས་ཡག་པོ་འདུག་ངའི་ངོས་ལེན་ཡོད།
དུད་འགྲོའི་མིང་ལྡན་དུད་འགྲོ་ལྟ་བུའི་སེམས།
མི་ཤེས་རྨོངས་པའི་མུན་པའི་ལམ་ལ་འཁོར།
དྲ་གྲོགས་རྣམ་དཔྱོད་ལྡན་པ་གང་དག་གིས།
སྟག་གི་གི་མིང་ལ་བྱམས་དང་སྙིང་རྗེ་དགོས།
༡༽ བེའུ་འཇིགས་མེད་ཟེར་བ་འདི་གང་ཡང་མི་ཤེས་པའི་མི་འུ་ཐུག་དང་དགྲ་ཁོ་ན་རེད། སྟག་སྨྱོན་ལྟ་བུ་ལོ་རྒྱུས་ཀྱི་ཐོག་ནས་བོད་ཆོལ་ཁ་གསུམ་ནམ་ཡང་རྒྱ་དམར་གྱི་འོག་མ་རེད་ཟེར་མཁན་ལ་སྡང་ཟུག་བྱེད་པ་དང་། ལོ་རྒྱུས་ཐོག་ནས་བོད་ཆོལ་གསུམ་ལ་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་ཟེར་མཁན་རྒྱ་རི་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ལག་ལེན་གྱིས་ཐོག་ནས་བོད་འདི་རྒྱ་ལ་སྤྲད་ཚར་བའི་མ་ཚད། ཐ་ན་རྒྱ་རིས་ལོ་རྒྱུའི་ཐོག་ནས་ཀྱང་བོད་འདི་རྒྱ་འོག་རེད་ཟེར་བ་ཁས་ལེན་ན། འོ་ན་བོད་ཚོས་རྒྱུ་མཚན་ག་རེ་ལ་བརྟེན་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་དམ། སྟག་སྨྱོན་གྱི་བཤད་པ་ཤ་ཚ་བའི་ཁ་ན་གཏམ་སྙན་མེད། ནད་དྲག་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་དང་གཅིག་རེད། ༼ཡང་སྙིང་སྟག་སྨྱོན་གྱིས་ལོ་རྒྱུས་ཀྱི་ཐོག་ནས་བོད་འདི་རྒྱ་མིའི་འོག་མ་རེད༽ཟེར་གྱི་འདུག འདི་ནི་དགའ་འོས་པ་ཞིག་མ་རེད་དམ།
༢༽ འོ་ན་ཁྱེད་ཀྱིས་རྒྱ་རིའི་བཤད་པ་ལྟར་འབྲུ་ཆུ་ཕ་ཕྱོགས་ཀྱི་ཁམས་དང་ཨ་མདོ་ཡོངས་རྫོགས་ ༡༩༤༩ བར་རྒྱ་མིའི་ཡིན་ན་ཡང་། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བས་འབྲུ་ཆུའི་ཕ་ཕྱོགས་ཀྱི་རྒྱ་མིའི་ཆ་ས་ཆེན་པོ་ཞིག་འཕྲོག་རྩིས་བྱེད་ཀྱི་ཡོད་པ་རེད་ཟེར་གྱི་ཡོད་དམ།
༣༽ ཡང་རྒྱ་རི་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ ༡༩༤༩ སྔོན་དུ་འབྲུ་ཆུའི་ཕར་ཕྱོགས་མདོ་སྟོད་དང་མདོ་སྨད་ཡོངས་རྫོགས་རྒྱ་མིའི་རེད། བོད་པའི་མ་རེད། བོད་པ་ཚོར་ལོ་རྒྱུའི་ཐོག་ནས་ས་ཆ་དེ་ཚོ་རྩོད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་ཟེར་བ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། གནད་འགག་འདིའི་ཐོག་ནས་སུ་ཞིག་རྒྱ་མིའི་ཁྱི་ཡིན་དང་། སུ་ཞིག་གིས་རྒྱ་དམར་ལ་ངོ་སྲུང་གི་སྐད་ཆ་བཤད་ཀྱི་ཡོད་པ་གསལ་བོ་འདུག
༤༽ རྒྱ་རིས་བཤད་པ་ལྟར་ ༡༩༤༩ བར་འབྲུ་ཆུའི་ཕར་རྒྱབ་རྒྱ་མིའི་ཡིན་པ་བདེན་ན། ༡༩༤༩ རྗེས་ནས་འབྲུ་ཆུའི་ཕར་ཕྱོགས་ཚུར་ཕྱོགས་གཉི་ག་རྒྱ་མིའི་ཡིན་པ་ལས་བོད་པའི་ཡིན་མ་མྱོང་བ་ཚང་མས་ཤེས་གསལ་རེད། འོ་ན་ ༡༩༤༩ སྔོན་ལ་བོད་པའི་མ་ཡིན་པ་དང་། ༡༩༤༩ རྗེས་ལའང་བོད་པའི་ཡིན་མ་མྱོང་བ་ཞིག་རྩོད་དོན་གང་ཡིན་ནམ།
རྒྱ་རིས་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་བོད་རྒྱ་ལ་སྤྲོད་རྒྱུའི་འཆར་གཞི་བཏིང་གི་མི་འདུག་གམ། ཡག་པོ་བསམ་ནས་དཀར་ནག་དབྱེ་འབྱེད་མ་ནོར་བ་བྱེད་གལ་ཆེ།
མི་གཅིག་མིང་གཉིས་ཁུལ་བའི་སྟོང་གཏམ་ཅན།
རྒྱ་རི་བོད་ལ་དགའ་བའི་མི་གཅིག་རེད།
རྒྱ་རི་རྒྱལ་ཚོང་མ་རེད་རྒྱ་དགའ་མ།
རྒྱ་བོད་ངོ་མི་ཤེས་པའི་བླ་ཚོང་བོ།
ཁྱོད་ཀྱིས་རྒྱ་རིའི་ཕ་ཡུལ་འབྲི་ཆུ་ཕར་ཚུལ་གང་གི་ཡིན་ཨེ་ཤེས་ཧ་གོ་མི་འདུག
སྟག་སྨྱོན་གྱིས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཆོལ་གསུམ་རྒྱ་དམར་གྱི་ཆ་ཤས་མ་རེད་ཟེར་གྱི་འདུག འདི་བདེན་པ་རེད། འདི་ཁས་མི་ལེན་མཁན་རྒྱ་རེད། སྟག་སྨྱོན་རྒྱ་ཁས་མི་ལེན་བོད་མི་ཞིག་རེད།
སྟག་སྨྱོན་ཟེར་བ་དེ་རྒྱ་བོད་གང་ཡིན་རུང་ང་ལ་ཁྱད་པར་མེད། ཡིན་ནའང་སྟག་སྨྱོན་ཟེར་བའི་མི་དེ་གང་ནས་ཡིན་ན་ཁོ་རང་གི་བཟང་ངན་གྱི་དབྱེ་བ་མི་ཤེས་མཁན་ཞིག་རྟེན་རྟེན་རེད་ཞག དེ་བཞིན་ཙན་ཏན་ལོ་མ་ཞུ་བ་ཁྱེད་ཀྱང་དངོས་གནས་རྒྱུ་མཚན་གང་ཡང་མི་ཤེས་མཁན་གྱི་མི་ཞིག་རེད་འདུག མ་ཚད་ཁྱེད་རང་སྟག་སྨྱོན་ལ་ཆ་རྒྱུས་ཆེན་པོ་ཡོད་ལུགས་ལ་ལྟས་པ་ཡིན་ན་ཁྱོད་སྟག་སྨྱོན་ཡིན་པ་ངེས་ཅན་རེད། རང་གི་རང་ལ་རྒྱབ་སྐྱོར་བྱེད་པ་འདི་སྙིང་རྗེ་ཨ།
སྟག་སྨྱོན་ཡིན་པས་དགའ་རྒྱུ་དང་མིན་པས་སྡུག་རྒྱུ་མེད། འོན་ཀྱང་ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་ལོ་རྒྱུས་ཀྱི་ཐོག་ནས་བོད་ཆོལ་གསུམ་ཡོངས་རྫོགས་རྒྱ་ཁོངས་མ་རེད་ཟེར་མཁན་ལ་དེ་འདྲ་མ་དགའ་བ་བྱེད་དོན་ཅི་ཡིན་ནམ། གལ་སྲིད་ངས་ཁྱོད་དང་རྒྱ་རི་ལ་རྒྱབ་སྐྱོར་བྱས་ན་བོད་ཀྱི་མང་པོ་ཞིག་རྒྱ་ཁོངས་ཡིན་པར་རྒྱབ་སྐྱོར་བྱས་པ་དང་གཅིག་རེད། དེའི་ཕྱིར་ངས་ཁྱོད་དང་རྒྱ་རི་ལ་མོས་མཐུན་ནམ་ཡང་བྱེད་མི་ཐུབ། མ་གཞི་རྒྱ་རི་ནང་བཞིན་བོད་ཀྱི་མང་པོ་ཞིག་ལོ་རྒྱུས་ཐོག་རྒྱ་ཁོངས་རེད། བོད་ཁོངས་མ་རེད་མདོག་མདོག་ལབ་ན་བོད་མི་ཚོར་ཁེ་བཟང་ག་རེ་ཡོད་པ་རེད་དམ། གཅིག་གསུངས་དང་།
རྒྱ་རི་ནང་བཞིན་བོད་ཀྱི་མང་པོ་ཞིག་རྒྱ་ཁོངས་རེད་མདོག་མདོག་ལབ་ན་བོད་ལ་ཁེ་ཕན་གེ་ཡོད་པ་གསལ་བོ་ཞིག་གསུངས་རོགས། ངས་ནི་བཤད་སྟངས་དེ་ཁེ་ཕན་གཏན་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནོར་འདུག་ན་རྒྱུ་མཚན་བཤད་རོགས། གཞན་སྐད་ཆ་མེད།
ཨོ་ལགས་སོ། ང་ཚོ་བོད་འདི་བོད་རང་དབང་རང་བཙན་མི་དགོས་ཞེས་༧གོང་ས་མཆོག་གི་ལོ་མང་སྔོན་ལ་གསལ་བོ་གསུངས་འདུག་པ་ཉིད་ཀྱི་མ་གཟིགས་སམ། ངོས་ཀྱི་རྒྱ་རི་བླ་མ་དང་དངོས་སུ་ཐུག་མ་མྱོང་ཡང་ཁོང་གསུང་བཤད་མང་པོ་ཞིག་གསར་ལམ་ཁག་ནས་གོ་བྱུང་བའི་བོད་ཆོལ་ཁ་གསུམ་པོ་ལ་རང་བདག་རང་སྐྱོང་དགོས་པ་གསུང་གི་འདུག གང་ལྟར་ཁོང་ནི་གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་བྱེད་མཁན་ཡང་དག་གཅིག་ལ་ངོས་ཀྱི་ངོས་འཛིན་ཡོད། ཁོང་རྒྱལ་ཚོང་མཁན་རེད་ཟེར་ན་༧གོང་ས་མཆོག་ལ་ཡང་ག་རེ་ཞུ་དགོས་མིན་ཆ་མ་མཆིས། མ་ཚད་རྒྱ་རི་བླ་མ་ཁོང་ནི་མདོ་སྟོད་ཁམས་ཉག་རོང་ཁུལ་གྱི་མི་ཚང་ཆེ་བ་ཞིག་གི་བུ་ཡིན་པ་ཡང་ངས་གོ་ཐོས་བྱུང་། དེ་ལྟར་༥༩་ལོ་ཁོང་གི་ཕ་ཡུལ་ལ་ཚད་ལས་འདས་པའི་སྡུག་བསྔལ་བོད་ས་སྤྱི་ཡོངས་ལྟར་མྱང་ཡོད་པ་ཁོང་གི་གསུང་འདུག ད་ལྟ་༧་གོང་ས་མཆོག་གི་ཁོང་ལ་ཡིད་ཆེས་བློ་འགེལ་ཚད་ལས་འདས་པ་གནང་གི་ཡོད་པ་ནི་ཐམས་ཅད་ཀྱི་མཁྱེན་གསལ་དེ་རེད། ཁོང་གི་བོད་འདི་རྒྱ་ཁུང་ཡིན་པ་ཁས་ལེན་བྱས་ཚར་བ་ཡིན་ན་ག་རེ་བྱས་ནས་རྒྱ་བོད་གྲོས་མོལ་མི་འོང་པ་རེད། རྒྱ་ལ་དགོས་པའི་ལན་དེ་ག་རེ་རེད་བོད་རྒྱ་ཁོང་ནས་རེད་ཟེར་བ་དེ་རེད། དེ་ཁས་ལེན་མ་བྱས་པ་ཡིན་ཙང་ཕན་ཚུན་མི་མཐུན་པ་བྱུང་པ་མ་རེད་དམ། རྒྱ་རི་བླ་མ་༧གོང་ས་མཆོག་གི་སྐུ་ཚབ་ཡིན་ཙང་ཁོང་གི་ཁས་ལེན་གང་བྱས་པ་ཡིན་ན་བྱ་བ་བཟང་ངན་ཐམས་ཅད་ཚར་བ་རེད། སྐུ་ཚེ་རིང་ཅི་གང་ཡང་མི་ཤེས་པའི་འཆོལ་གཏམ་མ་བྱེད་རོགས་ཞུ་བ་ཡིན། ལྷག་པར་དུ་ད་ལྟའི་སྐབས་སུ་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་ལ། མི་མཐུན་པའི་སྐད་ཆ་ངན་པ་དེ་འདྲ་མ་གསུང་རོགས་ཞུ། ཡང་དགོས་ལྷག་པར་དུ་༧གོང་ས་མཆོག་གི་ཐུགས་རེ་དང་ཡིད་ཆེས་ཡོད་པའི་མི་ལ་ཁྱེད་རང་ཚོས་དེ་འདྲ་ལབ་པ་ཡིན་ན་བོད་མི་ལྡོག་ས་གཅིག་སྒྲིལ་ག་དུས་འོང་ཐུབ་གི་རེད། མཁས་དབང་ཁྱེད་ཀྱི་དེ་ང་ལ་ལན་གསལ་བོ་ཞིག་ད་ལྟ་རང་དགོས་པ་ཡིན།
༼༧རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་བོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།༽ རྒྱ་རིའི་གསུངས་འདི་ལ་གོ་བ་གང་འདྲ་ལེན་གྱི་ཡོད་དམ།
༼རྒྱ་ནག་གིས་ལ་བོད་བཙན་འཛུལ་བྱས་སྐབས། བོད་གཞུང་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེ་སྡུག་ཞུས་སྐབས། དུས་ཡུན་རིང་པོའི་བོད་རྒྱའི་ས་མཚམས་འབྲུ་ཆུ་བརྒལ་ཏེ་བཙན་འཛུལ་བྱས་སོང་ཞེས་བཀོད་ཡོད། དེ་དག་ནོར་འཁྲུལ་མ་རེད། སྐབས་དེའི་དངོས་ཡོད་གནས་ཚུལ་རེད།༽རྒྱ་རིའི་གསུངས་འདི་ལ་གོ་བ་གང་འདྲ་ལེན་གྱི་ཡོད་དམ།
ཡང་༼སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། སྐབས་དེར་རྒྱ་ནག་གི་དཔོན་རིགས་ཚོས། ཁྱོད་ཚོར་གོ་སྐབས་མ་སྤྲད་པ་མ་རེད། སྔོན་མ་སྲིད་བློན་གྱིས་བོད་རིགས་བླ་ཆེན་དཔོན་ཆེན་མང་པོ་ཞིག་བསྡུས་ཏེ། བོད་རིགས་གཅིག་གྱུར་བྱ་རྒྱུ་ཡིན་ནམ་མིན་ཞེས་འདྲིས་སྐབས། ཁོང་ཚོས་གཅིག་གྱུར་མི་དགོས། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག་ཅེས་ལབ་པ་རེད་ཟེར༽འདི་ལྟར་རྒྱ་རིས་རྒྱ་གཞུང་གི་སྐད་ཆ་ནུས་ལྡན་གྱི་ཁུངས་བཅོལ་ས་བྱེད་དོན་གང་ཡིན་ནམ། འདི་ལྟར་རྒྱ་ནག་གི་སྐད་ཆར་ཡིད་ཆེས་ཆ་འཇོག་བྱེད་དགོས་པ་རེད་དམ།
ཚིག་པ་མ་ཟ་རོགས། ཁོང་གི་བཀའ་མོལ་འདི་ཚོར་ནམ་ཡང་རྗེས་སུ་ཡི་རང་མེད། ངོ་རྒོལ་ཡོད།
མྱི་ལྡང་། ད་ལྟའི་དུས་ཚོད་འདི་རྒྱ་རི་མ་རི་བཤད་པའི་དུས་ཚོད་ཅིག་མ་རེད་ཡ། ས་ཡོམ། གཤིན་པོ། རྨས་མ། དྭ་ཕྲུག ་་་་་་་་་་་་་་་་་་་་་་
དེ་བདེན་གི་ད་ག་རེ་བྱེད་དགོས་ནི་ངོ་མ་སེམས་པ་སྐྱོ་བ་གཅིག་རེད་འདུག ཨ་ཧ་བོ་ཡིན་ན་ད་ཤི་ལ་མ་ཤི་ཡོད་པའི་བོད་མི་དེ་ཚོ་སྙིང་ཞིག་རྗེ་ཨ། དེ་རང་ང་སེམས་སྟེང་ནས་སྐྱོ་བོ་བྱུང་སོང་། ངོས་ཀྱི་ངོ་ཤེས་པ་ཡང་མང་པོ་ཞིག་ཤི་ཚར་འདུག་པ་དང་མང་པོ་ཞིག་རྨས་མ་བྱས་ནས་འདུག ད་ཁེ་རེ་མོ་ང་ཚོ་རང་དབང་ཞིག་ཡོད་པ་ཡིན་ན་ས་དེ་ལ་སོང་ནས་ཟས་ཁམ་གང་མ་རྟོག་མེད་པ་ཡིན་ན་རོགས་སྐྱོར་ཞིག་བྱེད་ཐུབ་ག་འདྲེས་དགའ་བོ་ཡོད་ན། ཕ་རོ་ཟ་རྒྱུ་རྒྱ་འདྲེ་འདི་ཚང་གི་གནོད་པ་ལ་རྟེན་ནས་བྱ་ཐབས་ཡོངས་སུ་བྲལ་སོང་། ཨ་ཁེ་རེ་མོ་ཡིན་ན་དྲ་གྲོགས་རྣམས་པ་ད་ག་འདྲ་བྱས་ན་དགའ་རྒྱུ་རེད།
སྟག་སྨྱོན་མི་སྨྱོན་གང་འདྲ་ཡིན་པ་ན།
མི་གཏམ་རྣ་བར་མི་འགྲོ་ཐག་ཆོད་རེད།
མི་ངན་དེ་ཚོར་འབྲེལ་བ་མི་བྱེད་པར།
མི་བཟང་རྣམས་ལ་སྙིང་གཏམ་བཤད་ན་མཚར།
ད་ནི་ལག་དམར་དགྲ་ཡི་བྱེད་ལས་དང་།
སྙིང་མེད་མི་ཡི་གོ་བ་ལེན་ལུགས་སོགས།
གང་དུ་ལྟས་ཀྱང་ཁ་ཕྱོགས་གཅིག་པ་རུ།
ང་ཡི་ལྟས་ན་སྙིང་རླུང་འཕར་བའི་རྒྱུ།
མཁས་མཁས་བསམ་པའི་ང་རྒྱལ་ཁོག་དུ་བཅུག
མི་མཁས་བསམ་པའི་རྟག་དུ་དམན་ས་འཛིན།
མཁས་དང་མི་མཁས་སུ་ཡི་ཤན་འབྱེད་དུ།
ཟུར་ནས་བློ་ལྡན་རྣམས་ཀྱིས་གཟིགས་པར་ཞུ།
ད་ལྟའི་དུས་ནི་ཧ་ཅང་གི་གནས་ཏང་སྐྱི་བོ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་མོད།དེས་ན་ས་ཡོམས་ཀྱི་གོད་ཆགས་ཁྲོད་ཀྱི་འདས་པོ་རྣམས་ཀྱི་དོན་དུ་སྔོ་སྨོན་དང་།རྨས་མ་ཚོ་ལ་སྨན་བཅོས་གྱི་རོགས་རམ་སོགས་གང་འོས་བྱེད་དགོས་པ་ལས་དོན་མེད་རྩམ་རྙོག་དེ་ཚོས་ཕན་གང་ཡང་མ་རེད།ད་དུང་མི་མངས་སྟོང་ཚོ་མང་པོ་བཟའ་བཅའ་དང་སྡོད་ཁང་སོགས་ཀྱི་དཀའ་ངལ་དེ་དག་སེལ་བར་རོགས་པ་གང་ཡོང་བྱེད་དགོས་པར་འདོད།
ཨ་རོ་སྟག་སྨྱོན་ཁྱོད་ས་ཡོམ་འོག་དུ་ཤི་ཚར་བ་མ་རེད་དམ་
ད་དངོས་གནས་ཤི་ཚར་བ་ཡིན་པ་འདྲ་གོ་ཡ་མི་འདུག། གང་ལྟར་མ་འགྲིགས་པ་ཞིག་རེད་ཞག ཡ་གེ་མ་མཆུ་ལགས་དྲ་ཐོག་ནས་སྐད་ཆ་ངན་པ་དེ་འདྲ་མ་བཤད་རོགས་ཞུ།
ཡ་གེ་མ་མཆུས་བཤད་པའི་སྐད་ཆ་བདེན་་པ་མེན་ནམ་སྟག་སྨྱོས་དངོས་གནས་གོ་རྒྱུ་མི་འདུག་ས་ཡོམ་གོད་
ཆག་ཁྲོད་དགོངས་པ་གཞན་དོན་དུ་གཤེགས་ཚར་བ་ཡིན་ས་རེད་ཨོྃ་མ་ཎི་པདྨེ་ཧཱུ༷ྃ༔ཨོྃ་མ་ཎི་པདྨེ་ཧཱུ༷ྃ༔ཨོྃ་མ་ཎི་པདྨེ་ཧཱུ༷ྃ༔ཨོྃ་མ་ཎི་པདྨེ་ཧཱུ༷ྃ༔ཨོྃ་མ་ཎི་པདྨེ་ཧཱུ༷ྃ༔
རྒྱ་ཁྱི་ངོ་ལུག་སེང་གེར་བརྫུས་པ་བཀྲ་མི་ཤིས
ཡ་གའི་གངས་རིའི་ཕོ་བྲང་ན།།
སེང་གཡུ་ལོ་ཅན་དེ་ཁྲི་ལ་མཛེས།།
སྤྱིར་འཛམ་བུ་གླིང་གི་རྒྱན་ཆ་དང་།།
སྒོས་བོད་འབངས་ཀུན་གྱི་བློ་གཏད་ཡིན།།
བོད་སྒང་བའི་བསོད་ནམས་ཟད་དུས་འདིར།།
འཁོར་འབངས་མི་དད་སེམས་ཆེ་ནའང་།།
དོན་རང་མགོ་མི་ཐོན་ཨ་ཐང་ཆད།།
ཁོང་སེང་གེའི་དཔུང་རོགས་གདའ་ལི་ཙམ།།
དེའི་ནང་ནས་རྒྱ་ཁྱི་ངོ་ལུག་དེ།།
ཕར་བཏང་ན་དོན་གོ་ཆོད་ཉིན་མེད།།
སྡང་དགྲ་བོར་ཐུག་ན་ཁ་ཤ་འདར།།
ཁྱིམ་ནང་མིའི་ཐོག་ལ་དཔའ་སྐད་འཐེན།།
ཁྱི་གདའ་ལུས་རང་ཚོད་མི་ཟིན་པར།།
ཁོང་བཀའ་སྤྱིའི་མགོ་ལ་ཁུ་ཚུར་རྡུང་།།
འདི་སེང་གེའི་འཁྲིས་ན་ཝ་དང་འདྲ།།
བོད་ཕྱི་ནང་ཀུན་ལ་ངར་མདོག་སྟོན།།
དོན་ངོ་མ་རང་དོན་ཕུགས་སུ་བཅུག།
བཀྲ་མི་ཤིས་རྒྱ་ཁྱི་སེང་གེ་བརྫུས།།
འདིའི་རང་མཚང་མྱུར་དུ་མ་བསྔོག་ན།།
བོད་སྒང་བ་རྩ་ན་འཕུང་ཉེན་གདའ།།
གཉིད་མ་འདུག་སེང་ཕྲུག་ངར་མ་ཚོ།།
ཕ་གཡུ་རལ་ཅན་གྱི་དཔུང་རོགས་གྱིས།།
ཨ་རོ་ཕ་རོ་ཟ་རྒྱུ་སེམས་ཅན་སྟག་གི་མིང་ཅན་གང་ན་ཡོད་ཤི་བ་ཨེ་རེད
ཡ་ག་མ་མཆུ་ལགས།
ཁྱོད་ཀྱི་ཁ་ན་བཀྲ་མི་ཤིས་པ་རྐྱང་རྐྱང་ལས་བཤད་རྒྱུ་མེད་པ་ཅི་བྱུང་། ཁྱོད་ཀྱིས་བྱ་རྒོད་ཀྱི་སྐྱེ་བ་བླངས་ཡོད་པ་འདྲ། ཕ་རོ་ཟ་མཁན་ཞིག་ཡོད་ན་ཁྱོད་མིན་ན་སུ། ཁ་སང་དེ་རིང་རོ་ཞེས་པའི་མིང་འདི་མ་གླེང་ན་ཆོག་གམ། ནང་མི་འདས་པོ་ཚོའི་དགུང་ཞག་ཀྱང་ཁ་གང་མེད་ས་ནས། ཕ་རོ་ཟ་རྒྱུ་ཟེར་མི་ཉན་པའང་མི་ཤེས་པའི་གླེན་པ་འུ་ཐུག་ཅིག་ལ་ཁྱོད་ལས་སུ་ཡོད་ཨང་།
མེ་ལོང་ནས།
ཡ་གེ་མ་ཆུ་ལགས་།
ཁོ་བོས་ཁྱོད་དང་སྟག་སྨྱོན་གྱི་རྩོད་པ་ཡོངས་རྫོགས་མགོ་ནས་མཇུག་བར་བཀླགས་ཀྱང་སྟག་སྨྱོན་གྱི་རྩོད་དོན་ལ་རྒྱུ་མཚན་དྲངས་རྒྱུ་འདུག་མོད་་་འོན་ཀྱང་ཁྱོད་ནི་དམོད་ཚིག་ལས་མེད་དོན་ཤེས་ཡོན་ཆེ་ཆུང་གི་ཁེ་འབག་ལས་ཡིན་ནམ་ཡང་ན་དྲང་བདེན་ལ་བདེན་ཁ་སྤྲོད་མིན་གྱི་ཡིན་ནམ།།
ཧ་ཧ་ཧ ཨ་རོ་ཐུབ་པད་རེད་ང་ནི་ཡོན་ཏན་མེད་པ་ཞིག་ཡིན་ཁྱེད་བདེན་པ་རེད། ཡིན་ནའང་ངས་ལྟས་པ་ཡིན་ན་ཁྱེད་ཀྱང་ཧ་ཅིང་གི་མཐོང་རྒྱ་ཆུང་ཆུང་ཞིག་དང་སེམས་ཁོག་ཆུང་ཆུང་ཞིག་ཡིན་པ་འདྲ། ཕ་རོ་ཟ་ཟེར་བ་དེ་དངོས་སུ་ཟ་དགོས་རྒྱུ་རེད་བསམ་ཨེ་བྱུང་དེ་འདྲ་མ་རེད་ཧ་ཧ་ཧ། ཚིག་ཙམ་ལ་ཡང་དེ་འདྲ་དགོང་པ་ཡིན་ན་ཁྱེད་ལ་འང་ཡོན་ཏན་ག་འདྲ་ཡོད་ཧ་གོ་མ་སོང་ཞུ་བ་ཡིན། སྟག་སྨྱོན་གྱི་ཕ་ཡེ་ཤུལ་གྱི་ས་ཡོམ་འོག་དུ་ཤི་ཚར་བ་ངའི་ཁྱེད་ཀྱི་ངག་ནས་མིན་པ་གོ་མ་བྱུང་ཨོ་ཨོ་ཨོ། མ་གཞི་དོལ་རྒྱལ་རྟེན་མཁན་ཚོ་ལ་ལམ་འགྲོ་མེད་པའི་གཅིག་བྱས་ན་ཡིན་རྒྱུ་རེད་སྙིང་རྗེ་ཨ།
ཡ་ག་མ་མཆུ་ལགས། འདི་ནི་ཁྱོད་ལ་ཕུལ་བའི་ལེགས་བཤད་ཡིན་པ་གཤམ་དུ།
བོད་གཞུང་གི་ལས་སྣེ་བ་ཚོའི་ནང་ན་ཡོན་ཏན་ཡོད་མེད་དང་དབུལ་ཕྱུག་ཅི་རིགས་མཆིས་ཀྱང་། གཙོ་ཆེ་བ་ནི་སོ་སྐྱེ་ཕལ་བ་ཀུན་གྱི་མཐོང་ཆོས་སུ་ཡོད་པའི་རྒྱུ་འབྲས་རགས་པ་བརྩི་མི་ཞིག་ཡིན་ན། རྒྱལ་བ་རིན་པོ་ཆེ་དང་བོད་འབངས་བསླུ་མི་སྲིད་པས། རང་རེས་གོང་དུ་བཀུར་འོས་པ་སྨྲས་ཅི་དགོས།
རྒྱལ་དབང་དང་བོད་གཞུང་ཁ་ལ་འཁྱེར་ནས་རང་ཉིད་ཀྱི་ཐོབ་གོ་ས་དང་སྙན་གྲགས་དེ་སྤྱི་བྱུས་དང་བརྗེས་མཁན་ཚོའི་ངན་མཚང་ཐེར་འདོན་མ་ནུས་ཚེ། བཙན་བྱོལ་བོད་པ་ཚོ་ནམ་ཡང་ཕྱི་ཚུལ་དམངས་གཙོ་ལྟར་སྣང་དང་དོན་དུ་དཔོན་ངན་འཕུང་འདྲེ་ཚོའི་བྲན་གཡོག་ལས་ཐར་བར་དཀའ། འདི་ནི་ངའི་དོན་གྱི་རྡོ་ཁ་ཡིན།
ཁྱོད་ཀྱིས་ཕྱོགས་ཞེན་ནམ་རྨོངས་དད་ལས་གཙུག་ཏུ་བཀུར་བའི་དཔོན་པོ་དེས་བོད་སྲིད་བསྐྱངས་པའི་ལོ་རྒྱུས་རྫུན་དང་མ་འདྲེས་པ་ཞིག་བྲིས་ནས་ཀུན་ལ་བསྟན་ནུས་ན། ང་དང་ང་ལྟ་བུ་ཚོས་ཁ་ཚེག་མི་དགོས་པར་ཚང་མས་དཔོན་པོ་དེའི་དགེ་སྐྱོན་རྒྱ་མར་བཞག་ནས་གདེང་འཇོག་བྱེད་སླ་ལ། ལྷ་འདྲེ་གང་དུ་སོང་བ་གསལ་ལེར་ཤེས་ཐུབ། ཡིད་ཕངས་པ་ལ། དེ་སྔ་བོད་ཀྱི་སྐུ་དྲག་ནས་བཟུང་སྟེ་དཔོན་ངན་ཤི་ན་དེས་བྱས་རྗེས་ཕྲན་བུའམ་རྫུན་མ་འབའ་ཞིག་གི་རྣམ་ཐར་ཕྱི་མི་ཚོར་བཞག་སྟེ། རང་ཉིད་ཀྱིས་རྒྱ་ཁབ་དང་མི་མང་བརླག་པའི་ངན་མཚན་ཡོད་ཚད་ལྐོག་གྱུར་གྱི་གནས་སུ་འཕེན་པ་ཡིན། རྗེས་རབས་པ་ཚོས་དེའི་རིགས་ཀྱི་ངན་མཚང་བརྟོལ་སྲིད་ནའང་འཕྱི་དྲགས་པས་བཅོས་སུ་མེད།
དེས་ན་བོད་ལ་ཤ་ཚ་ན་མི་ཡོད་ཐོག་འདིར་ཁྱོད་ཀྱི་གཉེན་ཉེ་དཔོན་པོ་དེའི་ལོ་རྒྱུས་རྗུན་དང་མ་འདྲེས་པ་ཞིག་བྲིས་ནས་ཀུན་ལ་སྟོན་དང་བཟང་ངན་ལྷང་ལ་འབུད་ངེས་ཡིན། དེ་མི་ཕོད་ན་སྨྲས་པ།
མི་ཤེས་ཤེས་མདོག་རང་མཚང་སྟོན་པ་ལས།།
དག་ཡིག་བསླབ་ན་གཞན་གྱི་མིག་ལ་མཛེས།།
དེ་མིན་དཔོན་ངན་རྐུབ་ལ་སྣོམ་ཟེར་ན།།
དྲི་ངན་ཤོར་ནས་དྲན་པ་འཐོར་ལ་སྒུགས།།
སྟག་སྨྱོན་ནམ་མེ་ལོང་ལ་བྲིས་པ
་ཧ་ཧ་ཧ་ང་ལ་ཡོན་ཏན་མེད་གོང་དུ་ལབ་ཚར་བ་ཡིན་པས་དག་ཡིག་ཤེས་ན་འདྲ་མི་ཤེས་ན་འདྲ་ཁྱད་པར་མེད་པས་ཐུགས་ཁྲལ་མི་མཛད་རོགས་ཞུ། རེད་ང་མི་དག་ཡིག་མི་ཤེས་མཁན་རེད་དེ་ཟེར་མཁན་ཁྱེད་རང་རེད་ཧཧཧ་ཁྱེད་ཀྱིས་ཀྱང་དག་ཡིག་ཡང་སྐྱར་སྦྱང་དགོས་པ་འདྲ་གང་ལྟར་ཡོན་ཏན་མེད་པ་ང་འདྲ་བའི་ལྟས་ན་ཁྱོད་ཀྱིས་བྲིས་པའི་ཡི་གེའི་ནང་ལ་ཧ་ཅིང་གི་ནོར་བ་མང་པོ་འདུག ངའི་མིང་ལ་ཡ་གེ་མ་མཆུ་རེད་ཡ་ག་མ་མཆུ་མ་རེད་ད་དུང་ཁྱོད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཟེར་བ་ལ་རང་ཉིད་ཀྱི་རྒྱ་ཁབ་ཟེར་འདུག་པའི་རྒྱ་ཁབ་ཀྱི་མིག་ཙམ་པ་དེ་ཁྱོད་ཀྱི་བློ་རྒྱ་དེ་ཡིན་པ་འདྲ། ད་དུང་ཁྱོད་ཀྱིས་དཔོན་པོ་དེའི་ལོ་རྒྱུས་རྫུན་མ་ཟེར་བ་ལ་རྗུན་དང་མ་འདྲེས་པ་ལབ་འདུག་པས་ཁྱོད་ཀྱིས་ཇ་དང་ཛ་གཉིས་ཡང་ཁ་ཁ་ཤེས་གི་ཨེ་ཡོད་བསམ་བྱུང་། ཁྱོད་ཀྱིས་ང་ལ་འདི་ནི་ཁྱོད་ལ་ཕུལ་བའི་ལེགས་བཤད་ཡིན་ལབ་འདུག་ཀྱང་ལེགས་བཤད་ཟེར་བ་དེ་སྐྱོན་ཀུན་ཟད་ཞིག་ཡིན་དགོས་པ་འདྲ། ཨ་ཨ་དེ་རིང་ངའི་བསོད་ནམས་ལ་ལེགས་བཤད་ཡག་པོ་དེ་འདྲ་ཅིག་མཇལ་བྱུང་ཨ་ཨ་ཨ། དུད་འགྲོ་སེམས་ཅན་གྱི་མིང་འཛིན་པ་ཁྱོད་ཀྱིས་མིང་གཞན་གང་བེད་སྤྱོད་བྱས་ཀྱང་ང་ཚོས་གསལ་བོ་ཤེས་གི་ཡོད། དམ་སྲི་དོལ་རྒྱལ་དང་འབྲེལ་བས་མི་ཁྱེད་ཚོ་བོད་གཞུང་མ་དགོས་༧གོང་ས་མཆོག་ལ་ཡང་གྱེན་ལོག་བྱེད་གི་ཡོད་པ་ཀུན་ཀྱིས་ཤེས་གསལ་རེད་སྙིང་རྗེ་སྟག་སྨྱོན་དང་དེའི་རྗེས་འབྲང་བ་ཚོ། བོད་གཞུང་གི་དཔོན་པོ་གཅིག་ཀྱང་ང་ལ་ཉེ་འབྲེལ་ཡང་མེད་པས་ཁྱོད་རང་འཇིགས་མི་དགོས། གང་ལྟར་ང་ནི་བོད་པ་ཡིན་དེ་ལ་རྟེན་ནས་བོད་གཞུང་གི་ལས་བྱེད་པ་ཡོངས་ལ་གུས་ཞབས་བྱེད་རྒྱུ་ཡིན་པས་བློ་བདེ་བོ་འདུག སྟག་སྨྱོན་ཁྱོད་དོལ་རྒྱལ་རྟེན་མཁན་ཡིན་པ་ལོ་སྔོན་མ་དྲ་རྒྱ་ཐོག་ལ་ཀུན་ཀྱིས་ཤེས་གསལ་རེད། ད་ནས་བཟུང་དམ་ཉམས་ཁྱེད་ཚོ་ལ་འབྲེལ་བཤད་བྱེད་འདོད་མེད། ངའི་ཡིག་སྐྱོན་ལ་སེམས་ཁྲལ་མི་བྱེད་པར་མ་འོངས་པར་ཁྱོད་ཀྱི་ལེགས་བཤད་འདྲ་ཡོད་ན་གཟབ་གཟབ་དགོས་པ་འདྲ་སེམས་ཅན་ང་རྒྱལ་ཅན་དུད་འགྲོ་སྟག་གི་མིང་ལ་བྲིས་པ་ཡིན།
ཡ་གེ་མ་མཆུ་ལགས།
འགྲོ་མི་ཉན། ཁྱེད་བུད་སོང་ན་ང་ཚོར་མི་བླུན་པོ་དགོད་ཁ་སློང་མི་མེད་པས། གྱོང་ཆེ་ནས་འདུག ཁྱེད་ཀྱིས་མི་ཚོགས་ནང་དུ་གླེན་རྟགས་གླེན་བཤད་ཅི་ཙམ་མང་བར་བྱས་ན། མི་ཀུན་གད་མོ་དང་སྙིང་རྗེ་མང་ཙམ་ཤོར་བས་ན། ཁྱོད་ནི་ང་ཚོས་བསོད་ནམས་བསགས་པའི་རྒྱུ་རུ་འགྲོ་བ་ཡིན།
ཨ་དྲིན་ཆེན་པོ། ད་རུང་མུ་མཐུད་ནས་མི་ཀུན་གད་མོ་ཤོར་ནས་གྲོད་པ་ན་བའི་གླེན་རྟགས་རེ་ཕུད་དང་། དགའ་བ་ཐམས་ཅད་དགེ་བ་ཡིན་པ་ལོས་ཤེས།
འདི་ཡང་ཁྱེད་ལ་ཕུལ་བའི་ལེགས་བཤད་ཅིག་ཡིན།
མེ་ལོང་ནས།
ཡ་གེ་མ་མཆུ་ལགས། ཁྱེད་དངོས་གནས་ང་རྒྱལ་ཆེ་ཁུ། དེ་འདྲ་མ་གསུངས་ཡག་པོ་མི་འདུག་སྐུ་ཚེ་རིང་་་་་
དེ་བདེན་པ་རེད་ང་ནི་གླེན་པ་ཡིན་པས་དོལ་རྒྱལ་བ་ལ་འབྲེལ་བ་བྱེད་འདོད་མེད།
ཡ་གེ་མ་མཆུ་ལགས།
ཁྱོད་ཀྱིས་དོལ་རྒྱལ་ལ་དད་མི་ཚོར་དམའ་འབེབས་གང་ཐུབ་བྱས་ཏེ། ཐ་ན་དོལ་རྒྱལ་བསྟེན་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཞིག་ཡོད་པའི་སྣང་བ་ཙམ་ཡང་མི་འདུག དེ་ལ་གཞིགས་ན་ཁྱོད་ནི་འཛམ་གླིང་ཐུན་མོང་གིས་བཀུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་ཚན་སུམ་ཅུའི་བདག་ཉིད་ཅན་དེ་རྣ་བར་ཐོས་མ་མྱོང་བའམ་ཐོས་ཀྱང་ཅི་ཡིན་མ་རྟོགས་པ་ཞིག་དང་། སྡུག་མཐའ་ལ་རང་ཉིད་ལ་དེ་འདྲའི་ཐོབ་ཐང་ཞིག་ཡོད་པ་གཏན་ནས་ཤེས་མེད་པ་ཝ་ལེར་གསལ།
ཡང་ཁྱོད་ཀྱིས་རྒྱལ་བ་རིན་པོ་ཆེ་ཁོང་ངག་ནས་ནེ་ཙོས་མ་ནི་འདོན་འདོན་བྱེད་པ་ལས། དམ་པ་ཁོང་གི་བསླབ་བྱའི་དོན་མི་གོ་བར་རྐང་བཞིའི་གྲས་སུ་འདུག རྒྱལ་བ་རིན་པོ་ཆེས་ནི་དོལ་རྒྱལ་ལ་དད་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་གནང་བ་ཡིན། ཁོང་གིས་དོལ་རྒྱལ་བ་ཚོ་བོད་པ་མིན། བོད་མིའི་གྲས་སུ་འོང་མི་དགོས། བོད་དོན་གླེང་སར་ཡོང་མི་ཆོག་ལྟ་བུ་གཏན་ནས་གསུང་མེད་པར། བླ་སློབ་ཀྱི་དམ་ཚིག་མི་བསྲེས་གསུངས་པ་དང་དད་མོས་ཁ་ལ་གཡར་ནས་མི་ཆོས་དང་འགལ་བའི་ལས་བརྩམས་པ་དགག་ཡོད་པ་དེ་མ་གོ་ན་བྱ་རྒྱུ་མེད།
གཞན་བཤད་མི་དགོས་པར་ཁྱོད་ཀྱིས་རང་ལ་རྒྱུ་མཚན་ཉག་ཅིག་མེད་ཀྱང་། མི་ཤེས་ཤེས་མདོག་གིས་ང་མེ་ལོང་དང་སྟག་སྨྱོན་གཉིས་མི་གཅིག་ཡིན་ཚུལ་བྱུང་རྒྱལ་དུ་སྨྲ་བ་དེ་ཁོ་ནས་ཀྱང་ཁྱོད་ནི་ཚར་འདུག་པ་རྟོགས།
ད་ནི་ཁྱོད་རྒྱ་རི་ཚང་དང་འབྲེལ་བའི་གླེང་གཞི་འདི་ལས་ཝ་རྔ་མ་དྲུད་ལེ་བྲོས་ན་དགའ། དེ་མིན་དཔའ་རྩལ་དྲུག་འཛོམས་པའི་སྟག་མཆོང་སར་ཝ་མཆོང་ན། རྒལ་ཚིགས་འཐོར་བ་ཡིད་ལ་ཟུངས།
འདི་ཡང་ཁྱེད་ལ་སྦྲན་པའི་ལེགས་བཤད་ཅིག་ཡིན་ནོ།།
ཨོ་ཧ་ཧ་སྙིང་རྗེ་ཨ་ཁྱོད་ཚོ་སྟག་བྱས་ནས་ང་ཝ་བྱེད་བསམ་པ་སྣང་བ་འཁྲུལ་བ་རེད། ང་ནི་རྒྱ་རི་བླ་མ་དང་འབྲེལ་བ་གང་ཡང་མེད་པས་སེམས་ཁྲལ་མི་དགོས། ད་ཁྱོད་ཚོ་འཇོན་པོ་ཡོད་ན་རྒྱ་རི་ཚང་གི་ཤ་དྲོན་མོ་ཟ་ཐུབ་ན་ཟ་རོགས་ཟེར་བ་ཡིན་པས་སེམས་ལ་ཞོག རེད་ང་ནི་༧གོང་ས་མཆོག་གི་མཚན་ནེ་ཙོས་མ་ནི་འདོན་འདོན་བྱེད་རྒྱུ་ཡིན་དེ་ངས་གོམ་གཤེས་རེད་པས་ཐབས་ཤེས་མི་འདུག ངའི་ཁྱེད་རང་ཚོས་དོལ་རྒྱལ་རྟེན་པ་ལ་ཆོས་དད་རང་དབང་སྤྲད་ད་སྤྲད་དེ་ངས་ལས་འགན་མ་རེད་པས་ཁྱེད་ཚོས་གང་བྱེད་ན་བྱེད་ང་ལ་ཁྱད་པར་མི་འདུག གང་ལྟར་སྟག་སྨྱོན་འམ་མེ་ལོང་སུ་ལབ་ཀྱང་ང་དང་ལྟ་བ་མི་མཐུན་པ་རེད་འདུག་པའི་ང་ལ་ཡང་གཏམ་བརྗོད་རང་དབང་སྤྲད་རོགས་ཟེར་བ་ཡིན། ཡོན་ཏན་ཅན་ཁྱོད་ཚོས་ང་འདྲ་བའི་ཡོན་ཏན་མེད་མཁན་ལ་ཡི་གེ་ནོར་བས་ལེགས་བཤད་དེ་ཚོ་མཐོང་དུས་དགོད་འཆོལ་བོ་བྱུང་ཧ་ཧ་ཧ་ཧ་ཧ། འདི་ལ་ལེགས་བཤད་ལ་ངོས་ལེན་མེད་པས་ནོར་བཤད་ཞེས་མིང་འདོགས་པ་ཡིན་ནོ།
རྒྱ་རི་ལ་སྐྱོན་བརྗོད་བྱས་ན་དེ་བྱེད་ཆོག་པ་ཞིག་རེད། འོན་ཀྱང་སྐྱོན་བརྗོད་བྱེད་མཁན་གྱི་མི་ལ་བལྟ་རྒྱུ་ཏན་ཏན་ཡོད། སྟག་སྨྱོན་ཟེར་བ་དེ་ལོ་སྔོན་མར་པད་ནོར་རིན་ཆེ་གྲོངས་སྐབས་མིང་མི་འདྲ་བ་བདུན་བཟོས་ནས་སྙིང་ཚིམས་བྱེད་མཁན་དང་། རང་ཉིད་ཀྱིས་རང་བཙན་ལག་དེབ་ཀྱང་འདྲ་པར་བཀོག་རྗེས་གད་སྙིགས་ནང་དུ་གཡུག་མྱོང་མཁན་གྱི་མི་དེ་རེད། ད་དུང་མི་དེ་སྔོན་མ་མན་ཇུ་ཀྲི་ལ་ནས་ལྷ་མི་སྲུང་སྐྱོབས་ཚོགས་པའི་མགྲོན་ཁང་དུ་ཞབས་ཞུ་བྱས་ནས་སྡོད་མྱོང་བ་རེད་ཟེར། དེས་ན་མི་དེས་བོད་གཞུང་དང་གཞུང་ཞབས་སྐུ་ཚབས་སུ་ལ་སྐྱོན་བརྗོད་བྱས་ཀྱང་ཀུན་སློང་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་མེད། གཞན་རྒྱ་རི་ཡག་རྩོག་ངས་མི་ཤེས། མེ་ལོང་ཟེར་བ་དེ་ཡང་སྟག་སྨྱོན་ཁོ་རང་ཡིན་པ་འདྲ།
ཨ་རོགས། ཡ་གེ་མ་མཆུ།
ཕྱོགས་ཆུང་ས་ནས་བལྟས་ན། ཁྱོད་ལའང་གོ་བ་ཅུང་ཟད་ཡོད་པ་འདྲ། གང་ཡིན་ཟེར་ན། བོད་ཡིག་གི་དག་ཆ་ཨེན་ཙམ་ཇེ་ལེགས་སུ་སོང་བ་དང་། གཞན་གྱི་ཚིག་སྦྱོར་འགའ་ཤས་ཀྱང་ལད་ཟློས་བྱ་ནུས་པ་དང་། དམོད་ཚིག་འབྲི་རྒྱུ་ཉུང་དུ་སོང་འདུག འདི་ནི་དགའ་འོས་པའི་དོན་དུ་མཐོང་། འོན་ཀྱང་ཚིག་དོན་ལ་གོ་བ་ལེན་སྟོབས་ཞན་པ་སྔར་བཞིན་དུ་གཡག་ཞར་གྱིས་ཚུལ་དུ་ལྷགས། མཆན་བུ་མང་པོ་བཏབ་པ་ལ་བལྟས་ན། ཁྱོད་ལ་སྡུག་རུས་ཆེན་པོ་འདུག མུ་མཐུད་ནས་བརྟུན་པ་སྐྱེད་དང་འབྲས་བུ་ལོས་འབྱུང་།
འདི་ནི་ཁྱོད་ལ་སེམས་གསོའི་ཚུལ་དུ་སྤྲིངས་སོ།།
ཡ། ཀུན་བསོད།
ཁྱོད་ལ་མངོན་ཤེས་རེ་ཡོད་ན་མ་གཏོགས། མི་རང་དགར་བ་ཞིག་གིས་དྲ་རྒྱའི་ནང་གི་མི་སུ་ཡིན་ཤེས་མི་ཐུབ། ངས་བལྟས་ན་ཁྱོད་ཀྱིས་མུན་ནག་མདའ་འཕེན་གྱི་གཏམ་བཤད་འདུག མེ་ལོང་དང་སྟག་སྨྱོན་གྱི་རྩོམ་སྟངས་ལ་སོ་སོར་སྣང་བའི་ཁྱད་པར་ཆེ་ནའང་། རང་ལྟ་མཆོག་འཛིན་གྱིས་མི་མཐུན་ཕྱོགས་ཚང་མ་དོལ་རྒྱལ་དུ་བགྲངས་བར་དགོད་རེ་བྲོ།
བལྟས་པ་ཙམ་གྱི་ཁྱོད་ཀྱི་སྐད་ཆར་ཡིད་མི་ཆེས། ཅི་ཕྱིར་ཞེ་ན། ང་སྟག་སྨྱོན་མིན་ཡང་ཡིན་པར་བརྗོད་པས་སོ།།
ལྟ་བ་མི་མཐུན་པ་དང་དཔོན་ངན་གྱི་སྐྱོན་མཚང་ཐེར་འདོན་བྱེད་མི་ལ་ཉེས་འགེལ་བྱས་ཏེ་མི་དམངས་ལ་ཕྱོགས་སློང་བ་འདི་ནི་ཆབ་སྲིད་པའི་གཡོ་ཐབས་ཡིན། དད་པ་དང་ལྷག་བསམ་ཁོ་ན་རྒྱབ་བརྟེན་ཏེ་རྒྱ་ལག་ནས་ཤི་རྒྱུར་སྒུག་འདོད་པ་ཚོ་ལ་བག་ཟོན་བྲལ་ཀྱང་། མི་བུ་དཔྱོད་ཤེས་པ་དག་ནི་ནམ་ཡང་གཉིད་ལས་སད་པ་དང་། དད་པ་དང་རེ་བ་ཁོ་ནས་འཆི་མི་སྲིད།
ཡ། མེ་ལོང་།
ངས་ཁྱོད་ལ་དྲི་བ་གཅིག་འདྲི། བོད་ལ་ཕྱི་དགྲ་གཅིག་དང་ནང་དགྲ་གཅིག་ཡོད། ཕྱི་དགྲ་དེ་རྒྱ་མི་རེད། ཨ་ཅང་ཅང་། ནང་དགྲ་དེ་དོལ་རྒྱལ་བ་ལ་ཚོ་རེད། དོལ་རྒྱལ་བ་ལ་ཚོས་རྒྱལ་དབང་ལྔ་བའི་སྐབས་ནས་ད་བར་བོད་ལ་ཅི་བྱས་མི་ཀུན་གྱི་སེམས་ན་ཡོད་ནི་རེད། འོ་ན་ཁྱོད་དང་སྟག་སྨྱོན་གཉིས་ཀྱིས་ད་བར་ཕྱི་དགྲ་རྒྱ་གཞུང་དང་ནང་དགྲ་དོལ་རྒྱལ་གཉིས་ལ་ཁ་གཏད་ག་ཚོད་གཅོག་མྱོང་། དཔེར་ན་དགའ་ལྡན་གྲ་བག་གྲོ་དང་། ལྷ་བཟང་ཚེ་རིང་། བསྟན་འཛིན་བརྩོན་འགྲུས་སོགས་དུས་རྒྱུན་རྒྱ་གཞུང་གི་ཁ་གཏད་དུ་ཐོན་ཐོན་པ་ཚོ་ལྟ་བུ་ཡིན་ན་རྒྱ་རིའི་མ་ཚད་༧རྒྱལ་བ་ཚང་ལ་སྐྱོན་བརྗོད་བྱས་ཀྱང་ཀུན་སློང་ཡག་པོ་ཞིག་གིས་ཡིན་པར་ངོས་ལེན་བྱེད་ངེས་ཡིན། འོན་ཀྱང་ཁྱོད་དང་སྟག་སྨྱོན་ལྟ་བུ་ཕྱི་མིའི་སྔུན་ནས་ཙི་ཙི་ཞིག་དང་འདྲ་ཞིང་། ནང་མིའི་སྔུན་ནས་འཕར་སྤྱང་ཞིག་དང་འདྲ་བ་ཚོས་རྒྱ་རི་མ་ཟད་རྒྱ་རིའི་སྐྱག་པ་ལ་སྐྱོན་བརྗོད་བྱས་ཀྱང་ཀུན་སློང་ཡག་པོ་ཞིག་ལ་ངོས་འཛིན་གཏན་ནས་བྱེད་ཐབས་མེད། དེ་གཅིག་ཡིན།
གཉིས་པ་དེ།
གལ་ཏེ་བདེན་པ་བདེན་དྲང་གིས་སྐྱོན་བརྗོད་བྱེད་དགོས་ན་མིང་སྐུང་ནས་སྐྱོན་བརྗོད་བྱེད་དགོས་དོན་ཅི་ཡོད། མིང་བསྐུང་ནས་སྐྱོན་བརྗོད་བྱེད་མཁན་ཚོ་ལ་རང་ཉིད་ལ་མི་གཞན་གྱིས་་ཤེས་སུ་མི་རུང་བའི་མཚང་ཡོད་པ་དང་། བྱེད་བཞིན་པའི་སྐྱོན་བརྗོད་དེ་ཚོ་དོན་མི་གནས་པས་གལ་ཏེ་ཁུངས་སྐྱེལ་དགོས་བྱུང་ན་སྐྱེལ་རྒྱུ་མེད་པ་གསལ་བོར་མཚོན་པ་རེད། དེ་གཉིས་པ་ཡིན།
གལ་ཏེ་ཁྱོད་ཀྱིས་ད་བར་ད་བར་རྒྱ་གཞུང་དང་དོལ་ཚོགས་ལ་ཁ་གཏད་བཅག་མྱོང་བ་འདྲ་ཡོད་ན་དྲ་ཐོག་འདིར་ཤོད་དང་། ཁྱོད་མི་བུ་དཔྱོད་ལྡན་དང་ལར་ཞེན་ཅན་ཞིག་ལ་ངོས་འཛིན་བྱས་ནས་རྒྱ་རི་ལ་སྐྱོན་བརྗོད་བྱས་པ་དེ་ཡང་ལྷག་བསམ་གྱིས་ཡིན་པར་ངོས་འཛིན་བྱེད་ཆོག དེ་མིན་ད་བར་ཁྱོད་ཀྱིས་དགྲ་ལ་ཁ་གཏད་བཅག་ཚུལ་རྩྭ་ཡི་རྩེ་མོ་ཙམ་ཞིག་སྟོན་རྒྱུ་མེད་པར། རྒྱ་རིའི་སྟེང་དུ་ངར་ཤོར་བྱེད་ཀྱི་ཡོད་ན་ད་ནི་ཕྲག་པ་ན་ནས་ཤི་སོང་རུང་། ཤི་ལམ་ལ་མ་སོང་བར་གདོན་འདྲེའི་སྐྱེ་བ་བླངས་སོང་རུང་ལས་འབྲས་རང་ལ་འཁོར་བར་ངོས་འཛིན་བྱེད་རྒྱུ་ལས་མེད།
དོན་མེད་སྐད་ཆ་འདི་འདྲ་མ་བཤད་་་་་་་་་་་ཁ་བརྡའི་སྒམ་ཆུང་འདི་འཁྲུགས་འཛིངས་ཀྱི་སྒམ་ཆུང་ཞིག་མི་བསྒྱུར་བའི་རེ་བ་་་་་་་ དེང་དུས་བོད་པའི་སྡུག་བསྔལ་དང་བོད་ནང་བོད་པའི་སེམས་ཤུག་ལ་ཕྱི་མིག་ཞིག་གཟིགས་དང་་་་་་་་་ཕྱོགས་ཞེན་སྐད་ཆ་རེ་བཤད་ནས་དུས་ཚོད་གཏོང་བ་ལས་་་་་་་་་་་
༡། འདི་ན་ང་ལ་ཚིག་ངན་གང་ནག་ནག་བཤད་མཁན་དག་ཀྱང་བོད་དོན་ལ་སེམས་ཤུགས་ཆེ་མདོག་ཁ་བོ་བྱེད་ཀྱི་འདུག རྩ་བའི་བོད་དོན་ལ་སེམས་ཤུགས་དང་བོད་མི་རིགས་ཤ་ཚ་ཡོད་པ་བདེན་ན། བྱེ་བྲག་ང་ལ་དགའ་བོ་དང་རྒྱབ་སྐྱོར་མི་བྱེད་པ་སྐྱོན་མི་འདུག མ་ཟད་ང་ལ་དགའ་མིན་ཙམ་ལ་མ་ལྟོས་པར་བོད་དོན་ཐོག་སེམས་ཤུགས་ཡོད་མཁན་ཚང་མར་རྒྱབ་སྐྱོར་དགའ་བསུ་ཡོད། བོད་དོན་ལ་སེམས་ཤུགས་ཡོད་ན་འགྲིག་རེད།
༢། འདས་པའི་ལོ་རྒྱུས་ནང་རྒྱ་བོད་བར་འབྲེལ་བ་རྣམ་པ་གཉིས་བྱུང་འདུག དེ་ནི་བོད་དབུས་དང་རྒྱ་ནག་འབྲེལ་བ་དང་། བོད་ཀྱི་མཐའ་མཚམས་མདོ་སྟོད་སྨད་དང་རྒྱ་ནག་བར་གྱི་འབྲེལ་བ་གཉིས་རེད། དང་པོ་བོད་དབུས་གཞུང་དང་རྒྱ་ནག་གི་འབྲེལ་བ་ ༡༩༥༡ བར་དུ་རྒྱ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཡིན་ཁ་བོ་གསལ་བོ་རེད། དེ་ནས་བོད་ཀྱི་རྒྱལ་མཚམས་མདོ་སྟོད་སྨད་དང་རྒྱ་ནག་བར་གྱི་འབྲེལ་བ་དེ་ཡུལ་མི་དང་ཇག་པའི་བར་འབྲེལ་བ་ཙམ་རེད། དེའི་ཕྱིར་མདོ་ཁམས་ཁུལ་དུ་རྒྱ་དཔུང་ལ་མ་ཇག་ཚང་ཟེར་སྲོལ་ཡོད་པ་སོགས་ཀྱི་ཐོག་ནས་ཀྱང་བོད་ཀྱི་ས་མཚམས་ཁག་དང་རྒྱ་ནག་བར་གྱི་འབྲེལ་བ་ཡུལ་མི་དང་ཇག་དཔུང་གི་འབྲེལ་བ་ཙམ་ཡིན་པ་གསལ་བོར་མཚོན། མང་ཚོགས་ཀྱི་འབོད་བཞིན་པའི་མིང་ཚིག་འདི་འདྲར་ལོ་རྒྱུས་ཀྱི་གོ་དོན་ཟབ་མོ་ཡོད་པ་རེད། གང་ལྟར་མདོ་སྟོད་སྨད་གང་ཡིན་ཡང་རྒྱ་ནག་གི་ཆ་ཤས་གཙང་མ་ནམ་ཡང་ཆགས་མྱོང་ཡོད་པ་མ་རེད། རྒྱ་རིས་འདི་ལ་བརྩི་འཇོག་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། དུས་ཚོད་མེད་པས་འདི་ཙམ་ཡིན།
༡། འདི་ན་ང་ལ་ཚིག་ངན་གང་ནག་ནག་བཤད་མཁན་དག་ཀྱང་བོད་དོན་ལ་སེམས་ཤུགས་ཆེ་མདོག་ཁ་བོ་བྱེད་ཀྱི་འདུག རྩ་བའི་བོད་དོན་ལ་སེམས་ཤུགས་དང་བོད་མི་རིགས་ལ་ཤ་ཚ་ཡོད་པ་བདེན་ན། བྱེ་བྲག་ང་ལ་དགའ་བོ་དང་རྒྱབ་སྐྱོར་མ་བྱས་ན་སྐྱོན་མི་འདུག མ་ཟད་ང་ལ་དགའ་མིན་ཙམ་ལ་མ་ལྟོས་པར་བོད་དོན་ཐོག་སེམས་ཤུགས་ཡོད་མཁན་ཚང་མར་རྒྱབ་སྐྱོར་དགའ་བསུ་ཡོད། བོད་དོན་ལ་སེམས་ཤུགས་ཡོད་ན་འགྲིག་རེད།
༢། འདས་པའི་ལོ་རྒྱུས་ནང་རྒྱ་བོད་བར་འབྲེལ་བ་རྣམ་པ་གཉིས་བྱུང་འདུག དེ་ནི་བོད་དབུས་དང་རྒྱ་ནག་གི་འབྲེལ་བ་དང་། བོད་ཀྱི་མཐའ་མཚམས་མདོ་སྟོད་སྨད་དང་རྒྱ་ནག་བར་གྱི་འབྲེལ་བ་གཉིས་རེད། དང་པོ་བོད་དབུས་གཞུང་དང་རྒྱ་ནག་གི་འབྲེལ་བ་ ༡༩༥༡ བར་དུ་རྒྱ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཡིན་ཁ་བོ་གསལ་བོ་རེད། དེ་ནས་བོད་ཀྱི་རྒྱལ་མཚམས་མདོ་སྟོད་སྨད་དང་རྒྱ་ནག་བར་གྱི་འབྲེལ་བ་དེ་ཡུལ་མི་དང་ཇག་པའི་བར་འབྲེལ་བ་ཙམ་རེད། དེའི་ཕྱིར་མདོ་སྨད་ཁུལ་དུ་ཡུལ་མི་ཚང་མས་རྒྱ་དཔུང་ལ་མ་ཇག་ཚང་ཟེར་གྱི་ཡོད་པའི་ཚིག་ཙམ་གྱི་ཐོག་ནས་ཀྱང་བོད་ཀྱི་ས་མཚམས་ཁག་དང་རྒྱའི་བར་གྱི་འབྲེལ་བ་ཡུལ་མི་དང་ཇག་དཔུང་གི་འབྲེལ་བ་ཡིན་པ་ལས་རྒྱལ་ཁབ་དང་མི་མང་གི་འབྲེལ་བ་མ་ཡིན་པ་ཧ་ཅང་གསལ་བོ་རེད། མང་ཚོགས་ཀྱི་ངག་ཐོག་གི་མིང་ཚིག་འདི་དག་སྐབས་དེའི་ས་གནས་ས་ཐོག་གི་རྒྱ་བོད་བར་གྱི་དངོས་ཡོད་ཀྱི་འབྲེལ་བ་མཚོན་པའི་ལོ་རྒྱུས་ཀྱི་ཚིག་རང་བྱུང་བ་རྐྱང་རེད། གང་ལྟར་མདོ་སྟོད་སྨད་གང་ཡིན་ཡང་རྒྱ་ནག་གི་ཆ་ཤས་གཙང་མ་ནམ་ཡང་ཆགས་མྱོང་ཡོད་པ་མ་རེད། རྒྱ་རིས་འདི་ལ་བརྩི་འཇོག་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། དུས་ཚོད་མེད་པས་འདི་ཙམ་ཡིན།
ཀུན་བསོད་ལགས།
དང་ཐོག་ཁྱོད་ཀྱིས་རང་གི་བློའི་ཕྱོགས་ཞེན་དེ་རེ་ཞིག་བཏང་སྙོམས་ས་བཞག་རྗེས། གཞན་གྱིས་བྲིན་པའི་མཆན་བུ་དེ་མགོ་ནས་འཇུག་བར་ཐེངས་ཤིག་ཀློག དེ་ནས་ཕྱོགས་རིས་ཀྱིས་སྦྲིད་ལེར་ལན་ལྡོན་ནའང་། མ་མཐར་ལན་ཞིག་འདེབས་པའི་ཐོབ་ཐང་འདུག
ཁྱོད་གྱི་མཆན་བུ༩༦པའི་ལན་དེ་ངའི་མཆན་བུ་༨༦པ་ནས་བཤད་ཚར། དེ་ལ་གཟིགས་རོགས།
གཞན་ཁྱོད་ཀྱིས་ང་དོལ་རྒྱལ་གསོལ་མཁན་དུ་རྩི་བ་དང་བོད་དོན་ཐད་ན་བྱས་རྗེས་མེད་པར་བགྲངས་ནས་རྒྱ་རི་ལ་དོགས་སློང་དང་དགག་སྒྲུབ་ཀྱི་ཐོབ་ཐང་མེད་ཟེར་བ་ནི་བཞད་གད་གྱི་གནས་ཙམ་དུ་ཟད། ཁྱོད་ཀྱིས་དེ་ལྟར་ཡིན་མིན་དང་ཡོད་མེད་ཙམ་སྨྲ་བརྗོད་རང་དབང་གི་སྔོན་འགྲོར་འཇོག་པ་ཡི་མུག་པའི་གཞི།
བསྟན་འཛིན་བརྩོན་འགྲུས་དང་བག་བྲོ་གཉིས་ནི་དང་པོའི་དུས་ན་ཀུན་སློང་བཟང་ཡང་། མིང་གྲགས་དང་ཞལ་འདེབས་རག་པའི་ཚེ། སྐྱུག་བྲོ་བའི་གསང་རྣམ་ཡོད་པ་ཤེས་ན་ལེགས།
ངས་རྒྱ་རི་གླེང་བའི་དོན་གྱི་རྡོ་ཁ་ནི་སངས་རྒྱས་མདུན་ན་ལྷས་བྱིན་དང་། སེང་གེའི་མདུན་ན་ཝ་མོ་ཡོད་པས། མི་ཡོད་ཐོག་འདིར་དོགས་སློང་དང་མཚང་འབྱིན་ནུས་དགོས། དེ་མིན་དོ་བདག་ལ་མཛུབ་མོ་འཛུགས་ས་མེད་པའི་དུས་སུ། ལྷ་ཧ་ལས་ཤིང་འདྲེ་ཡིད་ཆད་པའི་གནས་ཚུལ་ངོ་མ་གསལ་རྗེན་དུ་མཐོང་ཡང་འཕྱི་དྲགས་པས། མི་རེ་ཟུང་གིས་བོད་འདི་རླུང་ལ་མ་བསྐུར་སྔོན་ནས་ལྷ་འདྲེ་དང་བཟང་ངན་རྣམ་པར་ཕྱེ་དགོས་པ་དེའོ།།
བོད་རང་བཙན་རྒྱ་རི་བླ་མས་བོང་མ་བླང་པ་ཞིག་ཡིན་ན་ད་གཟོད་མི་གཞན་ལ་བོང་མ་དེ་གཏོང་རན་འདུག
ཁ་བརྡ་ལགས།་་་་་ད་རེས་ཁོ་བོ་དྲ་རྒྱ་འདི་ནང་འཛུལ་ཐེངས་དང་པོ་ཡིན།་་་་་ཧ་ལམ་ལོ་གཅིག་ཙམ་གོང་ནས་འདི་ནང་བལྟ་ཀློག་བྱས་མོད།་བོད་ཡིག་འབྲི་སྟངས་མ་ཤེས་ནས་ད་བར་ལུས་སོང།་་་་ཚོད་བལྟའི་ཆེད་དབྱིན་ཡིག་འབྲུག་གཅིག་གཉིས་ཤིག་བྲིས་ཡིན།་་་་་་ད་ནི་ཁོ་བོ་ཡང་ཁ་བརྡ་ཚང་གི་མགྲོན་པོ་ཞིག་ཡིན་པས་ག་ལེར་ག་ལེར་བསམ་ཚུལ་བརྗེ་ལེན།་་་་དཔྱད་གཏམ།་་་་་སྙན་རྩོམ་སོགས་གང་ཡང་མིག་ལམ་དུ་སྣང་བར་བྱ་རྒྱུ་ཡིན་ལ།་་་་་གང་ཐུབ་ཚིག་འཇམ་པོ་བེད་སྤྱོད་བྱ་རྒྱུའི་རེ་བ་ཡང་ཡོད་དོ།་།
ངའི་མཆན་དྲ་ཐོག་ཏུ་མི་སྡོད་པའི་རྒྱུྲམཚན་ཅི