___ སྨྱུག་མདའ།
༡༽ དེ་རིང་ངེད་གྲྭ་བ་དཀྱུས་མ་ཚོ་ཆེད་དུ་སྤེལ་ཀོབ་གཞིས་གྲོང་དང་པོའི་མི་དམངས་ཚོགས་ཁང་དུ་ཨ་ཚོགས་ཀླུ་བྱམས་ཀྱི་གཏམ་བཤད་མཉན་དུ་སོང་བ་ཡིན། མ་གཞི་གཞིས་གྲོང་དུ་འགྲོ་དགོས་པའི་རྒྱུ་རྐྱེན་ཁ་སང་སེ་ར་དགོན་པའི་དབང་འཛིན་པས་ཨ་ཚོགས་ཀྱི་སྲིད་སྐྱོང་འོས་མའི་གཏམ་བཤད་དབང་ཡོན་བྱས་ཏེ་བཀག་པ་དེས། དེ་རིང་ངེད་ཅག་གཞིས་གྲོང་དུ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། འོན་ཀྱང་དེ་ནི་ཨ་ཚོགས་ལགས་ལ་མཚོན་ན་གནོན་ཤུགས་ལས་ཀྱང་སྡོང་གྲོགས་ཤིག་ཏུ་གྱུར་ཡོད། རྒྱུ་མཚན་གྲྭ་མང་ལ་གཏམ་བཤད་བཀག་འགོག་བྱས་པར་འདོད་མོས་མེད་པའི་རྣམ་འགྱུར་གསལ་བོ་ཞིག་བསྟན་ཡོད་པས་སོ།།
༢༽ ཡུལ་ཙོང་ཁའི་ཨ་ཚོགས་ཀླུ་བྱམས་ནི་བཙན་པོའི་སྙིང་སྟོབས་ཀྱི་ངར་མ་ཡལ་ཞིང་། བོད་རྒྱལ་ཁབ་དང་མི་རིགས་འདིའི་ཕྱིར”རང་ནུས་གང་ཡོད་ཀྱིས་མི་ཚེ་གཙང་འབུལ་བྱས་ཡོད་ལབ་ན་མི་ཆོག་པ་མེད་པ་རེད།
དེ་བས་ཀྱང་ཨ་ཚོགས་ལགས་ཀྱི་ཁྱད་ཆོས་དམིགས་བསལ་བ་ཞིག་ནི། གཉའ་གནོན་དང་དམོན་ཚིག་ལ་མགོ་བོ་མི་སྒུར་བའི་མི་གཤིས་བརྟན་བརླིང་བ་ཞིག་ཡོད་འདི་རེད། སྤྱིར་བཏང་བོད་སྤྱི་ཚོགས་ནང་དགོས་བཙན་བྱོལ་སྤྱི་ཚོགས་ནི་རྒྱུ་མཚན་མི་དགོས་པར། མི་ལ་དམའ་འབབ་བྱེད་རྐྱང་གི་སྲོལ་ངན་ཞིག་ཡོད་པ”ང་དང་ང་ཚོས་ཤེས་གསལ་རེད་དེ། མ་གཞི་སྤྱི་ཚོགས་འདི་བསམ་བློ་དཀྱིལ་ཡངས་པའི་ཁོར་ཡུག་ཅིག་མེད་པ་དེ་བས་སོ། །
༣༽ སྤྱི་ཚོགས་གང་ཞིག་ཡིན་ན་མི་དང་མིའི་པར་ལ་བརྩི་བཀུར་དང་གུ་ཡངས་ཡོད་དགོས་པ་དེ། རྩ་བའི་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན་པ་བཤད་མ་དགོས་པ་ཞིག་རེད། དུས་རྒྱུན་ནས གོང་ས་མཆོག་གིས་ཀྱང་ཡང་ནས་ཡང་དུ་སྤྱི་ཚོགས་འཆམ་མཐུན་དང་འབྲེལ་ཡོངས་ཁྱབ་རིན་ཐང་སྐོར་ག་ཚོད་ཅིག་གསུངས་ཡོད་པ་ང་ཚོས་ཤེས་ཚོད་ཡིན། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ལག་ལེན་བསྟར་མཁན་ཉི་རྡུལ་ཙམ་ཞིག་ལས་མེད་པ་འདིས། ང་ཚོས་རྒྱལ་བའི་བཀའ་ག་འདྲ་ལག་ལེན་བྱེད་ཀྱིན་ཡོད་མེད། ད་རེས་ཀྱི་དགའ་ལྡན་དང་སེ་ར་དེ་བཞིན་ཏཱ་ལའི་བླ་མའི་མཐོ་སློབ་སོགས་ཀྱིས་འགྲེལ་བཤད་གསལ་ཐག་ཆོད་ཅིག་བརྒྱབས་བཞག་པ་འདི་རེད། ང་ཚོའི་ཁ་ཡི་རྒྱལ་བ་རིན་པོ་ཆེ་དོན་དམ་དུ་རང་རང་གི་ངོ་སོ་སྲུང་སྐྱོང་ཞིག་ལས་མེད་པ་དགོན་སྡེ་འདི་གཉིས་གཙོས་གོང་སྨྲས་དེ་དག་གི་ཤེས་ནུས་པས་སོ། །
༤༽ མ་གཞི་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་བཙན་པོའི་ལོས་རྒྱུས་ཤ་གསང་རུས་གསང་ལ་འཐིམ་པ་མང་དྲགས་པས། རྒྱལ་ཁབ་དང་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ལས་དོན་བྱེད་ཕྱོགས་སྐོར་ལ། སྟག་ལ་གདོང་གཏོད་དགོས་ན་མེ་ལ་གདོང་གཏོད་དགོས་ན་ད་རག་པར་དུ་ལྷག་བསམ་ཟོལ་མེད་ཀྱིས་གདོང་ཐུག་བརྒྱབས་པ་རེད།
དེ་བས་སྐྱེ་བོ་ལ་ལ་ཞིག་མ་དགའ་རང་མདོག་བསྟན་ཏེ་དམའ་འབབ་དང་ཟུར་ཟ་བྱས་པ། ད་རེས་ཙམ་མ་ཡིན་པར་སྐད་ཅིག་སྔ་ཕྱི་མང་པོར་སྦྱོར་བ་རྩམ་པ་རེད། དེ་ང་ཚོས་ཤེས་དགོས་པ་ཞིག་དང་ཤེས་ཆོག་པ་ཞིག་རེད་དེ། ད་དུང་ཡང་དེ་ལས་ལྡོག་ཕྱོགས་ནས་རྣམ་འགྱུར་མཚར་པོ་རེ་སྟོན་གྱིན་པ་འདིས། སྤྱི་ཚོགས་འདི་རང་སྲུང་དོན་གཉེར་བ་ཁོ་ན་ཞིག་ཡིན་པ་རྟོགས་ཐུབ་པས་སོ། །
༥༽ མཐའ་དོན་དེ། ད་རེས་ཨ་ཚོགས་ཀླུ་འཁར་བྱམས་སེར་དགའ་གཉིས་གཙོས་པའི་ཏཱ་ལའི་བླ་མའི་མཐོ་སློབ་སོགས་ཀྱིས་སྨྲ་བརྗོད་རང་དབང་བཀག་པ་དང་གྲྭ་མང་དང་སློབ་ཕྲུག་ཚོའི་གཏམ་ཉན་གྱི་རང་དབང་འཕྲོག་པ་འདི། ཕྱིས་འབྱུང་བོད་ཀྱི་ལོ་རྒྱུས་དེབ་ཐེར་སོགས་སུ་ནག་ཉེས་ཤིག་ཡིན་པ་མཐའ་གཅིག་ཏུ་ངོས་འཛིན་ཡོད། སྤྱིར་འགྲོ་མིའི་སྨྲ་བརྗོད་ཚད་བཀག་དང་རང་དབང་རྡོག་རོལ་གཏོང་མཁན་དགྱ་གནག་གཙོ་ཤོས་ཤིག་ཏུ་ངོས་འཛིན་ཡོད་རེད་དེ། མཐར་དེད་ན་ང་ཚོའང་དེ་ལས་འདའ་ཐུབ་མེད་པ་ད་རེས་གསལ་གསལ་ཐིང་ཐིང་ཞིག་ཆགས་སོང་བ་རེད་དོ། །
ད་དུང་ཁྱེད་ཚོར་(དྲི་བ་གཅིག་ཡོད) ཨ་ཚོགས་ཀླུ་བྱམས་ཀྱིས་གཏམ་བཤད་ཅིའི་ཕྱིར་བཤད་མ་ཆོག་པ་རེད། རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས་ཟེར་ན། དེས་ན་ཀརྨ་ཆོས་འཕཻལ་ཁྱེད་ཚོས་དགེ་ལུགས་པའི་སྤྱི་འཐུས་ལ་ཅིའི་ཕྱིར་བླུགས་པ་ཡིན། ????
2015/9/25 ཕྱི་དྲོར་སེ་ར་གྲོང་གསེབ་ཏུ་སྦྱར།
ལོ་ངོ་བཞི་བཅུའི་སྔོན་ལ་བོད་དུ་རིགས་གནས་གསར་རྗེའི་སྐབས་ཕྱི་ནང་གང་སར་སུ་དང་སྐད་ཆ་བཤད་ནའང་ཡོད་ཚད་མོའོ་ཀྲུ་ཞིའི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཡིན་པ་དང་ མཐའ་ན་བོད་ཀྱི་གཡག་དངལུག་ཀྱང་མོའོ་ཀྲུ་ཞིའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་བཤད་དགོས་ཀྱི་ཡོད་རེད་ ཁྱིམ་ཚང་ནང་དང་ གཉེན་སྒྲིགས་བྱས་པ་ ཚོགས་འདུ་ཚོགས་པ་སོགས་ལ་མོའོ་ཀྲུ་ཞིའི་སྐུ་དཔར་ཡིན་ཅིག་མིན་ཅིག་བསྐྱལ་དགོས། གལ་སྲིད་མི་ཞིག་བསམ་བློ་དང་སྐད་ཆ་མོའོ་ཀྲུ་ཞིའི་དགོངས་པ་དང་མ་མཐུན་ན་འཐབ་འཛིང་གཏང་བ་དང་སྐད་ཆ་བཤོད་པའི་རང་དབང་འཕྲོག་པ་ གྲོགས་མེད་ཁྱེར་རྐྱང་དུ་བཞག་ནས་སྤུན་མཆེད་ཀྱི་ཀྱང་འཚོ་བའི་འབྲེལ་བ་ཡང་བྱེད་མ་ནུས་པའི་སྤྱི་ཚོགས་ཞིག་ཡིན་པ་དེ་ དིང་སྐབས་ཡང་ཡང་དྲན་གསོས་ཀྱི་འདུག།
ད་ལན་ཀླུ་བྱམས་ཀྱི་གཏམ་བཤད་ལ་ངོས་ལེན་མ་གནང་མཁན་གྱི་གདན་ས་གཉིས་དང་། རྒྱུད་སྨད་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་སོགས་ལ་མཚོན་ན། ཁོང་ཚོས་ངོས་ལེན་མ་བྱས་པའི་རྒྱུ་མཚན་ནི་ཀླུ་བྱམས་རང་བཙན་རྩོད་མཁན་ཡིན་པ་དང་། ཆོས་ལུགས་ཁས་མི་ལེན་པ་སོགས་དང་འབྲེལ་བ་གང་ཡང་མེད་ལ། དྲྭ་འབུ་དག་གིས་འུར་བཞིན་པའི་ལམ་དབུ་མ་དང་རང་བཙན་གྱི་འཐབ་རྩོད་ཅིག་ནམ་ཡང་མིན།
ཡང་ན་ཅིའི་ཕྱིར་ངོས་ལེན་མ་བྱས་ཡིན་ཞེ་ན། ཀུན་གྱིས་ཤེས་གསལ་ལྟར། ཀླུ་བྱམས་ཀྱིས་༸གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་གཞི་མེད་པའི་སྐུར་འདེབས་དང་ལོག་བཤད་བྱས་པ་དེ་དག་དང་འབྲེལ་བ་ཡོད་པས་ལོས་ཡིན། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོས་དོལ་རྒྱལ་དང་འབྲེལ་བའི་བླང་དོར་ལམ་སྟོན་ལ། ཀླུ་བྱམས་ཀྱིས་ལ་ཕར་ནང་ནས་རྒྱ་དམར་གཞུང་གིས་ཆོས་དད་རང་དབང་བཅོམ་སྟངས་དང་། ལ་ཚུར་ཕྱོགས་ནས༸གོང་ས་མཆོག་གིས་ལམ་སྟོན་དང་མཚུངས་བསྡུར། གང་ལྟར་བཟང་སྤྱོད་དང་ཡོངས་སུ་བྲལ་བའི་སྒོ་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་དག་་ལ་བརྟེན་ནས་དེང་སྐབས་དོལ་ཚོགས་ཀྱི་མི་སྣ་ཨ་དར་ཞར་ཀོག་གཙོ་བོར་བྱས་ནས་ཀླུ་བྱམས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་པ་སོགས་དང་འབྲེལ་བ་ཡོད་པས་ཡིན
འདི་གུ་དོག་པའི་འཚོ་གནས་མ་རེད་ ཁྱེད་རང་གུ་དོག་པའི་མི་ཞིག་རེད་འདུག་ དེ་ནི་བསམ་བློ་མ་ལོན་པ་དང་ཤེས་མེད་ཀླད་སྟོང་གི་ནད་རྟགས་རེད་ ཁ་བའི་འདབ་མའི་མཆན་ལ་ལྟོས་ནས་དཔྱད་པ་བྱེད། དག་ཡིག་དང་སུམ་རྟགས་སྦྱོངས་ ཡིག་ཚོགས་ཀྱི་གད་སྙིགས་འདྲ་བའི་སྨྱོ་གཏམ་གྱི་རྩོམ་ཞིག་ད་རེས་ངས་མཐོང། །
སེ་རའི་ཕྱོགས་ཀྱི་བཙན་རྒོལ་རྒྱབ་སྐྱོབ་པའི་རུ་དཔུང་ག་ལེར་ཕྱི་ལ་ཐོན་བཞིན་འདུག བོད་ཀྱི་དཔའ་བོ་དཔའ་མོ་ལྷན་རྒྱས་ཀྱང་ཕྱི་མའི་ཡུལ་དུ་དགའ་བསྡད་ཡོད་ངེས།
ཉོག་འཛིང་རེད་དོ།
ཀླུ་མཁར་བྱམས་རྗེས་འབྲང་དང་བཅས་པས་མང་གཙོའི་འགྲོ་སྟངས་ཤེས་མི་འདུག
གང་ཡིན་ཅེ་ན། མང་གཙོའི་རྒྱལ་ཁབ་ནང་དུ་ཆོས་ལུགས་གང་དང་གང་ཡིན་ནའང་དེའི་སྟོན་པ་དང་ཆོས་ལ་དམའ་འབེབས་དང་
ཁྱད་གསོད་བྱེད་མི་ཆོག་པ་མ་ཟད།
ཆོས་ལུགས་གང་ཞིག་གི་དགོན་པའི་ནང་དུ་དེ་ཉིད་ཀྱི་སྟོན་པ་ལ་དབའ་འབེབས་བྱས་ན་ནག་ཅན་ཡིན་པས་ཁྲིམས་ལ་སྦྱར་ཆོག
ངའི་ནང་ལ་མགྲོན་པོ་སུ་ཡོང་བཅུག་་དང་མི་འཇུག་དབང་ཆ་ང་ལ་ཡོད་པས་་་་་ཐོབ་ཐང་དང་མང་གཙོ་ཟེར་ནས་གང་འདོད་བྱེད་ས་ཡོད་མ་རེད་་་་
རྒྱ་ཡུལ་དུ་མགྲོན་པོ་སུ་ཡོང་བཅུག་དང་མི་འཇུག་དབང་ཆ་རྒྱ་མིར་ཡོད་པས་ཐོབ་ཐང་དང་མང་གཙོ་ཟེར་ནས་གང་འདོད་བྱེད་ས་ཡོད་མ་རད། ཧ་ཧ་ཁྱབ་འགྲིག་ཀྱི་རིགས་པ་སྙིང་རྗེ་མོ་ཞིག བོད་མི་དང་ནུབ་ཕྱོགས་པ་ཚོས་རྒྱ་ནག་གཞུང་ལ་འགྲོ་བ་མི་ཡི་ཐོབ་ཐང་དང་གསར་འགོད་རང་དབང་གཏམ་བརྗོད་རང་དབང་ཆོས་དད་རང་དབང་མེད་ཚུལ་སོགས་ཀྱིས་སྐྱོན་བརྗོད་བྱེད་པ་ནི་གཞི་རྩ་མེད་པའི་སྐྱོན་བརྗོད་ཅིག་ཡིན་པ་འདྲ། ཧཧཧཧཧ
་་་་་་་་་་་་་་བོད་མི་དང་ནུབ་ཕྱོགས་པ་ཚོས་རྒྱ་ནག་གཞུང་ལ་འགྲོ་བ་མི་ཡི་ཐོབ་ཐང་དང་གསར་འགོད་རང་དབང་གཏམ་བརྗོད་རང་དབང་ཆོས་དད་རང་དབང་མེད་ཚུལ་སོགས་ཀྱིས་སྐྱོན་བརྗོད་བྱེད་པ་ནི་གཞི་རྩ་མེད་པའི་སྐྱོན་བརྗོད་ཡིན་པ་འདྲ་་་་་་་་་་་་་་ཟེར་དུས་ཁྱེད་རང་ལ་གཞི་ལུས་སྤུན་ཟླ་མང་པོས་ད་བར་རྒྱ་རྒོལ་དང་བོད་མི་བརྒྱ་དང་བཞི་བཅུ་ཙམ་གྱི་རང་སྲོག་མཆོད་མེར་འབུལ་བ་སོགས་འདྲ་མཉམ་དང་རང་དབང་སོགས་ཆེ་གྲགས་ནས་རེད་གསུངས་ཀྱི་ཡོད་དམ་