ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།
ནུབ་ཕྱོགས་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བརྩམས་སྒྲུང་རྩོམ་པ་པོའམ་གསར་འགོད་པ་གྲགས་ཅན་ཨེ་ཎེ་སི་ཁྲི་མེ་ལུར་ཧེ་མཎ་ཝེ་(Ernest Miller Hemingway) ནི་༡༨༩༩ ལོར་སྐྱེས་ཤིང་། ཁོ་ནི་ནང་མི་དེར་བུ་ཕྲུག་དྲུག་ཡོད་པའི་གཉིས་པ་དེ་ཡིན། ཁོ་ཚང་གི་ཁྱིམ་གཞི་ནི་ཆིཀཱ་ཀོ་གྲོང་ཁྱེར་གྱི་ཨཱོཀ་སྐྱེད་མོའི་ཚལ་གྱི་ཉེ་འདབས་སུ་མཆིས།
ཕྱི་ལོ་༡༩༡༧ ལོར་ཁོ་ཨ་རིའི་སྐད་གྲགས་ཅན་གྱི་ཉིན་རེའི་ཚགས་ཤོག་“The Kansas City Star ”ཞེས་པ་དེའི་གསར་འགོད་པར་ཞུགས། དེའི་ཕྱིར་ལོ་འཛམ་གླིང་དམག་ཆེན་དང་པོའི་འཐབ་འཁྲུག་སྐབས་སུ་ཧེ་མཎ་ཝེ་མ་སྐུལ་དང་བླངས་སྒོས་ཨེ་ཏྲ་ལེ་ནད་པ་མྱུར་སྐྱོབ་རླངས་འཁོར་གཏོང་མཁན་བྱེད་ཅིང་སྐབས་དེར་ཁོར་བརྡབ་སྐྱོན་ཤུགས་ཆེན་བྱུང་། འོན་ཀྱང་དེ་ནི་ཁོར་མཚོན་ན་དཔུང་གྲོགས་ཚོར་ཞབས་འདེགས་ཐེངས་གཉིས་བྱེད་པ་དང་ཀུན་ནས་མཚུངས།
༡༩༡༩ ལོར་ཁོ་ཕྱིར་ཨ་རིར་ལོགས་ཤིང་༡༩༢༡ལོར་གཉེན་སྒྲིག་བྱས། ཕྱི་ལོ་༡༩༢༢ལོར་གྷི་རི་སི་དང་ཏྲར་ཀེ་ཤི་གཉིས་དམག་འཁྲུག་སྐབས་དེར་ཡང་ཁོ་གསར་འགོད་པ་བྱེད། དེ་ནས་ལོ་ངོ་གཉིས་འདས་རྗེས་སུ་ཁོ་གསར་འགོད་པའི་ལས་གནས་དེ་ལས་ཕྱིར་བུད་དེ་བརྩམས་སྒྲུང་གི་ལམ་སྣེར་བསྙེག དུས་དེ་ནས་བཟུང་ཁོ་པཱ་རེ་སིར་རྟེན་གཞི་བྱས་ཤིང་ཁོའི་གྲོགས་པོ་ཨེ་ཛྲར་པོན་ཌི་དང་གྷིར་ཁྲུས་ཊི་སི་ཋྲ་སོགས་ཀྱི་སྐུལ་ལྕག་དང་སྐྱོན་བརྗོད་དེས་ཁོའི་རྩོམ་རྩལ་གྱི་རྣམ་པར་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་རང་བཞིན་གྱིས་མངོན་པར་བྱེད།
ཧེ་མཎ་ཝེ་ཡི་ཆེས་ཐོག་མར་རྩོམ་པའི་<><<སྒྲུང་ཐུང་གསུམ།>> <><<སྙན་རྩོམ་བཅུ>>་དང་<><<ང་ཚོའི་དུས་ཚོད་>>ཅེས་པ་དེ་ཟུར་ཟའི་བརྩམས་སྒྲུང་ཞིག་ཡིན་པར་བརྗོད།
དེབ་གཉིས་པ་<><<དཔྱིད་ཀའི་ཆུ་རུད་>>དཔར་སྐྲུན་བྱས་པ་དེས་ཁོའི་མཚན་སྙན་རླུང་ལྟར་གྲགས་པར་བྱེད། དེར་མ་ཟད་ཁོའི་སྙན་གྲགས་རྒྱལ་སྤྱིའི་གར་སྟེགས་སྟེང་བརྟན་པོར་ཁྱབ་པར་བྱེད་པའི་དེབ་གསུམ་ནི<><<དུས་སྟོན།>><><<སྐྱེས་པར་སྐྱེས་མ་མི་ལྡན་པ།>><><<མཚོན་ཆ་དང་གཏན་དུ་གྱེས་པ།>>བཅས་ཡིན།
ཁོ་ནི་མི་གླང་འཐབ་འགྱེད་དང། རི་དྭགས་རྔོན་པ། གཏིང་ཟབ་པའི་རྒྱ་མཚོར་ཉ་འཛིན་པར་སྤྲོ་སེམས་འཁོལ་བ་དེའི་ཁོས་རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་གསོན་པོ་ཕྱི་རུ་བཏོན། གྲང་དམག་སྐབས་སུ་ཁོ་སི་པཎ་ལ་ཡུལ་སྐོར་སྤྲོ་འཆམ་དུ་སོང་བའི་ཉམས་མྱོང་གི་དེབ་<><<དྲིལ་བུ་དེ་སུའི་ཆེད་དུ་དཀྲོལ།>>ཞེས་པ་འདི་རྒྱལ་སྤྱིའི་འགྲུལ་ལམ་ཁག་གི་དེབ་བྲིན་ཤོས་ཏེ་ཆགས།
ཧེ་མཎ་ཝེ་ཡི་རྩོམ་འབྲིའི་སྒྱུ་རྩལ་ནི་མི་རབས་སྔ་མར་དཔེ་བཤུས་བྱེད་མཁན་ལྟ་བུ་མ་ཡིན་པར་དམིགས་བསལ་གྱི་ཁྱད་ཆོས་ལྡན། དེ་བས་༡༩༥༤ ལོར་ཁོང་གི་བརྩམས་ཆོས་<><<རྒན་པོ་དང་རྒྱ་མཚོ།>>ཞེས་པ་དེར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ། དེ་ལྟར་ནུབ་ཕྱོགས་རྩོམ་རིག་སྒྱུ་རྩལ་ལ་བྱས་རྗེས་ཅན་གྱི་ཁོ་༡༩༦༡ ལོར་སྐུ་འདས་སོ། འདི་ནི་ཧེ་མཎ་ཝེའི་མི་ཚེའི་ལོ་རྒྱུས་དེ་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཞིག་བསྒྱུར་བ་ལགས་སོ།།