——–འཇམ་གཅེས།
གདན་ས་འབྲས་སྤུངས་ནས་ཀླུ་བྱམས་ཀྱི་གཏམ་བཤད་ལ་ངོས་ལེན་དང་། དེ་བཞིན་སེ་ར་དང་། དགའ་ལྡན། བཀྲ་ཤིས་ལྷུན་པོ། རྒྱུད་སྨད་གྲྭ་ཚང་བཅས་ནས་ངོས་ལེན་མ་བྱས་པའི་གནས་ཚུལ་དེ་ཐམས་ཅད་ནི་མང་གཙོའི་ལམ་ལུགས་དང་། འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་སོགས་གང་དང་ཡང་འགལ་བར་མ་མཐོང་།
དེ་ཡང་མདོར་བསྡུས་ཙམ་བརྗོད་ན། གོང་གསལ་དགོན་ཁག་དེ་དག་ཚང་མའི་ནང་དུ་གྲོས་ལ་དབང་བའི་འཐུས་མི་དང་ལས་སྣེ་ཆེ་ཁག་ཡོངས་རྫོགས་གྲྭ་མང་གིས་འོས་འདེམས་ལམ་ནས་གོ་གནས་ཕུལ་བའི་སྤྱི་མི་ཤ་སྟག་ལས། མགོ་དགའ་ལྡན་ཁྲི་པ་མན་དང་། གཞུག་གད་ཕྱིས་རྒྱག་མཁན་ཡན་ཆད་ཁྲིམས་ལུགས་ཤིག་དང་ལམ་ལུགས་ཤིག་མ་བརྒྱུད་པར་བུ་ཤུགས་རྒྱུ་ཤུགས་ནམ་ཡང་འགྲོ་ས་མེད།
ལྷག་པར་དུའང་ལས་ཀྱི་སྣེ་མོ་བ་ཆེ་ཁག་དག་ལ་མཚོན་ན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱིར་དུ་སློབ་གཉེར་ཡར་རྒྱས་དང་འབྲེལ་བའི་ཁྲིམས་སྒྲིག་སོགས་ཀྱི་ལས་དོན་ཆེ་ཕྲ་ཡོངས་རྫོགས་ཀྱི་ཞུ་སྒོ་འཐུས་ཚང་གནང་རྒྱུའི་འགན་དབང་གཉིས་ལྡན་ཡིན་ལ། དེ་བཞིན་འཛིན་སྐྱོང་དང་འཛུགས་སྐྲུན་ཡོངས་རྫོགས་ཚིག་གི་བདག་པོས་ཚིགས་སུ་བཅད་པ་ལ། དགེ་འདུན་དམངས་ནས་ཀྱང་གུས་བཀུར་དང་ཆེ་མཐོང་སྦྲགས་པའི་སྒོ་ནས་ངོས་ལེན་ཞུ་རྒྱུ་ལས། ཁ་སུ་བདེ་དང་དཔུང་སུ་རྒོད་ཀྱིས་ངོ་ལོག་རྒྱག་པའི་ལམ་ལུགས་གཉིས་ཀ་མེད་པ་ཡིན།
སྐབས་རེར་གྲོས་ལ་དབང་བའི་འཐུས་མི་ལས་གྲུབ་པའི་ཚོགས་འདུ་བས་ཀྱང་ཐག་གཅོད་མི་ཐུབ་པའི་གནས་ཚུལ་ལེགས་ཉེས་ཅི་རིགས་པ་བྱུང་བའི་ཚེ། གྲྭ་མང་ཡོངས་རྫོགས་ཚོགས་འདུར་གདན་དྲངས་ནས་བསམ་འཆར་དང་དགོངས་ཚུལ་གཞིར་བཟུང་སྟེ། མང་གཙོའི་ལམ་ལུགས་དང་མཐུན་པའི་འོས་བསྡུ་དང་། ཡང་ན་ཕྱག་ལག་གྱེན་དུ་བཀྱག་མཁན་མང་ཉུང་ལ་གཞིགས་ཏེ། མང་མོས་དང་སྤྱི་མོས་གང་རུང་གི་ལམ་ནས་ཐག་གཅོད་ལག་བསྟར་བྱེད་སའི་ཚོགས་པ་ཞིག་ལ་སྒེར་གཅོད་རིང་ལུགས་རེད་ཅེས་འབོད་པ་ནི་རང་ཉིད་ཀྱི་རང་གཤིས་དང་གནས་ཚད་འདི་ཡིན་ཅེས་དྲིལ་བསྒྲགས་ཙམ་དུ་ཟད་དེ། དཔེར་ན། ཡང་དག་པའི་མང་གཙོའི་རྒྱལ་ཁབ་གང་འདྲ་ཞིག་གི་ནང་ནས་གྲོས་ཚོགས་ཀྱི་འཐུས་མིས་ཐག་གཅོད་གང་བྱས་ཐམས་ཅད་མི་མང་གི་ཚབ་མཚོན་རང་བཞིན་ལྡན་པའི་ཐག་གཅོད་ལ་ངོས་འཛིན་སྲོལ་ལས། སྐྱེ་བོ་ཕྱོགས་གཅིག་གི་འདོད་མོས་དང་མི་མཐུན་པའི་རྒྱུ་མཚན་གྱིས་ནམ་ཡང་སྒེར་གཅོད་པར་མི་འབོད།
སྤྱིར་བཏང་གདན་ས་ཁག་ནི་གཞུང་འབྲེལ་མིན་པའི་རང་དབང་ཅན་གྱི་སྡེ་ཚན་ཞིག་གི་ངོ་བོའི་ཐོག་ནས་༸གོང་ས་སྐྱབས་མགོན་མགོན་ཆེན་པོའི་བཀའ་དགོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཐོག་ཏུ་ཤར་བསྐྱོད་གནང་མཁན་ཡིན་པ་ནི་དགྲ་གཉེན་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས་བསྐྱར་བཤད་དགོས་པ་གང་ཡང་མ་མཐོང་།
གནས་ཚུལ་གཞན་ཞིག་ནི། ད་ལན་ཀླུ་བྱམས་ཀྱི་གཏམ་བཤད་ལ་ངོས་ལེན་མ་གནང་མཁན་གྱི་གདན་ས་གཉིས་དང་། རྒྱུད་སྨད་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་སོགས་ལ་མཚོན་ན། ཁོང་ཚོས་ངོས་ལེན་མ་བྱས་པའི་རྒྱུ་མཚན་ནི་ཀླུ་བྱམས་རང་བཙན་རྩོད་མཁན་ཡིན་པ་དང་། ཆོས་ལུགས་ཁས་མི་ལེན་པ་སོགས་དང་འབྲེལ་བ་གང་ཡང་མེད་ལ། དྲྭ་འབུ་དག་གིས་འུར་བཞིན་པའི་ལམ་དབུ་མ་དང་རང་བཙན་གྱི་འཐབ་རྩོད་ཅིག་ནམ་ཡང་མིན།
ཡང་ན་ཅིའི་ཕྱིར་ངོས་ལེན་མ་བྱས་ཡིན་ཞེ་ན། ཀུན་གྱིས་ཤེས་གསལ་ལྟར། ཀླུ་བྱམས་ཀྱིས་༸གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་གཞི་མེད་པའི་སྐུར་འདེབས་དང་ལོག་བཤད་བྱས་པ་དེ་དག་དང་འབྲེལ་བ་ཡོད་པས་ལོས་ཡིན། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོས་དོལ་རྒྱལ་དང་འབྲེལ་བའི་བླང་དོར་ལམ་སྟོན་ལ། ཀླུ་བྱམས་ཀྱིས་ལ་ཕར་ནང་ནས་རྒྱ་དམར་གཞུང་གིས་ཆོས་དད་རང་དབང་བཅོམ་སྟངས་དང་། ལ་ཚུར་ཕྱོགས་ནས༸གོང་ས་མཆོག་གིས་ལམ་སྟོན་དང་མཚུངས་བསྡུར། གང་ལྟར་བཟང་སྤྱོད་དང་ཡོངས་སུ་བྲལ་བའི་སྒོ་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་དག་་ལ་བརྟེན་ནས་དེང་སྐབས་དོལ་ཚོགས་ཀྱི་མི་སྣ་ཨ་དར་ཞར་ཀོག་གཙོ་བོར་བྱས་ནས་ཀླུ་བྱམས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་པ་སོགས་དང་འབྲེལ་བ་ཡོད་པས་ཡིན་ལ། རྒྱུན་དུ་བཙན་བྱོལ་སྒྲིག་འཛུགས་དང་། བོད་སྤྱི་པའི་རྩ་དོན་ལ་འགན་ཁུར་དང་ལྷག་བསམ་མེད་པ་ཙམ་དུ་མ་ཟད། ད་དུང་རྐུབ་བསྟན་མཁན་ཚོས་ཀྱང་ཀླུ་བྱམས་ཀྱིས་འུར་བརྒྱབ་མ་ཐག་ཏུ་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དར་ཆ་རྫུན་མ་མཁའ་དབྱིངས་སུ་སྒྲེང་མཁན་དག་གི་བྱ་སྤྱོད་ལས་ཀྱང་ཡིན་སྲིད།
འོན་ཏང་དེང་གི་སྐབས་འཚོལ་རིང་ལུགས་པ་ཚོས་བོད་མིའི་ཆོས་ལུགས་ཆོལ་ཁ་དང་། སྤྱི་སྒེར་གྱི་སྒྲིག་འཛུགས་སོགས། མདོར་ན་ངོ་བོ་དང་རྣམ་པ་ཕྲན་བུ་མི་གཅིག་པ་ཞིག་གང་དུ་ཡོད་པ་དག་བཙལ་འཚོལ་གྱིས་དོན་ངོ་མའི་གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་ཤིང་། ཤེས་ནའང་མ་ཤེས་མདོག་དང་། གོ་ནའང་མ་གོ་མདོག་སོགས། སྐྱུག་བྲོ་བའི་བྱ་སྤྱོད་སྤེལ་མཁན་དག་ལ་ནི་ནམ་ཡང་ཡ་ལན་མི་འདོད་ལ་མི་གྲལ་དུའང་འཇོག་གིན་མེད།
ཡིན་ནའང་དོན་དངོས་ཀྱི་གནས་ལུགས་གང་ཡིན་གསལ་བཤད་རེ་དགོས་པའང་རེ་འགའ་ལོག་བཤད་མཁན་དག་གི་བྲན་དུ་མི་ཚུད་པ་དང་། མགོ་བོ་མི་རྨོངས་པའི་ཕྱིར་དུ་ཡིན་ལ། ཡང་སྒོས་རང་ཉིད་ཀྱང་བཙན་བྱོལ་སྒྲིག་འཛུགས་དང་༸གོང་ས་སྐྱབས་མགོན་པོའི་བཀའ་དྲིན་ལས་ཆོས་སྲིད་གཉིས་ཀྱིས་གསོས་ཤིང་བསྐྱངས་པའི་འོག་ནས་ནར་སོན་པའི་སྐྱེ་བོ་ཞིག་ཡིན་པས། བྱས་པ་དྲིན་དུ་གོ་ཡོད་པའི་བརྡ་ལན་ཙམ་ཡང་མེད་ན་ཆེས་ཐ་ཤལ་དང་བླུན་སྤྱོད་ཅན་ཞིག་ཡིན་པར་བསམས་ནས་སོ།། །།
གནས་གཏན་འདུལ་བ་འཛིན་པ་འཇམ་གཅེས་ལགས།
དོལ་ཚོགས་སྤྱི་ཁྱབ་འགན་འཛིན་ཨ་དར་དང་ཀླུ་མཁའ་བྱམས་འབྲེལ་བ་ཡོད་པ་ཁྱོད་ལ་ཁུངས་སྐྱེལ་ཡོད་དམ། ཡོད་ན་རེ་རེ་བཞིན་ཁ་གསལ་སྟོན་རོགས། ཚོད་དཔག་བྱས་ནས་བཤད་ན་མཇུག་སྡོམ་སྒྲིལ་མ་ཐུབ་པ་ཅིག་འོང་རྒྱུ་རེད་གདའ། དེ་ལས་ཁུངས་སྐྱེལ་ཡོད་ན་བྲིས་ཤོག་དང་དགེ་མཚན་ལྡན།
ཨ་དར་དང་ཀླུ་བྱམས་འབྲེལ་བ་ཡོད་ཅེས་རྩོམ་ཡིག་དེའི་ནང་དུ་གང་ཡང་བྲིས་མེད། ཨ་དར་གྱིས་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཞེས་བྲིས་ཡོད། ཤེས་འདོད་ན་ཨ་དར་གྱི་ངོ་དེབ་ནང་གཟིགས།
འཇམ་གཅེས་ཀྱིས་བཤད་པར་ཡག་བྱུང་། ཀླུ་བྱམས་འདི་ངོ་གཉིས་མ་འཁྲབ་ཀྱིན་འདུག གཅིག་ནས་ཁོས་ཆོས་ཁས་མི་ལེན། གཉིས་ནས་ཆོས་སྲིད་ཟུང་འབྲེལ་ལ་དཀག་པ་བརྒྱབ་བརྒྱབ་པ་རེད། ད་ཡང་སོང་ནས་གདན་ས་ཁག་ཏུ་འཚང་ག་རྒྱག་གི་འདུག ཡིན་ལུགས་ཚུལ་ལྡན་དང་དོན་དངོས་དང་མཐུན་པའི་སྲིད་སྐྱོང་འོས་མི་ཚོ་ཡོང་འཇུག་གི་རེད་ལ། ཀླུ་བྱམས་ཡོང་མ་བཅུག་པ་དེ་ཀླུ་བྱམས་ཁོ་རང་ལ་དྲི་ངན་འཐུལ་གྱིན་ཡོད་པས་རེད། དྲི་ངན་ཅན་ཚོ་ཡོང་མ་བཅུག་པ་དེ་གདན་ས་ཁག་གི་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་རེད། རང་ཉིད་ལ་སྲུང་སྐྱོབ་ཀྱི་ཐོབ་ཐང་མི་ཚང་ལ་ཡོད་དུས་གདན་ས་ཁག་ལ་ལོས་ཡོད། ད་ནི་ཀླུ་བྱམས་དང་གནམ་ལོ་ཡག་ཟེར་བ་གཉིས་སུ་ཞིག་ལག་ཆར་འགྱུར་འགྲོ་བསམས་ན། ཞེད་སྣང་ཡོང་གི་འདུག སྨྱོན་གྱིན་མེད་དམ། ཐང་ཐང་ཡིན་ན། སུ་གང་ཞིག་གིས་ཁོ་ལ་རྒྱབ་སྐྱོར་ཡིན་མདོག་གིས་བོད་མི་ཚོ་ནང་ཁུལ་དཀྲུག་གིན་འདུག བསམ་བློ་གཏོང་དགོས་པ་མང་པོ་རེད།
དམངས་གཙོ་དང་རང་དབང་གི་རྩ་བ་ནི་མི་ཚང་མར་སྐད་ཆ་བཤད་ཆོག་པའི་རང་དབང་དེ་ཡིན་ དེའང་མི་ཞིག་གིས་བཤད་པའི་སྐད་ཆའི་ནང་དོན་ལ་རང་ངོས་ནས་ངོ་རྒོལ་རྒྱ་ཆ་བརྒྱ་ཡོད་ནའང་ མི་དེས་སྐད་ཆ་བཤད་ཆོག་པའི་རང་དབང་ལ་རྒྱབ་་སྐྱོར་དང་སྲུང་སྐྱོབ་རྒྱ་ཆ་བརྒྱ་བྱེད་དགོས་ དེ་ལྟར་བྱེད་མ་ཐུབ་ན་དམངས་གཙོ་མ་ཤེས་པ་རེད་ མི་སྟོང་ཕྲག་མང་པོས་མི་ཚེ་གཅིག་ལ་བལྟ་འགྲུབ་དང་མཚན་ཉིད་སྦྱང་ནས་ད་རེས་ཀླུ་མཁར་བྱམས་མི་གཅིག་ལ་བརྩོད་པ་རྒྱབ་མ་ནུས་པར་ཁོང་བརྩོད་རར་ཡོང་མ་ིད་དགོས་ཟེར་བ་ནི་ཡ་མཚན་ཆེ་།
འདི་བས་མི་སྐད་བཤད་འདུག རྩོམ་རྩལ་བཟང་གི མུ་མཐུད་དེ་ཕྲིས། བདེན་པར་རིམ་གྱིས་རྒྱལ་ཁ་ཡོད། ལར་ནས་རང་བཙན་ཁ་ལ་འཁྱེར་ཏེ་དམིགས་འབེན་རྩམ་གཟན་ཡོངས་ཀྱི་མགོན་སྐྱབས་ལ་མཚན་སྨད་ཞུ་བ་དང་། དབུས་སྒྲིག་འཛུགས་དང་ མི་མང་བར་དཀྲུགས་ཅི་ཐུབ་བྱེད་བཞིན་ཡིག་རྙོག་ལུང་བ་གང་རེ་བྲིས་ཏེ། ལེགས་ཉེས་དང་བདེན་རྫུན་དབྱེ་འབྱེད་མི་ཐུབ་པ་རྣམས་མགོ་བསྐོར་བྱེད་ཡིན་པ་ནི། ཁོ་ཅག་གིས་ཡིག་རྙོག་ལས་ཤེས་ཏེ། ཚིག་སྦྱོར་དང་འབྲི་རྩལ་གང་ཐད་ནས་བོད་རང་གི་ཐུན་མིན་གྱི་རྩམ་དྲི་མེད་པར་གུང་བྲན་གྱི་མདེའུ་དང་ཁྲག་དྲི་ཐུལ་ཡོང་།
འཇམ་གཅེས་འདིས་རྩུན་བཤད་སོང་། སེ་ར་དང་དགའ་ལྡན་སོགས་བོད་རང་བཙན་གྱི་ཁ་གཏད་དུ་ལངས་འདི་བོད་ཕྱི་ནང་ཀུན་ཏུ་ཁྱབ་ཡོད། རྒྱུ་མཚན་ནི་ཨ་ཚོགས་ཀླུ་མཁར་བྱམས་ནི་བོད་རང་བཙན་ཚོགས་པས་བཏོན་པའི་འོས་མི་གཅིག་པུ་དེ་ཡིན། ཁོང་སྒེར་བ་ཞིག་གི་གནད་དོན་མ་རེད། གཅིག་བྱས་ན་དགོན་པ་འདི་དག་གི་སྦྱིན་བདག་ཁྲོད་དུ་འཐབ་ཕྱོགས་གཅིག་གྱུར་ཁང་སླེབས་ཡོད་སྲིད།
ད་ལན་ཀླུ་བྱམས་ཀྱི་གཏམ་བཤད་ལ་ངོས་ལེན་མ་གནང་མཁན་གྱི་གདན་ས་གཉིས་དང་། རྒྱུད་སྨད་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་སོགས་ལ་མཚོན་ན། ཁོང་ཚོས་ངོས་ལེན་མ་བྱས་པའི་རྒྱུ་མཚན་ནི་ཀླུ་བྱམས་རང་བཙན་རྩོད་མཁན་ཡིན་པ་དང་། ཆོས་ལུགས་ཁས་མི་ལེན་པ་སོགས་དང་འབྲེལ་བ་གང་ཡང་མེད་ལ། དྲྭ་འབུ་དག་གིས་འུར་བཞིན་པའི་ལམ་དབུ་མ་དང་རང་བཙན་གྱི་འཐབ་རྩོད་ཅིག་ནམ་ཡང་མིན།
ཡང་ན་ཅིའི་ཕྱིར་ངོས་ལེན་མ་བྱས་ཡིན་ཞེ་ན། ཀུན་གྱིས་ཤེས་གསལ་ལྟར། ཀླུ་བྱམས་ཀྱིས་༸གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་གཞི་མེད་པའི་སྐུར་འདེབས་དང་ལོག་བཤད་བྱས་པ་དེ་དག་དང་འབྲེལ་བ་ཡོད་པས་ལོས་ཡིན། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོས་དོལ་རྒྱལ་དང་འབྲེལ་བའི་བླང་དོར་ལམ་སྟོན་ལ། ཀླུ་བྱམས་ཀྱིས་ལ་ཕར་ནང་ནས་རྒྱ་དམར་གཞུང་གིས་ཆོས་དད་རང་དབང་བཅོམ་སྟངས་དང་། ལ་ཚུར་ཕྱོགས་ནས༸གོང་ས་མཆོག་གིས་ལམ་སྟོན་དང་མཚུངས་བསྡུར། གང་ལྟར་བཟང་སྤྱོད་དང་ཡོངས་སུ་བྲལ་བའི་སྒོ་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་དག་་ལ་བརྟེན་ནས་དེང་སྐབས་དོལ་ཚོགས་ཀྱི་མི་སྣ་ཨ་དར་ཞར་ཀོག་གཙོ་བོར་བྱས་ནས་ཀླུ་བྱམས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་པ་སོགས་དང་འབྲེལ་བ་ཡོད་པས་ཡིན
འཇམ་གཅེས་ལགས་སྐུ་ཁམས་བཟང་ཁྱེད་རང་གི་དོན་དངོས་དང་འཚམ་པའི་གནད་དོན་འགྲེལ་བཤད་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ལས་བྲེལ་དབང་གི་འདི་ཙམ་ཡིན་རྗེས་སོར་ཞུ་རྒྱུ་ཡིན།
སྤེན་ཚེ་རྒྱབ་བསྐྱོར་པ་ཚོ་འདི་ལྟར་བོད་རང་བཙན་ལ་ངོ་རྒོལ་མངོན་སུམ་འཛེམས་མེད་བྱེད་མཁན་ཚོའི་རྒྱབ་ནས་ལངས་སྟངས་ལ་ལྟོས་དང་། ད་ཚད་ག་བ་སླེབས་ཟིན་པ་གསལ་པོ་དག་པོ་རེད། མང་ཚོགས་བླུན་པོ་མ་རེད་ལོ།
ཀླུ་བྱམས་ཀྱི་གཏམ་བཤད་བཀག་པ་དང་དུས་དབང་དུས་རྒྱང་བྱས་པ་དང་ལྷོ་ཕྱོགས་ཀྱི་གསུངས་ཆོསཀྱི་ཉིན་ལྔ་མང་དུ་གཏང་བ་དང་བཅས་པ་ནི་དད་པ་ལོག་སྤྱོད་པའི་བྱ་སྤྱོད་ལས་མ་འདས་སོ།
འཇམ་གཅེས་འདི་ངོ་མ་གཅེས་ཁོ་ཞིག་འདུག། ཀླུ་བྱམས་དང་ཀླུ་བྱམས་ཀྱི་རྒྱུགས་ཁྱི་འདི་ཚོས། ཁོ་ཚོ་ལ་རྒྱལ་ཁ་དང་བདེན་ཁ་མ་སྟེར་ན། ཁ་ཐུག་གིས། ང་ཚོ་ནི་རང་བཙན་མི་དགོས་མཁན། ལོ་རྒྱུས་སྣོག་སུབ་མཁན་སོགས་དགྲ་དགའ་གཉེན་སྡུག་གི་ཞྭ་མོ་འགེབ་རྐྱང་བྱེད།
སོ་སོའི་ཁ་ལག་གཉིས་ཀྱིས་སོ་སོ་བསྡམ་ཡོད་པ་མི་ཤེས་བར། གོང་མ་ཞིག་མ་འགྲིག་མ་འཐུས་རབས་བཤད་ནས་གཏོར་བརླག་བཤད། ང་ཚོས་ཁྱེད་ཚོའི་བྱས་ལས་དང་ཀུན་སྤྱོད། ཁ་རྐུབ་ཚང་མ་ལ་རྟག་ཡོད། ཅི་གང་ལོ་ནི་ཞིག་ཡིན་པ་ཇེ་གསལ་དང་ཇེ་མངོན་རེད།
ཀླུ་བྱམས་ལག་རྡོ་བྱེད་མཁན་ནི། ཁ་རང་བཙན་ལ་ཕྱོགས་པའི་ཕྱི་རྒྱལ་གྱི་ཕྱུག་བདག་ཚོ། ཕྱི་རྒྱལ་ལུང་པའི་དོལ་ཚོགས། དགྱ་ནག་གི་མང་གཙོ་བཤད་མཁན་གྱི་ཕྱི་ལོག་གི་དགྱ་ལྡོམ་འགའ། དེ་ནས་ཀླད་པ་ན་ཕ་ཚོས་མ་ཆོས་གང་ཡང་མེད་པའི་རང་རིགས་མགོ་འཁོར་བ་ཙམ་མོ། འདི་དག་ཚང་མའི་རྒྱབ་རྩ་ན། དགྱ་ནག་དམར་པའི་འདྲེ་ལག་གི་སྲུང་མ་ཡོད་པ་ཤེས་དགོས་སོ།
འཇམ་གཅེས་ལགས་ བདེན་པའི་གཏམ་ནི་ཀུན་གྱིས་རྣ་བར་སྙན་། ངོ་མ་ཡག་པོ་བྲིས་འདུག་ ཚེ་རིང་ལོ་བརྒྱ། ཐུགས་རྗེ་ཆེ།
ད་ངོ་མ་བོད་པ་ཚང་གི་ལས་ཚར་སོང་གདན་ས་དགའ་སེ་གཉིས་བཀྲས་ལྷུན་། དེ་བཞིན་རྒྱུད་གྲྭ་སྟོད་སྨད་འདི་ཚོ་བོད་རང་བཙན་གྱི་ཁ་གཏད་དུ་གྱུར་འདུག ཨ་ཡ།
ལ་ཤས་ཀྱིས་ད་རེས་ཀླུ་བྱམས་ཁོང་གདན་ས་ཁག་ཏུ་གཏམ་བཤད་སྤེལ་མ་བཅུག་པ་ནི་དགོན་པའི་ལས་སྣེ་ཚོས་སྒེར་བདག་བྱས་རབ་དང་མ་འགྲིག་མ་འཐུས་པའི་སྐོར་བཤད་ཀི་ཡོད། དམིགས་གསལ་ཀླུ་བྱམས་ཀྱི་ཡུལ་གྲོགས་དང་བཙོན་གྲོགས་ཡིན་པ་གནམ་ལོས་གདན་ས་ཁག་ལ་ཁ་རྡུང་བཏང་བས་གདན་ས་ཁག་ལ་གང་ཡང་གནོད་ཀི་མེད་ནའང་ཁོའི་བྱ་སྤྱོད་དེས་རང་ཉིད་ཀྱི་ཕྱི་ནང་ཚང་མ་ཕྱིར་སློག་གིས་རང་དབང་དང་དམངས་གཙོ་ཁ་རུ་འཁྱེར་ནས་རྒྱུ་མ་གཅིག་འདྲེས་ཀྱི་ངང་ཚུལ་བཟུང་ནས་བདག་པོ་སོ་འདེབས་ཀྱི་བྱ་སྤྱོད་གསལ་བོར་ངེས། མ་གཞི་ནས་གདན་ས་ཁག་དང་ཚོགས་སྡེ་ཁག་ནས་ཀླུ་བྱམས་ལ་གཏམ་བཤད་སྤེལ་འཇུག་མིན་ནི་ཚོགས་སྡེ་ཁོ་རང་ཚོས་རང་དབང་ཡིན་པ་ལས་སྒེར་གཅོད་ཞེས་པའི་ཐ་སྙད་ཅིག་འདིར་བེད་སྤྱོད་གཏོང་ས་གང་ཡང་མེད། ནམ་ཞར་ཡང་༄།གོང་ས་མཆོག་ལ་ཟུར་ཟ་དང་མཐོང་ཆུང་གི་བཀའ་མོལ་དེ་རིགས་ཀྱིས་བོད་པའི་བརྒྱ་ཆ་དགུ་བཅུའི་སེམས་ཁམས་ལ་ཕོག་ཐུག་བཟོ་ཀི་ཡོད། དེའི་རྐྱེན་པས་ཁྱེད་རང་བོད་ལ་བློ་སེམས་ཇི་ལྟར་དཀར་ཁུལ་བྱས་ཀྱང་བཤད་སྟངས་ལས་སྟངས་མ་འགྲིག་པས་གདན་ས་ཁག་ནས་བླུད་རྫས་བཞིན་བཀག་ཡོད། རང་དབང་ཡིན་པའི་ཁུལ་གྱིས་ཟབ་ཙམ་མ་བྱས་ན་ནག་ཉེས་ཅན་གྱི་ཨ་མདོ་བ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་པས་གསལ་འདེབས་སུ་ཕུལ།
འ་རོ་འཇམ་གཅེས་ཁྱེད་དཀོན་མཆོག་གསུམ་པོས་སྲུངས། ཡག་བྱུང་། དྲང་མོ་བཤད་ན་ད་ལམ་འབྲས་སྤུངས་༧རྒྱལ་བའི་ཁ་གཏད་དུ་ལང་པའི་ཚོར་སྣང་ཤིག་བྱུང་སོང་། དོན་ལ་བོད་རང་བཙན་ལ་མི་དགའ་བའི་བོད་མི་ཀླུ་སྡོམ་སོགས་རྒྱ་ལྕག་ཟ་མཁན་ཁ་ཤས་ཞིག་མ་གཏོགས་མེད། ཀླུ་ངན་གིས་རྒྱ་གཞུང་གིས་བཙོན་གྲོལ་བྱས་རིན་སོགས་བུ་ལོན་མ་འཇལ་རང་འཇལ་རེད།
སྤྱི་སྒེར་གྱི་བསམ་ཚུལ་མང་པོ་བཀོད་འདུག
མཆན་མང་པོ་བཀོད་འདུག
སྐུ་ཞབས་འཇམ་གཅེས་ལགས་ཀྱིས་ངོ་མ་གནས་ལུགས་དང་མཐུན་པ་ཞིག་སྨྲ་འདུག ཡག་པོ་རེད།