ཨ་ཁུ་ཆོས་རྒྱལ།
སྔོན་མ་ང་ཆུང་ཆུང་སྐབས་སུ། དགའ་ལྡན་དགོན་པའི་ཨ་ཁུ་ཞིག་གིས་གཏམ་བཤད་ལ་ཉན་གི་སོང་བ་ཡིན། ཁོང་མོན་གྷོ་ས་གནས་རང་བཙན་ཚོགས་པའི་རྒྱུན་ལས་རྒྱུན་རིང་བྱས་མྱོང་མཁན་ཞིག་རེད། ཨ་ཁུ་དེས་འདི་ལྟར་བཤད་སོང་། དེང་སང་གི་ན་གཞོན་འདི་ཚོས་སྐྱག་པ་བཏང་རྗེས་སྐྱག་པའི་སྒང་ལ་རྒྱུགས་པས་གཞུས་ནས་རྩེད་གི་འདུག ཁོང་ཚོས་སྐྱག་པ་ལ་རྒྱུགས་པས་གཞུས་ན་རང་ཉིད་དང་རང་ཉིད་ཀྱི་ཁོར་ཡུག་ཡོད་ཚད་གཙོག་པ་བཟོ་རྒྱུ་ཡིན་པ་གཏན་ནས་སེམས་ལ་དྲན་གྱི་མི་འདུག་ཟེར། སྐབས་དེ་དུས་གད་མོ་སློང་བ་ཙམ་རེད་བསམ་སོང་། ད་ཡིན་ན་དེ་ནི་མ་འོངས་ལུང་བསྟན་རེད། སྐྱག་རྩེད་རྩེ་མཁན་གྱི་བྱིས་པ་དེ་ནི་ཀླུ་མཁར་བྱམས་རེད་འདུག་ཀ གཏམ་བཤད་གནང་མཁན་དེ་མོན་གྷོ་ས་གནས་རྒྱུན་ལས་ཙམ་རེད། འོན་ཀྱང་ཉམས་མྱོང་བདག་པོ་ཞིག་རེད་།
གོང་ས་མཆོག་གིས་བོད་པའི་འདས་མ་ད་གསུམ་ལ་དགོངས་ནས། དགོང་ལོ་བཅུ་དྲུག་ནས་བརྒྱད་ཅུའི་བར་ཏུ། བོད་པའི་མིང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས། འཛམ་གླིང་འདིའི་སྟེང་དུ་འབུར་ཏུ་ཐོན་ཡོད་པ་ཞིག་བཟོས་ཡོད་ནི་རེད། དེ་ནི་ཆོས་ཀྱི་དད་པ་ཙམ་མ་རེད། རིག་གཞུང་གི་ཞེན་ཁོག་ཙམ་མ་རེད། བཟང་སྤྱོད་ཀྱི་བཀའ་དྲིན་དྲན་པ་ཙམ་མ་རེད། དོན་དངོས་ཐོག་འཛམ་གླིང་རིལ་བོ་འདིའི་སྟེང་དུ་བཤམས་ཡོད་པ་ཞིག་རེད། དེང་སང་ཀླུ་མཁར་བྱམས་ལྟ་བུས་ཁ་གང་ཡོད་ཀྱི་ལོག་བཤད་བྱེད་ས། ལག་གང་ཡོད་ཀྱི་ལག་རྩེད་རྩེ་ས་ཞིག་མ་རེད།
འོན་ཀྱང་མི་དེས་བཤད་སྟངས་ལ་ལྟོས་དང་། (རྒྱལ་བ་རིན་པོ་ཆེ་དོན་ལ་རྒྱལ་ཚོང་བ་རེད། ནག་ཉེས་མཁན་རེད།)ཟེར་ནས་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་བཤད། ཚིག་འདི་དག་ལ་དད་པ་ཅན་ང་ལྟ་བུ་ཞིག་གིས་ཉན་ཐུབ་ཐུབ་པ་ཞིག་ག་ལ་ཡིན། སྤྱིར་བཏང་གི་གནས་ཚུལ་ཤེས་མཁན་ཞིག་གིས་ཀྱང་ཉན་བཟོད་པ་ཞིག་མ་རེད། བཙན་བྱོལ་བའི་འོག་ན་གོང་ས་མཆོག་དྲིན་གྱིས་མ་བསྐྱངས་པ་སུ་ཞིག་ཡོད། ཐ་ན་ཀླུ་མཁར་བྱམས་ཁོ་རང་གི་ཉིན་མ་རེ་རེའི་འཚོ་བ་ཡོང་ས་ཡང་གང་ཞིག་རེད། སྐད་ཆ་དེ་དག་གིས་ཚང་མའི་འཁོར་ཡུག་ལ་སྐྱག་པ་གཏོར་བ་མིན་ན་གང་ཡིན།
དགོང་ལོ་བརྒྱད་ཅུར་ཟིན་ན་ཡང་། ད་དུང་ཉིན་མཚན་གཉིས་ཀར་བྲེལ་བྲེལ་འཚུབ་འཚུབ་ཀྱིས། ས་ཡི་གོ་ལ་འདིའི་སྟེང་དུ་ངལ་གསོ་ཁོམ་མེད་པར། ཡར་ཕེབས་མར་ཕེབས་བྱས་ནས་མཚམས་མ་བཞག་པར་བོད་ཁ་བ་ཅན་གྱི་བདེ་སྡུག་དང་། འཛམ་གླིང་ཡུལ་གྲུ་ཁག་གི་ཞི་བདེའི་ཁོ་ནའི་ཆེད་དུ་སྐུ་ངལ་ཚད་འདས་བསྐྱོན་པས། ཁ་སང་དེ་རིང་གི་སྐུ་གཟུགས་གནས་སྟངས་ mayo clinic གསལ་བསྒྲགས་ལྟར་རེད། གློ་བུར་ཏུ། ངེས་པར་ཏུ་ངལ་གསོ་དགོས། དགོང་ལོ་མཐོ་བ་དང་། མཛད་འཕྲིན་མང་དྲག་འདུག འདི་ནི་ཨ་རི་སྨན་པས་གཟུགས་པོའི་གནས་སྟངས་ལ་བཤད་པ་རེད། ཟླ་གཅིག་ལྷག་གི་ཨ་རིའི་མཛད་འཕྲིན་ཡོངས་རྫོགས་ཅམ་འཇོག་བྱེད་དགོས་ཐུག་པ་རེད། འདི་སུའི་ཆེད་དུ་རེད། སྐུ་ལས་འདི་འདྲ་གནང་བ་སུའི་ཆེད་དུ་རེད། འཇོན་ཐང་མེད་པ་དང་ཤེས་ཡོན་མེད་པ་ང་ཚོ་དང་ང་ཚོའི་མི་རབས་རྗེས་མའི་ཆེད་དུ་མིན་ན་སུའི་ཆེད་དུ་རེད།
རྒྱལ་བ་རིན་པོ་ཆེ་མིན་ན་དེང་སང་གི་བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་འབངས་གསུམ་དེ་རིང་གི་འདི་ལྟ་བུ་གང་ན་ཡོད། རྒྱལ་བ་རིན་པོ་ཆེ་མིན་ན་འཛམ་གླིང་གི་རྒྱལ་ཁབ་སོ་ལྔ་ན་ཡོད་པའི་བོད་པའི་སྐྱིད་སྡུག་འདི་གང་ན་ཡོད། རྒྱལ་བ་རིན་པོ་ཆེ་མེད་ན་དེང་སང་གི་སྲིད་སྐྱོང་སྐུབས་སྟེགས་འདི་གང་ན་ཡོད། དེ་མེད་ན་ཀླུ་མཁར་བྱམས་ལྟ་བུ་གླེན་པ་ཁ་ནག་ཁོའི་ཁ་རྒྱགས་པ་བཤད་སའི་སྟེགས་བུ་དེ་གང་ན་ཡོད། སྐྱག་པ་ལ་རྒྱགས་རྩལ་རྩེད་མཁན་ཀླུ་མཁར་བྱམས་ལ་ཨ་ཁུ་ཆོས་རྒྱལ་ནས་བདོ་བའོ།། །།
རིག་གནས་གསར་བརྗེའི་སྐབས་ལ་སྐྱེས་པ་འདི་འདྲ་རྒྱུ་ཟིག་མེད་ཀི
བོད་རྒྱ་ཁོངས་སུ་མུ་མཐུད་སྡོད་རྒྱུ་ཡིན་ན། སྔར་མི་སྡོད་པར་ཕྱི་ལ་བྲོས་ཡོང་བ་དང་བོད་མི་ས་ཡ་བརྒལ་བ་ཞིག་དུས་མིན་རྐྱེན་ལམ་དུ་སོང་ཡོད། ལོ༥༠འགོར་འཚམས་ཧོབ་ཏུ་ཁད་ལ་སད་པ་ནང་བཞིན་གྱིས་རྒྱ་གཞུང་རྩ་ཁྲིམས་འོག་འགྲོ་གི་ཡིན་ཟེར་སྲོལ་ཞིག་འདུག་གམ། བྱ་སྤྱོད་འདི་ལ་ཅི་ཞིག་འབོད་དགོས་སམ།
རྩོམ་ཡིག་འདིར་བཀླགས་འོང་དུས་༧རྒྱལ་བ་རིན་པོ་ཆེན་བོད་བྱེད་པ་པོ་རེད་འདུག་ཨ་་་བསམས་བསམས་འདྲ་ཞིག་བཤད་འདུག ཁྱོད་ལ་འཇིག་རྟེན་བྱེད་པ་པོ་འདྲ་འཇོག་གྱི་ཡོད་དམ། རྒྱལ་བའི་ཐོག་ཏུ་པན་ཆེན་བསྣན་ན་འཇིག་རྟེན་བྱེད་པ་པོ་ཡིན་གྱི་རེད་ད།་་་་ཧཧཧ
ཡང་ཆབ་སྲིད་ལ་ཆོས་ལུགས་ཀྱིས་འགེབས་མཁན་ཞིག་སླེབས་སོང
ཁ་ཨུ་དེ་བ་ལ་གསོལ་དོན་༼ན་༽ཟེར་བའི་ཚིག་དེ་གོང་ས་མཆོག་གི་སྔོན་ལ་སྦྱར་ན་ཡང་ཚིག་དེའི་གང་ཞིག་སྟོན་འོང་།
ཨ་ཁུ་ཆོས་རྒྱལ་ལགས། རྒྱལ་ཚོང་བ་ཟེར་དུས་མཉན་མ་ཐུབ་ན་བོད་ལུང་པ་བསྐྱལ་མཁན་ཟེར་ན་ཉན་ཕོད་ས་རེད་དམ་མ་རེད། ༧རྒྱལ་བ་རིན་པོ་ཆེན་ཁོང་རང་གིས་ངོས་ནས་ཁོང་རང་ལ་བོད་ལུང་བསྐྱལ་མཁན་ཟེར་ནས་གསུངས་པ་རེད། ཉན་མ་བཟོད་ནའང་ཉན་དགོས་ཀྱི་རེད་པྭ།
ཀརྨ་བློ་གསལ་ཟེར་བ་འདི་ནི་རྒྱ་མིའི་རྒྱུགས་ཁྱི་དང་དོལ་རྒྱལ་རྗེས་འབྲངས་པ་ཞིག་ཡིན་པར་ཐེ་ཚོམ་མི་འདུག ཚང་མས་ཡིད་གཟབ་གནང་དགོས་ཀྱི་འདུག ཁོང་གིས་བོད་མི་ནང་ཁུལ་དཀྲུག་རྒྱུའི་ལས་ཀ་ཤ་སྟག་བྱེད་མཁན་ཞིག་རེད་འདུག དེ་དོན་ཚང་མས་ཡིད་གཟབ་ངེས་པར་དགོས་ཀྱི་འདུག
ཅོ་རི། སྐྱག་རྫུན་རྐྱང་རྐྱང་བཤད་མ་འདུག ཕྱི་མའི་རྒྱུ་འབྲས་ལ་མ་བསམ་ཡང་ཚེ་འདིའི་བཟང་སྤྱོད་ཟེར་བ་དེ་ལ་བསམ་བླ྄ོ་ཏོག་ཙམ་ཐོངས་། རྒྱལ་བ་རིན་པོ་ཆེས་ཁོང་བོད་ལུང་པ་བསྐྱལ་མཁན་ཡིན་ཞེས་གང་དུ་གསུངས་འདུག ཁུང་ལུང་གསལ་པོ་སྟོན་ཤོག དེ་སྟོན་རྒྱུ་མི་འདུག་ན་ཁྱོད་རང་ལ་སྐྱག་བརྫུན་མཁན་པོའི་ཆོ་ལོ་འབུལ་རྒྱུ་ཡིན།
མགོ་སྟོང་བསླེབས་པྭེ། སྐར་མ་༢༩ རྩ་ནས་ཉོན།
https://www.youtube.com/watch?v=dU–NS-tRb4
ཧ་དགོད་ཅིག་རང་བཞིན་དུ་ཤོར་ཐལ་ཡ།
མཚན་ཉིད་རྩོད་པའི་སྐབས་སུ། དཔེར་ན་རྒྱལ་བ་རིན་པོ་ཆེ་སྔ་རྒོལ་བ་དམ་བཅའ་ལ་བཞུགས། ཕྱི་རྒོལ་བ་ཞིག་གིས་རྟགས་བསལ་བཏང་བའི་ཚེ་ཚུལ་གསུམ་རིགས་པ་དང་འགལ་ན་རྩ་བའི་དམ་བཅའ་ཚར། འཁོར་གསུམ་ཞེས་བརྗོད་ཆོག་གི་རེད་དམ་མ་རེད། ཆོག་ན་ཕྱི་རྒོལ་བ་རང་བཙན་ལྟ་གྲུབ་ཀྱི་རིགས་པས་སྔ་རྒོལ་བ་ལམ་དབུ་མས་རང་གི་རྒྱལ་ཁབ་དེ་རྒྱ་དམར་པོའི་ལག་ཏུ་བཞག་པ་དེ་ལ་ཅིའི་ཕྱིར་རྒྱལ་བཙོང་བ་ཞེས་བརྗོད་མི་ཆོག། དྲང་བདེན་བརྗོད་པ་ལ་གཞི་མེད་སྐྱོན་འཛུགས་སོང་ཟེར་བ་དང། མཚན་དམས་ཞུ་སོང་ཟེར་བ་སོགས་ནི་ཀླུ་བྱམས་ལ་ཞ་མོ་ནག་པོ་གཡོགས་ཐབས་རང་ལས་མ་འདས།
ཨ་ཤུ་རེ་ཁོ། ཚར་རྒྱུ་མེད་ནི་རྩོད་པ། དོན་སྙིང་མེད་ནི་རྙོག་གླེང། རིག་པ་མེད་ནི་ཐལ་འགྱུར། བཀའ་དྲིན་མ་དྲན་ནི་སྐད་ཆ། དུས་ཚོད་ཡོད་ནི་མཆན་འདེབས་ས། ངོ་མ་སྐྱིད་ཀྱི་གོ མཐའ་དོན། གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །ཅེས་ཞི་ལྷས་གདམས་པ་མན་ངག་ཏུ་མཐོང་ནས་དཔྱོད་ལྡན་དག་གིས་ཐུགས་ཉམས་སུ་བསྟར་རོགས།
དཔྱིད་ཀྱི་ཕོ་ཉའི་སྐད་སྙན་སྒྲོག་རྒྱུ་མེད་པར་སྡུག་སྐད་ཙེ་རེ་ཤུགས་རིང་འཐེན་རྒྱུ་དེ་ཡག་ལེ་མ་རེད། གནས་ལུགས་བཤད་རྒྱུ་རྫོགས་སོང་ནི་ཨེ་རེད། དོན་སྙིང་ལྡན་པ། རིགས་པ་དང་ལྡན་པ། ཚར་རྒྱུ་ཡོད་པའི་རྩོད་པ་ཞིག་ཁྱེད་ཅག་ལ་རྩོད་རྒྱུ་ཡོད་པ་འདྲ། ངས་བལྟས་ན་ནམ་ཞིག་རྒྱ་དམར་པོས་མ་ཉོས་པའི་ལམ་དབུ་མའི་བོད་རྒྱལ་ཁབ་དེ་ཚོང་ཐུབ་སོང་ན་དེ་དུས་རྩོད་པ་རྫོགས་ལེ་རེད།
ལོག་བཤད་མཁན་པོ་ཅོ་རི། གོང་ས་མཆོག་གིས་སྐུ་རྩེད་གནང་བ་ཞིག་ལ་ལོག་འགྲེལ་རྒྱག་ནས་ཁོང་ནམ་ཡང་ནག་པོ་བཟོ་བཟོ་བསམ་པ་ནི་ཉིན་མོའི་རྨི་ལམ་རེད། ལར་ནས་རྒྱལ་བཙོང་བ་ཞེས་པ་དེའི་ཚིག་འགྲེལ་ཙམ་ཡང་ཤེས་མི་འདུག་པས་གོང་ས་མཆོག་རྒྱལ་བཙོང་བ་རེད་ཟེར་བ་ནི་ཧམ་པ་ཚ་ཐག་ཆོད་པ་རེད། སྤྱིར་བཙོང་ཟེར་ན་དངོས་པོ་ཞིག་ཕར་སྤྲད་ནས་རིན་པ་ཞིག་ཚུར་ལེན་པ་ལ་ཟེར་བས། རྒྱལ་བཙོང་བ་ཟེར་ན་སྒེར་གྱི་ཁེ་ཕན་ཞིག་ཐོབ་པའི་ཆེད་དུ་རྒྱལ་ཁབ་གཞན་ལག་ལ་བཞག་པ་ཞིག་ལ་གོ་དགོས། དེས་ན་རྒྱལ་བ་རིན་པོ་ཆེས་སྐུ་སྒེར་གྱི་ཁེ་ཕན་ཅི་ཞིག་གི་ཆེད་དུ་བོད་ལུང་པ་རྒྱ་ནག་ལ་བཙོང་པ་རེད། ཁྱོད་ལ་ཁུང་ལུང་ཡོད་པའི་སྐད་ཆ་ཞིག་བཤད་རྒྱུ་ཡོད་དམ། རྒྱལ་བཙོང་བ་ངོ་མ་ནི་སྒེར་གྱི་སྒོར་མོ་སོགས་ཀྱི་ཁེ་ཕན་ཆད་དུ་བོད་རྒྱ་ནག་ལ་བཙང་མཁན་དོལ་རྒྱལ་ཚོགས་པ་ལྟ་བུ་རེད།
ཀླུ་མཁར་འབྱམས་མ་རེད་ ཀླད་དཀར་འཁྱམས་རེད་ ཀླད་དཀར་རང་རེད་ད་ ལྟ་བ་ལོག་པ་ ཁོ་རའི་མི་ཚེ་བསྐྱལ་སྟངས་མི་ཤེས་པར་ད་དུང་མི་དབང་སྲིད་སྐྱོང་བྱེད་རྒྱུ་ ཉི་མོའི་རྨི་ལམ། རྒྱལ་ཚོང་ལ་སོགས་ཚིག་ངན་དེ་ཚོ་སྐད་ཆ་ཆུང་ཆུང་མིན་པས་ཁྱོད་རང་གཟབ་པར་གྱིས།
ངས་སྔོན་མ་ཡང་ཁོ་ལ་ཟབ་དགོས་འདུག་ཅེས་མང་པོ་བྲིས་པ་ཡིན་་་་་་་་དེ་རིང་ཡང་ཞུ་རྒྱུར་ལྷན་རྒྱས་ཚོ་ད་བར་ངས་དུས་ཡུན་རིང་པོའི་རིང་མཆན་འདེབས་མཁན་མང་པོར་དོ་སྣང་བྱས་པ་ཡིན་འོན་ཀྱང་་་་ཅོ་རི་ཉི་མ་ཟེར་མཁན་དེར་དམིགས་ཡུལ་དང་རྒྱབ་ལྗོངས་གཙང་མ་མེད་པའི་མི་ཞིག་རེད་འདུག་་་་་སྤྱིར་གཏང་དྲ་རྒྱའི་སྟེང་ཕེབས་ནས་རང་ཉིད་ཀྱི་བསམ་ཚུལ་གང་ཡོད་བརྗོད་ཆོག་གི་རེད་་་་་་་་་ཡིན་ནའང་ཅོ་རི་ཟེར་མཁན་དེས་ལས་འགན་གཞན་ཞིག་འགྲུབ་བཞིན་འདུག་་་་་་་་བྱས་ཙང་རྣམ་པ་ཚོས་ཅོ་རིའི་མཆན་ལ་དོ་སྣང་ཏོག་ཙམ་གནང་དང་གསལ་པོ་ཤེས་ཐུབ་ཀྱི་རེད་་་་་་ད་བར་ཁོས་constructive comment འམ་མཐུན་འགྲིག་གི་མཆན་གཅིག་ཀྱང་བྲིས་པ་མྱོང་མེད་
ཀརྨ་བློ་གསལ་ལགས་ ཁྱེད་ཀྱིས་གནང་བའི་དྲི་བ་ལ་ལན་ཞིག་ཡོད་ བྱ་སྤྱོད་དེ་ལ་གཉིས་ཕན་དབུ་མའི་ལམ་ཞེས་པ་དེ་ཡིན་ སེམས་ཅན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མ་འདོད་པ་གཅིག་ཀྱང་མེད་པ་ནི་ཆོས་ཀྱི་གནས་ལུགས་ཙམ་མིན་པར་ཀུན་གྱིས་ཤེས་ཤིང་མྱོང་བའི་ཚོར་བ་འབའ་ཞིག་ཡིན་ མི་ལོ་༥༠ ཙམ་གོང་གི་གནས་སྟངས་དང་ད་ལྟའི་གནས་སྟངས་རྩ་བ་ནས་འདྲ་ས་མེད་ ད་ཆ་གོ་ལ་ཧྲིལ་པོས་གངས་ལྗོངས་ཞེས་པའི་ཡུལ་དང་དེ་ལ་གནས་པའི་བོད་མི་ དེ་ལ་རིན་ཐང་བྲལ་རིག་གཞུང་དང་ཁྱད་དུ་འཕགས་པའི་དབུ་འཁྲིད་ མདོར་ན་ ཆབ་སྲིད་ཀྱི་དཀའ་འོག་ལ་ཚུད་པའི་རྒྱལ་ཁབ་ཞིག་ཡོད་པ་ཤེས་པ་དེ་མི་ལོ་ལྔ་བཅུའི་གོང་ལ་མི་ཤེས་པ་དེ་ཡིན་ འགྲོ་བ་ཚང་མ་བདེ་འདོད་ཅིག་པས་རྩ་ཆེའི་ཁྱད་ནོར་དེ་དག་ཡུན་གནས་ཆེད་དུ་དབུ་མའི་ལམ་དུ་བསྐྱོད་པ་ཡིན།
རྒྱལ་བ་རིན་པོ་ཆེའི་ཡོན་ཏན་བརྗོད་ཆོག་ན། སྐྱོན་ཅི་ལ་བརྗོད་མི་ཆོག
དགའ་བསུ་ཞུ།
མྱུར་མགྱོགས་ལགས་་་་་་་༸གོང་ས་མཆོག་ཆུང་བྱིས་པའི་དུས་ནས་ད་ཆ་གུང་གྲངས་བརྒྱད་བཅུ་བར་གཙོ་བོ་བོད་མི་རིགས་དང་འཛམ་གླིང་སྐྱེ་འགྲོའི་དོན་དུ་ཉིན་མཚན་མེད་པར་སྐུ་ངལ་བསྐྱོན་གནང་བར་ཐུགས་རྗེའི་བཀའ་དྲིན་རྗེས་དྲན་ཞུ་མི་ཐུབ་ཀྱང་ངོ་ཚ་མེད་པའི་སྐད་ཆ་དེ་འདྲ་བཤད་ན་རང་ཉིད་ལས་རྒྱུ་འབྲས་དང་འཆི་རྒྱུ་ཡིན་པ་ཡང་དྲན་དགོས་རེད་ད་་་་་་་
ཀླུ་མཁར་འབྱམས་ནི། མི་ཤེས་མེད། ཀླད་མེད་ཅིག་ཡིན་པ་ཀུན་གྱིས་ཤེས་ཀྱང་། ངས་དྲ་གྲོགས་འགས་མི་ཤེས་པ་དེ། བློ་ཕམ་པའི་གནས་རེད་སྙམ་མོ།།
ཀརྡོ་ལགས་ཀླུ་བྱམས་ཤེས་མེད་ཀླད་མེད་ཡིན་པའི་ཡིན་ལུགས་རོབ་ཙམ་ཞིག་གསུངས་དང། དེ་མིན་གཅིག་རེད་གཉིས་རེད་ཟེར་ན་གནས་ལུགས་ཀྱི་ཕངས་པའི་ཆགས་སྡང་གི་སྐད་ཆ་ཉིད་དུ་མི་འགྱུར་རམ། དབུ་མའི་ལམ་གྱི་མཁས་དབང་ཡོངས་རྫོགས་དང་དབང་རྟུལ་དད་པའི་རྗེས་འབྲང་བའི་མཁས་དབང་ཡོངས་རྫོགས། ཀླུ་བྱམས་ཁེར་རྐྱང་གཉིས་ཕན་ཚུན་ཆོས་སྲིད་གང་གི་ཐོག་ལ་ཡང་རྩོད་གླེང་ཅིག་བྱུང་ཐུབ་ན་ད་གཟོད་ཀླད་མེད་དང་ཤེས་མེད་སུ་ཡིན་གསལ་ཡོང།