མཚམས་སྦྱོར་བ། ལོ་ཡག
ངའི་མིང་ལ་མིག་དམར་ཟེར། ཕ་ཡུལ་གཞིས་ཀ་རྩེ་རྣམ་གླིང་རྫོང་ནས་ཡིན། ནང་གི་དཔལ་འབྱོར་ཞན་པས་ལོ་བཅུ་དགུའི་སྟེང་ནས་གཞིས་ཀ་རྩེའི་ཟ་ཁང་ཞིག་ནས་ཞབས་ཞུ་བ་བྱས། དེ་ནས་མིང་ལ་ཚེ་རིང་ཟེར་བ་ཨམ་སྐད་ཤེས་པའི་ཕོ་ལོ་ཉི་ཤུ་རྩ་ལྔར་སོན་པ་ཞིག་ངོ་ཤེས་ནས་དགའ་བོ་བྱས། ཁོས་མོ་ཊ་ཆེན་པོ་ཞིག་བཏང་ནས་ཅ་ལག་འདྲུད་གི་འདུག ནམ་རྒྱུན་ང་ལ་གྱོན་པ་དང་ཁ་ལག་ཡག་པོ་སྤྲད་པས་ཧ་ཅང་འདྲིས་པར་གྱུར། དེ་ནས་ཟླ་བ་གཅིག་གི་རྗེས་སུ་ཁོས། ང་རང་ཨ་མདོ་ལ་སོང་ན་ཁོ་རང་ནང་གི་བུ་གཅིག་པུ་ཡིན་ཞིང་། ཁྱིམ་ཚང་གི་འབྱོར་བ་བཟང་བས་ལས་ཀ་ཅི་ཡང་བྱེད་མི་དགོས་ཚུལ་ལབ་ཅིང་། སྒོར་མོ་ཉིས་སྟོང་སྤྲད་ནས། དེ་རང་གི་ནང་མིར་སྤྲོད་རོགས་ཟེར།
ངའི་སེམས་ལ་དགའ་བ་ཚད་མེད་ཅིག་སྐྱེས་ནས་སྒོར་མོ་ཆིག་སྟོང་མ་ལགས་དང་ཆིག་སྟོང་ཕ་ལགས་ལ་སྤྲད་ནས་དེའི་ཕྱི་ཉིན་ཁུ་སུམ་པོར་ལམ་ལ་ཆས་པ་ཡིན། མོ་ཊ་མདོག་སེར་པོ་རིང་པོ་ཞིག་འདུག་ཅིང་། ནང་དུ་ཁོ་རང་ཐེས་པའི་བུ་རྒན་གཞོན་གསུམ་འདུག
ང་ཚོ་ནག་ཆུ་བརྒྱུད་རྗེས། ཁོས་ང་རང་གི་ཐོབ་ཐང་ལག་ཁྱེར་ཁོ་ལ་སྤྲོད་མ་གཏོགས་ལྷ་ས་བ་ཨ་མདོ་ལ་མི་ཐར་ཟེར། ངས་ཐོབ་ཐང་ལག་ཁྱེར་ཁོ་ལ་སྤྲད་པ་ཡིན། ཅུང་ཙམ་ནས་ཁོ་ཚོས་ཁོ་ཚོར་སྐད་མི་གོ་བ་ཞིག་བརྒྱབས་ནས་དགོད་བཞིན་འདུག ལམ་བར་དུ་མོ་ཊ་བསྡད་ནས་ང་དང་ཇོ་ཅུང་ཟད་རྒན་པ་དེ་མོ་ཊའི་རྒྱབ་ལ་སྡོད་ཟེར་ནས་དེ་ལ་བཞག་བྱུང་། མོ་ཊ་ཅུང་ཟད་མགྱོགས་ལ་ཇོ་རྒན་པ་དེས་ང་རང་མནན་ནས་གོས་ཐུང་བཙན་གྱིས་ཕུད་དེ་བཙན་གཡེམ་བྱས་སོང་། ཚེ་རིང་ཞེས་ཇི་ལྟར་བོས་ཀྱང་མ་གོ དེ་ནས་ཆུ་ཚོད་གཉིས་ཙམ་གྱི་རྗེས་ལ་ཐེངས་གསུམ་བྱས་སོང་། དེ་ནས་མོ་ཊ་བསྡད་སོང་། ངས་ཚེ་རིང་ལ་ཁོས་ང་ལ་བཙན་གཡེམ་བྱས་སོང་ཟེར་དུས། ཁོས་ང་ལ་འགྲམ་ལྕག་གཅིག་གཞུས་ནས། དེ་ངའི་ཇོ་རེད། ཁྱོད་རང་ངེད་སྤུན་གསུམ་གྱི་མནའ་མ་རེད། དེ་ཡང་མི་ཤེས་སམ་ཟེར།
ཡང་ང་དང་ཕོ་ཆུང་བ་དེ་མོ་ཊའི་རྒྱབ་ལ་བླུགས་སོང་། རེ་ཞིག་ནས་བུ་ཆུང་བ་དེས་ང་ལ་བཙན་གཡེམ་ཐེངས་གསུམ་བྱས་པ་དང་། ངའི་མིད་པ་བསྒགས་ནས། སྲོག་དགོས་སམ་འདི་འདྲ་སྐྱིད་པ་བཟང་ངམ་ཟེར། དེ་ནས་ས་རུབ་སོང་ལ་མར་ཞིག་ན་གློག་མང་པོ་སྦར་བའི་གྲོང་ཁྱེར་ཞིག་ལ་སླེབས་གི་ཡོད་པ་འདྲ། དེ་ནས་མོ་ཊ་བསྡད་སོང་། ང་ལ་མར་བོབས་ཤོག་ཟེར། ངའི་མགོ་ལ་ལྕགས་ཐག་ཅིག་བསྐོན་ནས་ཟྭ་བརྒྱབས་པ་དང་། ལྕགས་སྒམ་ཞིག་གི་ནང་ལ་བཅུག་སོང་། ཉིན་མ་ག་ཚོད་ཕྱིན་པ་མ་ཤེས་མོད། ལྕགས་སྒམ་ཁ་ཕྱེས་ནས་ང་རང་ཕྱི་ལ་བཏོན་དུས་ཁ་ཆེ་མང་པོ་ཡོད་པའི་གྲོང་སྡེ་ཞིག་ལ་སླེབས་འདུག
ང་རང་ཁྱིམ་ཚང་ཐབས་ཆག་ཅིག་ནས་ཁ་ཆེའི་ཨ་ཅག་ལོ་ལྔ་བཅུ་ཙམ་མགོ་ལ་རས་ནག་པོ་གྱོན་པ་ཞིག་གིས་ཇ་དང་ཁ་ལག་སྤྲད་སོང་། དེ་ནས་ཇ་འཐུངས་རྗེས་སྔར་བཞིན་ངའི་སྐེ་ལ་ལྕགས་ཐག་བསྐོན་ནས་དེ་ལ་ཟྭ་བརྒྱབས་རྗེས་ཁང་པ་གཞན་ཞིག་གི་ནང་དུ་ཁྲིད། ལྕགས་ཐག་གི་སྣེ་མོ་ཡང་ལྕགས་ལུང་གཞན་ཞིག་ལ་སྦྲེལ་ནས་ཟྭ་བརྒྱབས་སོང་། ནང་དུ་ཉལ་ཁྲི་གཅིག་དང་མལ་ཆས་གཅིག་ལས་ཅི་ཡང་མི་འདུག ཁང་པ་དེར་དྲ་སྒེའུ་མེད་ལ། ནང་དུ་ནག་ཐིབ་བེར་འདུག
དེ་ནས་ཆུ་ཚོད་ལྔ་ཙམ་གྱི་རྗེས་ལ་བུ་གསུམ་པོ་དེ་ཡང་འཕྲོ་རིམ་འཕྲོར་སླེབས་ནས་ང་ལ་བཙན་གཡེམ་ཐེངས་མང་བྱས་སོང་། ཚེ་རིང་གིས་སང་ཉིན་ཁྱོད་ལ་རབ་གནས་བྱེད་དགོས་ཟེར། ང་རང་སྐྲག་ནས་ནམ་མ་ཆོད་པར་དགོང་མོ་དེར་གཉིད་གང་ཡང་ཁུག་མེད། ཕྱི་ཉིན་སྒོ་ཁྲོགས་སེ་ཕྱེས་བྱུང་། ཚེ་རིང་རེད། ཁོས་ངའི་སྐེ་ཡི་ལྕགས་ཐག་བཀྲོལ་ནས་འགྲམ་ལྕག་ཅིག་གཞུས་བྱུང་། ད་རྣམ་འགྱུར་དྲང་མོ་བྱོས། དེ་རིང་ནས་བཟུང་རང་རབ་གནས་རེད་ཟེར། ང་ལ་ནངས་ཇ་ཞིག་འཐུང་དུ་བཅུག་རྗེས་ལྷ་ཁང་འདྲ་བ་ཞིག་ལ་ཁྲིད་སོང་། དེ་ན་ཁ་ཆེ་ལོ་རྒན་པ་ལྔ་ཙམ་འདུག ང་རང་གི་ལུས་ཀྱི་གྱོན་པ་ཆ་ཚང་ཕུད་ནས་ཁང་ཆུང་ཞིག་ལ་བཅུག་སོང་། ཁང་པ་དེ་འཁྱགས་པ་རེད། ང་རང་སྐར་མ་སུམ་ཅུ་ཙམ་ནས་ཕྱིར་བཏོན་ཡོང་དུས་ལུས་ཡོངས་འདར་ཟུག་ཟུག་བྱས་བྱུང་།
ཁ་ཆེ་རྒན་པ་ཞིག་གིས་ངའི་ཁ་ནང་དུ་ཆུ་ཞིག་བླུགས་པ་དང་། ཁ་ཆེ་གཞན་རྣམས་ཀྱིས་ངའི་ལུས་པོ་བཀྲུས་སོང་། དེ་ནས་ཀ་བ་ཞིག་ལ་བཏགས་ནས་ཀོ་བ་ལེབ་མོ་ཞིག་གིས་ཐེངས་མང་གཏོར་བས་ང་བརྒྱལ་སོང་། དྲན་པ་སོས་དུས་ཁ་ཆེ་དེ་ཚོས་ང་བསྐོར་ནས་འདུག་ཅིང་། ངའི་འདོམ་ལ་ཤིང་ཞིག་བཏང་ནས་ཡར་བཙུགས་མར་བླངས་ནས་མང་པོ་ཞིག་བྱས་སོང་། དེ་ནས་ཉིན་བདུན་ནས་ཚེ་རིང་ང་ལེན་དུ་ཡོང་ནས་ཁྲིད་སོང་། ཚེ་རིང་གི་ཁྱིམ་ཚང་ལ་ཟ་ཡ་ཡག་པོ་མི་འདུག ང་རང་སྔར་བཞིན་ཁོ་ཚང་གི་ཁང་པ་དྲ་སྒེའུ་མེད་པ་དེ་རུ་བཅུག་ནས་ཉིན་མཚན་མང་པོར་ཁོང་སྤུན་གསུམ་ལ་ཞབས་ཞུ་བྱེད་དགོས་བྱུང་སོང་།
ཉིན་མ་བཞི་ཙམ་ནས་ངའི་གྲོད་པར་བུ་གུ་འཁོར་བ་འདྲ། ངས་ཚེ་རིང་ལ་དེ་ལྟར་བཤད་པས་སྨན་ཁང་དུ་ཁྲིད་པར་དངོས་གནས་མངལ་འཁོར་འདུག དེ་ནས་བཟུང་ང་རང་ཁང་པ་སྒེའུ་མེད་པ་དེ་རུ་སྡོད་དགོས་ཁེལ་ན་ཡང་ཁ་ལག་ཅུང་ཡག་པོ་སྤྲད་བྱུང་། དེ་ནས་ཟླ་བ་བཅུ་ཙམ་གྱི་རྗེས་ང་ལ་ཕྲུ་གུ་ཕོ་ཞིག་སྐྱེས་བྱུང་། དེ་དུས་ང་ལོ་ཉི་ཤུ་ཙམ་རེད། བུ་གུའི་མིང་ལ་མཱ་ཡན་ཅཱ་ཟེར། དེ་ནས་བཟུང་ང་རང་རྨོ་མོ་ལོ་ལྔ་བཅུ་ཅན་དེ་དང་མཉམ་དུ་གྲོང་གསེབ་ནང་གཏོང་གི་འདུག གྲོང་གསེབ་དེ་ལཱེན་ཞ་ཧོ་རུ་ཟེར་བ་དེ་རེད། གྲོང་གསེབ་དེར་གཞིས་ཀ་རྩེ་དང་། ས་སྐྱ། རྣམ་གླིང་། ལྷོ་ཁའི་བུ་མོ་དྲུག་ཅུ་རེེ་གསུམ་ཙམ་འདུག
ཁོ་ཚོས་ང་ལ་ལས་དབང་རེད། ད་ཁ་རོགས་ཙོག་གེར་འདུག་ན་མ་གཏོགས་ཁྲིམས་ཆད་ཡ་མཚན་དེ་འདྲ་ཕོག་གི་རེད་ཅེས་ཡང་ཡང་བཤད་བྱུང་། ང་ཚོ་ཆུ་ལེན་སའི་སྦུ་གུ་ཞིག་གི་ཁ་ནས་ནམ་རྒྱུན་འཛོམས་གི་ཡོད།
ཉིན་མ་ཞིག་གི་དགོང་མོར་ཚེ་རིང་གིས་གློ་བུར་དུ་ང་ཁྲིད་ནས་ཁ་ཆེའི་ལྷ་ཁང་ནང་ལ་ཕྱིན་སོང་། ལྷ་ཁང་དེའི་ས་འོག་ན། ཁང་པ་ཆེན་པོ་ཞེད་སྣང་ཅན་ཞིག་འདུག འོག་ཡིན་པས་དྲ་སྒེའུ་གང་ཡང་མེད་ལ། ཁང་པའི་ནང་ན་གློག་སྒྲོན་གསལ་བོ་འདུག ཚེ་རིང་གིས་ང་དེར་བསྐྱལ་རྗེས་ཁ་ཆེ་ཞིག་གིས་སྒོ་ཁྲོགས་སེར་བརྒྱབས་སོང་། དེར་ཡོད་པ་ཕལ་མོ་ཆེ་བོད་མོ་ཤ་སྟག་རེད་ལ། ཀན་སུའུ་ཅོ་ནེ་དང་བླ་བྲང་གི་བུ་མོ་འགའ་རེའང་འདུག ཚང་མ་ཁུ་སིམ་མེར་ས་འོག་ཆོས་ཁང་དེའི་སྟེགས་བུའི་སྟེང་མིག་ཧྲིག་གེར་ལྟ་ནས་བསྡད་འདུག
ཅུང་ཙམ་ནས་ཁ་ཆེ་རྒན་པ་མགོ་ལ་རས་ནག་པོ་དཀྲིས་པ་ཞིག་དང་མི་འགས་ཤིང་གི་རྒྱ་གྲམ་ཞིག་འཁུར་ནས་ཡོང་སྟེ། སྟེགས་བུའི་སྟེང་ཚུར་བཞག་པ་ན། སྟེང་དུ་བུ་མོ་ཞིག་དམར་ཧྲེང་ངེར་བཏགས་འདུག མོའི་ལག་པ་གཉིས་ཀྱི་མཐིལ་ལ་བུ་ག་བརྟོལ་ནས་ཤིང་ལེབ་དེའི་སྟེང་དུ་གཟེར་མ་བརྒྱབས་ནས་རྒྱ་གྲམ་དུ་བརྒྱངས་ནས་བཏགས་འདུག་ལ། རྐང་པ་ལེབ་མོའི་སར་བུ་ག་གཉིས་བརྟོལ་ནས་གཟེར་མ་བརྒྱབས་ཏེ་རྒྱ་གྲམ་ལ་བརྒྱངས་འདུག ཁ་ནས་“ qiu qiu ni shu shu ’’ཞེས་ཟེར་གི་འདུག
དེ་ནས་ཁ་ཆེ་རྒན་པ་དེས་རྒྱ་སྐད་ཀྱིས། བུ་མོ་འདིའི་མིང་ལ་གཡུ་སྒྲོན་ཟེར། མོ་ཧོ་རུ་སྡེ་བའི་མཱ་ཅ་ཁྲིན་གྱི་བུ་སྤུན་གཉིས་ཀའི་མནའ་མ་རེད། ཐེངས་དྲུག་ལ་ལྷ་སར་འབྲོ་རྩིས་བྱས་པ་དང་། ཐེངས་གསུམ་ལ་མཱ་ཅ་ཁྲིན་གྱི་བུ་གཉིས་ལ་སྨན་ལོག་འཐུངས་ནས་སྦྲུམ་ཤོར་བ་རེད། ད་ལྟ་ཀྲིན་གྲོའུ་ཡིས་མོ་ལ་ཉེས་ཆད་བཅད་འདུག ཁྱོད་རྣམས་ཀྱིས་ཀྱང་ཁྲིམས་འགལ་བྱས་ན་འདི་ལྟར་རེད་ཟེར་ནས་འོ་མ་གཉིས་ཀྱི་རྩེ་ལ་མེ་ལ་བླངས་པའི་ལྕགས་དམར་པོ་ཞིག་གིས་བསྲེགས་པས་ཨག་སྐད་ཤོར་སོང་། དེ་ནས་ཚྭ་ཁུ་དཀར་པོ་མིག་ནང་ལ་བླུགས་པས་ཨག་སྐད་དང་མཉམ་དུ་ཨ་མ་སྒྲོལ་མ་ཟེར་ཞིང་བརྒྱལ་སོང་། དེར་ཡོད་ཀྱི་བུ་མོ་ཚོ་ངུ་ཡང་མ་ཐུབ་པར་དབུགས་ཧལ་ཧལ་མིག་བཙུམ་ནས་བསྡད་འདུག དེ་ནས་ཅུང་ཟད་ནས་ད་རང་རང་གི་ནང་ལ་ལོག་སོང་ཟེར་ནས་མི་དེ་ཚོས་ཤིང་གི་རྒྱ་གྲམ་དེ་ཁྱེར་ནས་ཆས་སོང་། སྒོ་ཕྱེ་དུས་བུ་མོ་ཚོའི་ཁྱིམ་བདག་ཁ་ཆེ་རྣམས་རུབ་ནས་འདུག་ལ། ང་ཡང་ཚེ་རིང་གིས་ཁྲིད་ནས་ཕྱིར་ཁྱིམ་ལ་ལོག་པ་དང་། ལམ་སྐེད་ནས་ད་རྣམ་འགྱུར་དྲང་མོ་མ་བྱས་ན་ཁྲིམས་ཆད་དེ་འདྲ་རེད་ཟེར།
ཉིན་མ་ཁ་ཤས་རྗེས་སུ། ང་ཆུ་ལེན་དུ་ཕྱིན་པ་ན། ས་སྐྱ་ནས་ཡིན་པའི་བུ་མོ་གཡང་འཛོམས་ཀྱིས། གཡུ་སྒྲོན་སྨྱོས་ནས་ར་སྐོར་ཞིག་གི་ནང་དུ་དིང་རིའི་རུས་པ་གཉིས་ལ་བུ་ག་དོད་ནས་ནང་ལ་ལྕགས་བརྒྱུས་ཏེ་བཏགས་ཅིང་། གཅིག་སྐྱག་ཀྱང་བདག་པོ་རྒྱག་ཐུབ་ཀྱི་མི་འདུག་ཟེར། །
༼གསལ་བཤད། འདི་ནི་སྐད་འཕྲིན་ན་རྒྱུ་བའི་གནས་ཚུལ་ཞིག་སྟེ། འབྲི་བ་པོ་དང་གནས་ཚུལ་རག་ཁུངས་སོགས་ཅི་ཡང་མི་གསལ། གཅིག་བྱས་ན་རྒྱ་ནང་དུ་ཁྲིམས་ཀྱི་སྲུང་སྐྱོབ་མེད་པ་དེར་ཐུག་ཡོད་སྲིད། གང་ལྟར་དངོས་དོན་ཞིག་ཡིན་པ་ལ་ཐེ་ཚོམ་མེད་པས་ཚང་མས་ཤེས་རྟོགས་དང་རབ་བྱུང་ན་ཚོགས་སྡེ་ཁག་རེ་འགས་ཞུ་གཏུགས་དང་རྗེས་འདེད་ཀྱང་གཏོང་དུ་རེ་ནས་དྲ་ངོས་སུ་གཏགས་པ་ཡིན། མགོ་བརྗོད་གསར་དུ་བཏགས་པ་དང་ཡིག་ནོར་ཁ་ཤས་ལས་ཅི་ཡང་མ་བཅོས་པར་རང་སོར་བཀོད་ཡོད།༽
གནས་ཚུལ་བྱུང་སའི་ས་གནས་སོགས་ཁ་གསལ་མི་འདུག་ལ་དྲ་བའི་སྟེང་དུ་སུས་འགོད་ཡོད་མེད་དེ་བས་མི་གསལ། གང་ལྟར་ཆ་གང་འདྲ་འཇོག་དགོས་སམ།
ལས་མ་བྱས་པ་དང་མ་ཕྲད་པ། ལས་བྱས་པ་ཆུད་མི་བཟའ་བ་ཞེས་ལས་འབྲས་ལ་བསླུ་བ་མེད་པར་སོང་། གོང་བཀོད་གནས་ཚུལ་བདེན་ན། ལས་ངན་ཟད་པའི་རྒྱུར་མཐོང་། དེང་གོ་ལ་ཧྲིལ་བོར་ཆགས་སྲེད་ཆེད་བུད་མེད་རྣམས་མགོ་བསྐོར་བཏང་སྟེ། བཙན་གྱིས་ཆུང་མར་ལེན་པ་དང་། གཞང་ལས་བྱེད་བཅུག་པ་སོགས་བལྟ་མི་བཟོད་ལ། ཉན་མི་ཐུབ་པའི་གནས་སྟངས་དམྱལ་བ་མི་ཡུལ་ལ་འཕོས་འདྲ་ཚར་རྒྱུ་མེད་པ་བྱུང་བཞིན་འདིའང་། ནང་སེམས་ལ་སློབ་སྦྱོང་གཏན་ནས་བྱས་མ་མྱོང་བའམ། ཐོས་དོན་རྒྱུད་ལ་གཞོལ་མ་ཐུབ་པའི་འབྲས་བུའོ། །
བོད་ཀྱི་བུ་མོ་མང་པོ་བོར་བརླགས་འགྲོ་གིན་འདུག དང་བླངས་བྱས་ནས་རྒྱ་དང་རྒྱ་མ་བོད་མཐའ་མཚམས་རོང་མཚམས་ས་ཁུལ་ལ་མར་མར་འགྲོ་མཁན་ཡང་མང་པོ་རེད། འདི་རིགས་གཟབ་དགོས་པར་མཐོང་། རྩོམ་པ་པོ་དང་སྤྱི་ཚོགས་ལ་སེམས་ཁུར་བྱེད་མཁན་ཚོས་ཀྱང་ལས་འགུལ་སྤེལ་དགོས་པར་མཐོང་།
ས་ཆ་གསལ་པོ་བཀོད་འདུག་ག ༼ལཱེན་ཞ་ཧོ་རུ་༽མ་རེད་དམ།
སྐྱེས་དམན་རིགས་ཆགས་སྲེད་དང་རྒྱུ་སྲེད་ཆེ་བའི་སྐྱོན་རེད། ཆ་མེད་རྒྱུས་མེད་ཞིག་ལ་སྲེད་པ་ཆེ་ན་ཡོང་རྒྱུ་དེ་ལས་མེད། དེའི་ཆ་ནས་སྐྱེས་དམན་ཞེས་བཏགས།
དེ་སྔོན་ཞིག་ལའང་འདི་དང་ཆ་འདྲ་བ་ཞིག་དྲ་ཐོག་ཏུ་སྤེལ་སོང་། ཕལ་ཆེར་རྫུན་མ་ཡིན་ས་རེད། དེ་ན་བོད་པའི་བུ་མོ་༦༣་འདུག་ཟེར། ཁོང་ཚོ་ཕྱི་ལོགས་སུ་འགྲོ་བའི་རང་དབང་ཡོད་ན་ཅི་ཕྱིར་ཉེན་རྟོག་པའི་སར་མི་འགྲོ དེང་སང་རྒྱ་ནག་ན་ལྐོག་ཟ་རུལ་སོང་སོགས་ལ་རྒོལ་བརྡུང་གཏོང་བའི་སྐབས་འདི་འདྲ་ལ་ཁྲིམས་འགལ་བྱེད་མཁན་འདི་འདྲ་ཡོད་སྲིད་དམ། གལ་ཏེ་ཡོད་ན་ཅི་ཕྱིར་ཉེན་རྟོག་པར་ཁ་པར་གཏོང་མི་ཐུབ། །
ངའི་ས་ཁུལ་ནས་བུ་མོ་ཁ་ཤས་བོར་བརླགས་ཕྱིན་སོང་། ང་ཚོའི་ས་ཁུལ་དེ་ཆོས་དང་སྲིད་ཀྱི་ཆ་ནས་ཡར་རྒྱས་ཡོད་ས་ཞིག་གང་ཡང་མ་རེད་མོད་ལྟོས་ས་ལྟོས་འཇོག་གིས་བལྟས་ན་མཐོང་རྒྱ་ཐོས་རྒྱ་ཅུང་ཟད་ཆེ་ས་ལྟ་བུ་རེད། བོད་ཀྱི་ས་ཁུལ་ཁུག་ཀྱོག་ཁག་ནས་བུ་མོ་མང་པོ་བོར་བརླགས་འགྲོ་གི་ཡོད་ཚུལ་འདུག ཉེན་རྟོག་པ་ཟེར་ན་དེ་ལས་ཀྱང་སྡུག་གི་རེད། ཡུལ་ལུང་སྤྱི་ཚོགས་གང་དང་གང་ཞིག་ཡིན་ན་ཡང་། སྤྱིར་སྤྱི་ཚོགས་ལ་བཟང་སྤྱོད་ཡར་རྒྱས་མེད་ས་ཞིག་ན་ཉེན་རྟོག་པ་ཟེར་བའི་སྐྱབས་གནས་ཤིག་ཡོད་པ་གཏན་ནས་ཁས་མི་ལེན།
ཨ་རོགས་སྤོབས་པ་ལགས། གལ་ཏེ་བདེན་ན་བུ་མོ་༦༣་ནང་མིས་རྩད་གཅོད་བྱེད་ཀྱི་མེད་དམ། བུ་མོ་དེ་འདྲ་མང་བོ་ཞིག་གི་ནང་མིས་རྩད་གཅོད་མི་བྱེད་པར་ཁུ་སིམ་མེར་ཨེ་འདུག་སྙམ། གལ་ཏེ་བདེན་ན་ང་ཚོས་ངོས་ནས་ཚོགས་པ་ཞིག་བཙུགས་ཏེ་རྩད་གཅོད་བྱེད་དགོས་རེད། ཐོབ་རྒྱུ་མེད་པའི་རང་བཙན་རྩོད་པ་ལས་འདི་འདྲའི་མནར་གཅོད་པའི་རིགས་སྐྱབས་ཐུབ་ན་དགའ་བ་ལ། །
༄། རང་བྱུང་རིག་པའི་རྡོ་རྗེས། རྫུན་མ་རེད། ཉེན་རྟོག་པ་ལ་གཏུགས་ན་ཅིས་མི་ཆོག་ཟེར།
གནས་སྟངས་མ་ཤེས་པའི་སྐྱོན་རེད། རྫུན་མ་རེད་བསམས་པའི་སྣང་མེད་འོག་ཆག་སྒོ་འདི་འདྲ་འདི་བྱུང་དང་འབྱུང་བཞིན་ཡོད།
གྲོང་གསེབ་ཁག་ན་ཉེན་རྟོག་ལས་ཁུངས་ཡོད་མ་རེད། དཔེར་ན་མདོ་སྨད་ཀྱི་ངའི་སྐྱེས་ཡུལ་ལ་མཚོན་ན། ཉེན་རྟོག་ཁང་ལ་འགྲོ་བར་འགྲུལ་འཁོར་སོགས་མ་རག་ཚེ་རྐང་འགྲོས་ཀྱིས་ཉིན་གཉིས་ཙམ་གྱི་ལམ་ཐག་རེད། དེ་གར་ དཀྱིལ་སྙིང་ཞང་ཞེས་ཕལ་ཆེར་གྲོང་གསེབ་ལྔ་བཅུ་ནས་བརྒྱ་ཙམ་ལ་དབང་བའི་གཞུང་སྲིད་ལས་ཁུངས་ཤིག་ཡོད། ཉེན་རྟོག་ལས་ཁུངས་ཀྱང་ཐབས་ཆག་ཅིག་ཡོད།
མཐར་གཏུགས་ནས་བཤད་ན། རྒྱ་དམར་གྱིས་བོད་རིགས་རྩ་མེད་གཏོང་བའི་སྲིད་ཇུས་བཏིང་ཞིང་ལག་ལེན་དུ་བསྟར་བཞིན་པས། འདི་ལ་བརྒྱུད་སྐུལ་བྱེད་ཀྱི་ཡོད་མིད་གང་ཤེས་ཀྱང་ཤེས་བཞིན་སྣང་མེད་དུ་སྐྱུར་བཞིན་པ་ནི་ཚོད་དཔག་ཐུབ་པ་ཞིག་རེད། དེས་ན་རྒྱའི་ཉེན་རྟོག་པར་ཞུ་གཏུག་ནི་ཅི་འདྲ་ཞིག་ཏུ་འགྱུར་མིན་བརྗོད་དཀའ་སྟེ། གལ་སྲིད་གྲུབ་འབྲས་མ་ཐོན་ན་ཁྲིམས་ཆད་འདི་ལ་སོམས་དང་། གཟོད་ཐུབ་པ་འདུག་གམ།
ཡང་ཁོ་བོས། བུ་མོ་དེ་འདྲ་མང་པོ་ཞིག་གི་ཡུལ་མིས་རྩད་གཅོད་མི་བྱེད་པ་ཅི་རེད་ཟེར། ཕ་ཡུལ་གྱིས་རྩད་གཅོད་བྱས་མེད་པ་ཇི་ལྟར་རྟོགས། རྩད་གཅོད་སྣ་དགུ་བྱས་རྗེས་མ་རྙེད་ནས་ཅི་བྱ་གཏོལ་མེད་དུ་བསྐྱུར་ཡོད་ན་ཅིས་ཤེས། ལར་ནས་བུ་མོ་འདི་དག་ས་གནས་གཅིག་རང་གི་ཡིན་ན་ཐུན་མོང་གིས་ལས་འགུལ་འདྲ་སྤེལ་ནུས་མོད། ག་ས་ག་ནས་རེད། བོད་ཟེར་པ་དེ་ཅུང་ཆེན་པོ་རེད། ས་གནས་གཅིག་ལ་ཅི་བྱུང་ས་གནས་གཞན་ནས་ཤེས་ཀྱི་མེད། །
༅། ཡང་གཏམ་རྒྱུད་འདི་ཐོག་མར་ཡི་གེར་འགོད་པ་པོ་དེས་བརྗོད་དོན། ༢༠༠༧ལོར་ཁོ་བོ་གཞིས་ཀ་རྩེ་གཉའ་རི་བཙོན་ཁང་དུ་བཙོན་གྲོགས་དར་མ་ཞིག་ལ་འཕྲད། ཁོང་གི་མཚན་ལ་ཆོས་འཕེལ་ཞུ། ཕ་ཡུལ་ཆབ་མདོ་ཡིན་པའི་ཚོང་གཉེར་པ་ཞིག་རེད། ཁོང་ནི་གཏམ་གྱི་བང་མཛོད་ཅིག་རེད་ལབ་ན་མི་ཆོག་རྒྱུ་མེད།
ཁོང་གིས་ང་ཚོར་བརྗོད་པའི་གནས་ཚུལ་གཅིག་ནི། ལྷ་ས་རུ་ཕ་ཡུལ་སྡེ་དགེ་ནས་ཡིན་ཅིང་བསླུ་བྲིད་ཐེབས་ནས་ཁ་ཆེའི་མནའ་མར་བརྫངས་ཡུལ་ནས་བྲོས་ཡོང་བའི་གཏམ་རྒྱུད་དེ་རེད།
སྡེ་དགེའི་བུ་མོ་དེ་ནི་ལོ་བཞིར་ཁ་ཆེའི་མནའ་མར་བསྡད་ཡོད་འདུག དེ་ནས་བྲོས་ཏེ་ལྷ་སར་ཡོང་། ལྷ་ས་རུ་རྐུབ་གཡུག་ནས་སྒོར་མོ་བཙལ་འདུག མཇུག་མཐར་ཁོ་མོར་ན་ཚ་ཞིག་བྱུང་སྟེ་སྨན་བཅོས་གང་མང་བྱེད་དགོས་བྱུང་འདུག ཁོ་མོའི་དངུལ་ལོར་དག་ནི་སྨན་རིན་ཆེད་བཏང་ནས་ཟད་པར་གྱུར་པས་ངོ་ཤེས་དག་ལ་དངུལ་གཡར་པོ་བྱེད་དགོས་ཐུག་འདུག བུ་མོ་དེས་ཁོང་ལ་བཤད་རྒྱུར། སྨན་པས་བཤད་ན། ངའི་ནད་ནི་བཅོས་ཐབས་མི་འདུག་ཟེར། ངའི་བུ་སྣོད་དུ་ཆུ་ཕྱིན་ཏེ་ཡུན་རིང་འགོར་བས་གཙང་བཀྲུ་བྱས་ཀྱང་ཕན་པ་མི་འདུག་ཟེར། ཆུ་ག་འདྲ་ཕྱིན་པ་ཡིན་ནམ་ཞེས་དྲིས་པ་ན། མཚན་ཞིག་ང་རང་གཉིད་ཟིན་པའི་སྐབས་སུ་བུ་གཉིས་ཀྱིས་ངེད་ལ་འཁྲིག་པ་སྤྱད་འདུག ངས་དྲན་གསོས་ན། ཁོ་གཉིས་ཀྱིས་ཁུ་བ་ནང་ལོག་ཏུ་བྱོ་བར་མ་ཟད་ད་དུང་ནང་ལོག་ཏུ་གཅིན་པ་ཡང་བཏང་འདུག སྨན་པས་ཡང་ཡང་དྲིས་པས་དེ་ལྟར་བཤད་པ་ན་སྨན་པས་ཀྱང་དེའི་རྐྱེན་རེད་ཟེར། མཇུག་མཐར་སྨན་བཅོས་ཀྱིས་ཕན་ཐོགས་མ་བྱུང་བར་འདས་གྲོངས་སུ་ཕྱིན་འདུག
དངོས་བྱུང་གཏམ་རྒྱུད་འདིས་ཁོ་བོའི་སེམས་པ་ཡང་ཡང་སྐུལ་བྱུང་། ཞེས་བྲིས་འདུག
ལོ་ཡག་འདི་གྲྭ་བ་ཞིག་ཡིན་ས་རེད། གཞན་གྱིས་ཟེར་ཚད་བདེན་ཀི་མ་རེད། འཁྲིག་པ་སྤྱོོད་དུས་གཅིན་པ་ནང་དུ་བཏང་རུང་མཚན་མའི་ནང་དུ་བསྡད་ས་ཡོད་པ་མ་རེད། ཕྱིར་རང་བཞིན་གྱིས་ཐོན་ཡོང་ཀི་རེད། གལ་ཏེ་ཁུ་བ་ནང་དུ་སོང་ཚེ་ཕྲུག་གུ་ཆགས་སྲིད་པ་དང་དེ་མིན་མང་ཆེ་བ་མཚན་མའི་ཕྱི་ལ་རང་བཞིན་གྱིས་ཐོན་ཡོང་གི་རེད། མཚན་མའི་ཁ་མ་གཏོགས་ནང་ལོགས་སུ་གཙང་སྦྲ་བྱེད་དགོས་མ་རེད། མཚན་མའི་ནང་དུ་ལྷན་སྐྱེ་ཀྱི་རྫས་ཡོད་པ་རེད། དེའི་རང་བཞིན་གྱིས་གཙང་མ་བྱེད་འགྲོ་རེད། དཔེར་ན་ཕོ་མཚན་གྱི་ཁའི་གཡས་གཡོན་མ་གཏོགས་ནང་ལོགས་གཙང་མ་བྱེད་མི་དགོས་པ་དང་གཅིག་མཚུངས་རེད། །
གནས་ཚུལ་འདི་དངོས་ཡོད་ཡིན་པར་ཡིད་ཆེས་བྱེད་རྒྱུར་རྒྱུ་མཚན་དང་ཁུངས་སྐྱེལ་དེ་ཙམ་མེད་ན་འང་དེང་གི་དུས་སུ་ནག་ཚོགས་ཀྱི་བྱ་འགུལ་སྤེལ་མཁན་མང་བ་དང་ལྷག་པར་དུ་རང་རེ་ན་གཞོན་བུ་མེད་དེ་དག་ཁ་ཆེ་བ་ཚོས་བཀོལ་སྤྱོད་བྱས་ཚུལ་དང་མནལ་གཅོད་ཐེབས་ཚུལ་སོགས་གླེང་གཞི་རུ་བཟུང་བའི་རྩོམ་ཐུང་འདི་ཚར་གཅིག་བཀླགས་རྗེས་རང་སེམས་ལ་ཚོར་སྣང་མ་བདེ་བ་ཞིག་དབང་མེད་དུ་བྱུང་། གང་ལྟར་ཡང་ཁ་ཆེ་བ་ཞེས་པའི་ཆོས་ལུགས་པ་དེ་ཚོ་ནི་རང་གཤིས་ལ་བྱམས་བརྩེས་དབེན་ཞིང་མི་སྲོག་ལ་རིན་ཐང་མི་སྟེར་བའི་ནག་ཚོགས་ཡ་ང་མེད་པ་ཞིག་ཡིན་པས་གནས་ཚུལ་འདི་རིགས་ལ་དངོས་ཤུགས་རྒྱུད་གསུམ་ནས་དོ་སྣང་གནང་གལ་ཤིན་ཏུ་ཆེ། གོང་གི་བརྗོད་གཞི་དེ་བདེན་མིན་བརྗོད་དཀའ་ན་འང་དེང་སང་གི་དུས་སུ་འདི་འདྲའི་དཀའ་སྡུག་གི་ཁྲོད་དུ་ལུས་པའི་བུ་མེད་དང་བྱིས་པ་མི་ཉུང་ཞིག་ཡོད་པར་གདོན་མི་ཟ་བས་འདི་འདྲའི་རིགས་སྔར་བྱུང་ལ་རྩིས་གདབ་དང་ད་ཡོད་ལ་གདོང་ལེན་མ་འོང་སྔོན་གི་བྱ་འགུལ་རེ་སྤེལ་ཐུབ་ན་དགེ་མཚན་ཤིན་ཏུ་ཆེའོ།
༄། རང་བྱུང་རིག་པའི་རྡོ་རྗེ་ནི། མི་སྐྱ་ཉམས་མྱོང་ཅན་ཞིག་ཡིན་ས་རེད། ལྷག་པར་སྨན་ལ་སྦྱངས་པ་སྔོན་སོང་ཞིག་ཡིན་པ་ཐག་གིས་ཆོད། གང་གིས་ཟེར་ན། མཚན་མའི་ནང་ལ་དེ་ལྟར་ནད་མི་ཆགས་པ་ཐག་བཅད་ནས་ལབ་ཐུབ་ཀྱི་འདུག གཞན་ཞིག་ཡིན་ན་བཤད་ཚོད་དཀའ་སྟེ། ནད་དང་ནད་ཀྱི་རྐྱེན་ལ་ཚད་བཟུང་དུ་མེད། །
གནས་ཚུལ་འདི་བརྒྱ་ཐམ་པར་བདེན་མིན་གྱི་དཔང་རྟགས་མི་འདུག་ཀྱང་། འདི་འདྲ་བ་མང་པོ་བྱུང་དང་འབྱུང་མུས་རེད། རྒྱ་ནག་ནི་འཛམ་གླིང་སྟེང་གི་མི་ཚོང་རྒྱག་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ་རྒྱལ་སྤྱིའི་གསར་ལམ་ཁག་ན་ཡང་ཡང་ཐོན་གི་ཡོད། རྒྱ་གར་ནི་དེ་ཙམ་གྱིས་ངན་གྲགས་མི་ཆེ་མོད། ཅི་འདྲ་འདྲས་མི་ཚོང་ཞིག་རྒྱག་གི་འདུག ཡིད་མི་ཆེས་ན། རྒྱ་གར་གྱི་དངོས་བྱུང་ནག་ཉེས་ཁོ་ན་འགོད་པའི་ཟླ་རེའི་དུས་དེབ་<> ཞེས་པའི་དེ་ལ་མུ་མཐུད་ནས་ལྟ་ཀློག་བྱོས་དང་། ཡིད་མི་ཆེས་པ་མང་པོ་ཐོན་ཡོང་གི་འདུག མིས་མི་ཟ་ཞིང་། མིས་མི་འཚོང་གི་འདུག་ཡ་ཨ་རོགས་གྲོགས་པོ།
རང་བྱུང་རིག་རྡོར་ལྟ་བུའི་མི་དག་གིས་གཟབ་གཟབ་མ་བྱས་ན། མགོ་སྐོར་འོག་ལ་ཚུད་ཉེན་ཡོད། ཧ་ཧ་ཧ་་་་་ ཀུ་རེ་ཡིན་ལ་བདེན་པ་ཡང་ཡིན། །
མཚན་མའི་ནང་དུ་གཅིན་པ་བཏང་བ་ལས་ན་ཚ་སྤེལ་གྱི་མ་རེད། བཙན་གཡེམ་བྱེད་ན་ངེས་པར་དུ་ན་ཚ་སྤེལ་གྱི་རེད། བུ་མོ་ལ་འདོད་པ་མེད་བཞིན་དུ་ཆགས་པ་སྤྱད་ན་མཚན་མའི་ནང་སྐམ་པོ་ཡིན་སྟབས་ན་ཚ་གསར་བ་སྤེལ་གྱི་རེད། བུ་མོ་ལ་འདོད་པ་ཡོད་ན་རང་བཞིན་གྱི་མཚན་མའི་ནང་ནས་ཆུ་རྡོལ་བའི་འཁྲིག་པར་སྤྱོད་པ་གྲོགས་བྱེད་དོ། །
གོང་གི་དེར་དེབ་མིང་ཆད་འདུག་ན་དེ་ནི་ <>
ཨ་ཙི། དབྱིན་ཡིག་དྲ་ངོས་སུ་མི་ལེན་པ་ཅི་ཡིན་ནམ། བོད་སྐད་དུ་བསྒྱུར་ན། ༼ ནག་ཉེས་དང་རྩད་གཅོད༽ ཟེར།
རང་བྱུང་རིག་རྡོ་ལགས། མཚན་མའི་ནང་དུ་གཅིན་པ་གཏོང་ནས་མི་ཤི་བ་དེ་འདྲ་འདས་ཟིན་པའི་ལོ་ཁ་ཤས་ནང་རྡ་སར་ཐོན་མ་སོང་ངམ། ཡིད་མ་ཆེས་ན་བདེ་ལེགས་སྨན་ཁང་ནང་དྲིས་ཅིག་ཨ་་་་་་་་་་
དངོས་གནས་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། གནད་དོན་དེའི་རིགས་ལ་ལག་པ་འཆང་བར་དཀའ་ཁག་མི་ཉུང་བ་ཞིག་ཡོད་པ་རེད། ད་དུང་མཐར་གཏུགས་ན་རང་གི་སྲོག་ལ་ཡང་འབབ་སྲིད་ངེས་ན། འདི་ཚོགས་སྡེ་འགའ་རེ་མཉམ་འབྲེལ་བྱས་ནས་ཉེས་ཅན་རྩད་གཅོད་ཡག་པོ་བྱས་ཏེ་ཁྲིམས་ཐོག་ལ་སྐྱེལ་དགོས་པ་རེད། དེ་མིན་མི་རེ་གཉིས་དང་ཚོགས་སྡེ་གཅིག་གིས་བརླགས་འཁེལ་བ་ཞིག་མ་ཡིན།
བུ་མོ་ཚོར་བཙན་གཡེམ་བྱེད་པའི་བྱ་སྤྱད་འདིའི་རིགས་ལ་དངོས་གནས་སྐྱེས་ཕོ་མོ་ཚང་མས་འཐབ་རྒོལ་བྱེད་དགོས་ཀྱི་འདུག
བོད་མོ་རྒྱ་མི་དག་ཁ་ཆེ་བ་ཚོས་འཁྱེར་འགྲོ་བཞཱིན་པའི་གནས་ཚུལ་དའི་ཐད་ནས་བོད་མི་ཡིན་ནོ་ཅོག་གིས་འགན་གཙང་ལེན་བྱས་ཏེ་ཐབས་ཤེས་སྤེལ་བའི་དུས་ཚོད་རན་འདུག
བོད་མོ་ཚོ་ཁག་མེད། བོད་པའི་ཕོ་གསར་དེ་ཚོ་གྲྭ་བ་བྱས་ནས་ཁོང་ཚོའི་འདོད་སྲེད་བཅོམ་པའི་སྐྱེས་པ་དཀོན་སོང་བས་རེད། ཁ་ཆེར་མ་འགྲོ་རང་འགྲོ་ཐུག་ཡིན་གྱི་རེད། དེ་མིན་ཆ་མེད་རྒྱུས་མེད་མི་ཞིག་གིས་གར་འཁྲིད་འཁྲིད་ལ་རྒྱུགས་ཆོག་ཆོག་ཞིག་གང་ནས འབྱུང།
བཙན་བྱོལ་ནང་དུ་ཕོ་ག་ཚོད་འདུག མོ་ག་ཚོད་འདུག་བརྩིས་ཤིག་རྒྱོབ། དེ་ནས་གྲྭ་པ་ག་ཚོད་འདུག མི་སྐྱ་ག་ཚོད་འདུག་བརྩིས་ཤིག་རྒྱོབ། བོད་པའི་བུད་མེད་རེ་ལ་བོད་པའི་ཁྱོ་ཕོ་རེ་འཐོབ་ས་རེད་དམ་མ་རེད། བརྩིས་ཤིག་རྒྱོབ། བོད་པའི་བུད་མེད་རྣམས་ལ་བོད་པའི་ཁྱོ་ཕོ་ཡིས་འདངས་ངེས་མེད་ན་མི་རིགས་གཞན་གྱི་ཁྱོ་ཕོ་མི་འཚོལ་ཀ་མེད་མ་རེད་དམ། གནད་དོན་འདིའི་ཐོག་ཏུ་བུད་མེད་ལྷན་ཚོགས་ཀྱིས་ཁ་གྲགས་དགོས་ངེས་འདུག་ག བུད་མེད་ཀྱི་ཐོབ་ཐང་ནང་གི་ཐོབ་ཐང་གཙོ་བོ་ཁྱོ་ཕོ་འཐོབ་དགོས་པའི་ཐོབ་ཐང་ཡིན་དང་ཡིན། བུད་མེད་ཐོབ་ཐང་གླེང་མཁན་ཚོས་ཀྱང་འདི་གླེང་གི་མི་འདུག་ག
༄། །བཙན་བྱོལ་བོད་ཀྱི་ཚོགས་པ་ཁག་དང་སྒོས་སུ་བུད་མེད་ཚོགས་པས་གནས་ཚུལ་འདི་དང་འདི་ལྟ་བུ་དག་རྒྱལ་སྤྱིའི་རང་བཞིན་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཁག་ལ་ཞུ་གཏུགས་བྱེད་ཐུབ་པ་གནང་དགོས། གྲུབ་འབྲས་ཐོབ་ན་རབ་མ་ཐོབ་ན་འགྱོད་མེད་པ་ཞིག་དགོས་རེད་དོ། །
འུར་མ་ཤོད། བདེན་རྫུན་གྱི་ཆ་གང་ཡང་མེད་པར་ཅིག་ལ་གཏུག་དགོས་རེད། ཁྲིམས་ལ་སྐྱལ་དགོས་རེད་ཟེར་ན། ངོ་མ་ཀླད་པ་ཀླད་གོར་ཡིན་པའི་སྐད་ཆ་རང་རེད།
བུད་མེད་ཀྱི་ཐོབ་ཐང་བཤད་ནས་གྲྭ་བ་དང་བཙུན་མིའི་ཐོབ་ཐང་ལེན་དགོས་རེད་ཟེར་ན། དེ་ཡང་ཀླད་པ་ཀླད་གོར་ཡིན་པའི་རང་རྟགས་ཚ་བོ་ཚ་བོ་དེ་ཅི་ལ་མིན།
བུད་མེད་སྟི་ནང་ལ་གཅིན་པ་བཏང་ན། ན་ཚ་བྱུང་གི་མ་རེད་ཟེར་ན།་དེ་ཡང་ཀླད་པ་ཀླད་གོར་ཡིན་པ་གསལ་གསལ་ཐང་ཐང་རེད།
བོད་མོ་བོར་བོར་ཚང་མ་ཁ་ཆེ་ལག་པ་ལ་ཡོད་པ་རེད་འདོད་ན། དེ་ཡང་གང་དྲན་དྲན་ཞིག་བསམ་ལ་ཤར་བ་ལས། དངོས་ཡོད་དང་བར་ཐག་རིང་བའི་སྐད་ཆ་རེད།
ཁ་བརྡ་ཚང་ན་བླུན་ལྡོམ་འགའ་ལས་ཡོད་ཚོད་མི་འདུག། ཧ་ཧ་ཧ།
བོད་ཀྱི་གྲོང་གསེབ་ཁག་ནས་རྒྱ་མི་ཚོས་ཡིད་རྨོངས་བུད་མེད་ཚོ་དཔལ་འབྱོར་གྱི་སླ་འབྲིད་བཏང་ནས་རྒྱ་ཡུལ་ལ་ཁྲིད་དེ་གཞན་ལ་ཆུང་མར་བཙོང་བ་དང་། གཡོག་མོ་ལྟར་དུ་སྡུག་ལས་བྱེད་བཅུག་པ། གཞང་ཁང་ནང་ལ་བཙོང་བ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་དངོས་ཡོད་རེད་འདུག ཁོང་ཚོ་ནི་གྲོང་གསེབ་ཁག་ནས་འཚར་ལོང་བྱུང་བ་ཞིག་ཡིན་དུས་རྒྱུས་མེད་ཀྱི་རྒྱ་མིའི་གྲོང་ཁྱེར་ཁག་ནང་ལ་སླེབས་ན་བྲོས་བསམ་ཡང་བྲོས་ས་མི་ཤེས་ཤིང་། ཉེན་རྟོག་པ་ལ་བཏུག་བསམ་ན་ཡང་སྐད་མི་ཤེས་པ་སོགས་ཀྱིས་བྱ་ཐབས་གང་ཡང་མེད་པ་ཆགས་ཀྱི་ཡོད། དེང་སྐབས་བོད་སྤྱི་དང་ལྷག་པར་དབུས་གཙང་ཁུལ་གྱི་གྲོང་གསེབ་ཁག་ནས་བུ་མོ་ལོ་ཆུང་མང་པོ་ཞིག་རྒྱ་མིའི་མཉམ་དུ་ཆང་ས་རྒྱག་པའམ་བོར་བརླག་འགྲོ་བའི་གནས་ཚུལ་ཡོད་འདུག
གནམ་ཟེར་བ་དེ་དངོས་གནས་གནམ་རང་རེད། གནམ་ལ་ཁ་དོག་མེད། དབྱིབས་མེད། རྒྱུན་ཡང་མེད། མཐའ་མེད། དབུས་ཀྱང་མེད། མདོར་ན་སྟོང་པ་སྟོང་རྐྱང་ཙམ་ལ་གནམ་ཟེར། མཆན་པ་གནམ་ལ་ཡང་། དེ་མི་བདེན། འདི་རྫུན་མ། དེ་གང་ཤེས། འདི་གཡུག་ཞོག་ཅེས་སོགས་ཟེར་རྒྱུ་ཙམ་ལས། མདོར་ན་སྟོང་པ་སྟོང་རྐྱང་ལས་ བསྒྲུབ་རྒྱུ་ལས་ཀ་ཟེར་བ་ཞིག་གཞི་གྲུབ་གི་མ་རེད། ཡིན་ཡང་ སྟོང་བཤད་སྐྱིད་པོ་རྒྱག་ནི་དེ་ཡི་རིགས་རེད། མ་རེད་དམ། གནམ་ལགས།
ང་ཚོས་འདིའི་ཆེད་དུ་ཚོགས་པ་ཞིག་བཙུགས་ནས་ཞིབ་འཇུག་ཅིག་བྱས་ན་ག་འདྲ་འདུག བུ་མོ་དེ་སྡོད་སའི་གྲོང་པའི་མིང་ཤེས་ན་ཞིབ་འཇུག་བྱེད་རྒྱུ་ལས་སླ་བོ་རེད། ཡིན་ནའང་རྩོམ་པ་པོས་བཤད་ཚུལ་ལ་བལྟས་ན་བདེན་པ་མ་རེད་སྙམ། གང་ཡིན་ཞེ་ན་བུ་མོ་དེ་ཚོར་འགྲོ་འདུག་གི་རང་དབང་ཡོད་ན་ཉེན་རྟོག་པར་འབྲེལ་བ་བྱེད་མ་ཐུབ་ཀྱང་འབྲོ་ཐུབ་ཀྱི་རེད། ཕྱི་ལོགས་སུ་བྲོས་ཚར་དུས་གྲོང་འཁྱེར་དེ་འདྲ་ཆེན་པོ་ཞིག་ཏུ་གང་ལ་འཚལ། །
ཚོགས་པ་བཙུག་ནས་བདེན་མིན་གྱི་མཐའ་ལ་བསྐྱལ་ན་ཡག་པོ་རེད། བདེན་པ་བྱུང་ན། བོད་མོ་མང་པོ་དམྱལ་ཡུལ་ནས་སྐྱོབ་ཐུབ་པ་དང་། དེ་ནས་བོད་མོ་གཞན་པ་ལ་རང་དཔེ་ཡིས་ཁ་བརྡ་ལམ་སྟོན་བྱས་ན། རྗེས་སུ་སྟི་སྒོར་དང་ལྟོ་སྒོར་གྱི་དོན་དུ་རང་རང་དམྱལ་བར་མི་སྐྱལ་བའི་དགེ་མཚན་ཡོད་པ་འདྲ། ད་བར་སྐད་འཕྲིན་ཡིན་ན་ཅིག་ཡོད་པ་དེའི་ནང་ནས་ལྷ་འདྲེ་མྱི་གསུམ་སུ་ལ་ཐུག་དགོས་ན་ཐུག་ཐུབ་པ་འདྲ་ཞིག་གདའ། བྱས་ཙང་། ཤུགས་སྐྱོན་ཤོག་ཨ། བུ་རྒོད་ཚོ།
ང་ཚོས་ཚོགས་པ་བཙུགས་ཏེ་སྐྱོབ་ཀི་སོང་ཡང་། ཁོང་ཚོར་ཕྲུག་གུ་སྐྱེས་ཚར་དུས་བུ་མོ་དེ་ཚོའི་སེམས་པ་ཡང་ཕྲུག་གུ་དེར་ཡོད་པ་རེད། འགྲོ་ཟེར་ནའང་ཨེ་འགྲོ་མི་ཤེས།
བུ་མོ་ཟེར་བ་འདིའི་སེམས་པ་འགྱུར་རྒྱུ་ལས་སླ་བོ་རེད། ཁོང་ཚོར་བདེ་སྐྱིད་ཅུང་ཙམ་རེ་ཡོད་ནའང་དེ་ཀའི་འཐུས་པ་རེད། མི་རིགས་དང་ཆོས་ལུགས་མགྱོགས་པར་བརྗེད་ཀྱི་རེད། །
སྡུག་བསྔལ་ཡོད་ན། མ་བུ་ཚང་མ་སྐྱོབ་དགོས་བ་རེད། སྡུག་བསྔལ་མེད་ནི་ཡོད་ན་སྐྱོབ་དགོས་ཡ་ཡོད་པ་མ་རེད།
སྐབས་འདིར་ང་ཚོས་དམྱལ་བ་མྱང་བཞིན་པ་ཚོ་ལས། ཁ་ཆེ་བའི་མཇེ་འོག་ན་ཡོད་ཚད་སྐྱོབ་ཚོད་ཞིག་མེད་པ་ཤེས་དགོས།
རིག་པ་འདི་ཚོ་དང་པོ་ནས་མ་བཏང་བར་ཚོགས་པ་འཛུགས་པའི་གྲོས་བཏོན་པ་ནི་རིག་པ་རང་བྱུང་བ་ཞིག་མེད་པ་གསལ་པོ་རེད། ཧ་ཧ་ཧ།
༄། ལྷན་རྒྱས་རྣམ་པས་དགོངས་ཚུལ་གསུངས་པ་ཡག་པོ་རེད།
གནས་ཚུལ་བདེན་པ་ཡིན་དབང་གི་སྟེང་ནས་ཞུ་གཏུགས་བྱེད་དགོས་རེད་ཟེར་གི་མེད། བདེན་མིན་ལ་ཞིབ་འཇུག་གནང་རོགས་ཞེས་ས་བོན་སྤྲད་དེ་ཞུ་གཏུགས་བྱས་ན་ཟེར་གི་ཡོད།
ཁ་ཆེའི་ཡུལ་ཁག་རྣམས་སུ་ལེན་ཞཱ་ཧོ་ཟེར་པའི་གྲོང་སྡེ་ཞིག་ཡོད་མེད། བོད་གཞིས་རྩེ་ནས་བུ་མོ་ག་ཚོད་ཙམ་བོར་བརླག་ལ་སོང་མིན། ལྷག་པར་མིང་ལ་མིག་དམར་ཟེར་བ་ཞིག་བོར་བརླག་ཏུ་སོང་མིན་བཅས་ལ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིག་འཇུག་ཚོགས་པ་ཞིག་གིས་རྩད་གཅོད་བྱས་ན། ད་གཟོད་བདེན་མིན་ལྷང་ལ་འབུད་རྒྱུ་ཞིག་ཡོང་གི་རེད། སོམས་དང་། བདེན་ན་ནི་འདི་ལྟ་བུའི་མནར་གཅོད་ཅིག་འཛམ་གླིང་ཧྲིལ་བོའི་སྟེང་ན་མཐོང་དཀོན་པོའི་ཚད་རེད། བསྐྱུར་ཐབས་ཤིག་འདུག་གམ།
རྩོམ་འདིས་དམྱལ་བ་དང་དམྱལ་བ་པ་གཉིས་ཀྱི་བརྗོད་བྱའི་གཙོ་བོ་འདེམས་བསྒྲིགས་ཁྲོད་ངོས་མ་ཟིན་པའི་ཉོག་གཏམ་བྲིས་འདུག
འདིས་རྩོམ་ཡིག་གི་ཁ་བྱང་དང་མཐུན་པར་རང་ཉིད་བཀབ་ནས་དམྱལ་བ་བརྗོད་དགོས་པ་མ་ཤེས་པར་རང་ཉིད་བརྗོད་ནས་དམྱལ་བ་བཀབ་འདུག
བརྗོད་བབ་འདིས་ཀློག་པ་པོའི་མིག་མདུནས་ནས་རྩོམ་ཉམས་ཀྱི་རིན་ཐང་ཆུང་དུ་བཏང་བ་མ་ཟད་རྩོམ་ཡིག་གི་ཁ་ཕྱོགས་ལ་ནོར་འཁྲུལ་ཆེན་པོ་ཤོར་བཅུག་པ་རེད།
ཧཧཧཧཧཧ་་ཀུ་རེ་ཡིན།
དངོས་གནས་བྱས་ན་བོར་བརླགས་ཟིན་པའི་ནང་མི་ཚོས་ཚོགས་པ་ཞིག་འཛུགས་དགོས་རེད། དེང་དུས་དབྱར་རྩ་དགུན་འབུས་རྐྱེན་གྱིས་བོད་ན་དཔལ་འབྱོར་ཡག་པོ་ཡོད་རེད། ཞལ་འདེབས་སློང་རྒྱུ་ལས་སླ་བོ་རེད། བུ་མོ་འདི་འདྲ་མང་བོ་ཞིག་བོར་བརླགས་ཟིན་ན་གསར་འགྱུར་ཐོག་ཏུ་ངེས་པར་དུ་འགོད་དགོས་རྒྱུ་རེད། དེ་མ་རེད་དམ། །
༄། རང་བྱུང་རིག་རྡོར་བས། ༼རྩོམ་པ་པོས་བཤད་ཚུལ་ལ་བལྟས་ན་བདེན་པ་མ་རེད་སྙམ། གང་ཡིན་ཞེ་ན་བུ་མོ་དེ་ཚོར་འགྲོ་འདུག་གི་རང་དབང་ཡོད་ན་ཉེན་རྟོག་པར་འབྲེལ་བ་བྱེད་མ་ཐུབ་ཀྱང་འབྲོ་ཐུབ་ཀྱི་རེད། ཕྱི་ལོགས་སུ་བྲོས་ཚར་དུས་གྲོང་ཁྱེར་དེ་འདྲ་ཆེན་པོ་ཞིག་ཏུ་གང་ལ་འཚལ། ༽ ཞེས་བྲིས་འདུག
ཉོན་ཅིག གྲོང་གསེབ་ཕལ་མོ་ཆེར་ཉེན་རྟོག་ལས་ཁུངས་མེད་ལ་གྲོང་གསེབ་ལ་ལ་གྲོང་ཁྱེར་དང་ཉིན་ལམ་ཁ་ཤས་ཀྱིས་ཆོད་པའི་ས་ན་ཆགས་ཡོད། གལ་སྲིད་གྲོང་ཁྱེར་དང་རྒྱང་ཁད་རིང་པའི་གྲོང་གསེབ་ཅིག་ཡིན་ན། བྲོས་ནས་ཀྱང་ཐར་རྒྱུ་ཡང་ཁག་པོ་ཡིན་ཏེ། མནར་གཅོད་མྱོང་བ་པོ་གཡུ་སྒྲོན་ལ་འབྲོ་རྩིས་བྱས་པའི་ཉེས་ཆད་བཅད་པ་མ་རེད་དམ།
ཡང་ཕ་མ་ནང་མི་ཚོས་ཚོགས་པ་བཙུགས་ཏེ་ཞེས་སོགས་ཟེར། རྒྱ་གཞུང་གི་དང་དུ་མ་བླངས་ན། བོད་མི་ཚོས་ཚོགས་པ་འཛུགས་རྒྱུ་ནི་ཉེན་ཁ་ཅན་ཞིག་རེད། དེ་ལ་མ་ཉེས་ཁ་གཡོག་ཅི་འདྲ་ཞིག་འཛུགས་རྒྱུ་ཡིན་པ་བཤད་ཚོད་ཐུག་གི་མ་རེད། ད་དུང་བོད་ནང་ལ་རང་དབང་ཅན་གྱི་གསར་ལམ་མེད་པའང་ཧ་གོ་བར་བྱོས། ཉེ་ཆར་ལྷོ་ཁ་ཕྱོགས་ནས་འཇུ་བཟུང་བྱས་པའི་མི་རྐུན་དག་ཀྱང་བོད་མི་རང་གིས་རུབ་བཟུང་བྱས་པ་ལས་རྒྱ་གཞུང་གི་བྱས་རྗེས་མ་རེད། དེ་དུས་བྱིས་པ་ཁ་ཤས་བསྐྱབས་པའི་གནས་ཚུལ་བྱུང་རྗེས་བོད་མི་བྱིངས་ཀྱིས་བྱིས་པ་དེ་དག་བོར་བརླགས་སུ་སོང་བའི་གནས་ཚུལ་གཞི་ནས་ཧ་གོ་བ་རེད་དོ། །གནས་སྟངས་དེ་འདྲ་རེད།
མདོར་ན་བོད་མི་བོར་བརླགས་སུ་འགྲོ་བཞིན་པ་འདི་ཡི་རྒྱབ་ལོགས་སུ་རྒྱ་གཞུང་གི་ཆབ་སྲིད་ཁོག་ནག་མ་དེ་ཡོད་རེད། རྒྱ་གཞུང་ནི་འདི་འདྲ་འདི་མཐོང་བཞིན་ཅེ་རེ་ལོང་དུ་བརྫུས་ནས་འདུག་པས། ཞུ་གཏུགས་ཁག་ལ་དོན་འབྲས་འབྱུང་གི་མེད་པ་རེད།།
ལོ་ཡག་ལགས། གཡུ་སྒྲོན་ལགས་ནས་སྨན་འཐུང་ནས་ཐེངས་མ་གསུམ་ལ་ཁོག་ནས་ཕྲུག་གུ་ཐོན་པ་རེད་ཟེར། གྲོང་གསེབ་དེ་འདྲ་ཞིག་ནས་ཕྲུག་གུ་འདེད་བྱེད་ཀྱི་སྨན་ག་འདྲ་བྱས་ནས་རག་པ་རེད། ཐག་རིང་ཐུང་གང་འདྲ་ཞིག་ཡིན་ཀྱང་རྐང་ལག་ཐམས་ཅད་ལྕགས་སྒྲོག་གིས་བཅིངས་མེད་ན་འབྲོ་ཐབས་ཡོད་པ་རེད་སྙམ། དེ་འདྲའི་མནར་གཅོད་འོག་ནས་ཤི་རྒྱུར་སྐྲག་གི་མ་རེད། དེར་མ་སྐྲག་ན་བྲོས་ཐབས་ཡོད་པ་སྨོས་མེད་རེད། །
རྐུབ་ཚོང་བོད་པའི་བུད་མེད་ནི།།
ཁ་ཆེའི་མཇེ་ལ་ཧ་ཅང་དགའ།།
རང་གི་སྲོག་ལའང་མ་འཛེམས་པར།།
མཇེ་ཡི་རྗེས་སུ་འབྲང་བས་ལན།།