བློ་བཟང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་འོས་མིར་བསྐྱར་དུ་ལངས་པའི་ཁྱབ་བསྒྲགས་བྱེད་སྟངས་འདི་ ’’ལངས་ན་མགོ་དང་། བསྡད་ན་རྐུབ་བརྡབ།’’ ཟེར་བའི་ཚུལ་ལས་མ་འདས་པ་མིག་ལྡན་ཀུན་གྱིས་མཐོང་གསལ་ཡིན་ནའང་། ཅི་བྱ་འདི་བྱེད་མེད་པར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་སྐུ་ངོ་མཆོག་རྣམ་རིག་ཀྱང་གསལ་བོ་ཨེ་ཡོད་ལྟ་བུའི་བཀའ་མོལ་ཞིག་གནང་འདུག་པ། བོད་ཀྱི་དུས་བབ་གསར་ཁང་གིས་བཀོད་པ་ཇི་བཞིན་ལུང་འདྲེན་ཞུས་ན་༼ལོ་བཞིའི་ནང་གྲུབ་འབྲས་ཆེ་ཤོས་དེ་ག་རེ་སྨིན་ཡོད་པ་རེད་ཅེ་ན་གཙོ་ཆེ་ཤོས་ལྷིང་འཇགས་ཆགས་པ་དེ་རེད། ཁང་པ་རྒྱག་རྒྱུ་ལྟ་བུ་ཞིག་ཡིན་ན་གཞི་བརྟན་པོ་ཞིག་བཏིང་ཡོད་སྟབས། ཡང་བསྐྱར་ལོ་ ༥ ལ་ཐོག་རྩེག་གཅིག་ཡག་པོ་རྒྱག་ཐུབ་པ་ཡིན་ན། གཉིས་པ་གསུམ་པ་རྒྱག་རྒྱུ་གང་འཚམ་ལས་སླ་པོ་ཡོད་སྐོར་གསུངས་སོང་།།༽ ཟེར་བ་འདི་རེད།
སྤྱིར་བསམ་ཡོད་ཅིག་ཡིན་ན་ཞུ་ག་ལ་དགོས་ཏེ། རང་ག་བ་ཞིག་གིས་ཀྱང་སྲིད་སྐྱོང་མཆོག་གིས་བཀའ་མོལ་འདི་ལྟར་གནང་བ་ཐོས་ཚེ། ཏན་ཏན་སྲིད་སྐྱོང་མཆོག་བདེ་ལེགས་སྨན་ཁང་དུ་སྙིང་ཁམས་བརྟག་དཔྱད་དུ་ཁྲིད་དགོས་པའི་དོགས་པ་འཁོར་སྲིད། དེ་ནི་འདི་ལྟར།
ལྷིང་འཇགས་ཆགས་པ་རེད་ཟེར་ན་ཅི་རེད། ལྷིང་འཇགས་བཟོ་པར་ལོ་བཞི་འགོར་དགོས་པའི་ཟིང་ཆ་དེ་སུས་བསླངས་བ་རེད་དམ། བོད་ཕྱི་ནང་གཉིས་ནང་ཁུལ་ལ་ཟིང་ཆ་ལངས་པ་རེད་དམ། རྒྱ་ནག་གཞུང་གིས་བསླངས་པ་དེ་ལྷིང་འཇགས་བཟོས་པ་རེད་དམ། ཡིན་སྲིད་མདོག་ཁ་པོ་མ་རེད། བོད་ནང་དྲག་གནོན་སྡུག་རྩུབ་མུ་མཐུད་གནས་ཡོད། རང་ལུས་མེར་སྲེག་གཏོང་མཁན་མང་དྲག་ནས། སྲིད་སྐྱོང་མཆོག་ལ་ཁོང་རྣམ་པའི་མཚན་གཞུང་ཙམ་ཡང་ངག་ཐོག་ནས་འཕྲོ་རིམ་འཕྲོར་སྐྱོར་རོགས་ཞུས་ན། ཐུགས་དྲན་བརྗེད་ཚར་རེད། དེས་ན་ལྷིང་འཇགས་ཆགས་པ་རེད་ཟེར་བ་དེ་ཅི་ཡིན། ང་ཚོས་མུ་མཐུད་དུ་དྲི་བ་འདྲི།
སྲིད་སྐྱོང་སྟག་བྲག་གི་ས་ནས་ཞུས་པའི་སྲིད་དབང་སྲིད་སྐྱོང་མཆོག་ལ་གནང་སྐབས། ༧གོང་ས་མཆོག་གིས་ཁྱེད་ལ་ལྷིང་འཇགས་མིན་པའི་གནས་བབ་ཅིག་ལག་ཏུ་གཏད་བྱུང་ངམ། བགྲང་བྱ་ལྔ་བཅུ་རྩ་གྲངས་རིང་༧གོང་ས་མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པའི་གཞུང་མང་གཉིས་ཀྱིས། ཁྱོད་ཀྱི་ལོ་བཞིའི་བྱས་རྗེས་ཙམ་ཡང་འཁྱོང་མི་འདུག་གམ། ཁོང་རྣམ་པས་རྩིག་པའི་རྨང་གཞི་ཙམ་ཡང་བཏིང་ཐུབ་མི་འདུག་གམ། སྲིད་སྐྱོང་ཁྱོད་ཀྱིས་གསུངས་པ་ལྟར་ཁང་པའི་གཞི་བརྟན་པོ་ཞིག་གཞི་ནས་བཏིངས་བ་ཡིན་ནམ། རྟག་ཏུ་སྲིད་སྐྱོང་ཁྱོད་ཀྱི་ཞལ་སྒོ་ནས་༧གོང་ས་མཆོག་དང་མི་ཐོག་རྒན་པའི་སྐུ་ངལ་བསྐྱོན་པ་རེད་གསུངས་པ་དེ་ཚིག་ཙམ་ཡིན་ནམ། ཁ་གཡང་ཙམ་ཡིན་ནམ། ཁྱོད་ལ་བཀའ་ལན་ཅི་ཞིག་ཡོད།
ད་འོ་ན་སྲིད་སྐྱོང་ཁྱོད་ཀྱིས་ལྷིང་འཇགས་མིན་པ་ཅི་ཞིག་ལྷིང་འཇགས་སུ་བཅུགས་པ་ཡིན་ནམ། རྨང་གཞི་མེད་པ་གང་ཞིག་རྨང་གཞི་བརྟན་པོར་བསྐྲུན་པ་ཡིན་ནམ། ངས་བསམས་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་། ཆབ་སྲིད། ཕྱི་འབྲེལ། ཤེས་ཡོན་སོགས་སྣ་གང་ས་ནས་སྔར་སྲོལ་བཟང་པོ་ནི་མ་བསྐྱངས། གསར་སྲོལ་བཟང་པོ་ནི་མ་རྙེད། བར་མ་དོ་རུ་གནས་བཅས། ཡིན་ན་ཡིན་པའི་སྲོལ་དང་། མིན་ན་མིན་པའི་བརྫི་ཡིས། མཐོང་ན་ནི་འཇའ་མཚོན་བཀྲག་མདངས་ཇི་བཞིན། རེག་ན་ནི་སྟོང་པ་རི་བོང་རྭ་ལྟར་གྱུར་བ་བསྐྱར་བཤད་ག་ལ་དགོས་ཏེ། ཤར་ཕྱོགས་ཁུག་རྟས་རེ་རེ་བཞིན་གོ་བདེར་ཀུན་ལ་གསལ་འགྲེལ་མཛུབ་མོས་རི་སྟོན་གནང་བ་དེས་ཤེས་ཀྱང་། འདིར་རྩ་དོན་ཐོག་རྙོག་གླེང་ཉེན་ཁའི་གནས་སུ་བསྐྱལ་ཡོད་པའི་གནས་བབ་ཁ་ཤས་གྲངས་ཀར་འདྲེན་པ་དང་མཉམ། ལྷིང་འཇགས་ཆགས་པ་རེད་གསུངས་པ་ནི་མདོར་དེད་ན་རིག་འཚོ་མ་ཟིན་པའི་བཀའ་མོལ་ཞིག་ཡིན་པ་གསལ་བོ་བཟོ་འདོད་པ་དེ་ཡིན།
གཅིག རང་ལུས་མེར་སྲེག་གི་འབྱུང་རྐྱེན་གཅིག་རྒྱ་ནག་གཞུང་དང་། གཅིག་སྲིད་སྐྱོང་མཆོག་གི་སྟོང་གཏམ་གནམ་མཁའི་འཇའ་ཚོན་འདྲ་བ་དག་ལ་རག་ལས། རང་དབང་ལུང་པ་ནས་བོད་ནང་རེ་བ་སྟོང་པ་ཚད་ལས་བརྒལ་བ་སྤྲད་དེ། ད་ལྟར་ད་དུང་བོད་ནང་ལ་འགན་འཁུར་ནས་དོན་དམ་རང་ལུས་མེར་སྲེག་ལ་རྒྱབ་སྐྱོར་ཐོབ་ཀྱི་མེད་པའི་གནས་སྟངས་གསལ་བཤད་གནང་མེད། གསལ་བཤད་གནང་དགོས་པ་རེད་ཅེས་ཐེངས་མང་མཁས་པ་དང་རྩོམ་པ་པོ་ཚོས་ཞུས་ཀྱང་གསན་འཇོག་གནང་མེད་པས། རང་སྲེག་གནང་མཁན་གྱི་ཚེ་སྲོག་གི་རིན་ཐང་དང་རྣམ་ཤེས་ཀྱི་འགན་འཁུར་རྒྱ་ནག་གཞུང་ལ་གང་ཡོད་པ་གཅིག་མཚུངས། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལའང་ཡོད་ལ། གཡོལ་ཐུབ་གཏན་ནས་མེད། ལོ་རྒྱུས་ཀྱིས་མ་འོངས་པར་དེ་བས་ཀྱང་ཁ་གསལ་བོའི་ཐོག་ནས་ཐར་བ་མི་གཏོང་ཐག་ཆོད་ཡིན། ཁ་གསལ་བོའི་ཐོག་ཞུས་ན་རང་སྲེག་ཐད་ཐོག་མ་ནས་༧གོང་ས་མཆོག་གི་དགོངས་གཞི་ལྟར་བཀའ་ཤག་གི་རྣམ་འགྱུར་བཟུང་མེད། མཐའ་མར་གནས་ཆུང་ཆོས་རྒྱལ་ཆེན་པོར་ལག་པ་འཕྱིས་ཏེ་མཚམས་ཞོག་གསུངས་ཀྱང་། དེ་ཡང་ཁྲལ་སྒྲུབ་ཙམ་ལས་དོ་ནན་ཆེན་པོས་གསལ་བསྒྲགས་ཙམ་ཡང་སྤེལ་མེད།
གཉིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཡོངས་རྫོགས་ཀྱི་ཆེ་མཐོང་དང་། ལས་བྱེད་པའི་སྲིད་སྐྱོང་དང་བཀའ་ཤག་ལ་བརྩི་བཀུར་བྱེད་སྟངས་ཉམས་ཆག་ལྡབ་ཀྱིས་ཕྱིན་ཡོད། དེའི་རྒྱུ་མཚན་ནི་སྲིད་སྐྱོང་དང་བཀའ་བློན་རེ་འགས་རང་རང་ལྷན་ཁང་ལ་དོ་དམ་ཡག་པོ་བྱེད་མ་ཤེས་པའི་ལན་ཞིང་། དྲིལ་བསྒྲགས་བཀའ་བློན་དང་འཕྲོན་བསྟེན་བཀའ་བློན་ལྟ་བུར་ལས་བྱེད་དཀྱུས་མ་ཞིག་གི་འཛིན་སྐྱོང་རིག་རྩལ་དང་ཉམས་མྱོང་། འཆར་སྒོ་སོགས་མེད་སྟབས། ལྷན་ཁང་ནང་གི་ལས་བྱེད་གོང་འོག་གི་ཆེ་མཐོང་གོ་ལྡོག་ནས་ལས་དོན་ཐོག་འཐུས་ཤོར་ཚད་ལས་བརྒལ་བ་ཕྱིན་ཡོད། མདོར་ན་ད་ལྟའི་གཞུང་ཞབས་ནང་སྲིད་སྐྱོང་མཆོག་གི་མཁྱེན་ཡོན་ལ་ཡིད་ཆེས་ཡོད་མཁན། སེམས་འགུལ་ཐེབས་མཁན་བརྒྱ་ཆའི་གཅིག་གཉིས་ཙམ་ཡང་མེད་པས། རྒན་པ་ཨ་ཐང་ཆད། གཞོན་པའི་སྤོབས་པ་བཅག་ཟེར་བ་དེ་དངོས་སུ་བྱུང་ཡོད། དཔེར་ན། ཉམས་མྱོང་ཤེས་འཇོན། བྱས་རྗེས་སོགས་ཀྱི་རྒྱུད་རིམ་གང་ཡང་མེད་པར་རང་གི་གྲོགས་པོ་ཨ་རིའི་དོན་གཅོད་དུ་བཀའ་བློན་ཚང་འཛོམས་མིན་པའི་བཀའ་ཤག་ལྷན་ཚོགས་ཐོག་ཐག་གཅོད་བྱས་པ།
གསུམ། དུས་འཁོར་དབང་ཆེན་ཕྱིར་འགྱངས་བྱས་པའི་གནས་ཚུལ་རེད། ད་ཐེངས་གྲོས་ཚོགས་ནང་ཆོས་རིག་བཀའ་བློན་གྱིས་ལན་ཐེབས་མེད། ཁོང་ལ་ཁག་མེད། ཁོས་སྲིད་སྐྱོང་མཆོག་གིས་དུས་འཁོར་དབང་ཆེན་དང་༧རྒྱལ་བ་རིན་པོ་ཆེ་བཙོང་ནས་འོས་ཤོག་བསགས་ཀྱི་ཡོད་པ་ཅི་ལྟར་ཤེས། སྲིད་སྐྱོང་མཆོག་གི་བྱེད་བབ་ཁོ་ནར་བརྟེན་ནས་དུས་འཁོར་དབང་ཆེན་ཕྱིར་འགྱངས་དང་། དོན་གཅོད་ཁག་ཏུ་༧གོང་ས་མཆོག་གི་མཚན་གནས་ཕྱིར་བསྡུ་བྱ་དགོས་པ་གཉིས་ཀ ཁོང་དང་ཁོའི་གཤམ་འོག་གི་དོན་གཅོད་དབུ་དཀར་ཚང་ཀེ་རྡོར་སོགས་ཀྱི་ནོར་འཁྲུལ་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་རུ་འགྲོ་བཞིན་ནའང་། སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་སྐུ་འཁྲིས་ནས་༧དགའ་ལྡན་ཕོ་བྲང་ལ་ཡར་ཞུས་ནས་དུས་འཁོར་དབང་ཆེན་ཕྱིར་བསྣུར་བྱས་པ་ཡིན་གསུངས་པ་འདི་ཁོ་ནས། ཁོས་༧གོང་ས་མཆོག་ལ་ཅི་ཙམ་བརྩི་བཀུར་བྱེད་ཀྱི་ཡོད་མེད་ཤེས་གསལ་ཡིན་སྟབས། ཆོས་སྲིད་གང་ཐད་ནས་ཞུས་ཀྱང་། སྤྱི་ཚོགས་འཁྲུགས། དམངས་སེམས་འཁྲུགས། ཆིག་སྒྲིལ་ཇེ་ཞེན་དུ་གྱུར་བ་དངོས་ཡོད་ཡིན་སྟབས།
མདོ་རྩ་གྲུབ་འབྲས་ཆེན་པོ་བཅུ་གཙོས་བཀའ་སློབ་དང་གཏམ་བཤད་གང་ལ་གཞིགས་ཀྱང་འཐུས་ཤོར་དང་། གང་ཟག་རང་ཉིད་ཀྱི་ཆེད་དུ་སྤྱི་བའི་རྐུབ་སྟེགས་བེད་སྤྱོད་གནང་བཞག་པ་ཞེེ་གཅིག་གང་སར་མཐོང་བ་མ་གཏོགས། བསྟོད་འོས་པའི་གྲུབ་འབྲས་ཞིག་ཆེས་དཀོན་པའི་གནས་བབ་འདི་ལགས་ན། ལོ་བཞིའི་ནང་ལྷིང་འཇགས་ཆགས་པ་རེད་གསུངས་བ་འདི་རིག་འཚོ་མ་ཟིན་པའི་བཀའ་མོལ་ཞིག་མ་རེད་དམ།
༢༠༡༥། ༡༠། ༧། ཉིན།།
ཧཧཧཧ་་་་་ད་ཡིན་ན་སྲིད་སྐྱོང་གི་བཀའ་མོལ༼ལྷིང་འཇགས་ཆགས༽ཟེར་བ་འདི་བོད་དོན་ཐད་ཅི་གང་འགྲུབ་རྒྱུ་མེད་ནས་འཇམ་ཐིང་ངེ་གནས་ཡོད་ཟེར་བའི་དོན་མིན་ནམ་སྙམ།
དེང་སྐབས་སྲིད་སྐྱོང་འོས་གཞིའི་ནང་ནས་སྲིད་སྐྱོང་བློ་སེང་ལགས་ནི་སྐབས་གཉིས་པའི་སྲིད་སྐྱོང་ཡོང་རྒྱུ་ཡིན་པ་ནི་ཕྱོགས་སྡོམས་ཐུབ་པ་ཞིག་རེད། ཁོང་ལ་ཁ་གཏད་པའམ་དགག་ཕྱོགས་པ་དག་གིས་སྐྱོན་བརྗོད་དང་ཟུར་ཟ་རིགས་ལ་གནད་ལུགས་དང་ལྡན་པའི་སྲིད་སྐྱོང་མི་འོས་པས་གླེང་བརྗོད་བྱེད་མཁན་ནི་ནམ་མཁའི་མེ་ཏོག་རེད། རྒྱལ་ཕྱི་ནང་གི་ཚོགས་སྡེ་དང་མི་སྡེའི་ཆེ་ཆེ་ཆུང་ཆུང་གང་མང་ཞིག་གིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མོས་བྱེད་སྟངས་འདི་ནི་བོད་མི་བཅོས་མ་ཞིག་གིས་བཀའ་ཁྲིའམ་སྲིད་སྐྱོང་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་རེད་ལ། མ་འོངས་པར་ཡང་འདི་ལྟར་ཡོང་རྒྱུའི་སྲིད་སྐྱོང་ཞིག་ཁག་པོ་རེད་བསམ་གྱིན། ལྷག་པར་དུ་ད་ལྟའི་སྲིད་སྐྱོང་གི་འོས་མི་གཞན་དག་སུ་གཅིག་ལ་རྒྱལ་ཕྱི་ནང་གིས་དགའ་མོས་དང་རྒྱབ་སྐྱོར་འདི་བཞིན་ཐོབ་རྒྱུ་མེད་པ་ནི་འགྲེལ་བཤད་མི་དགོས་པར་གསལ་རྟོགས་ཐུབ་ངེས་ཞིག་ཀྱང་རེད། སྤྱི་ཚོགས་ཡར་རྒྱས་དང་འཆམས་མཐུན་སོགས་ལ་འགན་ཁུར་དེ་ཙམ་མེད་པའི་སྲིད་དོན་པ་དང་རྟོག་གེ་བ་ཚོས་ཅི་ཡང་བཤད་སྲིད་ལ་གང་ཡང་གླེང་སྲིད། དེ་ནི་ཆགས་སྡང་ཕྱོགས་ལྷུང་གིས་འཇིག་རྟེན་མིའི་ཆོས་ཉིད་དང་བྱེད་བབ་ཞིག་ཀྱང་རེད། གང་ལྟར་བརྒྱ་བཤད་སྟོང་སྐོར་གྱིས་བློ་སེང་ལ་སྐྱོན་བརྗོད་དང་གླེང་གཞི་ཇི་ཙམ་བཟོས་ཀྱང་སྐབས་གཉིས་པའི་སྲིད་སྐྱོང་ནི་བློ་སེང་ཕེབས་ཡོང་གི་རེདདོ།
ཚ་ཕྲུག་རྒྱལ་ལགས་ཐུགས་རྗེ་དེང་སང་ང་ཚོའི་སྤྱི་ཚོགས་མི་ཉུང་ཤས་ནས་རང་གི་མ་འཇོན་གཞན་གྱི་ལས་ན་
མིག་ཚ་ནས་དོན་མེད་ཁུང་མེད་སྐྱོན་བྱེད་བཞིན་པ་ནི་
ཡག་རྟགས་ཞིག་གང་ནས་ཡིན་རྒྱ་མི་མང་ལྐུག་པ་
མ་རེད་སྲིད་སྐྱོང་བློ་སེང་རང་འཇགས་ལོ་ལྔ་གཏན་འཁེལ་
འདུག་འོས་ཤོག་འཕེན་ཀྱང་རུང་མ་འཕེན་ཀྱང་རུང་རང་
འཇགས་རེད་སྐྱོན་འཛུགས་གནང་ཆོག་གི་རེང་ལ་ཁྲིམས་
ལ་གཏུག་ཆོག་གི་རེད་ཞིབའི་མི་མང་ནང་མ་དཀྲུགས་ན་ཡག་གི་རེད་
ནོར་བཅོས་(སྐྱོན་འཛུགས་)
(རྒྱ་ཆེ་མི་མང་)
ཉི་མ་བསྐྱལ་བ་མ་རེད་དུས་ཚོད་བརླག་པ་རེད་དོ། ད་ང་ཚོའི་སྲིད་སྐྱོང་འདི་སྙིང་རྗེ་བ་ཞིག་རེད། ག་བ་གང་སར་སྐྱོན་བརྗོད་ཆར་བ་འབབ་འབབ་རེད། ད་ཅི་བྱ། ཁོང་འདི་ལྟར་ཁྲི་ལས་འབབ་དགོས་ཤར་ཚེ། ཅི་གང་མ་འཇོན་པར་མི་མང་གི་དམོད་དམོའི་སྐྱེལ་བ་དང་བཅས་ཁྲི་ལས་ཕྱིར་ཕུད་བྱས་པ་དང་གཅིག་མཚུངས་ཆགས་སྟབས། ལོ་རྒྱུས་ནང་གི་སྲིད་དབང་རྩིས་སྤྲོད་དང་པོར་ཞུ་སའི་སྲིད་སྐྱོང་གི་ཁ་སྟབས་ནི་ལོ་རྒྱུས་ནང་བཀོད་འོས་པ་ཞིག་མ་ཆགས་ཁར། ནག་ཉེས་ཅན་ཞིག་ཆགས་སོང་བ་ལྟ་བུ་རེད། ད་ཅི་བྱ། བླ་མ་དཀོན་མཆོག་མཁྱེན།
བཙན་བྱོལ་དབུ་ཁྲིད་ཚོའི་ཁྲོད་ནས་གོང་ས་མཆོག་ཕུད་པའི་བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་དགའ་བསུ་ཆེ་ཤོས་ཞུ་ཡུལ་ནི་མཁས་དབང་བློ་བཟང་སེང་གེ་མཆོག་རེད་ལ། ཁོང་ལས་ལྷག་པའི་ཤེས་འཇོན་ཅན་ཞིག་ད་ལྟའི་ཆར་བཙན་བྱོལ་ཁྲོད་ན་གདམ་རྒྱུ་མེད་པ་གསལ་པོ་རེད། དེས་ན་ཤར་ཁུག་འཁོར་དང་བཅས་པས་སྐད་ངན་ཇི་ལྟར་རྒྱབ་ཀྱང་བོད་མི་མང་གིས་ཁོང་སླར་ཡང་སྲིད་སྐྱོང་ལ་གདམ་རྒྱུ་ཡིན་པའི་སྔོན་རྟགས་གསལ་པོ་འདུག
ལུང་རྟོགས་ལགས། རྫུན་ཨ་པྲ་གཉིས་ཀྱི་རྔ་མ་ཐུང་ཟེར་བ་ལྟར། ཧམ་པ་བཤད་པས་ཅི་ཕན། བློ་བཟང་སེང་གེར་ཐོག་མར་༧གོང་ས་མཆོག་གིས་ཐུགས་རེ་གནང་བ་ཡིན་ཙང་མི་མང་གིས་དགའ་བའི་རྣམ་འགྱུར་བསྟན་པ་རེད། ཡིན་ནའང་། དེང་སང་ཁོང་གི་ནུས་མཐུ་ཡོད་ཚད་བོད་མི་མང་གིས་གསལ་བོ་མཁྱེན་པ་ཡིན་ཙང་། ཚང་མ་ཉོབ་བསྡད་ཡོད་པ་མཐོང་མ་སོང་ངམ། ད་སྔ་ཡན་བཀའ་ཁྲི་རིམ་བྱོན་ནང་བློ་བཟང་སེང་གེ་ལྟ་བུ་མིས་མཐོང་ཆུང་བཏང་བའི་སྲིད་སྐྱོང་ཞིག་བྱུང་མྱོང་ཡོད་པ་མ་རེད། དེང་སང་བོད་ནང་བོད་ཕྱི། ལྷག་པར་ཤེས་ལྡན་པ་དང་དོ་སྣང་ཡོད་མཁན། མགོ་འཚོས་མཁན་ཚོས་མཐའ་གཅིག་ཏུ་ཉོབ་མདོག་མདོག་སྟོན་བཞིན་པ་མ་མཐོང་ངམ། སྤྱིར་ན་ང་ཡང་ཁྱོད་ལྟར་ཁམས་པ་ཙམ་མ་ཟད། ཁོང་གི་ཕ་ཡུལ་ལི་ཐང་གཅིག་པ་ཡིན། ཡིན་ནའང་། དངོས་གནས་རྒྱ་ཆེ་སར་བསམ་བློ་བཏང་ན། བོད་ཀྱི་མདུན་ལམ་ལ་བསམ་བློ་བཏང་ན། ཁོང་ལ་ཕ་ཡུལ་གཅིག་པའི་ཞེན་ཁོག་བྱེད་པ་དེ་ངས་མཚམས་འཇོག་ཐུབ་ཀྱི་འདུག ཁྱོད་ཀྱིས་ཀྱང་ག་ལེར་དགོངས་པ་བཞེས་རོགས། བོད་མི་རིགས་ད་དུང་ལོ་སྟོང་ཕྲག་ཁ་ཤས་ལ་གནས་ཀྱི་རེད། མ་འོངས་པའི་མི་རབས་དེ་ཚོ་དྲན་ན་ང་ཚོའི་ཚོར་བ་ཙམ་གྱིས་ཡར་བཤད་མར་བཤད་པ་དེ་ཏག་ཏག་བསྡད་ཡོད་པ་མ་རེད་བསམས།
ལྷིང་འཇགས་ཀྱི་གོ་ངས་གང་ཤེས་པ་འགྲེལ་བཤད་རྒྱབ་ཆོག། ཡིནའི་གོ་དོན་ནོར་འདུག་ན་དགོངས་དག་ཞུ་རྒྱུ་ཡིན། གཞི་རྩ་༧གོང་ས་མཆོག་ནས་༼ ང་མེད་པ་ནང་བཞིན་བྱ་དགོས་༽ ཞེས་བཀའ་སློབ་སྔ་རྗེས་རིམ་པ་མང་པོ་སྩལ་བ་རེད། འོན་ཀྱང་བཀའ་ཁྲིའི་འོས་འདེམས་སྔོན་མའི་སྐབས་གློ་བུར་དུ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མང་ཚོགས་ལ་སྩལ་བར་བརྟེན་ད་བར་གཞིས་བྱེས་བོད་མི་བརྒྱ་ཆ་ ༩༩ ལྷག་གིས་༧གོང་ས་མཆོག་ལ་ཡིད་ཆེས་བློས་འགེལ་གཙང་མ་ཞུས་དང་ཞུ་བཞིན་ལ་སོང་ང་ཚོར་རྙོག་ཁྲ་ཆེ་བ་བྱུང་མེད། འོན་ཀྱང་། དཔེར་ན། རྣམ་ཀུན་ནང་གི་འགན་འཁུར་ཕ་ཡིས་འཁྱེར་གྱི་ཡོད་པ་གློ་བུར་དུ་ཕྲུ་གུའི་ལག་པར་བཞག་ན་བཟང་ངན་ག་རེ་ཡོང་མིན་མ་ཤེས་སྟབས་བོད་མི་ཚང་མར་སེམས་ཁྲེལ་བྱུང་ཡོད། སྟབས་ལེགས་པ་ཞིག་ལ་ད་བར་ཟིང་ཆ་མེད་པར་ལྷིང་འཇགས་པོ་བྱུང་སོང་གསུངས་ཀྱི་ཡོད་པ་རེད་བསམ་གྱི་འདུག།
ནོར་བཅོས། ལྷིང་འཇགས་ཀྱི་གོ་དོན་
ཨ་ཙིས་་་་ཚ་ཕྲུག་རྒྱལ་་་་དེ་རིང་ཡིན་ན་སྐད་ཆ་ཁྱད་མཚར་དེ་འདྲ་བཤད་བཞིན་འདུག་ག ནང་རྙིགས་ཕྱི་ལ་སྟོན་འདུག་ག ཁྱོད་ཀྱིས་བོད་རང་བཙན་པ་ཞིག་མདོག་མདོག་བྱས་བསྡད་པ་དེ་ཡང་བློ་སེང་གི་ཟློས་གར་ལྟ་བུ་ཡིན་ནམ། ཡང་ན་ཆོལ་ཁའི་ཕྱོགས་ཞེན་གྱི་ཐོག་ཏུ་ཡོད་ཚད་བློས་གཏོང་ཕོད་པ་དེ་འདྲ་ཡིན།
བློ་སེང་བོད་མི་བཅོས་མ་བ་ཞིག་རེད་ཨེ། ཧཧ བཅོས་མ་དང་བཅོས་མིན་གྱི་དོན་དག་ཤེས་ཀྱི་ཡོད་ས་མ་རེད་ད། ཆེན་པོ་ཞིག་བཤད་མདོག་མདོག་བྱས་ངོ་ཚ་རོགས་རེད་འདུག་ག བློ་སེང་བོད་མི་བཅོས་མ་བ་ཞིག་ཡིན་ན་སུས་བཅོས་པ་རེད་དམ། ཧཧཧ
བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་ད་ལྟའི་བར་དུ་བྱུང་བའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་ནང་ནས་བློ་སེང་ཟེར་བ་འདིས་བོད་གཞུང་གི་སྲིད་ཁྲིར་འཛིན་གྱི་རག་མེད་པ་རེད། ལས་ངན་བསོད་ཟད་འདིའི་རིང་ལ་སྲིད་གཞུང་མེད་པའི་སྲིད་སྐྱོང་བྱས་པ་རེད། མ་འོངས་ལོ་རྒྱུས་ནང་གི་ཉེས་ཅན་དང་བསོད་ཟད་རེད་ད། ད་དུང་རང་ངོ་མི་ཤེས་པར་རྫིག་མདོག་སྟོན་ལུགས་ལ་བལྟས་ནའང་བོད་མི་བཅོས་མ་བ་ཞིག་མ་གཏོགས་བཅོས་མིན་ཞིག་ཡིན་ཟོལ་ཡང་མི་འདུག་ག་་་་ཧཧ
ལྷིང་འཇགས་ཡིན་མིན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁྲོམ་གཞུང་དུ་ཕྱིན་ན་ཤེས་ཀྱི་རེད་བ། ཕྱོགས་ཁ་གཉིས་ཀྱིས་རྔ་སྒོག་བརྡུངས་རེས་བྱས་ནས་ཟིང་བརྒྱབ་བརྒྱབ་ཀྱིས་མགོ་སེར་ཚོས་རྣ་བ་ཚ་ཡི་འདུག་ཟེར་ནས་སྐད་ཤོར་མཁན་འདུག་ག ངས་ནི་བློ་སེང་གི་དེང་སྐབས་ནང་བཞིན་ཟིང་ཚ་པོ་དེ་འདྲ་མཐོང་མྱངས་མེད་ལ་ཁྲོམ་གཞུང་དུ་རྔ་བརྡུངས་མཁན། རྐུབ་སྟོན་མཁན། དཀྱུས་མཛུབ་གནམ་ལ་ལོངས་མཁན། ཁྱི་འབོད་དང་སྐྱུག་འབོད་འཐེན་མཁན་སོགས་ཧ་ཅང་ཟིང་ཚ་པོ་རེད། མུ་མཐུད་བཙན་བྱོལ་སྒྲིག་འཛུགས་ཀྱིས་བར་གནས་མ་བྱས་ནས་ལོ་ལྔ་ཕྱིན་ན་མེ་མདའ་རྒྱབ་རེས་ཡང་བཟོ་འོང་ས་རེད་བསམས་བསམས་འདྲ་ཞིག་འདུག་ག
ལྷིང་འཇགས་ཅན་གྱི་ཁྲོམ་གཞུང།
https://www.youtube.com/watch?v=UGQQSj8p9Yg
ལྷ་སའི་བུ་ཡི་འགྲེལ་བཤད་རྒྱག་སྟངས་དེ་བློ་བཟང་སེང་གེ་དང་འཇམ་དབྱངས་བཟོད་པའི་ཨུ་ཚུགས་བསྐྱོན་སྟངས་དངོས་གནས་དེ་རེད། དེ་འདྲ་གནང་ན་ཆོ་ཡོད་པ་མ་རེད། མི་ཚང་མ་ལྐུགས་པ་མ་རེད་ཝ།
གཟིགས་དང་ཡང་དཀྲུག་དཀྲུག་གཏོང་གི་འདུག་་་་ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་ཡོད་པ་མ་རེད་་་་་བྱས་ཙང་ཅོ་རི་འཇོན་ཐང་ཡོད་ན་སྤྱི་འཐུས་དང་སྲིད་སྐྱོང་སོགས་དེ་མིན་སྤྱི་ལ་ཕན་པའི་ལས་ཀ་ཞིག་བྱས་ནས་སྟོན་དང་དེ་མིན་བྱེད་མཁན་ལ་མང་པོ་བཤད་ན་དོན་མེད་རེད་ད་་་་་ཆང་རང་གི་མཐུང་ན་མགོ་ན་་་་་་གཞན་གྱི་མཐུང་ན་སྙིང་ན་་ཟེར་བ་ཤིན་ཏུ་བདེན་་་་་་དཔྱ་ཁྲལ་སྒོར་ཏོག་ཁ་ཤས་དེ་འང་སྤྲད་ཀྱི་མེད་པར་འདམས་བྱ་འདེམས་བྱེད་དང་ཡག་སྡུག་སོགས་བཤད་སའི་གོ་སྐབས་བརླག་ཚར་བ་རེད་དདདདད
ཉི་མ་སྐྱེལ་མཁན་ལ་གཟིངས་རྟགས་སྤྲོད་འཆར་རེད་དམ། ལགས།
http://www.rfa.org/tibetan/sargyur/Salisbury-university-to-bestow-presidential-medal-on-lobsang-sangay-on-oct-13-2015-10012015120552.html
དོལ་འདྲེ་ཚང་ལ་ལྷིང་འཇགས་ཞིག་ཡོད་ན། དོལ་འདྲེ་འདྲེ་མ་ཡིན་པར་ཁས་ལེན་དགོས་བ་རེད། དེ་འདྲ་ཞིག་ཡོང་མི་སྲིད་པ་རེད། འདྲེ་ཟེར་བ་འདིའི་བྱེད་ལས་ངོ་བོ་ལྷིང་འཇགས་ལ་མི་འདུག་པར། གང་ས་གང་ལ་སོང་ནས་གཟའ་ཚང་ནང་དཀྲུག། དགའ་ཉེ་བར་དཀྲུག། ཁྱིམ་མཚེ་གྱོོད་དཀྲུག། རུ་སྡེ་ཕྱོགས་དཀྲུག། བླ་སློབ་དམ་དཀྲུག། རྒན་གཞོན་ཀུན་དཀྲུག། བསྟན་སྲིད་ནང་དཀྲུག། དཀྲུག་འདྲེ་འདི་བོད་གངས་ཅན་ལ་མི་དགོས་བ་ཤེས་ཤེས་ལ་དཀྲུག་འདྲེ་གསོས་ན། དེ་ལ་ལྷིང་འཇགས་ཞིག་ཡོང་ཐབས་ནམ་ཡང་ཡོད་པ་མ་རེད། མེད་ན་མེད། འདྲེ་གསོ་བ་ཚོ་རེ་རེ་བྱས་ནས་ངོ་ཤེས་ན། ལྷིང་འཇགས་མི་བྱེད་རུང་། འདྲེ་གྲལ་ལ་བཞག་ནས་གཡུག་ཡ་ལ་ང་ཚོ་ལ་བྱ་ཐབས་ཡོད་བ་མ་རེད།
ཚེ་རིང་་་ལགས།
བློ་སེང་འདྲ་མའི་མི་ཞིག་གི་འོག་ཏུ་ཚོགས་མི་བྱས་ནས་སྡོད་འདོད་མེད་ད། བློ་སེང་གི་མགོ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་ཚོགས་པའི་ཚོགས་མི་རྩ་བ་ནས་བྱས་མྱངས་ཡང་མེད། དེ་ཡང་རང་གི་གཟི་བརྗིད་དང་བོད་ཆེན་པོའི་རྒྱལ་ཁབ་ལ་གུས་བཀུར་ཡིན་བསམས་ཀྱི་ཡོད།
༡་་་་བློ་སེང་གི་མགོ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་ཚོགས་པའི་ཚོགས་མི་བྱས་ན་དམངས་གཙོ་ལ་རྡོག་རོལ་བཏང་མཁན་གྱི་མི་ཞིག་ཆགས་སོང་བ་རེད། དེར་ཐལ། བློ་སེང་དང་ཁོའི་སྒྲིག་འཛུགས་གཉིས་ཀྱིས་དམངས་གཙོ་དོན་གཉེར་མི་བྱས་པར་དམར་ཕྱོགས་དོན་གཉེར་བྱེད་པའི་ཕྱིར།
༢་་་བློ་སེང་གི་སྒྲིག་འཛུགས་ཚོགས་པ་ལ་ཚོགས་དངུལ་ཕུལ་ན་བོད་ཆེན་པོའི་ལོ་རྒྱུས་ལ་རྡོག་རོལ་བཏང་མཁན་གྱི་མི་ཞིག་ཆགས་འགྲོ་གི་རེད། དེར་ཐལ། བློ་སེང་གི་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་བོད་ཆེན་པོ་ཟེར་བ་ཞིག་མེད་པར་འདོད་པའི་ཕྱིར།
༣་་་་བློ་སེང་གི་མགོ་ཁྲིད་པའི་བཙན་སྒྲིག་འཛུགས་ཚོགས་པའི་བྲན་གཡོག་བྱས་ན་ཟིང་ལོངས་མཁན་གྱི་མི་ཞིག་ཆགས་སོང་བ་རེད། དེར་ཐལ། ཕ་ཡུལ་གཅིག་པ་དང་ཁ་གཏོད་བྱས་ནས་ཁྲོམ་གཞུང་དུ་རྔ་སྒོག་བརྡུངས་མཁན་རྒྱུགས་དགོས་པའི་ཕྱིར།་་་་ཧཧ
འདྲེ་ཟེར་བའི་བོད་ལ་གནོད་མཁན་དང་ལྷ་ཟེར་བའི་བོད་ལ་ཕན་མཁན་ཞིག་ཡོད་པར་ཅོ་རིས་ཁས་ལེན་གྱི་མིན། དེ་འདྲ་ཡོད་ཟེར་མཁན་རྣམས་ཀྱིས་དད་ལྡན་མི་དམངས་མགོ་སྐོར་བཏང་ཐུབ་ནའང་ཅོ་རི་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད།
འདྲེ་ཟེར་བའི་མངོན་ཤེས་མེད་མཁན་ཞིག་དང་ལྷ་ཟེར་བའི་ཐམས་ཅད་མཁྱེན་པ་ཞིག་ཅོ་རིས་ཁས་ལེན་ལེ་མ་རེད། དེ་འདྲ་ཡོད་ཟེར་མཁན་རྣམས་ཀྱིས་དད་ལྡན་མི་དམངས་སླུ་ཁྲིད་བྱས་ཐུབ་ནའང་ཅོ་རི་སླུ་ཁྲིད་བྱེད་ཐུབ་ལེ་མ་རེད། དེར་ཐལ། ཅོ་རི་རྟོག་གེ་བ་ཡིན་པའི་ཕྱིར། རིག་པའི་རྗེས་འབྲངས་ཡིན་པའི་ཕྱིར། དྲང་བདེན་སྨྲ་བ་ཡིན་ཡིན་པའི་ཕྱིར།་་་ཧཧ
ལངས་ན་མགོ བསྡད་ན་རྐུབ་བརྡབ། ཟེར་བའི་ཚིག་གཅིག་འདིའི་འགོ་དེར་བྲིས་འདུག དེ་ཧ་ཅང་བདེན་པ་འདྲ་པོ་འདུག དངོས་གནས་བློ་སེང་ད་ལྟ་གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ་བསྡད་ཡོད་པར་མཐོང་གི་འདུག
ལངས་ན་ཡར་ལ་ཕོག་འགྲོ བསྡད་ན་མར་ལ་ཕོག་འགྲོ་བའི་གནས་སྟངས་ཤིག་གི་འོག་ཏུ་ཡོད་པར་མཐོང་གིའདུག ང་ནོར་མེད་པར་སྨོན།
ལི་ཐང་བློ་འོད་ལགས། ངས་དངོས་ཡོད་གནས་ཚུལ་བཤད་ཀྱི་ཡོད། སྔོན་མ་བློ་བཟ་སེང་གེ་ལ་མི་མད་གིས་དགའ་བསུ་ཇི་ཙམ་ཞུས་ཡོས་མེད་ངས་བཤད་མི་དགོས་པར་ཚང་མས་ཤེས་གསལ་རེད། དུས་ད་ལྟ་ཡིན་ན་ཡང་བོད་ཕྱི་ནང་གི་བོད་མི་མང་ཆེ་བས་ཁོང་ལ་དགའ་གུས་ཚད་མེད་ཡོད་པ་མངོན་གསལ་དོད་པོ་རེད། ཤར་ཁུག་གི་རྒྱབ་སྐྱོར་བྱེད་མཁན་ཨ་མདོ་བ་ཁ་ཤས་དང་། ལ་རྒྱ་མེད་པའི་མི་ཁྱེད་དང་ཁྱེད་ལྟ་བུ་རེ་ཟུང་ལས་བཙན་བྱོལ་བ་མང་ཆེ་བས་བློ་བཟང་སེང་གེ་ལ་འོས་ཤོག་བླུག་གི་ཡིན་ཟེར་མཁན་རྐྱང་རེད། ཁོང་གིས་ལོ་ལྔ་སྲིད་སྐྱོང་གནང་བའི་རིང་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོབ་ཡོད་མེད་གང་ལྟར་ཡང་འཐུས་ཤོར་མེད་པ་ཞིག་གནང་སོང་ལ། བཀའ་ཤག་གོང་མ་ཚོ་དང་སྡུར་ན་ཤེས་ཡོན་དང་དཔལ་འབྱོར་ཕྱི་འབྲེལ་སོགས་གང་ཐད་ནས་གཟེང་སུ་ཐོན་པ་གནང་སོང་། དེ་ལས་ལྷག་པ་ཞིག་སྲིད་སྐྱོང་སུ་སླེབས་པ་ཡིན་ཡང་བྱེད་མི་ཐུབ་པ་ཁ་ཚོན་བཅད་ནས་བཤད་ཆོག་པ་རེད། ལར་ནས་གཞན་ལ་བཏུན་ནས་འགྲོ་དགོས་པའི་སྐྱབས་བཅོལ་བའི་གཞུང་ཞིག་གི་དབུ་ཁྲིད་ལ་མཚོན་ན་འདི་ཙམ་ལས་ཆེན་པོ་བྱེད་དགོས་ན་ཁག་པོ་རེད། དེས་ན་ཡུལ་དུས་གནས་སྐབས་ལ་ལྟ་ནས་གདེང་འཇོག་བྱེད་དགོས་པ་ལས་རྒྱལ་ཁབ་ཡོད་པའི་དབུ་ཁྲིད་ཚོའི་གྲུབ་འབྲས་ལྟ་བུ་ཞིག་དགོས་པར་འདོད་ན་དེ་ནི་དངོས་དོན་དང་མཐུན་པ་ཞིག་ག་ལ་ཡིན།
ཡིག་ནོར་འགའ་ཤོར་འདུག་པས་དགོངས་དག་ཞུ།
ལྷ་དང་འདྲེ་གང་ཡང་མཁས་ལེན་མིན་ནི་གང་ཟག་སོ་སོའི་རང་དབང་རེད་སུས་ཀྱང་ཨུ་གཙུག་རྒྱབ་གི་མ་རེད་ཡིན་ནའང་བོད་མི་ཙམ་ཟན་ཞིག་གི་མི་ལུས་ལེན་པ་དེ་སྟོང་ཟད་དང་བོད་མི་ནང་འཁུལ་དཀྲུག་ཤིང་རྒྱབ་པ་དེ་ནི་མི་ཡི་ཐ་ཤལ་རེད་ད་
བདེན་པ་རེད་ད། དངོས་མེད་ལྷ་འདྲེའི་དཀྲུགས་ཤིང་བརྒྱབ་འོང་དུས་བོད་མི་ནང་ཁུལ་དུ་ཕྱོགས་ཁ་གཉིས་བྱས་ནས་ཁྲོམ་གཞུང་དུ་རྔ་སྒོག་བརྡུངས་རེས་བྱས་འོང་དུས་ང་ནི་ངོ་ཚ་ནས་ཕྱི་རྒྱལ་བ་རྣམས་ལ་བོད་མི་རྩམ་ཟན་པ་ཞིག་ཡིན་ལབ་དགོས་ནའང་མ་བདེ་བ་འདྲ་ཞིག་བསླེབས་འོང་གི་འདུག
བློ་བཟང་་དང་་་་་འཚོ་བ་རང་ཁ་མ་སོས་ཞིང་ལས་མེད་་་རྒྱ་དངུལ་ཟ་མཁན་གོ་སྐབས་རིང་ལུགས་པ་་ཚོས་་་མདུང་རྩེ་ནང་ལ་བསྐོར་ནས་གོ་སྐབས་བློང་མ་གཏོགས་འོས་བསྡུར་ཚར་དུས་་རྒྱ་དངུལ་རགས་ཀྱི་མ་རེད་དྭ་་་ཡིན་ནའང་་་ལས་མེད་ཕྱོགས་ལྷུང་་ཨ་མ་མ་གཏོགས་ངོ་མི་ཤེས་་སྒོ་ཐེམ་མ་གཏོགས་ལ་བརྒྱགས་མི་མྱོང་མཁན་ཁྱོད་ཚོས་་་བོད་ཡིག་ཐོག་ནས་མཆེན་འདི་འདྲ་བརྒྱགས་པ་ལ་བསྟེན་ནས་་བོད་ཡིག་ཡིག་ཤེས་མཁན་ཚོས་ངོ་ཚ་ཡི་འདུག་་གང་ཡིན་ཟེར་ན་་་མི་མང་པོ་ཞིག་གིས་མཐོང་རྒྱ་དང་ཐོས་ཁྱོད་ལ་བསྟེན་ཚོད་བགམ་བྱེད་ཀྱི་རེད་བ་་་་་ངོ་མ་ཁྱོད་ཚོ་ལ་བསྟེན་ནས་བོད་ཤེས་མཁན་ཚོའོ་མཐོང་ངོ་མ་བརླག་ཡ་རེད་ཤག་
རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་དང་། ཁྲེལ་གཞུང་ལྡན་པའི་ངོས་ལེན། མཁོན་འཛིན་མེད་པའི་བློ་རྒྱ། འགྱུར་ལྡོག་དཔྱོད་པའི་སྔོན་དཔག མཛའ་བརྩེ་ལྡན་པའི་མཐུན་སྒྲིལ། ཕུག་འདུན་གཉེར་བའི་ཆོད་སེམས། སྤྱི་ཡི་དོན་དུ་རང་བློས་གཏོང་ཐུབ་པའི་སྙིང་སྟོབས། མཚང་འབྲུ། རྡུང་བརྡེགས་སོགས་ལུས་སེམས་ལོངས་སྤྱོད་སྲོག་ལ་རྒོལ་བ་བྱུང་ཡང་མི་ཚེའི་ཕུག་འདུན་མི་འདོར་བའི་དམ་བཅའ་བརྟན་པོ་སུ་ལ་ཡོད་པ་དེ་ཆབ་སྲིད་ཀྱི་དབུ་འཛིན་ཞིག་ལ་བཀུར་འོས། ། སུ་ཡིན་ཀྱང་ཆ་རྐྱེན་དེ་དག་མེད་པར་གཡོ་སྒྱུས་སྲིད་འཛིན་གྱི་རྐུབ་སྟེགས་ལ་འཛེགས་པར་གུས་བཀུར་ཞུ་དཀའ་ལ། དཔའ་མཛང་ལྡན་པ་ནམ་ཡང་མིན་ནོ། །དྲི་མེད་ལྷག་བསམ་གྱིས། །
བདེན་པ་ཡིན་མིན་མི་ཤེས་སྤྱི་ཚོགས་དྲ་ཚིགས་ཁག་ཏུ་སྲིད་སྐྱོང་མཆོག་ལ་འདི་འདྲ་ཞིག་བཤད་ཀྱི་འདུག རྣམ་པ་ཚོས་བསམ་ཚུལ་བརྗོད་རོགས། (འོག་གི་དེའི་ནང་བཟོ་བཅོས་བརྒྱབ་མེད) བདེན་པ་གསུང་རོགས།
སྲིད་སྐྱོང་བློ་བཟང་སེངྒེ་དང་། ཨ་རི་གཞུང་གིས་ཞིབ་བཤེར་བྱེད་བཞིན་པའི་རྒྱ་རིགས་ཚོང་པ་ཝེན་གཉིས་ཀྱི་འབྲེལ་བ་ནི་ལས་མི་དང་སྦྱིན་བདག་གི་འབྲེལ་བ་རེད།
སྤྱི་ལོ་༢༠༠༨ ལོར་བློ་བཟང་སེངྒེ་ཐོག་མར་སྲིད་སྐྱོང་འོས་མི་ལངས་པ་དང་། བར་དུ་བོད་མི་འདུས་སྡོད་ཀྱི་འཛམ་གླིང་ས་གནས་ཁག་སོ་སོར་ཕེབས་ནས་འོས་ཤོག་སློང་བ། ཐ་མ་འོས་ཐོབ་ནས་སྲིད་སྐྱོང་དུ་བསྐོ་བཞག་བྱས་པའི་བར། ལས་དོན་ཆེ་ཕྲ་ཆུང་གསུམ་ལ་ཝེན་གྱིས་དངུལ་སྒོར་བཏང་ཡོད་པ་མ་ཟད། བློ་བཟང་སེངྒེའི་ཁང་པའི་འགྲོ་སོང་ཆ་ཚང་རྒྱ་མི་ཝེན་གྱིས་བཏང་ཡོད།
རྒྱ་རིགས་ཝེན་ནི་རྒྱ་དམར་འགོ་གཙོ་ཞིག་གི་བུ་ཡིན་པ་དང་། ཨ་རིའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུར་འབད་བརྩོན་ཧུར་ཐག་གནང་བཞིན་པ། ད་ཆ་རྒྱ་ནག་དམར་ཕྱོགས་ཚོགས་པའི་སོ་པ་ཡིན་པའི་དོགས་གཞིའི་འོག་ཨ་རིའི་གཞུང་གིས་བརྟག་དཔྱད་བྱེད་བཞིན་པ་བཅས་ནི་རྩོད་མེད་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཡིན།
བློ་བཟང་སེངྒེ་སྲིད་སྐྱོང་དུ་སླེབས་པ་ནས་བཟུང་།
༡༽ དོལ་རྒྱལ་ཚོགས་པ་ཕྱི་ནང་ག་ས་ནས་བོད་གཞུང་མང་སྤྱི་དང་། ཁྱད་པར་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་སོང་ཡོད་པ་མ་ཟད། སྟབས་བདེ་གང་ལེགས་ཆགས་ཡོད།
༢༽ བློ་བཟང་སེངྒེས་རང་ཉིད་ཀྱི་ལྟ་བ་རང་བཙན་དང་དབུ་མ་གང་ཡིན་གསལ་ཐག་ཆོད་པ་ཞིག་གསུངས་མྱོང་མེད་པ་མ་ཟད། སྐབས་བསྟུན་སྐད་ཆ་མང་པོ་ཤོད་པས་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་རྩོད་གཞི་ཆེན་པོ་ཆགས།
༣༽ བློ་བཟང་སེངྒེ་རང་ཉིད་ཀྱི་མཐུན་ཕྱོགས་ཁོ་ནར་ལས་བགོས་བྱས་པས། ལྷོ་གཞིས་ཁག་གི་དཔལ་འབྱོར་དང་། འཕྲོད་བསྟེན། སྤྱི་ཚོགས་འཆམ་མཐུན་བཅས་ཕྱོགས་ཡོངས་ལ་ཉམས་རྒུད་ཧ་ལས་པ་བྱུང་ནས། ད་ཆ་གཞིས་ཆགས་ཁག་སྲ་བརྟན་གནས་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད།
༤༽ རྒྱ་རིགས་ཚོང་པ་ཝེན་དང་མཉམ་ལས་བྱས་འབྲས་སུ། བཀའ་ཤག་དང་ཐད་ཀར་འབྲེལ་བ་ཡོད་པའི་བོད་ནང་དང་། བལ་ཡུལ་ནང་གི་གསང་བའི་ལས་བྱེད་ཆ་ཚང་རྒྱ་མིས་འཛིན་བཟུང་དང་། བཙན་འཁྲིད། གར་སོང་ཆ་མེད་ཀྱི་གནས་སུ་གྱུར་ཡོད། འདིའི་སྐོར་ལ་གསལ་བཤད་ཅིག་ཀྱང་བྱས་མེད་པ་མ་ཟད། དེ་སྔོན་གྱི་བཀའ་དྲུང་དང་། བདེ་སྲུང་ལས་བྱེད་འགའ་ཤས་ནས་དྲི་བ་དྲིས་པར་བརྟེན་ཚང་མའི་ལས་གནས་བརྗེ་པོ་རྒྱག་ཡོད།
༥༽ གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རང་གི་ལས་འགུལ་གྱི་བྱུང་རིམས་དང་། མ་འོངས་པའི་འཆར་གཞི་ཆ་ཚང་ཞིག་སྲིད་སྐྱོང་ལ་དངོས་སུ་ཕུལ། སྲིད་སྐྱོང་གིས་ཐད་ཀར་རྒྱ་རིགས་ཚོང་པ་ཝེན་པ་ཕུལ། གླིང་ཚ་ཚེ་བརྟན་རྡོ་རྗེ་ས་མཚམས་ནས་གར་སོང་ཆ་མེད་གྱུར།
༦༽ སྲིད་སྐྱོང་བློ་བཟང་སེངྒེ་སྐུ་གཟུགས་འཕུ་མཉེ་(massage)གཏོང་ཆེད་ཟླ་བ་རེར་ཚར་གསུམ་བཞི་རེ་ལྡི་ལིར་ཕེབས་བཞིན་ཡོད། དོན་དངོས་ཐོག་གཟུགས་པོ་འཕུ་མཉེ་གཏོང་སར་རྒྱ་རིགས་ཝེན་གྱི་གསང་བའི་ལས་བྱེད་རྒྱ་མོ་ཁ་ཤས་ཡོད་པ་དང་ཐུག་འཕྲད་བྱེད་བཞིན་པ་སྲིད་སྐྱོང་སྐུ་སྲུང་ཚོས་ཤེས་རྟོགས་བྱུང་། ཕྱིས་སུ་སྐུ་སྲུང་ཆ་ཚང་བརྗེ་པོ་བརྒྱབ་ཡོད།
༧༽ ༧གོང་ས་མཆོག་དང་། མཁས་དབང་ཟམ་གདོང་རིན་པོ་གཉིས་ནས་སྐུ་ངལ་བསྐྱོན་ནས་བཙུགས་པའི་ཤེས་ཡོན་སྲིད་ཇུས་དང་། དཔེ་སྟོན་སློབ་གྲྭ་གཉིས་ཉིན་བཞིན་ཉམས་རྒུད་བཏང་། བོད་ཡིག་སློབ་ཚན་ལ་ཡིག་རྒྱུགས་ཨང་དང་པོར་སོན་པ་ལ་བརྒྱ་ཆ་དྲུག་ཅུ་ལོན་ན་ཆོག་པ་བཟོས།
འདི་དག་ནི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱི་འདས་པའི་ལོ་ངོ་བཞིའི་རིང་གནང་པའི་གྲུབ་འབྲས་རེད།
རྡ་ས་དྭང་བླང་བོད་གནས་བསྐྱར་ཞིབ་ཁང་ནས་སྤེལ།
རྣམ་པ་ཚོས་གོང་གི་དོན་ཚན་བཞི་བ་དང་ལྔ་བ། དྲུག་པ་བཅས་ལ་བསམ་ཚུལ་བརྗོད་རོགས།
ཡང་འདི་ན་མི་ལ་སྐྱོན་མ་གཏོགས་ཡོན་ཏན་བརྗོད་མི་ཤེས་མཁན་གྱིས་བོང་རྒན་ཁྱུ་ཞིག་འཛོམ་འདུག་ ངས་ནི་ སྐབས་སུ་བབས་པའི་གླེང་གཞིའི་མཆན་༢་༦ ་༨ བཅས་ལ་རྒྱོབ་སྐྱོར་ཞུ་།
བོད་པས་ཆབ་སྲིད་འཇོན་གྱི་མ་རེད། ངོ་མ་ཆབ་སྲིད་འཁྲབ་ཀྱི་ཡིན་ན། མི་ཡང་གསོད་དགོས་ལ། རྫུན་ཡང་ཤོད་དགོས། རྐུན་མ་ནི་སྨྲོས་མི་དགོས། འཇིག་རྟེན་འདིར་ལེན་པ་མིན་པའི་ཐོབ་པ་ཞིག་རྩ་བ་ནས་མེད། ཐོབ་དགོས་ན་ལེན་དགོས། ལེན་དགོས་ན་བརྩོད་དགོས། བརྩོད་པའི་སྐབས་སུ་འཐབ་དགོས། འཐབ་པའི་སྐབས་སུ་རྒོལ་དགོས། རྒོལ་བའི་སྐབས་སུ་བརྡུང་དགོས། བརྡུང་བའི་སྐབས་སུ་རྡེག་དགོས།
ཆབ་སྲིད་ཀྱང་དེ་རང་རེད། བདེན་པ་ལེན་དགོས། འཕྲོག་དགོས། བརྩོད་དགོས།
དྲང་པོ་བྱས་ནས་ཡོང་བའི་ཆབ་སྲིད་ཀྱི་དབང་ཆ་ཞིག་མིག་སྟོན་རྒྱུ་ཡོད་ན། ངས་ཁྱེད་ཚོར་ཁ་བརྡའི་ཀློག་པ་པོ་ཐམས་ཅད་མདུན་དུ་བྱ་དགའ་བསྟེར་ཆོག སྒོར་བརྒྱ་ཟེར་ན་ངེས་པར་སྤྲོད་ཀྱི་ཡིན། ཁ་བརྡའི་རྩོམ་སྒྲིག་པས་དཔང་པོ་བྱས་ན་ཆོག
དཔེར་ན། བུད་མེད་ཅིག་ལ་རྒྱོ་ཨེ་ཐུབ་ལྟ་དུས། ཁྱོད་ཀྱིས་རྫུན་ཡང་ཤོད་ཀྱི་རེད། རྐུན་མ་ཡང་བརྐུ་བར་བྱེད། བཙན་འཕྲོག་ཀྱང་བྱེད། གང་ལྟར་མོ་འཐོབ་ཆེད་ཐབས་ཤེས་གང་ཡོད་བྱེད་ཀྱི་རེད། ཆབ་སྲིད་ཀྱང་དེ་རང་རེད།
ཨ་རིའི་ཨོ་སྦར་མ་དེས་ཆབ་སྲིད་ལ་འགྱུར་བ་གཏོང་གི་ཡིན་ཟེར་ནས་མི་བསླུས་ནས། དབང་ཆ་རགས་པའི་ཉིན་མོ་འགྱུར་བ་ཅི་ཡང་བཏང་མ་སོང་། ཚང་མ་གཅིག་པ་རེད། བློ་སེང་གིས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་ཟེར། གདན་འདྲེན་ལྟ་ཅི། པེ་ཅིང་ལ་གོམས་པ་གང་ཡང་རྒྱག་མ་སོང་།
ཆབ་སྲིད་འཁྲབ་དུས་རྫུན་ཤོད་དགོས། དེ་རྒྱུན་གཏན་རེད།
ཅོ་རི་ལགས་ཁྱེད་རང་གིས་ག་རེ་ཁས་མ་ལེན་ནའང་རང་དབང་དང་ཐོབ་ཐང་རེད་ལ་་་་ཁས་ལེན་དང་མ་ལེན་བར་ལ་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད་་་་་འོན་ཀྱང་ཁྱེད་རང་གི་སྐད་ཆ་ཚང་མ་མི་དམངས་ཀྱི་བསམ་ཚུལ་ཡིན་པ་འདྲ་པོ་དེ་འདྲ་མ་གསུངས་ན་ལེགས་་་་་་་མ་ཟད་ཕྱོགས་གཉིས་གསུངས་པ་དེ་ཡང་ཧམ་བཤད་དང་དཀྲུག་ཤིང་སྐད་ཆ་རང་རེད་པ་་་་་་་་རྒྱ་མིའི་རྒྱུག་ཁྱི་བྱེད་མཁན་ལག་པ་གང་ལས་མེད་པར་ཕྱོགས་གཉིས་དང་བུམ་བུ་གཉིས་ཟེར་བ་སོགས་དཀྲུག་ཤིང་སྐད་ཆ་མིན་ན་གང་རེད་་་་་་་
ག་རེ་བཤད་ཀྱང་མ་བཤད་ཀྱང་ཆོས་སྲིད་ཐ་དད་དུ་འབྱེད་ནས་ཆབ་སྲིད་ཁོ་ནའི་ཐོག་ནས་འགྲོ་ཐུབ་མཁན་ཀླུ་དཀར་བྱམས་ཁོ་ན་རེད་འདུག་ སྤྱིར་ང་ཚོའི་སྤྱི་ཚོགས་ནང་ད་ལྟ་ལང་བཞིན་པའི་སྲིད་སྐྱོང་རྣམས་ལ་ཡོན་ཏན་དང་སྐྱོན་སྣ་ཚོགས་བརྗོད་བཞིན་ཡོད་པ་དེ་ཚོར་ཧ་ལས་པ་གང་ཡང་མཐོང་གི་མིན་འདུག་གང་ཡིན་ཟེར་ན་འདི་ཚོ་ནི་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་དགོས་ངེས་ཅན་ཞིག་རེད་ དཔེ་ན་ད་ལྟ་ཨ་རའི་སྲིད་འཛིན་ལ་ལང་བཞིན་པའི་ཧི་ལི་ཁི་ལོན་ཏྲོན་ལ་ཕྱོགས་འགལ་ཚོགས་པས་ཧ་ལས་པའི་སྐྱོན་རྫུགས་བྱེད་བཞིན་ཡོད་ གལ་སྲིད་ཁྱོད་རང་ཆབ་སྲིད་པ་ངོ་མ་ཞིག་བྱེད་འདོད་ན་རང་གི་ཚོགས་སྡེ་འམ་རང་ཕྱོགས་ཀྱི་ལངས་ཕྱོགས་དེ་འགྲུབ་པར་བྱེད་པ་ལ་ཐབས་ཤེས་དྲག་རྩུབ་དང་ཞི་བ་གང་འདྲ་ཞིག་ཀྱང་བྱེད་ཐུབ་ཞིག་དགོས་ངེས་ཅན་ཡིན།།
ཅོ་རི་ལགས། བོད་ཀྱི་རྟོག་གེའི་མགོ་ཧྲིལ་འགས་ཚིག་སྐམ་གྱི་རིག་ལམ་ཅ་ལེ་ཅོལ་ལེ་དག་དག་སྤྱོད་ནས་འདི་ཕྱི་གཉིས་མེད་ཀྱི་མི་ཚེ་སྐྱེ་སོང་བ་ཉུང་ཉུང་མ་རེད་ལ། དེ་དག་གི་ཕྲད་དུ་རང་སྲོག་རང་གིས་བཅད་པ་ཡང་མང་ནི་རེད། ཁོ་ཚོའི་དཔྱད་གླེང་དང་རྩོད་པ་ནི་ཉོན་མོང་འཕེལ་བའི་རྐྱེན་དུ་སོང་ནས་ཁོང་ཁྲོ་དང་ང་རྒྱལ། ཞེ་སྡང་དང་འགྲན་སེམས་སོགས་རང་རྒྱལ་གཞན་ཕམ་གྱི་ལས་ལ་རྒྱུན་དུ་ངར་ནི་རེད། ཁྱེད་ཡང་དེའི་གྲལ་དུ་གཅིག་མིན་པའི་རེ་བ་ཡོད། དེ་སྔོན་བཀའ་ཁྲིའི་འོས་གཞིར་བློ་སེང་དང་བཀྲས་མཐོང་བསྟན་རྣམ་གཉིས་ཀྱི་སྐབས་སུ་ཁྱེད་དང་BBC, ཡུལ་མེད་འཆམ་པོ་བཅས་ནས་བཀྲས་མཐོང་ཚང་ལ་རྒྱབ་སྐྱོར་ཚུལ་གྱིས་བློ་སེང་ལ་སྐྱོན་བརྗོད་རིང་ཐུང་སྣ་ཚོགས་བྱས་སོང་ལ་ངས་ཀྱང་དེ་དག་ལ་རང་གི་མཐོང་ཚུལ་གྱིས་བདེན་མིན་གྱི་གསལ་བཤད་དང་དགག་སྒྲུབས་ཡང་བྱས་པ་ཡིན། སྐབས་དེ་དུས་ངས་བློ་རྒོལ་བ་དག་ལ་མཐའ་སྡོམས་ཀྱི་བརྗོད་ཚིག་ནི་འདི་ལྟར། ད་ཁྱེད་ཚོས་གནས་ལུགས་མེད་པའི་བློ་རྒོལ་ག་ཚོད་བྱེད་ཀྱང་མ་འོང་བཀའ་ཁྲི་ནི་བློ་སེང་ཡོང་རྒྱུ་རེད། དེ་དུས་ཁྱེད་རྣམ་པ་ངུ་རྒྱུ་ལས་ཡོད་ནི་མ་རེད། བཅས་ཞུས་ནས་འཇུག་སྡོམས་རྒྱབ་པ་ཡིན། དེ་བཞིན་ད་ལམ་ཡང་བློ་རྒོལ་བ་ཚོས་ནག་་ནོག་གི་གླེང་བརྗོད་ཇི་ཙམ་བཟོས་ཀྱང་སྐབས་གཉིས་པའི་སྲིད་སྐྱོང་ནི་བློ་སེང་ཚང་ཕེབས་ཡོང་གི་རེད་དོ།
ང་ནི་སྔ་ཡང་བློ་རྒོལ་བ་ཞིག་ཡིན།ད་ལོ་ཡང་ཡིན། ཁྱོད་ཚོས་བློ་སེང་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ངེས་རེད་ཅེས་ཐག་གཅོད་བྱས་པ་ཏོག་ཙམ་སྔར་སོང་བ་རེད། ཐག་གཅོད་སྔར་ན་ངོ་ཚ་མྱོང་དགོས་ཐུག་ཡོང་ཨ་་་ཟེར་གྱི་ཡིན། ཚ་ཕྲུག་རྒྱལ།