ཀུན་རྟོག་གི་ཕྲེང་བ། Posted on 2008-11-01 By དགེ་རབ་ 30 Comments on ཀུན་རྟོག་གི་ཕྲེང་བ། པདྨ་ཚེ་དབང་ཤཱསྟྲིས་བརྩམས་པའི་སྙན་དེབ་ཀུན་རྟོག་གི་ཕྲེང་བ་ཞེས་པ་འདིར་བཀོད་ཡོད་ན། འབྲེལ་ཐག་འདི་ལ་ ༼paradoxpoetry-_final༽བསྣུན་ནས་གཟིགས་རོགས་འཚལ། སྙན་ངག
དེབ་འདིའི་ནང་གི་སྙན་ངག་དེ་ཚོར་ཁོང་གི་བརྩམས་སྒྲུང་དག་ལྟ་བུའི་ཡིད་དབང་འགུག་ཤུགས་མེད་ན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཤིག་གི་སྨྱུག་འོག་ནས་འདི་ལྟ་བུའི་སྙན་རྩོམ་གྱི་ཕྲེང་བ་གཅིག་རྗེས་གཉིས་མཐུད་དུ་བརྡོལ་བ་འདི་ནི་བཙན་བྱོལ་ནང་གི་གཞོན་སྐྱེས་རྣམས་ཀྱིས་མིག་དཔེར་འཛིན་འོས་པ་ཞིག་ཏུ་མཐོང་། གཞན་ཞུ་བྱ་མ་མཆིས།
གོང་གི་དེབ་འདིའི་སྐོར་ནསསེམས་བྱུང་རེ་གཉིས་ཀྱི་སྐུལ་མ་བཞིན་ཚིག་ཁ་ཤས་བསྣན་པ་ཡིན་ན། རྩོམ་དེབ་འདིའི་ནང་གི་སྙན་ངག་དག་ལ་བསྡུས་བརྗོད་དང་ཏིང་འཛིན། མངོན་བརྗོད་དང་དེ་བཞིན་རབ་རྟོག་གི་རྒྱན་སོགས་གནའ་བོའི་སྙན་ངག་ཕལ་མོ་ཆེར་ཡོད་པའི་སྙན་ངག་ལ་བྲོ་བ་ཁྱད་པར་ཅན་སྟེར་བའི་སྒྱུ་རྩལ་གྱི་མཛེས་ཆ་མང་པོ་ཞིག་གིས་སྤྲས་མེད་པས། ང་ལྟ་བུའི་གནའ་བོའི་སྙན་ངག་གི་རྒྱ་མཚོར་བྱིངས་ཏེ་ནམ་ཡང་ཕྱིར་འོང་མེད་པ་དག་གི་སྣང་ངོར་དེ་ཙམ་གྱི་སྙན་ཆ་ཞིག་མེད་པ་མ་གཏོགས། སྐུ་ཞབས་པདྨ་ཚེ་དབང་ལགས་ཀྱི་སྙན་ངག་འདི་ཚོར་ཁ་གསལ་ཞིག་གོ་བདེ་བ། ཚིག་སྦྱོར་ལ་ཐ་སྙད་བཙན་གཡེམ་གྱི་རྗེས་ཤུལ་ཅི་ཡང་མཐོང་རྒྱུ་མེད་པ། སྤྱི་ཚོགས་ཤིག་གི་སྣང་བརྙན་འབུར་དུ་ཐོན་པ་དང་། མི་རིགས་ཤིག་གི་ལས་དབང་ལྷུག་པོར་བརྗོད་པའི་ཁྱད་ཆོས་མངོན་གསལ་དུ་ལྡན། མི་ལོ་མང་པོ་ཞིག་གི་སྔ་རོལ་ཏུ། ངས་རྡ་རམ་ས་ལ་ནས་ཁོང་གིས་བསྒྱུར་པའི་འདུན་པ་ཆེན་པོ་ཞེས་པའི་བརྩམས་སྒྲུང་དེ་བཀླགས་ནས་རེ་ཞིག་སྐྱོ་གདུང་གི་མིག་ཆུས་ངོ་གདོང་བརླན་མྱོང་ཞིང་། དེ་ནི་རྩོམ་དེའི་བརྗོད་བྱ་གཅིག་པོའི་ཆ་ནས་མ་ཡིན་པར་ཁོང་གི་བོད་ཡིག་གི་འབྲི་རྩལ་རྨད་དུ་བྱུང་བ་དེས་ཀྱང་ངོ་། །གལ་སྲིད་ཁོང་གིས་སྙན་ངག་འབྲི་བའི་ཞོར་ལ་འདུན་པ་ཆེན་པོ་ལྟ་བུའི་མི་སེམས་སྒུལ་བའི་ཕྱི་གླིང་བའི་བརྩམས་སྒྲུང་གྲགས་པ་ཅན་རེ་བོད་ཡིག་ཏུ་བསྒྱུར་ཐུབ་ན་ང་དང་ང་ལྟ་བུའི་ཀློག་མཁན་ཁྲི་སྟོང་གི་སེམས་ཀྱི་དྲོད་ཐིག་ཅིག་རེད་ལ། བོད་ཁ་བ་གངས་ཅན་པ་ཚང་གི་རྩོམ་རིག་གི་བུ་མོ་འདིའི་ལང་ཚོའི་རྒྱན་ཆ་ཞིག་ཏུ་ཡང་ཅིས་མི་འགྱུར།
ཟམ་གདོང་སྤྲུལ་སྐུས་ན་ནིང་ཞིག་ལ་ད་ཡིན་ན་སྒོ་སྒེའུ་ཁུང་ཚང་མའི་ནང་ནས་དེབ་བཏོན་ཡོང་གི་འདུག ཅེས་ཟུར་ཟའི་ཚིག་ཅིག་ལབ་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་དེབ་འདོན་ཕོད་མཁན་ཧ་ཅང་ཉུང་དུ་ཕྱིན་སྐད། ཟམ་གདོང་སྤྲུལ་སྐུས་གསུངས་པའི་ཚིག་དེའི་དོན་གང་ཞིག་ཡིན་པ་ངས་གསལ་པོར་མི་ཤེས། ཕལ་ཆེར་རྩོམ་འབྲི་བའི་ཤེས་ཚད་མེད་མཁན་སྒོ་དང་སྒེ་ཁུང་ལྟ་བུ་ཚོས་དེབ་འདོན་གྱིན་འདུག་ལབ་པ་ཡིན་འདྲ། པདྨ་ཚེ་དབང་ཟེར་བ་འདིའི་རྩོམ་ཡག་པོ་ཡོད་མེད་བཤད་མི་ཤེས་ཀྱང་བློ་ཁོགས་ཅན་ཞིག་ཡིན་འདུག་པས་ཡག་བྱུང་ཅེས་ཞུ་རྒྱུ་ཡིན། ལྷག་བསམ་རྣམ་དག་གིས་བོད་ཡིག་གི་སྟེང་ནས་ཅིག་འབྲི་མཁན་ཞིག་བྱུང་ན་ཧ་ཅང་ཡག་པོ་རེད་སྙམ་གྱིན་འདུག
ང་རང་ཉིད་ཀྱི་རྩོམ་རིག་གི་གོ་རྟོགས་དམའ་དྲགས་ནས་ཁོང་གི་རྩོམ་ཡིག་ལ་དཔྱད་བརྗོད་སོགས་བགྱིད་པར་ནི་རྔོ་མ་ཐོགས་སོ།
ང་ཚོ་གསར་འབྱོར་བ་ཚོས་སྒོ་ནས་སྒེའུ་ཁུང་རེ་ཟུང་ནས་རང་སྐད་གཙང་མ་སྤྱད་དེ་བྲིས་པའི་དེབ་དེ་ཚོ་བསམ་སྟོང་སྤྲུལ་སྐུར་འཕྲོད་ཀྱིན་མེད་པར། ཁོའི་སྤྱི་ཚོགས་ཀྱི་སྒོ་དང་སྒེའུ་ཁུང་ཚང་མའི་ནང་ནས་ཁོ་དང་ཁོའི་ལས་གྲོགས་དང་སློབ་མ་ཚོས་སྐད་ཆ་ཚིག་ཕྲེང་གཅིག་བཤད་ན་ཡང་བོད་དབྱིན་ཧིན་གསུམ་བསྲེས་མ་ཐུབ་ན་མཁས་ཉམས་འཆོར་འགྲོ་བའི་སེམས་ཁྲལ་སྨུག་ལོང་མ་ཞིག་གིས་བཙུར་བའི་ར་མ་ལུག་སྐད་དེ་ཁོ་ལ་འཕྲོད་པ་ཡིན་ཤས་ཆེ།
ང་ནི་ཟམ་གདོང་རིན་པོ་ཆེས་གསུངས་པ་དེ་ལ་ཡིད་ཆེས་ཡོད། ངོ་མ་རེད། བོད་ལ་དེབ་དང་དཔེ་ཆ་འདོན་མཁན་མངས་འདུག ཉོ་མཁན་དང་ཀླློག་མཁན་ཉུང་འདུག འདི་ནི་ང་ཚོའི་མི་རབས་འདི་དེང་རབས་ནང་ཡོང་བའི་རིམ་པ་ཞིག་ལ་ཐུག་འདུག རིམ་པས་ཞུས་ཆོག
ཟམ་གདུང་བླ་མའི་དེབ་ཅིག་གི་ནང་དུ་དེང་དུས་ཀྱི་སློབ་གྲྭ་ཁག་ཏུ་དགེ་རྒན་ཚོས་སློབ་མར་གཅར་རྡུང་གཏན་ནས་བྱེད་མི་ཆོག་ཅེས་པ་ཞིག་འདུག་པ་དེ་ངོ་མ་ངའི་སེམས་ནང་ཟུག་སོང་། ཡིན་ན་ཡང་བསམ་སྟོང་བླ་མས་གྲྭ་ས་ཁག་བརྗེད་འདུག་པ་དེས་ངོ་མ་ང་རང་སྐྱོ་སོང་།
བོད་ནང་བཞིན་དེབ་འབྲི་མཁན་གྱི་རྒྱལ་ཁབ་ཅིག་འཛམ་གླིང་འདིའི་སྟེང་ཨེ་ཡོད་བསམས། དེ་མེད་པའི་རྒྱུ་མཚན་ལ་ཕྱོགས་གཉིས་ནས་བལྟས་ཆོག་པ་འདུག ལེགས་པའི་ཕྱོགས་ནས་བོད་ཀྱིས་དེབ་ནི་ཤེས་ཡོན་གྱི་མཛོད་ཅིག་དང་མུན་སེལ་གྱི་སྒྲོན་མེ་ཞིག་ཡིན་སྟབས་ཇི་ཙམ་མང་ན་ཡང་ཉུང་སྐྱོན་ལས་མང་སྐྱོན་མེད་པར་འདོད་པ་རེད། དེའི་ཁར་དེང་སང་གི་དེབ་འབྲི་མཁན་གྱི་ཕལ་མོ་ཆེར་དམར་པོའི་ལྟ་གྲུབ་ཀྱི་ཤུགས་ཤིག་ཡོད་པ་རེད། རྩོམ་པ་པོས་སྤྱི་ཚོགས་ཀྱི་སྣེ་འདྲེན་དགོས་སོགས་ཀྱི་ཁ་གཡང་ནས་མངོན་ཐུབ་པ་རེད། འདི་ཚོ་ནི་དེབ་མང་ན་བཟང་བའི་ལྟ་ཕྱོགས་དེ་རེད། ལེགས་པའི་ཕྱོགས་ནས་བཤད་ན། སྒོ་དང་སྒེའུ་ཁུང་ཡོད་ཚད་ནས་དེབ་ཐོན་པ་དེ་རེད། རྒྱལ་ཁབ་གཞན་ཡིན་ན་དེབ་བྲིས་ཚད་དཔར་བའི་ལུགས་སྲོལ་ཡོད་མེད་མི་ཤེས། དེབ་དཔར་ཚད་ཉོ་བའི་ལུགས་སྲོལ་ཡོད་མེད་མི་ཤེས། དེབ་ཅིག་བྲིས་ན་དཔར་ཁང་དག་གིས་དེབ་དེ་སྤྱི་ཚོགས་ནང་འགྲེམས་ཚོང་བྱེད་ཐུབ་མིན་ལ་ལྟ། དེབ་མ་ཐོན་གོང་ནས་ཚགས་པར་དང་གསར་འགྱུར་རིགས་ཀྱིས་དེབ་ལ་རིན་ཐང་ཡོད་མེད་དཔྱད། དེ་ནས་བཙོང་ནས་བྲིན་དང་མ་བྲིན་ལ་ལྟ། རྩོམ་པ་པོ་ལ་འགན་ཡོད་ལ་འགན་གྱི་ཚོད་ཀྱིས་ཡོང་འབབ་ཀྱང་ཡོད། ང་ཚོ་བོད་ལ་འདི་གཉིས་ཀ་མེད། ཉེས་པ་འདི་ནི་ཡན་དུ་མི་གཏོང་བ་དེ་གནད་འགག་ཅིག་རེད་བསམས། འདི་དག་ནི་པད་མ་ཚེ་དབང་ལགས་ལ་ཞུས་པ་མིན། ཁོང་གིས་བཅོས་སྒྲུང་དག་སྤྱི་ཚོགས་ནང་ཧ་ཅང་བྲིན་པོ་བྱུང་བ་ངས་ཤེས། དེ་ཙམ་ཡིན་ལགས།
ཟམ་གདོང་བླ་མས་རྩོམ་ལ་དཔའ་བའི་གསར་བུ་གསར་ཟུར་དག་ལ་བློ་སྟོབས་ཤིག་གནང་དགོས་པ་ལས། སྒོ་དང་སྒེའུ་ཁུང་རེ་ནས་དེབ་བཏོན་ཡོང་གི་འདུག་ཅེས་གསུང་ན་ཡག་པོ་མ་རེད། ག་ཚོད་ཀྱིས་དེབ་མང་པོ་འདོན་ཐུབ་ན་ཡག་པོ་རེད། སྤུས་ཀ་ཡོད་མེད་དེ་གནས་ཚུལ་གཞན་ཞིག་རེད། ང་ཚོའི་སྤྱི་ཚོགས་ནང་དེབ་ཅིག་སྤུས་ཀ་ཡོད་ནའང་བྲིན་གི་མ་རེད་ལ། སྤུས་ཀ་མེད་ནའང་བྲིན་གི་མ་རེད། ཕན་ཐོགས་ཡོད་མཁན་ཞིག་ལ་ཕན་འགྲོ་གི་རེད། ཡིན་ནའང་། རྩོམ་པ་པོ་ཞིག་གིས་དེབ་ཅིག་དཔར་ཡོང་དུས། མང་པོ་ཞིག་གིས་རྩོ་མ་པ་པོའི་དཀའ་ངལ་དང་དཔར་སྐྲུན་གྱི་དཀའ་ངལ་སོགས་ལ་བསམ་བློ་ཅི་ཡང་མི་གཏོང་བར་སྨྲ་འབེབས་བྱེད་རྐྱང་གནང་གི་ཡོད་པའི་ཚོར་སྣང་བྱུང་། མ་གཞི་ནས་དེབ་ཅིག་འདོན་པར་རིམ་པ་མང་པོ་ཞིག་བརྒྱུད་དགོས་སྟབས་དཀའ་ངལ་མང་པོ་ཞིག་ཡོད་ཚོད་འདུག
བོད་ནང་བཞིན་གྱི་ལད་ཟློས་དང་རིགས་མཐུན་གྱི་དེབ་འབྲི་མཁན་འདི་འདྲ་མང་པོ་ཞིག་འཛམ་གླིང་ནང་ཨེ་ཡོད། སྙན་ངག་མེ་ལོང་གི་འགྲེལ་གཅིག་པོ་ད་བར་ག་ཚོད་ཅིག་ཡོད་རེད། སུམ་རྟགས་ཀྱི་རྩ་འགྲེལ་གཅིག་པོ་ག་ཚོད་ཅིག་ཡོད་པ་རེད། དེ་ནས་ཆོས་གཞུང་གི་འགྲེལ་བ་ཡང་འགྲེལ་དེ་ཚོ། དེང་སང་གི་སྙན་ངག་དེ་ཚོ། གཅིག་གིས་དེབ་ཅིག་བཏོན་ན་གཞན་ཞིག་གིས་ཀྱང་དེབ་ཅིག་འདོན། དེ་ལ་ཡིན་གཅིག་མིན་གཅིག་སྦྱིན་བདག་ཅིག་དགོས་པ་རེད། ཨ་ཡ་ཨ་ཡ། ཐང་ཆད་སོང་། ང་རང་གིས་བོད་དེབ་ཅིག་འདོན་པར་ང་རང་གིས་འགྲོ་སོང་གཏོང་ཐུབ་ཀྱང་། དེའི་ཡི་ག་སྔོན་མ་ནས་འགག་ཚར། དབྱིན་བསྒྱུར་བྱེད་མཁན་ཞིག་རེག་ན་དབྱིན་བོད་གཉིས་སྦྱར་གྱི་སྙན་དེབ་ཅིག་བཏོན་ཡང་། ད་རུང་དེ་འདྲ་དེབ་མང་པོ་མ་མཐོང་བས་བསམ་བློ་གཏོང་གི་ཡོད།
ལོ་ཁ་ཤས་ཀྱི་གོང་དུ། བཀའ་ཟུར་སྐལ་བཟང་ཡི་ཤེས་ཀྱིས། ‘‘ཁྱད་མཚར། ཨ་མདོའི་གསར་བུ་ཞིག་ཡིན་ནའང་སྙན་ངག་འབྲི་གི་འདུག རྒན་པ་ཞིག་ཡིན་ནའང་སྙན་ངག་འབྲི་གི་འདུག འདི་ཁོང་ཚོའི་གཤིས་ཀ་འདྲ་པོ་ཞིག་མིན་འགྲོ་’’ཅེས་ཧང་སངས་མདོག་མདོག་གིས་སྐད་ཅིག་ཤོར་བ་རེད་ཟེར། ཡིན་ནའང་། ང་ལ་མཚོན་ན་སྐལ་བཟང་ཡི་ཤེས་དྲིན་ཆེན་ཡིན།
ངའི་ཕྱི་རྒྱལ་གྱི་སྒྲུང་རྩོམ་འབྲི་མཁན་མང་བོ་ཞིག་གིས་སྒྲུང་རྩོམ་འབྲི་བའི་དམིགས་ཡུལ་ཅི་ཡིན་སྐོར་ཤེས་ཐབས་བྱས་པ་ཡིན། མང་པོ་ཞིག་གིས་རང་གི་དགའ་སྣང་ཞིག་ལ་བརྟེན་ནས་འབྲི་གི་ཡོད་པ་དང་། ཡང་སྐོར་ཞིག་ནས་ཚོང་ཁེ་ལ་དམིགས་ནས་འབྲི་གི་ཡོད་པ་ལས་གཞན་ལ་ཕན་པར་དམིགས་ནས་སྒྲུང་རྩོམ་འབྲི་མཁན་མ་མཐོང་། སྒྲུང་རྩོམ་གྱིས་གཞན་ལ་ཇི་ལྟར་ཕན་པའི་སྐོར་ང་ལ་འགྲེལ་བཤད་ཅིག་གནང་རོགས། ཡང་སྒྲུང་རྩོམ་ཀློག་མཁན་ཚོས་ཀྱང་རང་གི་དགའ་མོས་ཤིག་གིས་ཀློག་གི་ཡོད་པ་ལས་འདི་ཀློག་ན་ང་ལ་ཕན་གྱི་རེད་ཟེར་ནས་ཀློག་མཁན་གཅིག་ཀྱང་མ་མཐོང་།
ལད་ཟློས་འདི་སྐྱོན་ཆེན་པོ་འདྲ་མ་རེད། ལས་དང་པོ་བ་ཞིག་ལ་མཚོན་ན། ལད་ཟློས་ནས་འགོ་རྩོམ་དགོས་ཀྱི་ཡོད་པ་དང་། དེ་ནས་འབྲི་ྐློག་ལ་སློབ་སྦྱོང་དང་། སྦྱོང་བརྡར་གང་འཚམས་རེ་བྱས་རྗེས། གཞི་ནས་རང་གི་རྐང་པའི་ཐོག་ལངས་ཐུབ་གི་རེད་ཟེར། དེབ་ཅིག་ལ་འགྲེལ་བ་དང་ཡང་འགྲེལ་བྲིས་པ་དེ་ཚོ་སྐྱོན་ཆེན་པོ་ཞིག་ཏུ་མ་མཐོང་།
འགྲིག་འོག་ནས་འདུག་འདོད་མེད་པར་ཁྱི་ལྡོམ་བཞིན་འཁྱམ་ཉུལ་བྱས་པའི་མཐའ་མར་རྙིང་མའི་སྤྲུལ་སྐུའི་མིང་ཞིག་བླུས་ཏེ། མཇེ་སྐམ་པོ་དང་དགེ་སྐོས་བཙན་པོ་ཟེར་བ་ལྟ་བུའི་མི་གཞན་ལ་དམའ་འབེབས་གཏོང་བའི་དེབ་བྲིས་ན་གང་ཤེས་མ་གཏོགས། སྙན་དེབ་རེ་བྲིས་ན་དེར་ཅི་སྐྱོན་བསམ།
འགྲམ་ནག་ཟེར་བ་འདིས་ཁ་ཡར་གྲགས་ལ་ྐླུ་སྨྱོན་ལ་སྡུག་གི་འདུག ཁ་མར་གྲགས་ལ་ྐླུ་སྨྱོན་ལ་སྡུག་གི་འདུག ྐླུ་སྨྱོན་ནི་ཁྱོད་ཀྱི་བླ་མ་ནི་མིན། ཨ་མཆོད་ནི་མིན། ཁྱེད་ཀྱིས་ྐླུ་སྨྱོན་ལ་སྒོར་མོ་ནི་འབུལ་གྱི་མེད། དྲང་མོར་བཤད་ན། ཁྱོད་ཀྱིས་ཁོང་སྤྲུལ་སྐུར་ཇི་ལྟར་འགྱུར་མིན་གྱི་སྐོར་ཤེས་ནས་ཅི་བྱེད། དེ་ལས་ྐླུ་སྨྱོན་གྱིས་གང་བྲིས་ཡོད་པ་ལ་བལྟ་ཐུབ་ན་དེས་འགྲིག་གི་རེད། དགེ་བསྐོས་བཙན་པོས་ཁྱེད་ལ་ག་རེ་བྱེད། མྱི་འདི་རིགས་ཀྱིས་ཚིག་གྲུབ་ཅིག་བཟོ་ཤེས་མ་ཐག་ཏུ། གཞན་ལ་སྡུག་རྐྱང་བྱེད་ཀྱི་འདུག མ་གཞི་ནས་མྱི་འདི་ཚོ་ཡ་རབས་ཤེས་ཡོན་གྱིས་ཕོངས་པ་རེད་སྙམ།
གོང་དུ་འགྲམ་ནག་གིས་དངོས་ཡོད་བྲིས་འདུག་པ་ལས་ཡེ་ཤེས་ལ་སྡུག་པ་ཞིག་ལ་ངས་ནི་མཐོང་གིས་མི་འདུག མི་ཞིག་གི་མ་འགྲིག་པའི་ལས་དོན་རེ་བྱེད་ཡོང་དུས་ལྟད་མོར་བལྟས་ནས་མ་བསྡད་པར་དྲང་མོར་བཤད་ཡ་གལ་ཆེན་པོ་རེད་ལ། མ་འགྲིག་པ་ཡོ་བསྲང་བྱེད་མིན་དེ་ཁོ་རང་གི་འདོད་པ་རེད།
དཀོན་མཆོག ཁ་སང་ནས་ཁྱེད་རང་གིས་མཆན་བུ་ྐློག་ཤེས་ཀྱི་མི་འདུག་ཅེས་བཤད་པ་ཡིན། ཁྱོད་ཀྱིས་ལྟོས་དང་། འགྲིག་འོག་ནས་འདུག་འདོད་མེད་པར་ཁྱི་ལྡོམ་བཞིན་འཁྱམ་ཉུལ་བྱས་པའི་མཐའ་མར་རྙིང་མའི་སྤྲུལ་སྐུའི་མིང་བླུས་ཏེ། ཚིག་གྲུབ་འདི་སྨྲ་འབེབས་རེད་མ་རེད། ཉེ་སྔོན་ནས་འགྲམ་ནག་གིས་ྐླུ་སྨྱོན་ལ་བཏབ་པའི་མཆན་བུ་མང་པོ་རིག་མྱོང་། ཡག་པོ་མ་རེད་བསམ་ནས་བསྡད་ཡོད། ང་སྒེར་ངོས་ལ་མཚོན་ན། ྐླུ་སྨྱོན་ངོ་མི་ཤེས། འགྲམ་ནག་ཟེར་བ་འདི་ཡང་ངོ་མི་ཤེས། འོ། འགྲམ་ནག་ལས་ྐླུ་སྨྱོན་ལ་གསལ་ཆ་ཡོད། ྐླུ་སྨྱོན་གྱིས་བྲིས་པའི་ཤམ་བྷ་ལའི་དུད་སྤྲིན་ནས་ཁྱབ་འཇུག་གི་དེབ་བར་བལྟས་པ་ཡིན། ཁྱབ་འཇུག་གི་དེབ་དེ་ཁ་སང་བྐླགས་ཚར་ཙམ་ཡིན། ངའི་འདིར་བསམ་ཚུལ་ཞིག་བརྗོད་པ་དེ་རེད། དེ་མིན་ང་ལ་གནས་ཚུལ་གཞན་པ་མེད།
ཀླུ་སྨྱོན་གྱིས་བསམ་བཞིན་དུ་བོད་ཀྱི་ལོ་རྒྱུས་ཐོག་མང་ཚོགས་ཀྱིས་མང་གཙོའི་ལམ་སྲོལ་ལྟར་ཐད་ཀར་འོས་འདེམས་བྱས་པའི་བོད་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་ཁྲི་པའི་འོས་གཞི་རྩེད་སྤྱད་བྱས་པར་ཚེ་རིང་གི་བུ་ཟེར་བ་འདི་རི་བོང་ཅལ་རྒྱུགས་བྱས་པ་མ་ཟད། ཉེ་ཆར་ནས་ཀླུ་སྨྱོན་འདིས་བསམ་བཞིན་དུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ལ་ཟམ་སྟོང་དང་བསམ་སྟོང་ཞེས་དམའ་འབེབས་བཏང་ཡོད། གཞུང་གི་འཛིན་སྐྱོང་གི་ཐོག་ནས་མ་འགྲིག་མ་འཐུས་པ་ཡོད་ན། དེ་དག་བྱེ་བྲག་ཏུ་བཀར་ནས་སྐྱོན་བཤད་བྱས་ན་འོས་པ་ལས། བཀའ་ཁྲིའི་མིང་ནས་འཛིན་སྟངས་ཙམ་གྱི་ཐོག་ནས་སེན་ཤུད་འདྲ་བྱས་ན་དེ་ལ་དགོས་པ་ཆུང་།རང་གིས་སྒྲིག་ལམ་འཁུར་མི་འདོད་པ་དེ་དགེ་སྐོས་བཙན་པོའི་མགོར་གཡོག་ཐབས་བྱེད་པ་འདི་ཀླུ་སྨྱོན་གྱི་བསམ་བློའི་སྤྱི་འགྲོས་རེད། མིའི་ཐོག་ལ་ཁ་བདེ་བདེ་བྱེད་པ་མ་གཏོགས། རང་ཐོག་ནས་འཆི་ཁའི་འཇིགས་སྐྲག་ཙམ་མ་གཏོགས་རྩོམ་པ་པོ་ཁོང་རང་ཉིད་ཀྱི་སེམས་ཁོངས་ཀྱི་འགལ་ཟླ་ཛ་དྲག་དེ་དག་གི་ཐོག་ལ་ཚིག་གཅིག་ཀྱང་བཤད་མི་ཐུབ་པས། ཁོ་ལ་རེ་ཐག་ཆད་སོང་།
ཡ། འགྲམ་ནག རི་བོང་ཅལ་འདྲོགས་ཨེ། ཁྱེད་ཀྱིས་རི་བོང་ཅལ་འདྲོགས་ཀྱི་སྒྲུང་ཤེས་ཀྱི་ཡོད་དམ། ཉེ་ཆར་ངས་མིང་ཁ་ཤས་ཤིག་བཏོན་པ་བདེན། ངས་མིང་བཏོན་པའི་མི་དེ་དག་བཀའ་ཁྲིའི་འོས་གཞིའི་གྲས་སུ་ཚུད་ཀྱི་འདུག་ཅེས་བཤད་མེད། ཞིབ་ཏུ་ལྟོས། ཁྱེད་ཀྱིས་ཤེས་མ་ཤེས་ཀྱི་བར་ནས་སྐད་ཆ་ཕུང་གསུམ་པ་དེ་འདྲ་མ་བཤད།
ཀླུ་སྨྱོན་གྱིས་སྤྱི་ཟླ་དགུ་བའི་ནང་ངས་བདམས་པའི་བཀའ་ཁྲིའི་འོས་མི་ཉི་ཤུ་ངོ་སྤྲོད་ཅེས་ མཛངས་མ་འདེམས་སྒྲུག་མཁས་པ་བློ་བཟང་དབང་རྒྱལ། ཁ་ཤགས་མཁས་པ་པ་སངས་ཚེ་རིང་། གླུ་གཞས་མཁས་པ་ཚེ་རིང་འགྱུར་མེད་ལ་སོགས་ཀྱི་མིང་བཏོན་པའི་འོག་ཏུ། ཁྱོད་ཀྱིས། ད་དུང་ ༢༥ རང་མོས་སྙན་ངག་ལ་མཁས་པ་སྙན་བཟང་གཡུང་དྲུང་ཚེ་རིང་། ༢༦ དེང་རབས་བརྩམས་སྒྲུང་ལ་མཁས་པ་རྡོ་སྦིས་བཀྲ་ཤིས་དོན་འགྲུབ། ༢༧ སྤྱི་ཚོགས་སྐྱོན་བརྗོད་ལ་མཁས་པ་ཧོར་གཙང་ལེགས་བཤད། ༢༨ ཚགས་པར་ཆེད་བརྗོད་ལ་མཁས་པ་མི་ནག་ཚང་ལུང་རིགས་རྒྱལ། ༢༩ སྲོལ་རྒྱུན་སྙན་ངག་ལ་མཁས་པ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། ཞེས་སོགས་མི་ཁག་ཅིག་གི་མིང་བཏོན་པ་དེ་ཚོ་བཀའ་ཁྲིའི་འོས་གཞི་ངོ་སྤྲོད་མིན་ན། དེ་ནི་ཁྱོད་ཀྱིས་བོད་གཞུང་གི་བཀའ་བློན་ཁྲི་བའི་འོས་གཞི་རྩེད་སྤྱད་བྱས་པ་རེད་ཟེར་བཞིན་ཡོད།
ངས་ྐླུ་སྨྱོན་གྱིས་བདམས་པ་དེ་དག་མི་ཤེས། ངས་བདམས་པའི་མི་འདི་དག་བཀའ་བློན་ཁྲི་བར་ལངས་ན་འགྲིག་ གི་མ་རེད་དམ། ཁྱེད་ཀྱིས་མི་འགྲིག་པའི་རྒྱུ་མཚན་ད་འཁྱེར་ཤོག
ཡེ་ཤེས་ཀྱིས་རྩོམ་འབོར་ཆེན་བྲིས་འདུག་པ་ཡག་པོ་རེད། སྤུས་ཀ་ཡོད་མེད་ངས་ལྟ་མ་མྱོང་བས་མི་ཤེས། ཡིན་ན་ཡང་། ཆབ་སྲིད་བླ་མས་སྐྱོང་བར་སྐྱོན་བརྗོད་བྱས། ཆབ་སྲིད་བླ་མ་རང་གིས་བཤད་རྒྱུར་མཛོ་མོ་ལྕིན་པ་བལྡག་པར་ཤོར་འདྲ་བྱས་ན་དེ་ཅི་གོ ལྕགས་རྒྱ་འགྲམ་ནག་དང་དཀོན་མཆོག་གཉིས་ལ་གནས་ལུགས་འདུག
ཚེ་རིང་གི་བུ་ཟེར་བ་ཁྱོད་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་མེད་ཀྱི་དཔང་རྟགས་འཁྱེར་ཤོག་དང་། དེ་ནས་འདིའི་སྐོར་ལ་ཁྱོད་ལ་སྐད་ཆ་བཤད་རིན་ཡོད་མེད་བལྟ་ཆོག ས་མིག་འདི་ནི་པད་མ་ཚེ་དབང་ལགས་ཀྱི་སྙན་དེབ་དང་དེ་འབྲེལ་གྱི་བརྗོད་གཞིའི་ཐོག་ལ་མཆན་འདེབས་ས་རེད། ཀླུ་སྨྱོན་ནི་ཁོའི་དགེ་སྐོས་བཙན་པོ་དང་འབྲེལ་ནས་འདིར་བོད་ཡིག་དཔེ་སྐྲུན་གྱི་ཞོར་འཕྲོས་སུ་གླེང་བ་ཞིག་ཡིན་མོད། ཡིན་ནའང་མི་འདིས་བརྗོད་གཞིའི་ཁ་ཕྱོགས་དཀྱོགས་ཏེ། དང་པོར་ཀླུ་སྨྱོན་དང་དེ་ནས་ཁོ་རང་ཉིད་ཀྱི་གཏམ་འདོད་ཀྱི་ཐོག་ལ་འབབ་རྩིས་འདུག འདི་ནི་རྩ་བ་གཡུག་ནས་ཡལ་གར་འཇུས་པ་ལས་མ་འདས།
རེད། འདི་ནི་རྡུང་རེས་རྒྱག་གིན་རྒྱག་གིན་ཞི་བའི་གོམ་བགྲོད་དུ་འགྲོ་མཁན་དག་དང་འདྲ་བོ་འདུག ཆོ་རྩ་ནས་མི་འདུག མི་གཞན་ལ་སྡིག་དམོད་བྱེད་རྒྱུ་མཚམས་ཞོག རང་རང་ལ་ཞིབ་བཤེར་རེ་བྱེད་ཐུབ་ན་དགེ་བ་མེད་ཀྱང་སྡིག་པ་ཡོད་དོགས་མེད།
ནམ་མཁའ་ཟེར་བ་དེ་ཁྱོད་རང་རེད་འདུག་ག སྔོན་དེར་ཁྱེད་ཀྱིས་བྲིས་པའི་མཆན་བུ་བསུབ་པ་ཤེས་ཀྱི་ཡོད། ཁ་སང་ཁྱེད་ཀྱིས་བསྟན་འཛིན་ཟེརབ་དེར་གཤེ་གཤེ་གཏོང་གི་འདུག ཡ་ཡ། ཨ་རོ། ཁྱོས་དེ་བྱོས།
གྲོགས་པོ་ཚོ། ཀུན་རྟོག་གི་ཕྲེང་བ་བཤད་བཞིན་བཀའ་བློན་གྱི་འོས་གཞི་ཅི་ལ་རྩོད། འདིར་རྩོམ་རིག་གི་སྐོར་བཤད་བཞིན་ཡོད་པ་ལས་ཆབ་སྲིད་ཀྱི་སྐོར་བཤད་ཀྱི་མེད་པས་བརྗོད་གཞི་ངོས་ཟིན་པ་བྱོས། མི་འདི་ཚོ་དངོས་གནས་ཁབ་སྒྱེ་ནང་ལ་བཅུག་པ་དང་གཅིག་པ་རེད། དོན་དག་ཡོད་པའི་སྐད་ཆ་བཤད་མི་ཤེས་པར་དོན་མེད་ཀྱི་རྩོད་པ་རྒྱག་གི་འདུག འདི་ཁ་བརྡ་བྱེད་ས་རེད་མ་གཏོགས་ཁ་རྩོད་བྱེད་ས་མེད། སྤྱིར་ཁ་བརྡ་དྲ་དེབ་འདི་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་ཏེ་གོ་རྟོགས་གོང་འཕེལ་བྱེད་ས་རེད་མ་གཏོགས་ཕན་ཚུན་གྱི་ཞེ་འཁོན་རྩོད་རེས་བྱས་ནས་སྡེ་རིས་ཕྱོགས་འཐེན་བྱེད་ས་མིན་པ་ཡང་ཤེས་ན་ལེགས་བསམ།
འགྲམ་ནག་དང་དཀོན་མཆོག་གཉིས་སྐྱེ་བ་སྔ་མ་ཀླུ་སྨྱོན་སྤྲུལ་སྐུས་བསད་སོང་བ་ཡིན་པས་ཁག་ཅི་ཡོད། སྤྱིར་བཏང་མི་འདིའི་རིགས་ལ་ལྕགས་ཀྱི་མགོ་སྐོར་སྐོར་ནས་རྡུང་རེས་བྱེད་རྒྱུའི་གཤིས་ཀ་མ་གཏོགས། བགྲོ་གླེང་པ་དང་ཤེས་ཡོན་པའི་གཤིས་ཀ་ཡོད་པ་མ་རེད།
འོ་ད་དུང་བཤད་རྒྱུ་གཅིག་བརྗེད་འདུག གོང་དུ་དཀོན་མཆོག་གིས། མི་ཞིག་གི་མ་འགྲིག་པའི་ལས་དོན་རེ་བྱེད་ཡོང་དུས་ལྟད་མོར་བལྟས་ནས་མ་བསྡད་པར་དྲང་མོར་བཤད་ཡ་གལ་ཆེན་པོ་རེད་ལ། ཟེར་བ་དེ་ར་བཟི་དུས་བྲིས་པའི་སྐད་ཆ་རེད།
དགོང་ཁའི་གྲིབ་སོ་ནི་རེ་ནག་གི་ཡོལ་བ་འཐེན་པ་བཞིན་རྒད་པོ་བཀྲ་རྡོར་སང་གི་རྒྱབ་རི་ནས་མར་བབས་ཏེ་གཡག་ལུང་གི་ཆུ་ཁ་བར་དུ་སླེབས། ལོ་བརྒྱད་ཅུར་སླེབས་ཟིན་པའི་ཨ་ཡེ་གསེར་སྒྲོན་གྱིས་ད་ཅི་རྫི་བོ་ནས་ཁྱིམ་དུ་ཐོན་མ་ཐག་པའི་བུ་ཁྱི་ཐར་ལ་འོ་ཇ་རྡུག་ཞོར། “ཁྱོད་ཀྱི་ཨ་ཕའི་སྙིད་ནད་ཡང་ཚུར་འཕར་གྱི་འདུག་པས་སང་ཉིན་ཨ་ལགས་ཚང་ལ་ཕྱག་མོ་ཞིག་འདེབ་པར་འགྲོ་དགོས། སང་ཉིན་གཅིག་པོར་ཟོག་ཁྱིམ་མཚེས་ཚང་གིས་བལྟ་རོགས་བྱེད་ཀྱི་རེད། ངས་བུ་མོ་མཚོ་ལྷ་ལ་བཤད་ཚར་ཡོད་”ཟེར། བཀྲ་རྡོར་གྱིས། “ཨ་ཕྱག་མོ་ཨེ། འདེབས་དགོས་ནི་མ་རེད། ཕྱག་མོ་འདེབ་ན་འབུལ་བ་ཕུལ་དགོས་ཀྱི་རེད། འུ་ཚང་ལ་འབུལ་ཡོང་རྒྱུ་ཞིག་མེད། ད་དུང་ཕག་ཟླ་ཚེས་ན་མནའ་མ་ཐོན་རྒྱུ་རེད། སྟོན་མོ་ཟེར་ན་བཀྲ་རྡོར་སང་གི་སྟོན་མོ་འདྲ་ཟེར་རྒྱུ་ཞིག་བྱེད་དགོས་”ཟེར་ཞོར་ཁ་ཕྱིར་འཁོར་སྐབས། “སྐག་”ཟེར་བའི་སྒྲ་ཞིག་གྲག་པ་དང་མཉམ་དུ་ལོ་བརྒྱད་ཅུ་གྱ་གཉིས་ལ་སླེབས་པའི་རྒད་པོ་བཀྲ་རྡོེར་ཁ་སྦུབ་ཏུ་འགྱེལ། བཀྲ་རྡོར་གྱིས་མིག་ཕྱེ་སྐབས་ཨ་ཡེ་གསེར་སྒྲོན་གྱིས་ཁོའི་མགོ་སྐྱོར་ནས་ངུ་བཞིན་ “ད་ཚར་སོང་། ད་ཚང་མ་ཚར་སོང་། སྟག་ལྷ་ཕ་རོ་ཟ་རྒྱུ། ཤི་མགོ་ཁྲག་འ་སྐོར་རྒྱུ་བོས་འདི་མོས་ཚབས་ཆེན་ཞིག་བྱེད་སྣང་མ་ཤར་ཟེར། བཀྲ་རྡོར་སྐོམ་སྣང་གིས་ཆུ་ཟོམ་ལ་མཛུབ་མོ་འཛུག་ཞོར། “ཁྱི་ཐར། བུ་ཁྱི་ཐར་”ཟེར་བཞིན་ཐོད་པའི་སྟེང་གི་ཁྲག་ཕྱིས། ཨ་ཡེ་གསེར་སྒྲོན་གྱིས་“བུ་ཨེ། བུ་ཡོད། སྨན་པ་འབོད་པར་ཕྱིན་སོང་། སེམས་ཁྲལ་མ་བྱེད་”ཟེར་ཞོར་སླར་ཡང་སྐད་ཆེན་པོས་ངུ་འབོད་བྱས་པས། རྒད་པོ་བཀྲ་རྡོར་གྱིས་བུ་མ་མཚམས་པ་ཤེས་ཏེ། “ཨ་ཧ་བོ། སྟག་ལྷ་ཁྱི་རྒན་ངས་ཁྱོད་ཚེ་ཕྱི་མའི་ཡུལ་ནས་ཅི་འདྲ་བྱས་ཏེ་སྒུག་ཁྱོས་ལྟོས་”ཟེར་བཞིན་སླར་ཡང་དྲན་པ་འཐོར། མུན་རུབ་རྗེས་རྒད་པོ་བཀྲ་རྡོར་སང་གི་ཁྱིམ་ན་ཌ་དྲིལ་མང་པོའི་སྒྲ་གོ་རྒྱུ་ཡོད་པ་དང་། མི་མང་པོ་སྒོ་ཕྱི་ནང་དུ་ཡར་འགྲོ་མར་འགྲོ་བྱེད་པ་ཡང་མཐོང་རྒྱུ་ཡོད། བཀྲ་རྡོར་གྱི་རྣ་ལམ་དུ་ཆོས་འདོན་པའི་སྒྲ་གོ་རུང་སྟག་ལྷའི་སྟེང་དུ་ཞེ་སྡང་གིས་ཆོས་ལ་དད་པ་འཇོག་ལོངས་མ་བྱུང་། རྒད་པོ་ལ་ཁག་ཅི་ཡོད། སྐར་མ་ཤར་སྐབས་རྒད་པོ་བཀྲ་རྡོར་ཡང་བུའི་རྗེས་སུ་ཆས་སོང་། མཚམས་རེར་ལས་རྒྱུ་འབྲས་ཀྱིས་ཀྱང་དྲང་པོ་བྱེད་ཀྱི་མེད་པ་འདྲ། སྟག་ལྷ་དམྱལ་བར་མ་སྐྱེས་པར་ཀླུ་སྨྱོན་ཟེར་བའི་སྤྲུལ་སྐུ་ཡོན་ཏན་པ་ཞིག་གི་སྐྱེ་བ་བླངས་པ་དང་། བཀྲ་རྡོར་ད་ལྟའི་འགྲམ་ནག་ཏུ་སྐྱེས། ད་དུང་ཁྱི་ཐར་གྱི་སྐྱེ་བ་ཡང་དཀོན་མཆོག་ཡིན། འདི་ནི་འགྲམ་ནག་དང་དཀོན་མཆོག་གིས་སྐྱེ་བ་དྲན་པའི་གཏམ་རྒྱུད་རེད།
དེབ་འདིའི་ནང་གི་སྙན་ངག་དེ་ཚོར་ཁོང་གི་བརྩམས་སྒྲུང་དག་ལྟ་བུའི་ཡིད་དབང་འགུག་ཤུགས་མེད་ན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཤིག་གི་སྨྱུག་འོག་ནས་འདི་ལྟ་བུའི་སྙན་རྩོམ་གྱི་ཕྲེང་བ་གཅིག་རྗེས་གཉིས་མཐུད་དུ་བརྡོལ་བ་འདི་ནི་བཙན་བྱོལ་ནང་གི་གཞོན་སྐྱེས་རྣམས་ཀྱིས་མིག་དཔེར་འཛིན་འོས་པ་ཞིག་ཏུ་མཐོང་། གཞན་ཞུ་བྱ་མ་མཆིས།
གོང་གི་དེབ་འདིའི་སྐོར་ནསསེམས་བྱུང་རེ་གཉིས་ཀྱི་སྐུལ་མ་བཞིན་ཚིག་ཁ་ཤས་བསྣན་པ་ཡིན་ན། རྩོམ་དེབ་འདིའི་ནང་གི་སྙན་ངག་དག་ལ་བསྡུས་བརྗོད་དང་ཏིང་འཛིན། མངོན་བརྗོད་དང་དེ་བཞིན་རབ་རྟོག་གི་རྒྱན་སོགས་གནའ་བོའི་སྙན་ངག་ཕལ་མོ་ཆེར་ཡོད་པའི་སྙན་ངག་ལ་བྲོ་བ་ཁྱད་པར་ཅན་སྟེར་བའི་སྒྱུ་རྩལ་གྱི་མཛེས་ཆ་མང་པོ་ཞིག་གིས་སྤྲས་མེད་པས། ང་ལྟ་བུའི་གནའ་བོའི་སྙན་ངག་གི་རྒྱ་མཚོར་བྱིངས་ཏེ་ནམ་ཡང་ཕྱིར་འོང་མེད་པ་དག་གི་སྣང་ངོར་དེ་ཙམ་གྱི་སྙན་ཆ་ཞིག་མེད་པ་མ་གཏོགས། སྐུ་ཞབས་པདྨ་ཚེ་དབང་ལགས་ཀྱི་སྙན་ངག་འདི་ཚོར་ཁ་གསལ་ཞིག་གོ་བདེ་བ། ཚིག་སྦྱོར་ལ་ཐ་སྙད་བཙན་གཡེམ་གྱི་རྗེས་ཤུལ་ཅི་ཡང་མཐོང་རྒྱུ་མེད་པ། སྤྱི་ཚོགས་ཤིག་གི་སྣང་བརྙན་འབུར་དུ་ཐོན་པ་དང་། མི་རིགས་ཤིག་གི་ལས་དབང་ལྷུག་པོར་བརྗོད་པའི་ཁྱད་ཆོས་མངོན་གསལ་དུ་ལྡན། མི་ལོ་མང་པོ་ཞིག་གི་སྔ་རོལ་ཏུ། ངས་རྡ་རམ་ས་ལ་ནས་ཁོང་གིས་བསྒྱུར་པའི་འདུན་པ་ཆེན་པོ་ཞེས་པའི་བརྩམས་སྒྲུང་དེ་བཀླགས་ནས་རེ་ཞིག་སྐྱོ་གདུང་གི་མིག་ཆུས་ངོ་གདོང་བརླན་མྱོང་ཞིང་། དེ་ནི་རྩོམ་དེའི་བརྗོད་བྱ་གཅིག་པོའི་ཆ་ནས་མ་ཡིན་པར་ཁོང་གི་བོད་ཡིག་གི་འབྲི་རྩལ་རྨད་དུ་བྱུང་བ་དེས་ཀྱང་ངོ་། །གལ་སྲིད་ཁོང་གིས་སྙན་ངག་འབྲི་བའི་ཞོར་ལ་འདུན་པ་ཆེན་པོ་ལྟ་བུའི་མི་སེམས་སྒུལ་བའི་ཕྱི་གླིང་བའི་བརྩམས་སྒྲུང་གྲགས་པ་ཅན་རེ་བོད་ཡིག་ཏུ་བསྒྱུར་ཐུབ་ན་ང་དང་ང་ལྟ་བུའི་ཀློག་མཁན་ཁྲི་སྟོང་གི་སེམས་ཀྱི་དྲོད་ཐིག་ཅིག་རེད་ལ། བོད་ཁ་བ་གངས་ཅན་པ་ཚང་གི་རྩོམ་རིག་གི་བུ་མོ་འདིའི་ལང་ཚོའི་རྒྱན་ཆ་ཞིག་ཏུ་ཡང་ཅིས་མི་འགྱུར།
ཟམ་གདོང་སྤྲུལ་སྐུས་ན་ནིང་ཞིག་ལ་ད་ཡིན་ན་སྒོ་སྒེའུ་ཁུང་ཚང་མའི་ནང་ནས་དེབ་བཏོན་ཡོང་གི་འདུག ཅེས་ཟུར་ཟའི་ཚིག་ཅིག་ལབ་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་དེབ་འདོན་ཕོད་མཁན་ཧ་ཅང་ཉུང་དུ་ཕྱིན་སྐད། ཟམ་གདོང་སྤྲུལ་སྐུས་གསུངས་པའི་ཚིག་དེའི་དོན་གང་ཞིག་ཡིན་པ་ངས་གསལ་པོར་མི་ཤེས། ཕལ་ཆེར་རྩོམ་འབྲི་བའི་ཤེས་ཚད་མེད་མཁན་སྒོ་དང་སྒེ་ཁུང་ལྟ་བུ་ཚོས་དེབ་འདོན་གྱིན་འདུག་ལབ་པ་ཡིན་འདྲ།
པདྨ་ཚེ་དབང་ཟེར་བ་འདིའི་རྩོམ་ཡག་པོ་ཡོད་མེད་བཤད་མི་ཤེས་ཀྱང་བློ་ཁོགས་ཅན་ཞིག་ཡིན་འདུག་པས་ཡག་བྱུང་ཅེས་ཞུ་རྒྱུ་ཡིན། ལྷག་བསམ་རྣམ་དག་གིས་བོད་ཡིག་གི་སྟེང་ནས་ཅིག་འབྲི་མཁན་ཞིག་བྱུང་ན་ཧ་ཅང་ཡག་པོ་རེད་སྙམ་གྱིན་འདུག
ང་རང་ཉིད་ཀྱི་རྩོམ་རིག་གི་གོ་རྟོགས་དམའ་དྲགས་ནས་ཁོང་གི་རྩོམ་ཡིག་ལ་དཔྱད་བརྗོད་སོགས་བགྱིད་པར་ནི་རྔོ་མ་ཐོགས་སོ།
ང་ཚོ་གསར་འབྱོར་བ་ཚོས་སྒོ་ནས་སྒེའུ་ཁུང་རེ་ཟུང་ནས་རང་སྐད་གཙང་མ་སྤྱད་དེ་བྲིས་པའི་དེབ་དེ་ཚོ་བསམ་སྟོང་སྤྲུལ་སྐུར་འཕྲོད་ཀྱིན་མེད་པར། ཁོའི་སྤྱི་ཚོགས་ཀྱི་སྒོ་དང་སྒེའུ་ཁུང་ཚང་མའི་ནང་ནས་ཁོ་དང་ཁོའི་ལས་གྲོགས་དང་སློབ་མ་ཚོས་སྐད་ཆ་ཚིག་ཕྲེང་གཅིག་བཤད་ན་ཡང་བོད་དབྱིན་ཧིན་གསུམ་བསྲེས་མ་ཐུབ་ན་མཁས་ཉམས་འཆོར་འགྲོ་བའི་སེམས་ཁྲལ་སྨུག་ལོང་མ་ཞིག་གིས་བཙུར་བའི་ར་མ་ལུག་སྐད་དེ་ཁོ་ལ་འཕྲོད་པ་ཡིན་ཤས་ཆེ།
ཟམ་གདོང་གིས་དེ་ལྟར་ལབ་ནས་དེབ་འདོན་མཁན་ཉུང་དུ་ཕྱིན་པ་དེ་དངོས་གནས་ཡིན་པ་འདྲ།
ང་ནི་ཟམ་གདོང་རིན་པོ་ཆེས་གསུངས་པ་དེ་ལ་ཡིད་ཆེས་ཡོད། ངོ་མ་རེད། བོད་ལ་དེབ་དང་དཔེ་ཆ་འདོན་མཁན་མངས་འདུག ཉོ་མཁན་དང་ཀླློག་མཁན་ཉུང་འདུག འདི་ནི་ང་ཚོའི་མི་རབས་འདི་དེང་རབས་ནང་ཡོང་བའི་རིམ་པ་ཞིག་ལ་ཐུག་འདུག རིམ་པས་ཞུས་ཆོག
ཟམ་གདུང་བླ་མའི་དེབ་ཅིག་གི་ནང་དུ་དེང་དུས་ཀྱི་སློབ་གྲྭ་ཁག་ཏུ་དགེ་རྒན་ཚོས་སློབ་མར་གཅར་རྡུང་གཏན་ནས་བྱེད་མི་ཆོག་ཅེས་པ་ཞིག་འདུག་པ་དེ་ངོ་མ་ངའི་སེམས་ནང་ཟུག་སོང་། ཡིན་ན་ཡང་བསམ་སྟོང་བླ་མས་གྲྭ་ས་ཁག་བརྗེད་འདུག་པ་དེས་ངོ་མ་ང་རང་སྐྱོ་སོང་།
བོད་ནང་བཞིན་དེབ་འབྲི་མཁན་གྱི་རྒྱལ་ཁབ་ཅིག་འཛམ་གླིང་འདིའི་སྟེང་ཨེ་ཡོད་བསམས། དེ་མེད་པའི་རྒྱུ་མཚན་ལ་ཕྱོགས་གཉིས་ནས་བལྟས་ཆོག་པ་འདུག ལེགས་པའི་ཕྱོགས་ནས་བོད་ཀྱིས་དེབ་ནི་ཤེས་ཡོན་གྱི་མཛོད་ཅིག་དང་མུན་སེལ་གྱི་སྒྲོན་མེ་ཞིག་ཡིན་སྟབས་ཇི་ཙམ་མང་ན་ཡང་ཉུང་སྐྱོན་ལས་མང་སྐྱོན་མེད་པར་འདོད་པ་རེད། དེའི་ཁར་དེང་སང་གི་དེབ་འབྲི་མཁན་གྱི་ཕལ་མོ་ཆེར་དམར་པོའི་ལྟ་གྲུབ་ཀྱི་ཤུགས་ཤིག་ཡོད་པ་རེད། རྩོམ་པ་པོས་སྤྱི་ཚོགས་ཀྱི་སྣེ་འདྲེན་དགོས་སོགས་ཀྱི་ཁ་གཡང་ནས་མངོན་ཐུབ་པ་རེད། འདི་ཚོ་ནི་དེབ་མང་ན་བཟང་བའི་ལྟ་ཕྱོགས་དེ་རེད།
ལེགས་པའི་ཕྱོགས་ནས་བཤད་ན། སྒོ་དང་སྒེའུ་ཁུང་ཡོད་ཚད་ནས་དེབ་ཐོན་པ་དེ་རེད། རྒྱལ་ཁབ་གཞན་ཡིན་ན་དེབ་བྲིས་ཚད་དཔར་བའི་ལུགས་སྲོལ་ཡོད་མེད་མི་ཤེས། དེབ་དཔར་ཚད་ཉོ་བའི་ལུགས་སྲོལ་ཡོད་མེད་མི་ཤེས། དེབ་ཅིག་བྲིས་ན་དཔར་ཁང་དག་གིས་དེབ་དེ་སྤྱི་ཚོགས་ནང་འགྲེམས་ཚོང་བྱེད་ཐུབ་མིན་ལ་ལྟ། དེབ་མ་ཐོན་གོང་ནས་ཚགས་པར་དང་གསར་འགྱུར་རིགས་ཀྱིས་དེབ་ལ་རིན་ཐང་ཡོད་མེད་དཔྱད། དེ་ནས་བཙོང་ནས་བྲིན་དང་མ་བྲིན་ལ་ལྟ། རྩོམ་པ་པོ་ལ་འགན་ཡོད་ལ་འགན་གྱི་ཚོད་ཀྱིས་ཡོང་འབབ་ཀྱང་ཡོད། ང་ཚོ་བོད་ལ་འདི་གཉིས་ཀ་མེད། ཉེས་པ་འདི་ནི་ཡན་དུ་མི་གཏོང་བ་དེ་གནད་འགག་ཅིག་རེད་བསམས།
འདི་དག་ནི་པད་མ་ཚེ་དབང་ལགས་ལ་ཞུས་པ་མིན། ཁོང་གིས་བཅོས་སྒྲུང་དག་སྤྱི་ཚོགས་ནང་ཧ་ཅང་བྲིན་པོ་བྱུང་བ་ངས་ཤེས། དེ་ཙམ་ཡིན་ལགས།
ཟམ་གདོང་བླ་མས་རྩོམ་ལ་དཔའ་བའི་གསར་བུ་གསར་ཟུར་དག་ལ་བློ་སྟོབས་ཤིག་གནང་དགོས་པ་ལས། སྒོ་དང་སྒེའུ་ཁུང་རེ་ནས་དེབ་བཏོན་ཡོང་གི་འདུག་ཅེས་གསུང་ན་ཡག་པོ་མ་རེད། ག་ཚོད་ཀྱིས་དེབ་མང་པོ་འདོན་ཐུབ་ན་ཡག་པོ་རེད། སྤུས་ཀ་ཡོད་མེད་དེ་གནས་ཚུལ་གཞན་ཞིག་རེད། ང་ཚོའི་སྤྱི་ཚོགས་ནང་དེབ་ཅིག་སྤུས་ཀ་ཡོད་ནའང་བྲིན་གི་མ་རེད་ལ། སྤུས་ཀ་མེད་ནའང་བྲིན་གི་མ་རེད། ཕན་ཐོགས་ཡོད་མཁན་ཞིག་ལ་ཕན་འགྲོ་གི་རེད། ཡིན་ནའང་། རྩོམ་པ་པོ་ཞིག་གིས་དེབ་ཅིག་དཔར་ཡོང་དུས།
མང་པོ་ཞིག་གིས་རྩོ་མ་པ་པོའི་དཀའ་ངལ་དང་དཔར་སྐྲུན་གྱི་དཀའ་ངལ་སོགས་ལ་བསམ་བློ་ཅི་ཡང་མི་གཏོང་བར་སྨྲ་འབེབས་བྱེད་རྐྱང་གནང་གི་ཡོད་པའི་ཚོར་སྣང་བྱུང་། མ་གཞི་ནས་དེབ་ཅིག་འདོན་པར་རིམ་པ་མང་པོ་ཞིག་བརྒྱུད་དགོས་སྟབས་དཀའ་ངལ་མང་པོ་ཞིག་ཡོད་ཚོད་འདུག
བོད་ནང་བཞིན་གྱི་ལད་ཟློས་དང་རིགས་མཐུན་གྱི་དེབ་འབྲི་མཁན་འདི་འདྲ་མང་པོ་ཞིག་འཛམ་གླིང་ནང་ཨེ་ཡོད། སྙན་ངག་མེ་ལོང་གི་འགྲེལ་གཅིག་པོ་ད་བར་ག་ཚོད་ཅིག་ཡོད་རེད། སུམ་རྟགས་ཀྱི་རྩ་འགྲེལ་གཅིག་པོ་ག་ཚོད་ཅིག་ཡོད་པ་རེད། དེ་ནས་ཆོས་གཞུང་གི་འགྲེལ་བ་ཡང་འགྲེལ་དེ་ཚོ། དེང་སང་གི་སྙན་ངག་དེ་ཚོ། གཅིག་གིས་དེབ་ཅིག་བཏོན་ན་གཞན་ཞིག་གིས་ཀྱང་དེབ་ཅིག་འདོན། དེ་ལ་ཡིན་གཅིག་མིན་གཅིག་སྦྱིན་བདག་ཅིག་དགོས་པ་རེད། ཨ་ཡ་ཨ་ཡ། ཐང་ཆད་སོང་། ང་རང་གིས་བོད་དེབ་ཅིག་འདོན་པར་ང་རང་གིས་འགྲོ་སོང་གཏོང་ཐུབ་ཀྱང་། དེའི་ཡི་ག་སྔོན་མ་ནས་འགག་ཚར། དབྱིན་བསྒྱུར་བྱེད་མཁན་ཞིག་རེག་ན་དབྱིན་བོད་གཉིས་སྦྱར་གྱི་སྙན་དེབ་ཅིག་བཏོན་ཡང་། ད་རུང་དེ་འདྲ་དེབ་མང་པོ་མ་མཐོང་བས་བསམ་བློ་གཏོང་གི་ཡོད།
ལོ་ཁ་ཤས་ཀྱི་གོང་དུ། བཀའ་ཟུར་སྐལ་བཟང་ཡི་ཤེས་ཀྱིས། ‘‘ཁྱད་མཚར། ཨ་མདོའི་གསར་བུ་ཞིག་ཡིན་ནའང་སྙན་ངག་འབྲི་གི་འདུག རྒན་པ་ཞིག་ཡིན་ནའང་སྙན་ངག་འབྲི་གི་འདུག འདི་ཁོང་ཚོའི་གཤིས་ཀ་འདྲ་པོ་ཞིག་མིན་འགྲོ་’’ཅེས་ཧང་སངས་མདོག་མདོག་གིས་སྐད་ཅིག་ཤོར་བ་རེད་ཟེར། ཡིན་ནའང་། ང་ལ་མཚོན་ན་སྐལ་བཟང་ཡི་ཤེས་དྲིན་ཆེན་ཡིན།
ངའི་ཕྱི་རྒྱལ་གྱི་སྒྲུང་རྩོམ་འབྲི་མཁན་མང་བོ་ཞིག་གིས་སྒྲུང་རྩོམ་འབྲི་བའི་དམིགས་ཡུལ་ཅི་ཡིན་སྐོར་ཤེས་ཐབས་བྱས་པ་ཡིན། མང་པོ་ཞིག་གིས་རང་གི་དགའ་སྣང་ཞིག་ལ་བརྟེན་ནས་འབྲི་གི་ཡོད་པ་དང་། ཡང་སྐོར་ཞིག་ནས་ཚོང་ཁེ་ལ་དམིགས་ནས་འབྲི་གི་ཡོད་པ་ལས་གཞན་ལ་ཕན་པར་དམིགས་ནས་སྒྲུང་རྩོམ་འབྲི་མཁན་མ་མཐོང་། སྒྲུང་རྩོམ་གྱིས་གཞན་ལ་ཇི་ལྟར་ཕན་པའི་སྐོར་ང་ལ་འགྲེལ་བཤད་ཅིག་གནང་རོགས།
ཡང་སྒྲུང་རྩོམ་ཀློག་མཁན་ཚོས་ཀྱང་རང་གི་དགའ་མོས་ཤིག་གིས་ཀློག་གི་ཡོད་པ་ལས་འདི་ཀློག་ན་ང་ལ་ཕན་གྱི་རེད་ཟེར་ནས་ཀློག་མཁན་གཅིག་ཀྱང་མ་མཐོང་།
ལད་ཟློས་འདི་སྐྱོན་ཆེན་པོ་འདྲ་མ་རེད། ལས་དང་པོ་བ་ཞིག་ལ་མཚོན་ན། ལད་ཟློས་ནས་འགོ་རྩོམ་དགོས་ཀྱི་ཡོད་པ་དང་། དེ་ནས་འབྲི་ྐློག་ལ་སློབ་སྦྱོང་དང་། སྦྱོང་བརྡར་གང་འཚམས་རེ་བྱས་རྗེས། གཞི་ནས་རང་གི་རྐང་པའི་ཐོག་ལངས་ཐུབ་གི་རེད་ཟེར། དེབ་ཅིག་ལ་འགྲེལ་བ་དང་ཡང་འགྲེལ་བྲིས་པ་དེ་ཚོ་སྐྱོན་ཆེན་པོ་ཞིག་ཏུ་མ་མཐོང་།
འགྲིག་འོག་ནས་འདུག་འདོད་མེད་པར་ཁྱི་ལྡོམ་བཞིན་འཁྱམ་ཉུལ་བྱས་པའི་མཐའ་མར་རྙིང་མའི་སྤྲུལ་སྐུའི་མིང་ཞིག་བླུས་ཏེ། མཇེ་སྐམ་པོ་དང་དགེ་སྐོས་བཙན་པོ་ཟེར་བ་ལྟ་བུའི་མི་གཞན་ལ་དམའ་འབེབས་གཏོང་བའི་དེབ་བྲིས་ན་གང་ཤེས་མ་གཏོགས། སྙན་དེབ་རེ་བྲིས་ན་དེར་ཅི་སྐྱོན་བསམ།
འགྲམ་ནག་ཟེར་བ་འདིས་ཁ་ཡར་གྲགས་ལ་ྐླུ་སྨྱོན་ལ་སྡུག་གི་འདུག ཁ་མར་གྲགས་ལ་ྐླུ་སྨྱོན་ལ་སྡུག་གི་འདུག ྐླུ་སྨྱོན་ནི་ཁྱོད་ཀྱི་བླ་མ་ནི་མིན། ཨ་མཆོད་ནི་མིན། ཁྱེད་ཀྱིས་ྐླུ་སྨྱོན་ལ་སྒོར་མོ་ནི་འབུལ་གྱི་མེད། དྲང་མོར་བཤད་ན། ཁྱོད་ཀྱིས་ཁོང་སྤྲུལ་སྐུར་ཇི་ལྟར་འགྱུར་མིན་གྱི་སྐོར་ཤེས་ནས་ཅི་བྱེད། དེ་ལས་ྐླུ་སྨྱོན་གྱིས་གང་བྲིས་ཡོད་པ་ལ་བལྟ་ཐུབ་ན་དེས་འགྲིག་གི་རེད། དགེ་བསྐོས་བཙན་པོས་ཁྱེད་ལ་ག་རེ་བྱེད། མྱི་འདི་རིགས་ཀྱིས་ཚིག་གྲུབ་ཅིག་བཟོ་ཤེས་མ་ཐག་ཏུ། གཞན་ལ་སྡུག་རྐྱང་བྱེད་ཀྱི་འདུག མ་གཞི་ནས་མྱི་འདི་ཚོ་ཡ་རབས་ཤེས་ཡོན་གྱིས་ཕོངས་པ་རེད་སྙམ།
གོང་དུ་འགྲམ་ནག་གིས་དངོས་ཡོད་བྲིས་འདུག་པ་ལས་ཡེ་ཤེས་ལ་སྡུག་པ་ཞིག་ལ་ངས་ནི་མཐོང་གིས་མི་འདུག མི་ཞིག་གི་མ་འགྲིག་པའི་ལས་དོན་རེ་བྱེད་ཡོང་དུས་ལྟད་མོར་བལྟས་ནས་མ་བསྡད་པར་དྲང་མོར་བཤད་ཡ་གལ་ཆེན་པོ་རེད་ལ། མ་འགྲིག་པ་ཡོ་བསྲང་བྱེད་མིན་དེ་ཁོ་རང་གི་འདོད་པ་རེད།
དཀོན་མཆོག ཁ་སང་ནས་ཁྱེད་རང་གིས་མཆན་བུ་ྐློག་ཤེས་ཀྱི་མི་འདུག་ཅེས་བཤད་པ་ཡིན། ཁྱོད་ཀྱིས་ལྟོས་དང་། འགྲིག་འོག་ནས་འདུག་འདོད་མེད་པར་ཁྱི་ལྡོམ་བཞིན་འཁྱམ་ཉུལ་བྱས་པའི་མཐའ་མར་རྙིང་མའི་སྤྲུལ་སྐུའི་མིང་བླུས་ཏེ། ཚིག་གྲུབ་འདི་སྨྲ་འབེབས་རེད་མ་རེད། ཉེ་སྔོན་ནས་འགྲམ་ནག་གིས་ྐླུ་སྨྱོན་ལ་བཏབ་པའི་མཆན་བུ་མང་པོ་རིག་མྱོང་། ཡག་པོ་མ་རེད་བསམ་ནས་བསྡད་ཡོད། ང་སྒེར་ངོས་ལ་མཚོན་ན། ྐླུ་སྨྱོན་ངོ་མི་ཤེས། འགྲམ་ནག་ཟེར་བ་འདི་ཡང་ངོ་མི་ཤེས། འོ། འགྲམ་ནག་ལས་ྐླུ་སྨྱོན་ལ་གསལ་ཆ་ཡོད། ྐླུ་སྨྱོན་གྱིས་བྲིས་པའི་ཤམ་བྷ་ལའི་དུད་སྤྲིན་ནས་ཁྱབ་འཇུག་གི་དེབ་བར་བལྟས་པ་ཡིན། ཁྱབ་འཇུག་གི་དེབ་དེ་ཁ་སང་བྐླགས་ཚར་ཙམ་ཡིན། ངའི་འདིར་བསམ་ཚུལ་ཞིག་བརྗོད་པ་དེ་རེད། དེ་མིན་ང་ལ་གནས་ཚུལ་གཞན་པ་མེད།
ཀླུ་སྨྱོན་གྱིས་བསམ་བཞིན་དུ་བོད་ཀྱི་ལོ་རྒྱུས་ཐོག་མང་ཚོགས་ཀྱིས་མང་གཙོའི་ལམ་སྲོལ་ལྟར་ཐད་ཀར་འོས་འདེམས་བྱས་པའི་བོད་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་ཁྲི་པའི་འོས་གཞི་རྩེད་སྤྱད་བྱས་པར་ཚེ་རིང་གི་བུ་ཟེར་བ་འདི་རི་བོང་ཅལ་རྒྱུགས་བྱས་པ་མ་ཟད། ཉེ་ཆར་ནས་ཀླུ་སྨྱོན་འདིས་བསམ་བཞིན་དུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ལ་ཟམ་སྟོང་དང་བསམ་སྟོང་ཞེས་དམའ་འབེབས་བཏང་ཡོད། གཞུང་གི་འཛིན་སྐྱོང་གི་ཐོག་ནས་མ་འགྲིག་མ་འཐུས་པ་ཡོད་ན། དེ་དག་བྱེ་བྲག་ཏུ་བཀར་ནས་སྐྱོན་བཤད་བྱས་ན་འོས་པ་ལས། བཀའ་ཁྲིའི་མིང་ནས་འཛིན་སྟངས་ཙམ་གྱི་ཐོག་ནས་སེན་ཤུད་འདྲ་བྱས་ན་དེ་ལ་དགོས་པ་ཆུང་།རང་གིས་སྒྲིག་ལམ་འཁུར་མི་འདོད་པ་དེ་དགེ་སྐོས་བཙན་པོའི་མགོར་གཡོག་ཐབས་བྱེད་པ་འདི་ཀླུ་སྨྱོན་གྱི་བསམ་བློའི་སྤྱི་འགྲོས་རེད། མིའི་ཐོག་ལ་ཁ་བདེ་བདེ་བྱེད་པ་མ་གཏོགས། རང་ཐོག་ནས་འཆི་ཁའི་འཇིགས་སྐྲག་ཙམ་མ་གཏོགས་རྩོམ་པ་པོ་ཁོང་རང་ཉིད་ཀྱི་སེམས་ཁོངས་ཀྱི་འགལ་ཟླ་ཛ་དྲག་དེ་དག་གི་ཐོག་ལ་ཚིག་གཅིག་ཀྱང་བཤད་མི་ཐུབ་པས། ཁོ་ལ་རེ་ཐག་ཆད་སོང་།
ཡ། འགྲམ་ནག རི་བོང་ཅལ་འདྲོགས་ཨེ། ཁྱེད་ཀྱིས་རི་བོང་ཅལ་འདྲོགས་ཀྱི་སྒྲུང་ཤེས་ཀྱི་ཡོད་དམ། ཉེ་ཆར་ངས་མིང་ཁ་ཤས་ཤིག་བཏོན་པ་བདེན། ངས་མིང་བཏོན་པའི་མི་དེ་དག་བཀའ་ཁྲིའི་འོས་གཞིའི་གྲས་སུ་ཚུད་ཀྱི་འདུག་ཅེས་བཤད་མེད། ཞིབ་ཏུ་ལྟོས། ཁྱེད་ཀྱིས་ཤེས་མ་ཤེས་ཀྱི་བར་ནས་སྐད་ཆ་ཕུང་གསུམ་པ་དེ་འདྲ་མ་བཤད།
ཀླུ་སྨྱོན་གྱིས་སྤྱི་ཟླ་དགུ་བའི་ནང་ངས་བདམས་པའི་བཀའ་ཁྲིའི་འོས་མི་ཉི་ཤུ་ངོ་སྤྲོད་ཅེས་
མཛངས་མ་འདེམས་སྒྲུག་མཁས་པ་བློ་བཟང་དབང་རྒྱལ།
ཁ་ཤགས་མཁས་པ་པ་སངས་ཚེ་རིང་།
གླུ་གཞས་མཁས་པ་ཚེ་རིང་འགྱུར་མེད་ལ་སོགས་ཀྱི་མིང་བཏོན་པའི་འོག་ཏུ།
ཁྱོད་ཀྱིས། ད་དུང་
༢༥ རང་མོས་སྙན་ངག་ལ་མཁས་པ་སྙན་བཟང་གཡུང་དྲུང་ཚེ་རིང་།
༢༦ དེང་རབས་བརྩམས་སྒྲུང་ལ་མཁས་པ་རྡོ་སྦིས་བཀྲ་ཤིས་དོན་འགྲུབ།
༢༧ སྤྱི་ཚོགས་སྐྱོན་བརྗོད་ལ་མཁས་པ་ཧོར་གཙང་ལེགས་བཤད།
༢༨ ཚགས་པར་ཆེད་བརྗོད་ལ་མཁས་པ་མི་ནག་ཚང་ལུང་རིགས་རྒྱལ།
༢༩ སྲོལ་རྒྱུན་སྙན་ངག་ལ་མཁས་པ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་།
ཞེས་སོགས་མི་ཁག་ཅིག་གི་མིང་བཏོན་པ་དེ་ཚོ་བཀའ་ཁྲིའི་འོས་གཞི་ངོ་སྤྲོད་མིན་ན། དེ་ནི་ཁྱོད་ཀྱིས་བོད་གཞུང་གི་བཀའ་བློན་ཁྲི་བའི་འོས་གཞི་རྩེད་སྤྱད་བྱས་པ་རེད་ཟེར་བཞིན་ཡོད།
ངས་ྐླུ་སྨྱོན་གྱིས་བདམས་པ་དེ་དག་མི་ཤེས། ངས་བདམས་པའི་མི་འདི་དག་བཀའ་བློན་ཁྲི་བར་ལངས་ན་འགྲིག་
གི་མ་རེད་དམ། ཁྱེད་ཀྱིས་མི་འགྲིག་པའི་རྒྱུ་མཚན་ད་འཁྱེར་ཤོག
ཡེ་ཤེས་ཀྱིས་རྩོམ་འབོར་ཆེན་བྲིས་འདུག་པ་ཡག་པོ་རེད། སྤུས་ཀ་ཡོད་མེད་ངས་ལྟ་མ་མྱོང་བས་མི་ཤེས། ཡིན་ན་ཡང་། ཆབ་སྲིད་བླ་མས་སྐྱོང་བར་སྐྱོན་བརྗོད་བྱས། ཆབ་སྲིད་བླ་མ་རང་གིས་བཤད་རྒྱུར་མཛོ་མོ་ལྕིན་པ་བལྡག་པར་ཤོར་འདྲ་བྱས་ན་དེ་ཅི་གོ ལྕགས་རྒྱ་འགྲམ་ནག་དང་དཀོན་མཆོག་གཉིས་ལ་གནས་ལུགས་འདུག
ཚེ་རིང་གི་བུ་ཟེར་བ་ཁྱོད་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་མེད་ཀྱི་དཔང་རྟགས་འཁྱེར་ཤོག་དང་། དེ་ནས་འདིའི་སྐོར་ལ་ཁྱོད་ལ་སྐད་ཆ་བཤད་རིན་ཡོད་མེད་བལྟ་ཆོག
ས་མིག་འདི་ནི་པད་མ་ཚེ་དབང་ལགས་ཀྱི་སྙན་དེབ་དང་དེ་འབྲེལ་གྱི་བརྗོད་གཞིའི་ཐོག་ལ་མཆན་འདེབས་ས་རེད། ཀླུ་སྨྱོན་ནི་ཁོའི་དགེ་སྐོས་བཙན་པོ་དང་འབྲེལ་ནས་འདིར་བོད་ཡིག་དཔེ་སྐྲུན་གྱི་ཞོར་འཕྲོས་སུ་གླེང་བ་ཞིག་ཡིན་མོད། ཡིན་ནའང་མི་འདིས་བརྗོད་གཞིའི་ཁ་ཕྱོགས་དཀྱོགས་ཏེ། དང་པོར་ཀླུ་སྨྱོན་དང་དེ་ནས་ཁོ་རང་ཉིད་ཀྱི་གཏམ་འདོད་ཀྱི་ཐོག་ལ་འབབ་རྩིས་འདུག
འདི་ནི་རྩ་བ་གཡུག་ནས་ཡལ་གར་འཇུས་པ་ལས་མ་འདས།