—འཇམ་དབྱངས་དཀར་པོ།
(རྩོམ་པ་པོ་སྒྲོལ་མ་སྐྱབས་བཙོན་གྲོལ་ཐོབ་རྗེས།)
རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་རྒྱ་ཡིག་ཐོག་《ལྷིང་འཇགས་མེད་པའི་ཧི་མ་ལ་ཡ།》ཞེས་པའི་དེང་རབས་བོད་ཀྱི་དཀའ་སྡུག་ཁག་གཙོ་གནད་དུ་བཟུང་བའི་དཔེ་དེབ་དེར།
༡) བོད་ཀྱི་ས་ཁམས་ལོ་རྒྱུས་དང་འབྲེལ་བའི་ཐ་སྙད་སྐོར་གླེང་བ།
༢) བོད་རྒྱལ་ཁབ་ཀྱི་རྒྱལ་དར་སྐོར་གླེང་བ།
༣) བོད་ཆོལ་ཁ་གསུམ་གྱི་འཐབ་ཕྱོགས་གཅིག་གྱུར་སྐོར་གླེང་བ།
༤) དམངས་གཙོ་དབུ་བརྙེས་པའི་སྐོར་གླེང་བ།
༥) རྒྱ་ནག་གི་ཆབ་སྲིད་ལམ་ལུགས་སྐོར་གླེང་བ།
༦) མི་སེར་སྤེལ་བའི་རིང་ལུགས་སྐོར་གླེང་བ།
༧) བོད་ཀྱི་ཉེན་ཚབས་དང་མདུན་སྐྱོད་སྐོར་གླེང་བ།
༨) བོད་ཀྱི་མི་རབས་གསར་བའི་སྐོར་གླེང་བ།
༩) བོད་རྒྱལ་ཁབ་ཀྱི་གཤིས་ཀའི་སྐོར་གླེང་བ།
༡༠) བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག་བཅས་ལེའུ་ ༡༠ དང་ས་བཅད་ ༥༧ ། ཤོག་ངོས་ ༦༣༠ ཙམ་ཡོད།
རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ནི། ཕྱི་ལོ་༡༩༧༦ ལོར་མཚོ་སྔོན་བྱང་ཁུལ་མདོ་ལ་རྫོང་དུ་ཕ་མཁས་བཙུན་དང་མ་སྒྲོལ་གཉིས་ཀྱི་བུར་སྐྱེས། སློབ་གྲྭ་ཆུང་འབྲིང་ཐོན་རྗེས་༡༩༩༥ ལོར་དགེ་འོས་སློབ་སྦྱོང་གནང་མཐར་མདོ་ལ་རྫོང་གི་འབྲིང་རིམ་སློབ་གྲྭ་ཞིག་ནས་དགེ་རྒན་གྱི་བྱ་བ་གཉེར། ༢༠༠༣ ལོར་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་སྦྱོང་བྱས། རྒྱ་གར་དུ་སོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་སྦྱངས།
༢༠༠༥ ཟླ་༥ བར་ཕྱིར་བོད་དུ་ལོག་སྟེ་ལྷ་སའི་སློབ་གྲྭ་ཞིག་ཏུ་ལོ་རྒྱུས་དགེ་རྒན་གྱི་ལས་དོན་གཉེར་སྐབས། ལོ་དེའི་ཟླ་ ༣ ཚེས་ ༩ ཉིན་རྒྱ་དམར་ཉེན་རྟོག་པས་འཛིན་བཟུང་བྱས། ལོ་དེའི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་བཏགས་ཏེ་ལོ་ ༡༠ ཡི་ཁྲིམས་ཐག་བཅད། སྤྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༨ ཉིན་ལོ་ཡུན་ཚང་སྟེ་བཙོན་གྲོལ་ཐོབ།
ངའི་སེམས་ངོགས་སུ་《ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་》དང་།《གནམ་ས་གོ་འབྱེད།》 ༢༠༠༨ ལོའི་《ཤར་དུང་རི་》སོགས་དཔེ་དེབ་དེ་དག་དང་དུས་དེབ་དེ་དག་གི་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས། ནམ་ཡང་ངའི་སེམས་ན་བརྗེད་དུ་མེད་པའི་གངས་སེང་དཀར་མོ་ཡིན། དེ་རིང་གངས་སེང་དཀར་མོ་ཞིག་སྔར་བཞིན་གཡུ་རལ་གསིག་བཞིན་གངས་ཁྲོད་དུ་ལོག་ཕེབས་པར་སྙིང་ནས་དགའ་བའི་རྟེན་འབྲེལ་ཞུ། ཚེ་རིང་ནད་མེད། བདེ་སྐྱིད་ལྡན་པར་སྨོན།
བཀྲ་ཤིས་བདེ་ལེགས་ཡོད། མང་པོ་གོ་མྱོང་། དེབ་དེའང་གོ་མྱོང་བ་ལས་ཀློག་མ་མྱོང་། ཁོང་ལྟ་བུ་ལ་རྒྱལ་སྤྱིའི་
སྟེང་གི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འདྲ་རེག་འོས་མོད། བཙན་བྱོལ་ནང་དེའི་ཐད་མཐུན་རྐྱེན་སྦྱར་མ་སོང་། ག་རེ་མ་འགྲིག་པ་ཡིན་ནམ། ཤེས་མཁན་ཡོད་ན་གསུང་རོགས།
རེད་ལགས། དགའ་བསུ་ཞུ། གངས་སེང་དཀར་མོ། དགའ་བསུ་ཞུ། ལོགས་ཕེབས་བྱུང་། དགའ་བསུ་ཞུ།
དགའ་བསུ་ཞུ། དཔའ་བོ་ལགས་ཀྱི་སྐུ་ཚེ་ཡུན་བརྟན་དང་ཇི་བསམ་འགྲུབ་པའི་སྨོན་འདུན་ཞུ།
དགའ་བསུ་ཡོད། ཁྱེད་ཅག་གི་ཚེ་ལ་བར་ཆད་མེད་པར་བསམ་དོན་འགྲུབ་པར་སྨོན། འོན་ཀྱང་འདིར་༧གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་མེད་པར་དྲྭ་འབུ་ཚོས་ཕན་ཚུན་ཕྲག་དོག་དང་དཀྲུགས་ཤིང་རྐྱང་རྐྱང་གིས་ཉི་མ་བསྐྱལ་ཏེ་གཞུང་དང་དམངས། ཆོལ་ཁ་ཕན་ཚུན།་གཞུང་འཛིན་མི་སྣའི་བར་དཀྲུག་ཅི་ཐབས་བྱས་ནས་བསྡད་ཡོད་པས་ཁྱེད་ཚོ་ང་ོ་མ་སྙིང་རྗེ།
ཐེངས་མང་པོ་གོ་མྱངས་ཡོད། དེ་རིང་བཙོན་གྲོལ་ཐོབ་པ་དགའ་པོ་བྱུང་། ལུས་ཁམས་བདེ་ཐང་ཡིན་པར་སྨོན། བཀྲ་ཤིས་བདེ་ལེགས།
དགའ་བ་རབ་ཏུ་འཕེལ།སྐུ་གཟུགས་བདེ་ཐང་ཡིན་པར་སྨོན
དེ་རིང་ཅོ་རིས་ཨོ་ཙམ་ལམ་ཞག་དེ་མིན་བོད་གཞུང་དང་འགོ་འཁྲིད་རྣམས་ཀྱི་གཏང་མ་སོང་བྱུག་མ་སོང་ཟེར་བ་སོགས་དཀྲུག་དཀྲུག་མང་པོ་གཏོང་གི་རེད་ད་་་་་་
གངས་སེང་དཀར་མོ་དངོས་གནས་དེ་སྒྲོལ་མས་སྐྱབས་ཁྱེད་རང་རེད ང་ཚོ་ཨ་མདོ་བ་གངས་སེང་དཀར་མོ་མང་པོ་ཡོད་པས་ཁག་གཅིག་གིས་དྲེ་ཤར་ལ་བཞག་ནས་ཀླུད་ནུབ་ལ་དབྱུགས་བཞིན་ཡོད།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་བསུ་མ་བྱེད།
དགའ་བསུ་ཞུ།
སེམས་གཏིང་ནས་དགའ་བསུ།
གླག་རྒོད་ཞིག་འདི་ལྟར་འཕུར་ཡོང་དུས་སྐྱིད་པོ་འདུག ལུས་ཕུང་བདེ་ཐང་ཡིན་པར་སྨོན།