འོས་སྦྱོར་བ། ལི་ཐང་བློ་གྲོས།
ཤར་ཕྱོགས་ཁུག་རྟ་ལགས། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་མི་གསོད་ལག་དམར་གྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེར་ཁྱོད་ལ་དགོངས་ཚུལ་ཅི་ཞིག་ཡོད།
ལན། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་མི་གསོད་ཉེས་འཛུགས་བྱས་པའི་སྐོར་ལ་ལན་འདེབས་བྱེད་དགོས་པ་ཞིག་མཐོང་གི་མེད། བཙན་བྱོལ་བོད་མིའི་ནང་དེ་ནི་མི་རེ་ཟུང་གི་ཆབ་སྲིད་འཁྲབ་སྟངས་ཤིག་རེད་ཅེས་དེང་སང་མི་ཚང་མས་གླེང་གི་འདུག དེ་གང་ཡིན་ཞེ་ན། དེ་སྔ་གྲོས་ཚོགས་ནང་གནས་ཚུལ་དེ་སློང་མཁན་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་རེད། ཁོང་དེང་སང་ཨོ་གླིང་དུ་ཡོད་ཅིང་། ཕྱིས་སུ་ཁོས་ཁ་བཏགས་བཟུང་ནས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་དེ་སྔ་ཁུལ་དེར་ཕེབས་སྐབས་ཕེབས་བསུར་བཅར་ཡོད་པ་མ་ཟད། རང་ཁྱིམ་དུ་གདན་འདྲེན་ཞུས་ནས་ཟས་རིགས་གྱ་ནོམ་པ་ཕུལ་ཏེ་སྔར་བྱས་ལ་འགྱོད་བཤགས་ཀྱི་རྣམ་པ་བསྟན་པ་རེད།
ཉེ་སྔོན་གྲོས་ཚོགས་ནང་བཀའ་བརྒྱུད་སྤྱི་འཐུས་ཐུབ་བསྟན་ཡར་འཕེལ་གྱིས་བསྐྱར་དུ་གླེང་བ་རེད། ཁོང་ལ་ཁག་མི་འདུག་བསམས། ཁོས་བསོད་ནམས་སྟོབས་རྒྱལ་གྱིས་ཕྱིས་སུ་འགྱོད་བཤགས་ཀྱི་རྣམ་པ་བསྟན་པ་དེ་མ་ཤེས་ཙང་། ཁུངས་སུ་བསོད་ནམས་སྟོབས་རྒྱལ་དྲངས་པ་རེད། ཡིན་ནའང་། ཡ་མཚན་པ་ཞིག་ལ་ཁོང་འཇུ་ཆེན་གྱི་དེབ་དེ་ཚོའི་རྩོམ་སྒྲིག་པ་ཡིན་ཞེས་དེབ་སྟེང་བྲིས་འདུག ཡིན་ནའང་། འཇུ་ཆེན་གྱི་དེབ་ནང་གནས་ཚུལ་དེ་འདྲ་ཞིག་ཐོན་གི་ཡོད་པ་དེ། རྩོམ་སྒྲིག་པས་མ་ཤེས་པར། གྲོས་ཚོགས་ནང་འཇུ་ཆེན་གྱི་ལུང་མི་འདྲེན་པར་བསོད་སྟོབས་ཁུངས་སུ་དྲངས་པ་རེད། དེ་ཡ་མཚན་རེད། དེ་བཞིན་དངོས་གནས་རྙོག་གྲ་བཟོ་ཡ་མིན་ན། བདེན་པ་བཤད་ཀྱི་ཡོད་ན། ཀ་སྟག་སྤྲུལ་སྐུའི་སྐྱེད་དམན་དེ་ད་དུང་ཡོད་པ་རེད། མོ་ལོ་རྒྱུས་ཀྱི་མི་ངོ་མ་རེད། མོ་ལ་སྐད་ཆ་དྲིས་ཆོག་གི་རེད་བ། འོན་ཀྱང་ཞིབ་འཇུག་གནང་ཡོད་པ་མ་རེད།
དེ་བཞིན་སྤྱི་འཐུས་བསྟན་པ་ཡར་འཕེལ་དོན་ངོ་མར་དེབ་དེའི་རྩོམ་སྒྲིག་པ་ཡིན་མིན་ལ་དོགས་པ་ཞིག་འདུག གང་ཡིན་ཟེར་ན། དོགས་པ་དེ་དེ་སྔ་ནས་ཡོད། ཡོད་དགོས་དོན་དེ་ཁོ་དེ་སྔ་ས་རྭ་སློབ་གྲྭར་འབྱོར་དུས་བོད་ཡིག་གཞི་ནས་ལོ་གཅིག་གཉིས་ཤིག་སྦྱངས་པ་རེད་ཟེར། དེ་ཁོ་ལ་རྒྱུས་ཡོད་ཚོ་བརྒྱ་ཁ་གཅིག་གྲགས་རེད། གནས་ཚད་ལོངས་ཡོད་པའི་སྐད་ཆ་སུ་གང་གིས་གསུང་གི་མི་འདུག འོན་ཀྱང་འཇུ་ཆེན་གྱི་དེབ་དེའི་རྩོམ་སྒྲིག་པ་ཁོ་ཡིན་ལབ་ཡོད་པ་རེད། ངོ་ནས་ཨེ་ཡིན་ན། དེ་དེ་ག་ཟིག་གློག་ཀླད་ནང་ཡིག་གཏགས་བྱེད་ཤེས་པ་ཙམ་གྱིས་ཡོང་གི་མ་རེད། ཐ་ན་དཀར་ཆག་སྒྲིག་སྟངས་ཁོ་ནར་ཚད་གཞི་ངེས་ཅན་དགོས་པ་ཤེས་ཡོན་པ་ཚོར་གསལ་གསལ་རེད། དེ་བཞིན་ངས་གོ་བ་ལྟར་ན་བང་ཚུལ་ལམ་གསེར་རྟ་ཚུལ་ཁྲིམས་དེབ་དེར་འབྲེལ་བ་མི་འདུག་པ་མ་ཟད། མདོ་སྟོད་སྤྱི་འཐུས་ཡིན་ནའང་དེབ་འདིའི་མཛད་སྒོར་སྐད་བཏང་མི་འདུག དེའི་ཆ་ནས་ཕལ་ཆེར་དེབ་དེའི་རྩོམ་སྒྲིག་པ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་བྱ་དུར་བཟང་པོ་ཁོང་ཚོ་ཡིན་དགོས་པ་འདྲ། དེ་ཚང་མས་ཞིབ་འཇུག་བྱེད་རོགས། འཇུ་ཆེན་གྱི་དེབ་ནང་དེ་འདྲ་ཞིག་བཟོས་ན་འདྲ། དང་པོ་ནས་ཡོད་ན་འདྲ། དེ་ཆབ་སྲིད་པའི་ལས་ཀ་བྱེད་སྟངས་ཤིག་རེད། ཧ་ལས་པ་ཅང་མ་རེད། འོན་ཀྱང་དེ་ལྟར་ཡོད་དགོས་དོན་དེ། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་བོད་མི་ཚང་མས་མི་གསོད་ལག་དམར་ཞིག་ཏུ་མཐོང་གི་རེད་བསམས་ནས་བཟོས་པ་མ་རེད་བསམས། དེ་ནི་སྐུ་ངོ་འཇུ་ཆེན་དང་ཁོའི་རྗེས་འཇུག་པ་རེ་འགའ་ཡོད་པ་ཚོས་སྤེན་པ་ཚེ་རིང་ལ་ལྟ་སྟངས་ངན་པ། ངན་པ་དེ་ཡང་གཅིག་གྱུར་ཞིག་མུ་མཐུད་གནས་ཆེད་བཟོས་པ་ཡིན་པ་ཐག་བཅད་ན་འགྲིག་གི་རེད་བསམས།
ཕྱོགས་གཞན་ཞིག་ནས་བཤད་ན། སྐུ་ངོ་འཇུ་ཆེན་གྱིས་མ་འོངས་པར་ཁོའི་ཨབ་ཕྲུག་ཚོས་སྤེན་པ་ཚེ་རིང་ལ་གླེགས་མི་འཁེལ་བ་སྔ་ས་ནས་མཁྱེན་ཡོད་པ་རེད། དེའི་ཐད་མི་རབས་རྒན་པ་ཚོར་སྒྲུང་མང་པོ་ཡོད་པ་རེད། དེ་རིང་སྐད་ཆ་རིང་འགྲོ་བས་ཞུ་མི་དགོས་པ་བྱས། སེམས་ལ་འཛིན་དགོས་པ་ཞིག་ལ་ངས་བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱུང་རབས་ལ་ད་བར་ཞིབ་འཇུག་བྱས་པ་ལྟར་ན། བཙན་བྱོལ་ནང་ཁུལ་གྱི་རྙོག་གྲ་ཆེ་ཤོས་ཁག་དང་། སྐབས་དེར་བོད་གཞུང་གིས་ཐའེ་ཝན་ཐད་འཛིན་པའི་སྲིད་བྱུས་སོགས་ཕྱི་ནང་གི་ལས་དོན་གལ་ཆེ་མང་པོ་ཞིག་གི་སྐབས་སུ། སྐུ་ངོ་འཇུ་ཆེན་ལགས་ཀྱིས༧གོང་ས་མཆོག་དང་རང་གཞུང་ལ་མཛད་དཀའ་མང་པོ་བཟོས་ཡོད་པ་དེ་ཚང་མས་ཤེས་གསལ་རེད་ལ། དེང་སང་བཤད་ཀྱང་ཕན་ཐོགས་མེད་པ་ཞིག་རེད། དེའི་ཆ་ནས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་མི་གསོད་ལག་དམར་གྱི་སྐད་ཆ་བཟོ་མཁན་ནི་ཁམས་པ་རེ་གཉིས་ཙམ་རེད་ལ། ཁོ་ཚོའི་བདེན་པའི་ཆེད་དུ་བཤད་ཀྱི་ཡོད་པ་མ་རེད་ལ། མི་བསད་པ་ཡིན་ན་སྡིག་ཅག་རེད་བསམས་ནས་བཤད་ཀི་ཡོད་པ་མ་རེད། མདོ་དོན་འོས་བསྡུ་ལ་སོགས་པ་ཐོན་ལ་ཉེ་དུས་ཁོ་ཚོས་འཆར་གཞི་ལྡན་པའི་ངང་ནས་སྐད་ཆ་དེ་ཆེ་རུང་བཏང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ཕྱི་ལོག་ཏུ་གསུང་རོགས་ཞེས་ཅི་ཙམ་འབོད་སྐུལ་ཞུས་ཀྱང་སྣང་མེད་དུ་གཡུགས། མདོ་དོན་རྙོག་གྲ་སློང་གཞི་ཞིག་ཡོད་ན་འགྲིག་གི་ཡོད་པ་རེད། དེ་སོ་སོའི་ཁེ་ཕན་དང་དམིགས་ཡུལ་ལ་ག་དུས་ཡིན་ན་དོ་ཕོག་ཡོང་ས་རེད་བསམས་དུས། ཁོང་ཚོ་མི་རེ་གཉིས་དེས་གླེང་རྒྱུ་མཚམས་འཇོག་གི་མ་རེད། མི་སྣ་རེ་ཟུང་ཡོད་པ་དེ་དག་དང་དེ་དག་གི་འབྲེལ་ཡོད་སྤྱི་འཐུས་ནང་སླེབས་ན་མུ་མཐུད་ནས་སྐད་ཆ་འདི་དག་ཆབ་སྲིད་འཁྲབ་སྤྱད་ཆགས་ཀི་རེད།
དེའི་ཆ་ནས་ཆོལ་གསུམ་བོད་རིགས་མི་མང་གཟུར་གནས། རང་གི་མི་རིགས་ལ་ཤ་ཞེན་ཆེ་ཞིང་། ཆོལ་གསུམ་ཆིག་སྒྲིལ་རྩ་ཆེར་བརྩི་མཁན་ཚོས་གཞི་ེམེད་ཀྱི་སྐད་ཆ་འདི་དག་ལ་བདག་པོ་མི་རྒྱག་རྒྱུ་གལ་ཆེན་རེད། གཡུགས་བཞག་ན་ཡག་གི་རེད།། ཨོ་ཐུགས་རྗེ་ཆེ།།
འདི་ནི། སྐད་འཕྲིན་ཚོགས་པའི་ནང་གཏམ་བཤད་གནང་རྗེས་དྲི་བ་ཞུས་པར་ལན་འདེབས་གནང་བ་ཡིག་ཐོག་ཏུ་བཀོད་དེ་སྤེལ་བ་ཡིན།། ༢༠༡༥། ༡༠། ༨། ཉིན།།
མི་བསད་པའི་དྲི་བ་དེར་ད་བར་ལན་གསལ་པོ་ཞིག་རྩ་བ་ནས་བྱུང་མ་སོང། ཡང་བསྐྱར་དྲི་བ་ཞུ་རྒྱུར་ མི་བསད་པའི་སྐད་ཆ་དེ་དང་པོ་ཐོག་མར་གང་ནས་དང་ག་དུས་བྱུང་བ་ཡིན་ནམ་
ལི་ཐང་བློ་གྲོས་ལགས་་་་་ལི་ཐང་ཞེས་ཡུལ་མིང་བེད་སྤྱོད་གནང་བ་དེར་དྭོགས་པ་ཟ་དགོས་པ་ཞེས་བཟོས་སོང་། ཁྱེད་ཕལ་ཆེར་ཤར་ཁུག་གི་སྤྲུལ་པ་མིན་ན་སྙམ། ཀ་སྟག་སྤྲུལ་སྐུ་བསད་མཁན་ལ་ཁོང་གི་ལྕམ་དང་། སྤེན་ཚེ་གཉིས་ཀྱིས་ཁ་མཐུན་ནས་བསད་པ་རེད་པ་ཟེར།
དངོས་ནས་ཉན་འདོད་པ་ཞིག་བྲིས་འདུག
ཤར་ཁུག་ཆབ་སྲི་པ་རེད་མི་འདུག་སྐུ་ངོ་སྤེན་
ཚེ་སྲིད་སྐྱོང་འོས་ཐོབ་པར་ཤར་ཁུག་གི་བར་ཆད་བཏང་སོང་ད་སྐུ་ངོ་སྤེན་པ་དང་ཤར་ཁུག་གཉིས་
འབྲེལ་བ་འདུག་ད་ཚར་བ་རེད་བློ་སེང་ལམ་འགྲོ་
རྒྱུགས་སོང་ཤར་ཁུག་དང་ཀླུ་མཁར་གྱི་རྗེས་སུ་འབྲང་མཁན་ཡོད་ན་ནམ་ཡང་འོས་རག་གི་མ་
རེད་དོ་ད་མང་པོ་དཀྲུགས་མ་སྡོད་།
ད་བྱས་དུས་ག་དུས་ཡིན་ན་མི་གསོད་ཁྲག་སྦྱོར་ཟེར་མཁན་ཚོའི་གདོང་རིས་གཅིག་གསལ་བཏོན་གནང་ཡོད་པ་འདྲ། ད་སྨོན་ལམ་མཐར་ཕྱིན་ལགས་དང་བྱ་དུར་བཟང་པོ་ལགས་སོགས་ལ་ག་རེ་གསུང་ཡ་ཡོད་ན། དེ་ལའང་ཉན་འདོད་འདུག
དཔྱད་རྩོམ་ཧ་ཅང་ཡག་པོ་གནང་འདུག་པྲ་བཀའ་དྲིན་ཆེ་ཞུ།
ཤར་ཁུག་ལགས། འཇུ་ཆེན་ཐུབ་བསྟན་ཁོང་སྤེན་པ་ཚེ་རིང་ལ་ཕྲག་དྭོགས་ཟ་དགོས་པའི་རྒྱུ་མཚན་ཅི་རེད་དམ། ཀ་རྟག་སྤྲུལ་སྐུའི་བཟོ་གྲྭ་ནང་སྤེན་ཚེ་ལོ་མང་ལས་ཀ་བྱས་ནས་སྤྲུལ་སྐུའི་ཆུང་མ་དང་གབ་མཐུན་བྱས་ལ་ཐ་མ་ཀ་རྟག་ཚང་གི་པད་ཤག་ཚང་མ་ཁུར་ནས་གཡོག་མོ་ཅིག་མཉམ་ཁྲིད་དང་ཀ་རྟག་ཆུང་མས་རྗེས་འདེད་ཀྱིས་རྡ་སར་འབྱོར་བ་སོགས་བཤད་ཡམ་དེ་ཚོ་བདེན་པ་མ་ཡིན་པའི་ཁུངས་སྐྱེལ་ཡོད་དམ། ཅི་སྟེ་ཡོད་ན་ངེས་པར་དུ་གསལ་སྟོན་བྱས་ཤོག་དང་ད་ལྟའི་དུས་ལ་དགོས་གལ་ཧ་ཅང་ཆེ་བའི་དུས་རེད་འདུག་་་་་་་
ཏྲེ་ཧོར་བདེན་པ་རེད་ཉན་འདོད་འདུག
༼དེའི་ཆ་ནས་ཕལ་ཆེར་དེབ་དེའི་རྩོམ་སྒྲིག་པ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་བྱ་དུར་བཟང་པོ་ཁོང་ཚོ་ཡིན་དགོས་པ་འདྲ། དེ་ཚང་མས་ཞིབ་འཇུག་བྱེད་རོགས།༽
རང་གི་འཇོན་ཚོད་ཀྱིས་བརྙས་བཅོས་འགྲོ་ས་མེད་པ་ཤེས་དུས་རྩོམ་སྒྲིག་པའི་མཚན་གནས་དང་སྐད་ཆ་གླེང་མཁན་གྱི་དོ་བདག་པ་གཉིས་ཀ་ཡིན་ནའང་ཕར་བཞག །
རང་གི་འཇོན་ཚོད་ཀྱིས་བརྙས་བཅོས་ཤིག་འགྲོ་ས་ཡོད་དྲན་དུས་རྩོམ་སྒྲིག་པའི་མཚན་གནས་ཀྱང་མེད་ཅིང་གྲོས་ཚོགས་ནང་སྐད་ཆ་གླེང་མཁན་གྱི་དོ་བདག་པ་ཡང་མིན་ནའང་དོན་མེད་བསྙོན་འཛུགས་བྱེད་སྟངས་འདི་འདྲ་རེད། བྱེད་སྟངས་འདི་དག་ལ་ཚང་མས་ཞིབ་འཇུག་ཅིག་བྱོས་དང་།
གྲྭ་རྐྱང་སྨོན་ལམ་མཐར་ཕྱིན་ལགས་སུ་བརྙས་བཅོས་འགྲོ་ནའང་།
བཙན་བྱོལ་བོད་མིའི་ཁྲིམས་ཞིབ་པ་ཆེན་མོ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་ལ་བརྙས་བཅོས་འགྲོ་མི་ཡོང་ད། གཟབ་གཟབ་བྱོས།
གདོང་པ་ཐུག་ནས་སྐད་ཆ་ཤོད་དུས་ཁུངས་སྐྱེལ་བྱ་རྒྱུ་དགོས་པ་རེད། དགོངས་དག་ཐུགས་བརྟན་ར་ལུག་འབའ་འབའ་ཞུ་དགོས་ཐུག་ཡོང་ངོ། །
༼འཇུ་ཆེན་གྱི་དེབ་ནང་དེ་འདྲ་ཞིག་བཟོས་ན་འདྲ། དང་པོ་ནས་ཡོད་ན་འདྲ།༽
སྐུ་ངོ་འཇུ་ཆེན་མཆོག་གིས་བྲིས་པའི་དེབ་དེ་རྣམས་ཀྱི་མ་ཕྱི་ཕྱག་བསྟར་མ་ད་ལྟ་ཡང་བསྡད་ཡོད་ངེས་པས། ཞིབ་འཇུག་དངོས་གནས་བྱ་འདོད་ན་ཁོང་གི་ཕྱག་བྲིས་དེ་ཚོ་གཞིར་བཞག་ནས་ཞིབ་འཇུག་བྱས་ན་ཡག་བ་མ་རེད་དམ། །
ལི་ཐང་གཅིག་གཅིག་ལི་ཐང་གཉིས་གཉིས་ཟེར་མཁན་འདི་ཚོ་ལི་ཐང་རྫུན་མ་ཡིན་པ་འདྲ། ལི་ཐང་ཞེས་མིང་གི་འགོ་ལ་སྦྱར་བ་འདི་ལ་ཡང་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་གསལ་པོ་རེད། ཚང་མས་ཤེས་པར་གྱིས།
དེ་རིང་ཤར་ཁུག་གྱིས་གནད་ལ་ཕོག་པ་་་་གོ་རྒྱུ་ཡོད་པའི་གཏམ་ཞིག་བཤད་འདུག་་་་་་དྲྭ་འབུ་ཚོ་ལ་ཞེ་དྲག་བཤད་ཡ་མེད་པ་ཆགས་འདུག་་་་་ཧཧཧཧཧ་་་ལི་ཐང་བློ་གྲོས་བཀྲིན་ཆེ་་་་་་མ་གཞི་ནས་་་་་བཙལ་བྱོལ་གྱི་རྙོག་དྲ་ཆེ་ཆུང་གང་ཡིན་ན་་་་བོན་པའི་སྤྱི་མཐུས་སྨོན་ལམ་མཐར་ཕྱིན་དང་འབྲེལ་བ་མེད་པ་ཞིག་མི་འདུག་་་་སྨོན་ལམ་མཐར་ཕྱིན་་་་་་བཙལ་བྱོལ་ནང་དཀྲུགས་ཡ་ལ་བསམ་བཞིན་དུ་བྱོན་པ་ཡིན་པ་འདྲ།
བཙན་བྱོལ་ནང་གི་གནས་ཚུལ་བཟང་ངན་གང་ཡིན་ན་གྲོས་ཚོགས་ནང་ཁྱེར་ཡོང་མཁན་སྤྱི་འཐུས་དེས་ཕྱག་ལས་གང་ཐུབ་གནང་ཀི་ཡོད་པའི་རྟགས་རེད་གདའ། གཞན་རྐུབ་ལྕག་བསྲུང་ནས་དུས་འཁྱོལ་བྱ་མཁན་ཅིག་གི་འགྲིག་ན་ཉུང་ཀི་མི་འདུག་གམ།
ཤར་ཕྱོགས་ཁུག་རྟས་སྐུ་ངོ་སྤེན་པ་ཚེ་རིང་ལ་རྒྱབ་བསྐྱོར་རྒྱག་སྟངས་འདི་ཧ་ལས་པའི་ཡག་པོ་དང་། མང་ཚོགས་ནང་ངོ་འཕྲོད་བདེ་པོ་རེད། སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་རང་རྣམ་སྐུ་སྒེར་ཡིག་ཚང་ནས་ཞིབ་བཤེར་བརྒྱུད་ནས་པར་བསྐྲུན་གནང་པ་ཞིག་དང་། སྒོས་སུ་གོང་ས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོས་ཐུགས་ཀྱིས་མ་དོར་པར་ཕྱག་རྩོམ་དབུ་འབྱེད་གནང་ཡོད་པས། གོང་ས་མཆོག་ལ་དད་པ་ཡོད་མཁན་ཞིག་ཡིན་ན་དེབ་དེའི་ནང་བཀོད་ཡོད་པའི་ནང་དོན་ལ་དོགས་པ་ཟ་ཡུལ་ལྷག་མེད།
སྐུ་ངོ་སྤེན་པ་ཚེ་རིང་ལ་དོགས་པ་ཡོད་ན་ཁྲིམས་ཁང་ནང་བསྐྱལ་ཆོག་ལ། ཁྲིམས་སྟེང་ནས་ཁྲུན་ཐག་གསལ་ཐད་ཆོད་ཡོང་གི་རེད། ཕྱག་དེབ་ཀྱི་དོ་བདག་མི་བཞུགས་ཀྱང་ཞིབ་བཤེར་གཏོང་མཁན་དང་རྩོམ་སྒྲིག་གནང་མཁན། དབུ་འབྱེད་གནང་མཁན་དག་བཞུགས་བཞུགས་པ་ཡིན་པས། སྐུ་ངོ་སྤེན་ཚེ་མི་གསོད་མ་ཡིན་པའི་བདེན་རྫུན་ཁྲིམས་ནས་མ་གཏོགས་འབྱེད་མི་ཐུབ།
ཀརྨ་བློ་གསལ། ཁྱོད་རང་སྤེན་ཚེའི་ལོ་རྒྱུས་ལ་ཞིབ་འཇུག་དང་ལྷག་པར་དུ་ཀ་རྟག་སྤྲུལ་སྐུའི་བཟོ་གྲྭ་ནང་ཁོང་གིས་ཕྱག་ལས་ག་འདྲ་གནང་འདུག་དེར་ཚོ་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཅིག་གྱིས། དེ་ནས་སྤྱི་ཚོགས་ནང་ལབ་གླེང་དེ་ཚོ་ལ་སྡོམ་ཅིག་རྒྱག་དང་ཤེས་ཡོང་། དེང་སང་ཁྲིམས་ཐོག་ཐག་གཅོད་དེ་ཚོར་ཀུན་དགའ་དོན་འགྲུབ་མ་གཏོགས་ཚངས་ཐིག་འདེགས་མཁན་ཅིག་ཨེ་རག་ཀི་་་་་
ཧཧ་ད་དངོས་ནས་གད་མོ་སློང་གིན་ཤར་ཕྱོགས་ཁུག་རྟས་བློ་སེང་ཁ་གཏད་གཅོག་ཆེད་ལི་ཐང་ཟེར་ནས་མིང་རྫུན་འོག་གབ་ནས་སྤེན་ཚེ་དཀར་འདོན་བྱས་པའི་ཁུལ་བྱེད་པ་སྙིང་རྗེ་བློ་སེང་ཡང་བསྐྱར་སྲིད་ཁྲི་ཐོབ་ན་ཁུག་རྟ་བྲོས་ས་རག་མི་ཡོང་དེ་ལས་སྐར་ལྔ་དར་དམར་ཁྱེར་ནས་པེ་ཅན་ལ་རྒྱུགས་ཤིག
ཤར་ཕྱོགས་ཁུག་རྟ་དང་ལི་ཐང་བློ་གྲོས་གཉིས་མི་གཅིག་རེད་དམ་གཉིས་རེད་ ། ཤར་ཕྱོགས་ཁུག་རྟ་སྤྱི་འཐུས་ལ་འོས་པོ་མི་འདུག འོས་ཤོག་མ་ལྡུག་ཟེར་བའི་གསལ་བསྒྲགས་ཞིག་འདུག་པ་དེ་སྤེལ་མཁན་གྱི་བློ་གྲོས་ཟེར་བ་དེ་ལི་ཐང་བློ་གྲོས་རེད་དམ། ད་ཉོག་འགྲོ་བར་འདུག
སྤྱི་འཐུས་འགས་ནམ་ཡང་གྲོས་ཚོགས་ནང་ཡར་ལངས་ནས་སྐད་ཆ་བཤད་སྐབས་བོད་དོན་བཤད་ཀྱི་མེད། ནང་ཁུལ་ལ་ཟུར་ཟ་འདྲ་བཤད་ནས་ངར་བཞིན་ཡོད། མང་ཆེ་བ་སྤྱི་འཐུས་གྲྭ་བ་ཚོ་རེད།
སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བས་ཤར་ཁུག་ནས་
རང་ཉིད་བསྐྱལ་བས་མ་ཟད་ལྟོ་ཚང་གི་དཔེ་ལྟར་སྤེན་ཚེ་ཡང་
འོས་ཤོར་དུ་བཅུག་སོང་ཆབ་སྲིད་ཁྲབ་མ་ཤེས་ན་དེ་མ་རྟོག་
ཡོང་རྒྱུ་གང་ཡོད་ད་ཤར་ཁུག་དང་ཀླུ་མཁར་དར་དམར་འོག་ལ་
སོང་ཤོག་དེ་མིན་ཁྱེད་གཉིས་ལ་གནས་ས་དང་འཁོར་འདིར་མི་
འདུག་བོད་མི་མང་ལྐུག་པ་མ་རེད་།
ཧཧཧཧཧ་་་་་་ཇུང་ཏོག་མྱི་འདིར་ལྟོས་དང་སྤེན་ཚེ་ལ་རྒྱབ་སྐྱོར་ཡིན་པའི་ཁུལ་རེད། སྤེན་ཚེ་སྲིད་སྐྱོང་ལ་མ་ཐོབ་ན་དར་དམར་འོག་འགྲོ་དགོས་མཁན་དེ་ཀླུ་མཁར་མ་རེད་གདའ། འོན་པ་དང་ཞྭ་གོག་མིན་ན་ཀླུ་མཁའི་ལྟ་བ་འཛམ་གླིང་ན་འབྲུག་སྒྲ་བཞིན་གྲགས་ཡོད་པས་བདེན་རྟགས་དེ་རེད། གནས ལུགས་དེར་བསམ་བློ་ཐོངས་དང་དར་དམར་འོག་ལ་འགྲོ་དགོས་མཁན་དེ་ཁྱོད་ཀྱི་སེམས་ལ་གསལ་ལེ་འཆར་འོང་རེད་མ་གཏོགས་ཁྱོད་ལ་ བོད་མི་མང་གི་གནས་ལུགས་དང་རྒྱུས་མངའ་ཨེ་ཡོད་དམ།
དྲི་བ་འདོན་མཁན་དང་ལན་འདེབས་མཁན་གཉིས་ཀར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་་་་་་་་འཇུ་ཆེན་དང་ཁོའི་ཨབ་ཕྲུག་ཚོས་༸གོང་ས་མཆོག་དང་བོད་གཞུང་གིས་ཕྱག་ལས་མང་པོར་ངོ་ལྐོག་བརྒྱུད་གསུམ་ནས་མཛད་དཀའ་མང་པོ་བཟོད་ཡོད་པའི་དངོས་ཡོད་གནས་ཚུལ་མང་པོ་ཡོད་་་མ་ཟད་ད་ལྟ་མདོ་སྟོད་གཉིས་སུ་ཁ་འགྱེལ་དགོས་པ་ཀྱང་མི་ངན་དེའི་ཚོས་བཟོས་པ་རེད་་་་་་་གཞུང་དང་༸གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་བྱེད་མཁན་ད་ལྟར་དཔུང་དང་དཔལ་འབྱོར་གང་ཡང་མེད་ཀྱང་ལྷག་བསམ་ཆེ་བའི་རྡ་ས་མདོ་སྟོད་ཆོལ་ཁའི་དེ་ཡིན་པ་རེད་་་་་་་་་་
ཤར་ཕྱོགས་ཁུག་རྟ་ལགས་དྲི་བ?????
རང་གིས་རྒྱུ་མཚན་མང་པོས་མི་དགོས་སྨ་ཁམས་སྤྱི་ཟུར་བསོད་ནམས་སྟོབ་རྒྱལ་ནས་དག་སེལ་བྱས་ཡོད་ཚུལ་ཞིག་བཤད་ཤག ཡིན་ནའང་སྨ་ཁམས་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་ནས་འདི་འདྲ་བཤད་འདུག་པས་དེ་ལ་ལན་ཞིག་གནང་རོགས
དངོས་དོན་ཚད་མ་འདྲ་ཞིག་ལ་དཔེ་བཞག་ན། སྤེན་པ་ཚེ་རིང་གི་སྲིད་སྐྱོང་ལས་རིམ་ལ། སྤེན་པ་ཚེ་རིང་གིས་སྐད་ཆ་བཤད་ཤེས་ཀི་རེད་བཤད་ཐུབ་ཀི་རེད། མགོ་འཚོས་ཀི་རེད་དེ། ཡིན་ནའང་། དེ་སྔོན་གི་རྙོག་དྲ་དེ། ཀ་སྟག་སྤྲུལ་སྐུའི་གནས་ཚུལ་དེ་སྤྱི་འཐུས་གྲོས་ཚོགས་ཀྱི་འདེམས་ཐོའི་ནང་ལ་ཚང་མ་འགོད་བསྡད་ཡོད་རེད། དེ་གཙང་མ་བཟོས་ནས་བཟོ་ཐུབ་ཡ་ཅི་གང་ཡོད་མ་རེད་ཅེས་ཞུ་རྒྱུ་གཅིག་དེ་ཡིན།
གནད་དོན་གི་ཐད་ལ་ཁ་སང་ངས་འདི་འདྲ་ཞིག་གོ་སོང་། རླུང་འཕྲིན་ཁང་ནང་ལ་འདི་འདྲ་ཞིག་བཤད་བསྡད་འགི །ཁོང་གིས་ཁོ་ཨོ་སི་ཏྲོ་ལི་ཡར་སླེབས་དུས་ངས་ཁ་བཏགས་གཡོགས་ནས་ཁོ་དཀར་པོ་བཟོས་རེད་ཟེར། ངས་ཁ་བཏགས་གཡོགས་ནས་ཁོ་དཀར་པོ་ཆགས་བཅུག་ཡ་ཅི་གང་ཡོད་མ་རེད། ངས་ཁོ་རང་ཨ་ཙེ་དྲན་བྱུང་། ཁོས་བསམ་བློ་གཏོང་སྟངས་འདི་རེད། ཁོ་དཀར་པོ་ཡིན་ན་དཀར་པོ་ཆགས་ཀི་རེད། ནག་པོ་ཡིན་ནས་ནག་པོ་བསྡད་བསྡད་ཡོད་རེད་མ་གཏོགས། ཁ་བཏགས་ཤིག་གིས་ངས་ཁོ་དཀར་པོ་བཟོ་ཐུབ་ཡ་ཅི་ཡོད་མ་རེད། ཁོས་བསམ་བློ་དེ་འདྲ་བཏང་ནས་ཁོ་རང་ཁོ་རང་གིས་ལྐུག་པའི་བསམ་བློ་རང་རེད། གནད་དོན་གི་ཐད་ཀར། ད་དེ་རིང་ཁོ་རང་གི་གཙང་མ་བཟོ་ཡ་གི་ཆེད་དུ་རེད། གཙང་མ་ཡིན་ན་གཙང་མ་འདུག་གི་རེད། གཙང་མ་མིན་པ་ཞིག་གིས་དུས་ནམ་ཡང་གཙང་མ་བཟོ་ཐུབ་ཀི་མ་རེད་ཞུ་ཡ་ཡིན།
ཤང་གང་འགྲོ་དུས་ཆུ་ཚོད་གཉིས་པ་ཡོལ་ཙམ་རེད། མི་ཞིག་གིས་ང་ལ་ཁ་པར་སླེབས་བྱུང་། ཚོགས་གཙོ་ཁྱོའི་ནང་ལ་ཡོང་གི་ཡིན་ཟེར། ཁ་ལག་ནི་བཟོ་མི་དགོས་ཟེར། འོ་འགྲིག་གི་ལབ་པ་ཡིན། མི་ཡོང་གི་ཡིན་ཟེར་དུས་འགྲིག་གི་རེད་བ། དེ་ནས་ཁོ་སླེབས་བྱུང་། འདིར་སླེབས་ཚར་དུས་ངའི་སར་ཆུ་ཚོད་ཕྱེད་ཀ་ཙམ་རིང་བྷི་ཨར་འདྲ་བཏུང་བ་མ་གཏོགས་ཁ་ལག་ཟ་ཡ་ད་སེམས་ཐག་ཡིན་ཟེར་གི་འདུག །དེ་མ་གཏོགས་ངས་ཁོ་གདན་འདྲེན་ཞུ་དགོས་ཡ་ཅི་གང་མེད།
སྤྱི་འཐུས་དོན་དག་ལ་ཡུ་རོབ་ལ་འགྲོ་ཡིན། ང་ཡུ་རོབ་ལ་ཐེངས་གཉིས་འགྲོ་ཡིན། ང་ཚོ་ཡུ་རོབ་འགྲོ་དུས་སྤྱི་འཐུས་མི་བཅུ་ཡོད་རེད། ངས་ཁོ་ལ་ཚོགས་གཙོ་ཁུར་ཤོག་ད་ཟེར་ནས་ཁོ་ཚོགས་གཙོ་ཆགས་ཆོག་ཆོག་ག་ལ་ཡིན། ངས་ཁོ་ལ་ཚོགས་གཙོ་མིན་ན་མིན་ཟེར་ནས་ངས་གནས་ལུགས་རྒྱུ་མཚན་འདི་འདྲ་མ་རེད། འདི་འདྲའི་མི་མང་མགོ་སྐོར་གཏང་ཡ་གི་སྐད་ཆ་བཤད་བསྡད་ན་ངས་ཡག་པོ་མ་རེད་བསམ་ནས་བཤད་ཀི་ཡོད། ངའི་སྤྱི་འཐུས་ཚོགས་གཙོ་བདམས་ཡ་དེ་ཀརྨ་ཆོས་འཕེལ་རེད། ཀརྨ་ཆོས་འཕེལ་བླུག་དགོས་ཟེར་མཁན་དེ་ང་རེད། འོོ་ད་ཁོས་དེ་འདྲ་བཤད་ན་ཡག་པོ་མ་རེད་དྲན་གྱི་འདུག །ཁོ་རང་དངོས་ཡོད་གནས་ཚུལ་གང་རེ་ཡིན་པ་དེ་སྤྱི་ཚོགས་ཐོག་ཡོངས་གྲགས་ཆགས་བསྡད་ཡོད་རེད། བོད་མི་མང་གི་འགོ་འཁྲིད་མཁན་བོད་མི་མང་གི་ལངས་ཕྱོགས་བརྟན་པོ་བཟུང་མཁན་གི་མི་དེ་ལྷག་བསམ་རྣམ་དག་ཅན་དང་བློ་བཟང་གཟུ་བོར་གནས་པའི་མི་ཞིག་དགོས་ཀྱི་རེད་མ་གཏོགས། རང་ཉིད་དཀར་འདོན་བྱེད་ནས་རང་ཉིད་ཡར་སྲུང་ཡོང་ཡ་གི་སྐད་ཆ་བཤད་བསྡད་ན་དེ་ཡག་པོ་རྩ་བ་ནས་མ་རེད་ཞུ་ཡ་ཡིན། དེ་ཡིན་པའི་ཆ་ནས་དེ་འདྲ་བྱས་བསྡད་ན་ཏག་ཏག་འདུག་གི་མ་རེད། ངས་དོ་བདག་ཁོ་ལ་རྟགས་བརྒྱབ་ཡ་གི་དུས་ཚོད་ཡོལ་ཚར་རེད། ཀ་སྟག་སྤྲུལ་སྐུའི་སྐོར་དེ་ངས་བཤད་ཀི་དུས་ཚོད་ལ་བཤད་ཚར་རེད། འཇོག་གི་དུས་ཚོད་ལ་བཞག་ཚར་རེད། ཡང་དེ་རིང་བསྐྱར་དུ་གླེང་དགོས་པའི་རྒྱུ་མཚན་མི་འདུག་བསམ་གི་ཡོད། ཡིན་ནའང་། ཁོས་ཨ་མི་རི་ཀའི་རླུང་འཕྲིན་ཁང་ནང་འདྲ་མི་འདྲ་དེ་འདྲ་ཞིག་བཤད་དུས་ང་ཡང་སྐྱིད་པོ་མ་བྱུང་། དངོས་ཡོད་གནས་ཚུལ་ག་རེ་ཡིན་ན་དངོས་ཡོད་གནས་ཚུལ་རང་དེ་དེབ་ཐེར་ནང་ལ་འཁོད་བསྡད་ཡོད་པ་དེ་འདྲ་ཞིག་རེད་མ་གཏོགས། དེ་མི་མང་ཐམས་ཅད་ཀྱིས་ཡང་ཏོག་ཙམ་དགོངས་བཞེས། དངོས་གནས་དྲང་གནས་བོད་གཞུང་སྲིད་སྐྱོང་ཟེར་མི། མི་མང་གི་འགོ་ཁྲིད་མི་དེ་མི་རིགས་ལ་ཞེན་ཁག་ཡོད་མཁན་ཞིག་ལྷག་བསམ་ཅན་ཞིག །རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་མཁན་གྱི་མི་ཞིག་དགོས་ཀི་རེད་མ་གཏོགས། ཆང་ཨ་རག་ཉིན་མཚན་མེད་པར་འཐུང་འདུག་མཁན་ཞིག་གིས་བོད་དོན་དེ་དུས་ནམ་ཡང་སྒྲུབ་ཐུབ་ཀི་མ་རེད། དེ་འདྲ་ཡིན་ཙང་བོད་མི་མང་ཚང་མས་དགོངས་པ་ཡག་པོ་བཞེས་དགོས་ཀྱི་རེད་ཞུ་ཡ་དེ་ཡིན།
—བློ་གྲོས་རབ་བརྟན་ནས་ཡིག་ཐོག་ལ་ཕབས་པ་ཡིན།
རླུང་འཕྲིན་ཉན་འདོད་ན་དྲ་ཐག་འདི་ཡིན།
http://streamer1.rfaweb.org/stream/TIB/TIB-2015-1013-2200.mp3