ཤར་ཕྱོགས་ཁུག་རྟ།
དྲི་བ་མགོ་མ་བཙུགས་གོང་། གསལ་བཤད་ཞུ་དགོས་པ་ཞིག་ནི། ངས་སྲིད་སྐྱོང་བློ་བཟང་སེང་གེའི་ཁང་རིན་གྱི་མང་ཉུང་གླེང་གི་མེད་པ་དང་། ང་ཚོ་བོད་མི་རིགས་ཀྱི་སྲིད་སྐྱོང་མཆོག་ལ་འཛམ་གླིང་ནང་སྐད་གྲགས་ཆེ་བའི་བརྒྱུད་ལམ་ཞིག་ཏུ། ཕྱི་མི་ཞིག་གིས་ཁོང་གི་ཁང་རིན་གྱི་ཡོང་ཁུངས་གཙང་མ་མེད་པའི་དོགས་སློང་བྱས་པར། ཨ་རིའི་ཁྲིམས་ལུགས་ལྟར་ན། མིའི་ཆེ་མཐོང་ལ་གནོད་པའི་བཤད་ཡམས་དང་དཀྲོགས་གཏམ་རིགས་ཁྲིམས་སར་བསྐྱལ་རྒྱུར། ཁྲིམས་རྩོད་པ་ཚུན་ཆད་ལ་གཞུང་ནས་མཐུན་རྐྱེན་སྦྱོར་གྱི་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་ཁྲིམས་ལུགས་སློབ་ཐོན་པ་ཡིན་བཞིན་དུ། རྩོམ་པ་པོ་མོ་ནེ་ཧན་ཁྲིམས་སར་བསྐྱལ་མེད་པ་མ་ཟད། ཨ་རིའི་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་བརྒྱུད་ལམ་དེ་གང་རང་དུ་ལན་འདེབས་བྱས་ཀྱང་། སྔར་ལས་ལན་འདེབས་ཚ་ནན་སྤེལ་བས་མི་རྣམས་ཀྱི་དོགས་པ་དེ་བས་ཇེ་ཆེར་བཏང་། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་དང་སྲིད་སྐྱོང་དུ་ལངས་ཀྱི་ཡོད་པའི་གསར་འགོད་གསལ་བསྒྲགས་གཉིས་ཀྱི་སྐབས། བཀའ་ལན་གནང་ཡུལ་གྱིས་ཨ་རིའི་དངུལ་ཁང་གི་འགྲོ་སྟངས་ཤེས་ཀྱི་མེད་ཤག་གིས་བཀའ་གནང་བ་མ་གཏོགས། བཀའ་ལན་ཕྱི་གསལ་ནང་གསལ་ཞིག་ཕེབས་མེད།
བོད་མིའི་སྤྱི་ཚོགས་ནང་གནད་དོན་འདིའི་སྐོར་གསལ་རུ་འགྲོ་བཞིན་པའི་སྐབས་སུ། བོད་མི་མང་དང་། སྲིད་སྐྱོང་གི་སྲིད་ཁྲིའི་ཆེ་མཐོང་། འགྲོ་བ་མིའི་བཟང་སྤྱོད། རྒྱལ་སྤྱིའི་སྟེང་གི་བོད་ཀྱི་ཆེ་མཐོང་བཅས་ལ་གཞིགས་ནས། བདག་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཁང་རིན་སྐོར་དྲི་བ་ཆེན་པོ་བཅུ་གཅིག་ཕུལ་བཞིན་ཡོད་ལ། བཅའ་ཁྲིམས་རིན་པོ་ཆེར་གསལ་བ་བཞིན་སྲིད་སྐྱོང་གི་འོས་ཆོས་ཐད་སུ་གང་ལའང་མཐོང་ཐོས་དོགས་གསུམ་མེད་པའི་ཐོག། ༢༠༡༦ ལོའི་སྲིད་སྐྱོང་དུ་བཞེངས་རྒྱུར་ངས་རེ་སྐུལ་ཞུ་ཡི་ཡོད་ལ། འདི་ནི་རང་རེའི་དབུས་བོད་མིའི་སྒྲིག་འཛུགས་ཁྲིམས་ཀྱིས་དབང་བསྒྱུར་བའི་སྒྲིག་འཛུགས་ཤིག་ཡིན་པ་ངས་འགན་འཁུར་བྱས་པའང་ཡིན། མཚུངས་མེད་དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་ཀྱང་གནད་དོན་འདིར་ཐུགས་སྣང་གནང་གལ་ཤིན་ཏུ་ཆེ་བའང་ཆབས་ཅིག་ཞུས་ཏེ་དྲི་བ་འདོན་པ་ལ།
གཅིག ཁང་རིན་གྱི་མང་ཉུང་གནད་དོན་ཞིག་ཏུ་བརྩི་གི་མེད། གཙོ་བོ་ང་ཚོ་བོད་ཀྱི་སྲིད་སྐྱོང་ལ་འཛམ་གླིང་ནང་སྐད་གྲགས་ཡོད་པའི་བརྒྱུད་ལམ་ཞིག་ཏུ། ཁང་རིན་གྱི་ཡོང་ཁུངས་གཙང་མ་མེད་པའི་དོགས་འདྲི་ཞུས་པ་ཚབས་ཆེན་ཞིག་ཏུ་གཟིགས་ཡོད་དམ།
གཉིས། ཨ་རིའི་ནང་མིའི་ཆེ་མཐོང་ལ་གནོད་པའི་དཀྲོགས་གཏམ་རིགས་བྱུང་ཚེ། ཁྲིམས་རྩོད་པ་རིན་མེད་ཐོག་ཁྲིམས་ཁང་དུ་བསྐྱལ་རྒྱུའི་ཐོབ་ཐང་ཡོད་བཞིན། སྲིད་སྐྱོང་བློ་བཟང་སེང་གེས་རང་གི་ཁང་རིན་རྒྱ་ནག་གི་ཚོང་བ་བྷན་གྱིས་སྤྲད་ཚུལ་ལ་དོགས་པ་ཡོད་པར་བཤད་པའི་ཨ་རིའི་བུ་མོ་མོ་ནེ་ཧན་ཅིའི་ཕྱིར་ཁྲིམས་གཏུག་མི་བྱེད་དམ།
གསུམ། ཁྱོད་དང་སྐྱེད་དམན་གཉིས་ཀྱིས་ལོ་ ༡༦ ལ་ཨ་རིའི་ནང་གླ་ཡོད་ལས་ཀ་གང་དང་གང་བྱས་པ་ཡིན་ནམ། ལོ་ ༡༦ ཟེར་བ་བདེན་པ་ཡིན་ནམ། ཡིན་ན་གང་ནས་གང་བར་ཡིན་ནམ།
བཞི། ཁང་པ་ཐོག་མར་ཉོ་དུས་ཐོག་མའི་གཏའ་མར་པེད་ཤག་ག་ཚོད་བཞག་པ་ཡིན་ནམ།
ལྔ། དངུལ་ཁང་བརྒྱུད་བུ་ལོན་སྤྲོད་པའི་ལམ་སྲོལ་ནང་། དངུལ་ཁང་གིས་ཁྱོད་ཀྱི་གསོག་དངུལ་དང་ལས་ཀ་གཉིས་ཀར་ཞིབ་འཇུག་བྱེད་དགོས་པ་འགྲོ་ལུགས་ཡིན་པས། སྐབས་དེར་ཁང་རིན་མ་འདང་བ་རེད་དམ།
དྲུག དངུལ་བྱང་སྟེང་མེད་པ་མ་གཏོགས། གསོག་དངུལ་སྒོར་རྐྱང་བྱས་ན་འདང་གི་ཡོད་གསུངས་ན། གསོག་དངུལ་སྒོར་རྐྱང་པེད་ཤག་དཀར་པོར་ཅི་ལྟར་བསྒྱུར་བ་ཡིན་ནམ།
བདུན། ཁང་རིན་ ༢༠༡༡། ༧། ༢༩ ཉིན་ཆ་ཚང་མཉམ་དུ་སྤྲད་འདུག་པས། ཉིན་གཅིག་ལ་པེད་ཤག་དཀར་པོར་ཅི་ལྟར་བསྒྱུར་བ་ཡིན་ནམ།
བརྒྱད། དངུལ་ཁང་ནས་བུ་ལོན་ལམ་ལུགས་ཐོག་ཁང་པ་ཉོ་བ་དེར་སྐྱེད་ཀ་ཡང་ཆག་མེད་སྤྲོད་དགོས་པ་ཨ་རིའི་དངུལ་ཁང་གི་འགྲོ་ལུགས་ཡིན་པས། དེ་ལྟར་རྩིས་ན་ཁང་རིན་ཨ་སྒོར་འབུམ་གསུམ་དང་སྟོང་ཕྲག་དྲུག་ཅུ་རེ་ལྔར་རོབ་རྩིས་བྱས་ན་སྐྱེད་ཀ་ཨ་སྒོར་འབུམ་གཅིག་འབབ་པས། གསོག་དངུལ་ཡོད་ན་དོན་མེད་སྐྱེད་ཀ་སྤྲོད་དགོས་དོན་ཅི་ཡིན།
དགུ གསོག་དངུལ་པེད་ཤག་དཀར་པོར་བསྒྱུར་ཏེ་སྤྲད་ཡོད་ན། Chueqe ག་རེ་བརྒྱུད་དེ་སྤྲད་པ་ཡིན་ནམ། དེ་གསལ་བོ་གསུང་མི་ཆོག་པ་ཅི་ཞིག་ཡོད་དམ།
བཅུ། མི་མང་པོས་ཁང་རིན་དེ་རྒྱ་ནག་གི་ཚོང་པ་བྷན་གྱི་Chueqe བརྒྱུད་སྤྲད་པ་ཡིན་ནམ། ཡང་ན་ Chueqe ག་རེ་བརྒྱུད་ནས་སྤྲད་མིན་གསལ་བོ་བཟོ་བར་དྲི་བ་གཏོང་གི་ཡོད་པས། སྲིད་སྐྱོང་གིས་མི་མང་ལ་འགན་འཁུར་དགོས་སྟབས། གསུང་སྟབས་མི་བདེ་བ་ཅི་ཞིག་ཡོད་དམ། གསུང་མི་ཐུབ་པ་ཅི་ཞིག་ཡིན་ནམ།
བཅུ་གཅིག ཅིའི་ཕྱིར་གནད་དོན་འདི་ཕྱི་གསལ་ནང་གསལ་བྱས་ཏེ་མ་གསུང་བར། མི་མང་ལྐུགས་པའི་གྲས་སུ་རྩིས་ཏེ་བཀའ་ལན་གནང་གི་ཡོད་དམ།
༢༠༡༥། ༡༠། ༡༠། ཉིན།། ཤར་ཕྱོགས་ཁུག་རྟས།
རྐུན་མ་ནི་མང་། རྐུ་རྒྱུ་ནི་ཉུང་། ཉིན་མོར་རྐུ་བ་ནི་དེང་དུས་སོ། ནུབ་ཕྱོགས་ལ་ནི་རྒྱུས་ཡོད་རེད། སྤྱི་ཁྲིམས་ལ་ནི་སྦྱང་ཡོད་རེད། སེམས་པ་བཟང་། བོད་ལ་གཅེས་ན་ནི། ནོམ་པ་ཙམ་གྱིས་ཉོ་དགོས་བ་འདྲ།
ཤར་ཕྱོགས་ཁུག་རྟ་ལ་དྲི་བ་བཅུ་གཅིག
༡ རྒྱ་མིའི་དར་དམར་ཁུར་དོན་ཅི།
༢ དར་དམར་ཁུར་རྗེས་དངན་པ་རེག་ཡོད་དམ།
༣ རྒྱ་ནག་གཞུང་ཚབ་བརྒྱུད་ནས་བོད་ལ་ཐེངས་ག་ཚད་སོང་བ་ཡིན་ནམ།
༤ ཁྱོད་རང་བོད་ལ་ལོག་པའི་སྤ་སེ་ག་རེ་ཡིན་ནམ།
༥ བོད་རྒྱ་ཁོངས་ཡིན་ཟེར་བའི་ཡིག་ཆར་མཚན་རྟགས་བསྐྱོན་ནམ།
༦གལ་སྲིད་མཚན་རྟགས་མ་བསྐྱོན་ན་བོད་ནང་ཇི་ལྟར་ལོག་པ་ཡིན་ནམ།
༧ བོད་ནང་ལོག་པ་དང་ཕྱིར་ལོག་ཁར། ལས་འགན་ག་རེ་སྤྲད་སོང་ངམ།
༨ རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མིས་སྐད་ཆ་དྲིས་སོང་ངམ།
༩སྐད་ཆ་དྲིས་པའི་ནང་དོན་ཅི་ཞིག་རེད་དམ།
༡༠ བཙན་བྱོལ་ནང་གི་མི་སུ་དང་སུའི་ཐད་ཇི་ལྟར་སྐད་ཆ་འདྲི་བཞིན་འདུག་གམ།
༡༡ ཁྱོད་ཀྱིས་ལན་ཇི་ལྟར་བརྒྱབ་པ་ཡིན་ནམ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལན་མ་གནང་དུས་ད་ཁྱད་མཚར་ཆགས་འགྲོ་གི་འདུག
དངུལ་འབོར་ཆེ་ཆུང་ནི། ཧིན་སྒོར་ལ་ཕབ་ན་ས་ཡ་བཅུ་དྲུག་(16000000)ལྷག་ཅིག་རེད། བཟའ་ཚོ་དཀྱུས་མ་གཉིས་ཀྱིས་ལས་སླ་བོས་ངང་བསག་ཐུབ་པ་ཞིག་ག་ནས་ཡིན། སྲིད་སྐྱོང་གིས་བཟོ་གྲྭ་ནི་སྒོ་ཕྱེ་མ་མྱོང་། ཚོང་ལས་གཉེར་པའི་ལོ་རྒྱུས་ནི་མེད། ད་ཡིན་ན་ཡང་སྙིང་ག་ནས་བྱུང་བ་རེད།
ཨ། སྲིད་སྐྱོང་། གངས་ཅན་བོད་ཀྱི་སྲིད་སྐྱོང་། རྫིག་ཉམས་ཅན་གྱི་སྲིད་སྐྱོང་། ཤོད་དང་།
བོད་ལ་རྒྱལ་ཁབ་ཅིག་ནམ་ཡང་བྱུང་མ་མྱོང་ཞེས་བརྗོད་པ་ནོར་འཁྲུལ་ཡིན་པར་ཁས་ཨེ་ལེན། ལེན་ན་ཡོངས་ཁྱབ་ཐོག་ དགོངས་དག་དང་དག་བསལ་བྱེད་དགོས་མ་རེད་དམ། ཤོད་དང་། བོད་ཀྱི་ལོ་རྒྱུས་ལོ་རྒྱུས་ཐོག་རྩ་མེད་གཏོང་རྒྱུ་ཡིན་ནམ།
དེང་སང་ཕྱི་རྒྱལ་ལུང་པ་དྲག་དྲས་ཁག་ལ་ཁྲིམས་མཛོད་པ་དེ་ཚོའི་ལོ་རེའི་གླ་ཆ་སྒྲོ་ལ་འབུམ་ལེན་མཁན་མང་པོ་རེད། བོད་པ་སྡུག་ལས་རྒྱབ་མཁན་དེ་ཚོས་ཀྱང་སྒྲོ་ལ་ཁྲི་དྲུག་བདུན་བཟོ་ཡི་ཡོད་རེད། ལོ་མང་པོ་དེའི་ནང་ལ་སྒྲོ་ལ་འབུམ་གཉིས་ལྷག་སྲིད་སྐྱོང་བཟའ་མི་གཉིས་སྡུག་ལས་ཁོ་ན་བྱས་ཡོད་ནའང་བསགས་ཐུབ་ཀྱི་རེད། དངུལ་ཁང་ནས་དངུལ་གཡར་ལ་དངུལ་སྐྱེད་ལོས་སྤྲོད་དགོས་ཏེ་སོ་སོའི་དངུལ་བབས་ཚང་མ་དངུལ་ཁང་ལ་ཡོད་དུས་དེ་ནས་དངུལ་སྐྱེད་རང་བཞིན་གྱིས་ཉུང་དུ་འགྲོལ་ལ། གལ་སྲིད་ཁང་པའི་དངུལ་སྐྱེད་ལོས་ངེས་དངུལ་ཁང་ལ་ཡོད་ན་ཐོག་མའི་ལོ་དུས་བར་ཁང་རིན་མ་སྤྲད་ཀྱང་དངུལ་སྐྱེད་གང་ཡང་སྤྲོད་དགོས་མེད། སྲིད་སྐྱོང་ཤར་ཁུག་ཁྱེད་རང་ལས་སྤྱང་བ་ཡོད་ཙང་གནས་བབས་དེ་འདྲ་ཞིག་བསྡད་ཡོད་སྲིད། དེ་ཙམ་བཤད་ན་གོ་བ་ལོན་པ་གྱིས།
ཤར་ཁུག་གིས་དྲི་བ་ཡག་པོ་གཏོང་འདུག་་་་་ངོ་མ་དྲི་བ་དེ་ཚོར་ལན་གསལ་པོ་ཅིག་གནང་ན་སྤྱི་ཚོགས་ནང་ལབ་གླེང་དང་དྭོགས་གཞི་ཚང་མ་སེལ་འགྲོ་རེད་མ་གཏོགས་གྲོས་ཚོགས་ནང་བློ་སེང་གིས་གསལ་བཤད་དེས་ཁུངས་གསལ་བྱ་ཐུབ་མི་འདུག་གོ། དེ་དང་ལྷ་སྲས་དར་མས་ཁོ་རང་གིས་ལོ་གཅིག་ནང་སྡུག་ལས་རྒྱག་ནས་ཌོ་ལ་ཁྲི་དྲུག་བདུན་བསགས་ཡོད་པ་འདྲ་མ་གཏོགས། གཞན་ལོ་གཅིག་ནང་ཁྲི་གཉིས་གསོགས་ཁག་པོ་རེད་ལ་དེའི་ནང་འགྲོ་སོང་ཡང་ཕུད་དགོས་པས་ག་ཚད་ཙམ་གསོགས་ཐུབ་ས་རེད་དམ།
ད་ང་ཚོ་ཞི་བའི་མི་མང་བློ་བདེ་སོང་།
ཤར་ཁུག་ནས་རང་ཉིད་སྐྱལ་བས་མ་ཚད་
བལྟོ་ཚང་གི་དཔེ་ལྟར་སྤེན་ཚེ་རིང་ཡང་
བསྐྱལ་སོང་།
མདོ་སྨད་ཚོའི་བློ་སེང་སྲིད་སྐྱོང་ལ་བཀག་
ཐབས་རེད་།
སྤྱི་འཐུས་གྲོས་ཚོགས་ནས་དབུས་གཙང་
སྤྱི་འཐུས་ཁྲིམས་ཁང་ནས་ནག་ཉེས་ཕོག་ཀྱང་གཅིག་རྒྱབ་གཉིས་གནོན་བྱས་ནས་སྤཟྱི་འཐུས་ལ་བཞག་པ་རེད་།
ད་སྲིད་སྐྱོང་བློ་སེང་ལམ་འགྲོ་རྒྱུགས་སོང་།ཤར་ཁུག་ལགས་ཐུགས་རྗེ་ཆེ་།
ཤར་ཁུག་ལ་སྤྱི་འཐུས་ཀྱི་འོས་བླུགས་རྒྱུ་མི་འདུག མི་འདི་རྙོག་དྲའི་རྐྱལ་པ་རེད་ཤག
ཤར་ཁུག་ཁྱོད་སྡུག་ཁ་དེ་བཙུམ་ཨ། མ་གཞི་ཁྱོད་སྔོན་མ་བཀའ་ཤག་ལ་སྙན་ཞུ་རྒྱབ་ནས་ངས་རྒྱ་དམར་ཚང་ལ་ལན་འདེབས་བྱེད་ནས་དེང་སང་ངའི་སྐོར་རྒྱ་དམར་ཚང་གི་དོག་ཟོན་བྱས་པ་མ་ཟད་ནང་མི་ཚུན་ལ་དཀའ་ངལ་སྤྲད་རབས་བཤད་ཡིན་པ། ཁྱོད་ན་ནིང་བོད་ལ་འགྲོ་དུས་རྒྱ་དམར་ཚང་གི་མ་མཐོང་པ་རེད་དམ་ཉེན་རྟོགས་པས་ཚེ་ཐར་གཏང་བ་རེད། མི་ལོ་ལྔ་ཅུ་ནང་བྱུང་མྱོང་མེད་པ་དགྲ་དམར་ཚང་གི་དར་ཆར་ཁུར་ནས་བོད་མི་རིགས་ཀྱི་རླ་ཐེངས་དང་པོ་དེ་ཁྱོད་ཀྱིས་བཙོང་ཡིན་པ། དེ་ཚོ་ཉག་ཉེས་ཡིན་པ་ཤེས་པར་བྱོས། ཞབས་འདྲེན་ཁྱོད།
ཤར་ཁྱོགས་ཁུག་ཏ་དང་། གྲོས་ཚོགས་ནང་སྤྱི་འཐུས་རེ་ཟུང་ཞིག་གིས་ང་ཚོའི་སྲིད་སྐྱོང་མཆོག་ལ་དགྲ་མཐོང་པ་ནང་བཞིན་སྡང་ཟུག་བྱེད་པ་ལས་བོད་སྤྱི་དོན་ལ་ཕན་པའི་ལེགས་ཆའི་བསམ་ཚུལ་བཤད་པ་ནི་ཉིན་མོའི་སྐར་མ་རེད། བྱས་ཙང་བྱེད་སྟངས་དེ་ནི་རྒྱལ་གཅེས་པའི་བྱེད་སྟངས་ག་ལ་ཡིན། ལྡོག་ཕྱོགས་རེད།
ཁྱེད་ཚོ་འདོད་ཀྱང་རུང་མ་འདོད་ཀྱང་རུང་ང་ཚོ་རྒྱ་ཆེའི་མང་ཚོགས་ཀྱིས་དམངས་གཙོའི་ལམ་ལུགས་ཐོག་ནས་མང་མོས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་ཞིག་རེད། ང་ཚོ་འོས་འཕེན་པ་ཚོ་ནི་ད་ཕན་ལོ་བཞིའི་བཀའ་ཤག་གི་མཛད་འཕྲིན་ལ་དགའ་སྤོབས་བྱེད་ཀྱི་ཡོད། མ་འོངས་པའི་གནད་དོན་ནི་རྒྱ་ཆེའི་མང་ཚོགས་ཀྱིས་ཐག་གཅོད་བྱེད་ཀྱི་རེད། ད་དཀྲུགས་ཤིང་རྒྱབ་རྒྱུ་མཚམས་འཇོག་བྱེད་རོགས། རྟག་པར་གོ་ན་སྙན་པོ་མི་འདུག། ཁུག་ཏ་ལགས།
ཡང་ལྷ་སའི་བུ། ཁོ་ཡས་ཡས་ཡས་རེད། མས་མས་མས་རེད་ཟེར་སྲིད་ཀྱི་རེད། ང་ནི་སྲིད་སྐྱོང་མཆོག་དང་ཆོལ་ཁོངས་གཅིག་པ་མིན་ལ་སྒེར་འབྲེལ་གང་ཡང་མེད། སྤྱི་སྨན་བསམ་འཆར་ཁོ་ན་ཡིན། ཡིད་འཆེས་ཡོང་བའི་རེ་བ་ཡོད།
ཀར་རྡོ་གཉེར་ཕྱག་པས་གསུངས་པ་བདེན་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་སླར་ཡང་ཕེབས་རྒྱུ་ཕལ་ཆེར་གཏན་ཁེལ་བ་ཡིན་དུས། ཤར་ཁུག་སྤྱི་འཐུས་ནང་ལ་ནམ་ཡང་གདམ་རྒྱུ་མི་འདུག གལ་ཏེ་གདམ་པ་ཡིན་ན་བོད་སྤྱི་དོན་བོར་ནས་སྲིད་སྐྱོང་ལ་སྒེར་མཁོན་ཁོ་ན་རྩོད་ནས་དུས་ཚོད་ཡོངས་རྫོགས་ཆུད་ཟོས་ལ་གཏོང་རྒྱུ་དང་བཀའ་སྤྱིའི་བར་ལ་འགལ་བ་བཟོ་རྒྱུ་ཐག་ཆོད་རེད།
ཤར་ཕྱོགས་ཁུག་རྟ་དང་་་ཁོའི་ཕྱོགས་ཚོའི་ཇུས་ངན་་་་གཡོ་རྒྱུ་་་དང་མགོ་སྐོར་་མེ་ཏོག་ལྷ་མཛེས་
གུས་མོ་མེ་ཏོག་ལྷ་མཛེས་་ཁང་གཙང་ཇ་ཁང་ཞིག་ཏུ་འཚིག་ཇ་ཕོར་གང་འཐུང་བཞིན་ང་རང་གཅིག་པུ་བསྡད་སྐབས་་་ངའི་རྩར་དུ་ཨ་མདོ་ཕོ་གསར་ཞིག་ཡོང་ནས་་་སྐུ་མཁྱེན་་་འདི་བཟུང་ནས་པར་ཞིག་རྒྱག་རོགས་གྱིས་དང་ཟེར་་་ལག་ཏུ་སྦྱར་ཡིག་ཁ་ཤས་ཁུར་ནས་སླེབས་འདུག་་་ངས་དེ་ཙམ་དོ་སྣང་མ་བྱས་པར་ཁ་ཤས་བརྒྱབ་པ་ཡིན་་རྗེས་སོར་དྲ་ལམ་གང་སར་དུ་་་པར་དེ་ཚོ་ཁྱབ་བསྒྲགས་བྱས་འདུག་ལ་་་གང་བྱུང་མང་བྱུང་བསྒྲིགས་འདུག་་ཞིབ་ཏུ་ལྟ་བའི་སྐབས་སུ་་་མི་རྗེ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་་་་སྙོན་འཛུགས་རྐྱང་རྐྱང་བྱེད་མཁན་གྱི་་མི་ངན་ཤར་ཁུག་ཟེར་བ་དེ་ཁྱབ་བསྒྲགས་ཀྱི་ཡིག་ཆ་ཡིན་པ་གཞི་ནས་ཤེས་སོག་་་གནང་འགྱོད་དང་ངོ་ཚ་ཆེན་པོའི་ངང་བོད་རིགས་སྤུན་ཟླ་ཚང་མ་ལ་ངས་སྙིང་ནསདགོངས་སེལ་ཞུ་རྒྱུ་ཡིན་ལ་་་་ད་ལན་ཁོོ་མོ་མགོ་སྐོར་འོག་ཏུ་ཚུད་ནའང་་་་་དུས་ནམ་ཡང་མི་ངན་དེ་ཚོ་ལ་རྒྱབ་སྐྱོར་རྩ་བ་ནས་མེད་བཅས་ཚིག་ཐག་ཆོད་པོོས་ངང་ནས་བཤད་རྒྱུ་ཡིན་་་་་་་་ཤར་ཁུག་ལོང་བ་དང་སྨྱོན་པ་མིན་ན་འདི་ལ་ལྟོས་དོགས་པ་གསལ་ནུས་་་་་
སྲིད་སྐྱོང་བློ་བཟང་སེང་གེས་་ ༼ ཁང་པ་དེ་གཅིག་ནས་བཀའ་ཤག་གི་དམ་འབུལ་མ་ཕུལ་གོང་ལ་རེད་གདའ། གཉིས་པ་དེ་ཁང་པའི་གོང་དེ་སྒོར་མོ་འབུམ་གསུམ་དང་སྟོང་ཕྲག་དྲུག་ཅུ་རེ་ལྔ་རེད། ཨ་རི་ལ་ཁང་པ་ཉོ་མཁན་མང་ཆེ་བ། ཆ་ཚང་མིན་ན་མང་ཆེ་བ་འབུམ་གསུམ་དང་འབུམ་ལྔའི་བར་རེད། ཨ་རིར་སྐད་ཆ་དྲིས་ན་འབུམ་གསུམ་སྟོང་ཕྲག་དྲུག་ཅུ་རེ་ལྔའི་ཁང་པ་དེ་ག་རེ་རེད་ལབ་ན། བོད་པ་ཚང་མས་ཉོ་བའི་ཁང་པ་རེད་ཟེར་གི་རེད་གདའ། དེ་ནས་ས་ཡའི་སྐད་ཆ་ནི་གང་མ་རེད་ཝ། སོང་ཙང་། ང་དང་ངའི་བཟའ་ཟླ་ལོ་༡༦ ཙམ་ཕ་གི་ལ་ལས་ཀ་བྱས་པ་རེད། དེ་ཙམ་ཞིག་བསགས་ཐུབ་ཀྱི་རེད་ལ། སུས་ཉན་པ་ཡིན་ནའང་ཕལ་ཆེར་དེ་འདྲ་ཞིག་ཡིན་རྒྱུ་རེད་བསམ་གི་རེད། ཡིན་ནའང་ངས་༢༠༡༡ བར་ཧ་ཝ་ཏི་མཐོ་སློབ་ལས་ཀ་བྱས་བསྡད་ཡོད་པ་རེད། ང་དེ་དུས་བཀའ་བློན་ཁྲི་པར་འདེམས་ཡོང་དུས་ལས་ཀ་དེ་མཚམས་འཇོག་དགོས་ཀྱི་ཡོད་པ་རེད། ཟླ་བ་རེ་རེ་ལ་བུ་ལོན་Mogege སྤྲད་ཡ་དེ་ངའི་ཕོག་བླངས། ངའི་ཕོག་ནས་སྤྲད་བསྡད་ཡོད་པ་རེད། ད་ང་ལས་ཀ་མེད་པ་ཆགས་པས་ཕོག་མེད་པ་ཆགས་པ་རེད། ངྷ་རམ་ས་ལར་ཚུར་ལོག་དགོས་ཀྱི་ཡོད་པ་རེད། ད་ང་ཚོས་བསགས་བཞག་པའི་དངུལ་དེ་ནས་སྤྲད་བཞག་ན་བྱས་ཏེ་སྤྲད་པས་བུ་ལོན་བསད་པ་རེད། དེ་ལས་འཕྲོས་པའི་དེ་ལ་སྐད་ཆ་གང་ཡང་ཡོད་མ་རེད་་་
དྲང་བདེན། ཤར་ཁུག་གིས་ མེ་ཏོག་ལྷ་མཛེས་ཟེར་བར་དེ་ལྟར་མགོ་སྐོར་བཏང་བ་ཨེ་བདེན་ནམ། བདེན་པའི་དཔང་རྟགས་ཅི་འདྲ་ཡོད། དངོས་གནས་དེ་ལྟར་བྱས་ཡོད་ན་ཁོ་ཐབ་ཆག་རེད། མེད་ན་ནི་ཁྱོད་རང་ཐབ་ཆག་རེད། གང་ལྟར་ཁྱེད་གཉིས་ནས་གསལ་པོ་བཟོ་དགོས།
ཐབས་ཆག་ལ་བཅོ་བར་བྱ
།
མེ་ཏོག་ལྷ་མཛེས་ཟེར་བའི་བུ་མོ་ཐ་མ་ནག་པོ་དང་ཆང་རག་ལོངས་སྤྱོད་བྱེད་མཁན་དེ་སྤང་བྷེ་དང་ལྡི་ལི་གྲོང་ཁྱེར་གཉིས་ཀྱི་མཚན་ཚོགས་ནང་སྐད་གྲགས་ཡོད་པ་རེད། ལོ་འགའི་སྔོན་ང་དང་གྲོགས་པོ་འགའ་མཚན་ཚོགས་ཞིག་ལ་ཕྱིན་པ་ཡིན། སྐབས་དེར་བློ་བཟང་དབང་རྒྱལ་གྱི་མཛེས་མ་བསྟན་འཛིན་སྒྲོལ་མ་དང་མེ་ཏོག་ལྷ་མཛེས་གཉིས་རྒྱ་གར་ཕྱུག་བདག་ཕོ་གསར་ཚོས་གཡས་སྐྱོར་གཡོན་སྐྱོར་བྱེད་ཀྱི་འདུག མཛེས་མ་གཉིས་ཀྱིས་ཐ་མ་ནག་པོ་དང་ཆང་རག་འཐུང་འཐེན་གང་བྱས་ཀྱང་སོ་སོའི་རང་དབང་རེད། ཡིན་ནའང་། དེང་སང་རྒྱ་གར་གྲོང་ཁྱེར་ལྡི་ལི་དང་སྦང་ལོ། སྤང་བྷེ་བཅས་ནང་གི་རྒྱ་གར་ཕྱུག་བདག་ཚོས་བོད་རིགས་བུད་མེད་གཞན་དག་ལའང་གོང་གི་བུ་མོ་འདི་གཉིས་དང་གཅིག་མཚུངས་མཐོང་སྟེ་ཐད་ཀར་གོང་ཚད་ག་ཚོད་རེད་ཅེས་སྐད་ཆ་འདྲི་ཡི་ཡོད་པ་རེད།
གཞན། སུས་སུ་བེད་སྤྱོད་བཏང་ཡོད་མེད་སྐོར་རེད། ཤར་ཁུག་གིས་མེ་ཏོག་ལྷ་མཛེས་ལྟ་བུ་བེད་སྤྱོད་གཏོང་གི་མ་རེད། ཤེས་ཡོན་དང་འཇོན་ཐང་གང་མེད་པའི་མེ་ཏོག་ལྷ་མཛེས་ལྟ་བུ་ཤར་ཁུག་གིས་བེད་སྤྱོད་གཏོང་གི་མ་རེད། ངས་ཚོད་དཔག་བྱས་ན་མེ་ཏོག་ལྷ་མཛེས་ཀྱིས་ཤར་ཁུག་ལ་མགོ་སྐོར་དང་བེད་སྤྱོད་བཏང་ཡོད་ཀྱི་རེད། ཧཧཧ།
གྲོས་ཚོགས་ནང་སྲིད་སྐྱོང་སེང་གེ་མཆོག་གིས་ཁང་པ་ཇི་ལྟར་ཉོས་ཡོད་མེད་ཀྱི་དྲི་བ་དྲིས་པའི་ལན་དུ། སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་ཡོང་བའི་བོད་རིགས་དཀྱུས་མ་དག་གིས་ལོ་བཞི་ལྔའི་ནང་ཁང་པ་ཉོ་ཐུབ་ཀྱི་ཡོད་ན། ང་རང་ཨ་རིའི་ནང་ལོ་ ༡༦ རིང་བསྡད་ནས་ཁང་པ་ཉོ་ཐུབ་ཀྱི་རེད་ཅེས་གསུངས་པ་རེད།ཡིན་ནའང་ཁ་གསལ་གཏིང་གསལ་མེད་པའི་བཀའ་ལན་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་མང་ཚོགས་མགོ་འཐོམ་བཅུག་པ་རེད།
ཨ་རིའི་བུད་མེད་རྩོམ་པ་པོ་དེས་སྲིད་སྐྱོང་སེང་གེ་མཆོག་ལ་སྐྱོན་འཛུགས་བྱེད་དགོས་དོན་གང་ཡིན་ནམ། གལ་སྲིད་བུད་མེད་འདི་ལ་བདེན་པ་ཡོད་ན་སྲིད་སྐྱོང་མཆོག་ཨ་རིའི་ཁྲིམས་ཁང་དུ་མ་སྐྱེལ་པའི་རྒྱུ་མཚན་གང་ཡིན་ནམ། བུད་མེད་འདི་དང་སེང་གེ་གཉིས་བར་སྒེར་འཁོན་ཡོད་དམ་མེད། སྲིད་སྐྱོང་སེང་གེ་མཆོག་གིས་ནེའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་བོད་ཀྱི་ཁང་པ་དེ་ནེའུ་ཡོག་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་གནས་སྤོར་བྱེད་དགོས་དོན་འདི་སྲིད་སྐྱོང་མཆོག་གི་ཁང་པ་དང་འབྲེལ་བ་ཡོད་དམ། དོན་དངོས་སྲིད་སྐྱོང་མཆོག་སྤྱང་པགས་གྱོན་པའི་ཝ་མོ་ཞིག་ཡིན་ནམ། དོགས་འདྲི་འདི་དག་ལ་ལན་ཞིག་ཡོད་ན་གནོང་རོགས།
མི་འདིས་ཕྱོགས་གཅིག་ནས་སྤྱི་འཐུས་ལ་ལངས་ནི་ཡིན། ཕྱོགས་གཞན་ཟིག་ནས་སྲིད་སྐྱོང་ལ་ཁ་གཏོང་གི་ཡོད་ཁུ། ད་འདི་འོས་བསྡུའི་སྒྲིག་གཞི་དང་འགལ་ནི་མ་རེད་ན།
གང་ལྟར་གྲོས་ཚོགས་ནང་ཤར་ཕྱོགས་ཁུག་རྟ་ལྟ་བུ་ཡོད་ཚེ།སྲིད་སྐྱོང་མཆོག་ལ་ཁང་པའི་གནད་དོན་སྐོར་དེ་རྒྱུ་མ་འདེད་འདེད་བྱེད་ཀྱི་རེད། ཡིན་ད། ཁུག་རྟ་སྤྱི་འཐུས་ཐོབ་སོང་ན།ཁུག་རྟས་གྲོས་ཚོགས་འཁྲུག་པོ་བཟོ་རྒྱུ་རེད།
བློ་སེང་གི་ཁང་རིན་དང་འབྲེལ་བའི་གླེང་བརྗོད་བཟོ་མཁན་དེ་ཚོ་ནི། ༡༽རང་ཉིད་ལ་འཇོན་ཐངས་ཞན་པས་དཔལ་འབྱོར་གྱི་འབྱོར་བ་སྐྱོར་བ་དང་ཨ་རི་གཙོས་པའི་ནུབ་ཕྱོགས་པའི་ཁྱད་ལས་མི་སྣའི་ཚོས་ལོ་རེའི་དངུལ་གྱི་ཡོང་བབ་ཇི་ཙམ་བཟོ་བཞིན་ཡོད་མེད་སྐོར་ཤེས་རྟོགས་གསལ་པོ་མེད་པའི་རྣམ་པ་ཞིག་རེད། ནུབ་ཕྱོགས་ཀྱི་ཁྱད་ལས་པ་རྣམ་པས་ལོ་རེར་ཡོང་བབ་ཨ་སྒོར་སྟོང་ཕྲག་བདུན་བཅུ་བརྒྱད་བཅུ་བཟོ་རྒྱུར་དཀའ་ཁག་ཡོད་ནི་མ་རེད། ༢༽ ལར་ནི་བློ་སེང་གི་ཁང་རིན་སྐོར་དེ་ནི་བློ་སེང་སྒེར་གྱི་མཁར་དབང་ཡིན་པས་དེར་དག་གསལ་མེད་པའི་མི་གཞན་གྱིས་ཇུས་རྟོགས་བྱེད་རྒྱུར་དབང་ཚད་ནི་མི་སྒེར་པ་སུ་ཞིག་ལ་མེད། མི་སྒེར་གྱི་མཁར་དབང་ལ་མི་གཞན་གྱིས་བཀོད་ཇུས་མི་ཆོག་པ་ནི་མང་གཙོ་ཡང་དག་གི་རྒྱལ་ཁབ་ཁག་གིས་མི་སྒེར་གྱི་ཁེར་དབང་སྲུང་སྐྱོབ་ནང་གི་ཆ་ཤས་ཞིག་རེད། གལ་སྲིད་ནག་ཉེན་ཅན་གྱི་སྒེར་བདག་མཁར་དབང་ཞིག་ཡོད་ཚེ་ཁྲིམས་སར་ནས་གཙང་སེལ་དང་རྗེས་འབྲེལ་གྱི་གླེང་གཞི་ཡོང་རྒྱུ་ལས་དེ་མིན་གོ་ཙམ་རིག་ཙམ་གྱིས་སྙོག་གླེང་བཟོ་བ་ནི་མི་སྒེར་གྱི་མང་གཙོའི་ཁེར་དབང་ལ་ཤེས་རྟོགས་མེད་པའི་རང་རྟགས་སྟོན་པ་ཞིག་རེད། ༣༽ གལ་སྲིད་བློ་སེང་གི་མཁར་དབང་གི་སྐོར་ནག་ཉེན་ཅན་གྱི་གནས་ཚུལ་ཚད་ཐུག་ཞིག་ཡོད་ཚེ། ཡུལ་ཁྲིམས་སར་སྐྱེལ་ནས་དཀར་གསལ་ནག་དེད་ཀྱིས་མཁར་དབང་བདག་གཉེར་གྱི་ཐོབ་ཐང་དང་མི་འགལ་བ་བཟོ་དགོས་རྒྱུ་ལས་སྐད་ལ་སྐད་རྒྱུད་ཀྱི་མཐོང་ཙམ་དང་རིག་ཙམ་གྱིས་གླེང་གཞི་འདི་ནི་རྒྱུ་མཚན་ཡང་དག་མེད་པས་ཕ་རོལ་པོ་ནག་པོ་བཟོ་རྒྱུའི་བྱ་སྤྱོད་ངན་པ་ཞིག་ཡིན་པ་ལས་བཟང་སྤྱོད་དང་ཁྲིམས་དང་སྒྲིག་གཞི་སོགས་དང་མཐུན་པའི་གླེང་གཞི་ཞིག་མ་རེད།
ཤར་ཁུག་གིས་མེ་ཏོག་ལྷ་མཛེས་མགོ་སྐོར་བཏང་ཡོད་པ་བདེ་པ་རེད། མེ་ཏོག་ལྷ་མཛེས་མོ་རང་གི་ངོ་དེབ་ནང་ལ་གོང་གི་གསལ་བཤད་དེ་སྤེལ་འདུག
ལྷ་བྱ་འཕུར་མ། ཤར་ཁུག་ལ་ཁ་གཏད་གཅག་ཕྱིར་བུ་མོ་ལྷ་མཛེས་རང་གི་སྥྒི་ཚོགས་སྟེང་མགོ་འགྱོགས་བཟོ་མེད་པ་ཞིག་ཏུ་བསྒྱལ་ན་ལས་འབྲས་ལ་ཨེ་རུང་། བྷང་བྷེ་དང་ལྡི་ལི་ལ་སྐད་གྲགས་ཡོད་རེད་ཟེར། ཨ་ལ་ལ། གང་དྲན་དྲན།
གང་ལྟར་བློ་སེང་ལ་དོགས་གཞི་ཇེ་ཆེ་རེད་ལ། མིག་མཐོང་ལག་ཟིན་ལ་ཁོས་དུས་དབང་བཀག་པ་དེ་ནོར་འཁྲུལ་དང་། དེ་བས་ཀྱང་འགོག་ལུགས་ཧ་ཅང་ཚབས་ཆེན་རེད།
ཉེ་ཆར་གྲོས་ཚོགས་ཀྱི་ནང་དུ་གསལ་ཁ་དེ་ཙམ་མེད་ལ་རྒྱབ་ལྗོངས་ཆེ་མདོག་གིས་གཏམ་བཤད་གནང་མཁན་སྤྱི་འཐུས་རེ་ཟུང་བྱུང་བར་སྐབས་དེར་དོགས་པ་བྱུང་། རྗེས་སུ་བློ་སེང་གིས་ཚབས་ཆེན་གྱི་ལས་ཀ་དེ་འདྲ་བྱས་པ་གོ་དུས་ཧང་སང་སོང་ལ། དེར་བརྟེན་བློ་སེང་ལ་ཡིད་ཐང་ཆད་སོང་།
མི་མང་ཚང་མས་བློ་སེང་གི་དུས་འཁོར་དབང་ཆེན་འགོག་ལུགས་ལ་ཞིབ་འཇུག་གནང་རོགས།
དེས་ན། ལུང་རྟོགས་དང་དྲང་བདེན་གཉིས་སུ་རུང་ནས་ང་ལ་མེ་ཏོག་ལྷ་མཛེས་ཀྱི་ངོ་དེབ་ཁ་བྱང་སྤྲོད་དང་།
ལུང་རྟོགས་ཞེས་པའི་མིང་ཅན་འདིར་ཚང་མས་ཐུགས་སྣང་མཛོད། ཁོ་པའི་མཆན་གོང་འོག་ཚང་མར་གཟིགས་དང་། ཤར་ཁུག་གཅིག་པུ་མ་ཡིན་པར་མི་སུ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེར་སྐྱོན་ཙམ་གླེང་ཚེ་དེ་ལ་དཔྱད་པ་མེད་པར་དུས་ཐོག་རྒོལ་གཏམ་གཏོང་མཁན་གྱི་མི་ཞིག་རེད་འདུག ཁོ་པར་དྲ་རྒྱར་ཞུགས་པའི་དུས་ཚོད་མང་པོ་ཡོད་པ་དང་། ལྟ་བ་ལངས་ཕྱོགས་འཁྱེར་སྟངས་འདིར་གཞིགས་ཚེ། བློ་སེང་གི་གསང་བའི་མགྲིན་ཚབ་པ་ཞིག་ཡིན་པར་ཐེ་ཚོམ་མི་འདུག གཞན་དུ་ཤེས་པ་རང་བཞིན་དུ་གནས་པ་ཞིག་དང་། སྤྱི་དོན་སེམས་ལ་བཅངས་མཁན་ཞིག་ཡིན་ཚེ་ཅི་མཛད་ཇི་ལྟར་ཡོང་།
ཅི་མཛད་ཇི་ལྟར་ཡོང་། ཞེས་པ། ཅི་མཛད་ལེགས་མཐོང་ཇི་ལྟར་ཡོང་། ཞེས་པར་བཅོས།
མེ་ཏོག་ལྷ་མཛེས་ཀྱི་མིང་དབྱིན་ཡིག་ལ་གཏགས་པས་ཁོ་མོའི་ངོ་དེབ་སྙེད་སོང་།
རེད་འདུག ཁོ་མོའོ་ངོ་དེབ་སྟེང་དེ་ལྟར་བཀོད་འདུག འོན་ཀྱང་ད་དུང་ཡང་དོགས་པ་ཡོད་དེ། ཁོང་མོས་ཤར་ཕྱོགས་ཁུག་རྟའི་ཁྱབ་བསྒྲགས་ཤོག་བྱང་བཟུང་པའི་འདྲ་པར་གཞན་གཉིས་ཀྱང་མཐོང་རྒྱུ་འདུག དེ་གཉིས་ཇི་ལྟར་བརྒྱབས་པ་རེད་དམ། སྟོད་ལ་ནང་འཇམ་དཀར་པོ་དང་སྨད་ལ་དོར་མ་ནག་པོ་གྱོན། བསྒྲོན་ས་ཡང་ཇ་ཁང་མ་ཡིན་པར་གཞན་ཞིག་རེད། འདི་ཇི་ལྟར་བྱུང་པ་རེད་དམ།
ལྷ་བྱ་འཕུར་མས་ཉོན།
མེ་ཏོག་ལྷ་མཛེས་ནི་མདོ་ཁམས་སུ་ཁྲི་ཟུར་ཚང་ཟེར་བའི་དཔོན་རྒྱུད་ཀྱི་ཁྱིམ་ཚང་ཞིག་ལ་སྐྱེས་ཤིང་། ༡༩༩༩ལོར་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ནས་འབིར་སློབ་གྲྭར་ལོ་གསུམ་བསྡད་དེ་སློབ་གཉེར་གནང་། དེའི་རྗེས་ཕྱིར་བོད་ལ་ལོག་དུས་ལྷ་སའི་བཙོན་ཁང་དུ་ཚུད་ཅིང་ཉེས་རྡུང་ཡང་མྱངས། ༢༠༠༦ལོར་བོད་ཀྱི་མཛེས་མའི་འགྲན་སྡུར་ནང་ཞུགས་ཤིང་རྒྱལ་ཁ་ཐོབ། ད་ཆར་རྒྱལ་ས་ལྡི་ལིར་གྱོན་ཆས་ཁྱབ་བསྒྲགས་ཀྱི་ལས་ཀ་བྱེད་ཅིང་། ༢༠༡༦ལོའི་མདོ་སྟོད་སྤྱི་འཐུས་འོས་མིར་ལངས་འདུག་པའི་བུ་མོ་ཧུར་བརྩོན་ཅན་ཞིག་རེད།
བྱ་འཕུར་མ། གཞང་ཚོང་མ་ལྡི་ལི་དང་བྷང་བྷེ་གཉིས་ལ་སྐད་གྲགས་ཡོད་པའི་དཔང་རྟགས་ཚང་མ་ཁྱེར་ཞོག །ལྐུགས་པ།
ཅི་བྱུང་སོང་། ཁ་བརྡ་ལགས། མི་གཅིག་ལ་མིང་གཅིག་དགོས་པ་མ་རེད་དམ།
མེ་ཏོག་ལྷ་མཛེས་ཞེས་པའི་བུ་མོ་འདི་དང་ཤར་ཁུག་གཉིས་གྲོགས་པོ་ཡིན་པའི་དོག་པ་འདུག
ལོ་ཡག་་་་བདེན་པ་རེད་་གང་ཡིན་ཟེར་ན་་མེ་ཏོག་ལྷ་མཛེས་ཀྱིས་ཤར་ཁུག་དང་མཉམ་དུ་བརྒྱབ་པའི་པར་རིས་འོག་ཏུ་མཆེན་འགྲེལ་གོང་ཞུས་ལྟར་མོ་རང་ནས་བཀོད་འདུག་་་མ་ཟད་མདོ་སྟོད་སྤྱི་འཐུས་ནང་ལ་མོ་རང་རང་གིས་གསལ་གནང་སོང་་ངས་དེ་ལ་བཟོ་བཅོས་ཞིག་དངོས་གནས་བརྒྱབ་མེད་་་ཚོགས་པ་དེ་ནང་མི་སུམ་བརྒྱ་ཡན་མན་ཞིག་འདུག་ཚོང་མས་ཤེས་ཡོད་ས་ཡོད་་་་
ལོ་ཡག་་་་བདེན་པ་རེད་་གང་ཡིན་ཟེར་ན་་མེ་ཏོག་ལྷ་མཛེས་ཀྱིས་ཤར་ཁུག་དང་མཉམ་དུ་བརྒྱབ་པའི་པར་རིས་འོག་ཏུ་མཆེན་འགྲེལ་གོང་ཞུས་ལྟར་མོ་རང་ནས་བཀོད་འདུག་་་མ་ཟད་མདོ་སྟོད་སྤྱི་འཐུས་ནང་ལ་མོ་རང་རང་གིས་གསལ་བཤད་གནང་སོང་་ངས་དེ་ལ་བཟོ་བཅོས་ཞིག་དངོས་གནས་བརྒྱབ་མེད་་་ཚོགས་པ་དེ་ནང་མི་སུམ་བརྒྱ་ཡན་མན་ཞིག་འདུག་ཚོང་མས་ཤེས་ཡོད་ས་ཡོད་་་་
ལོ་ཡག ཧ་ཧ་ཧ། ང་རང་སྒེར་གྱི་ངོས་ནས་མོ་རང་ལ་དགའ་མིན་གང་ཡང་མེད། ཡིན་ནའང་ཁྱེད་རང་གིས་སྐད་ཆ་འདྲི་དུས་སྐད་ཆ་འགའ་མི་བཤད་མ་ཐབས་མེད་གྱུར། ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ། ཁམས་ཕྱོགས་ནས་བླ་མ་དང་སྤྲུལ་སྐུ་མང་པོ་ཡོད་ནང་བཞིན་བུ་དང་བུ་མོ་ཚོའང་སྨད་ཚང་གི་སྲས་དང་སྟོད་ཚང་སྲས་མོ་རྩི་རྒྱུ་མང་ནི་རེད། མེ་ཏོག་ལྷ་མཛེས་ཟེར་བའི་བུ་མོ་འདི་སུ་ཇ་སློབ་གྲྭའི་སྐད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་ཡོད་པ་དང་། མོ་རང་གི་དབྱིན་སྐད་དང་བོད་ཡིག་གི་ཤེས་ཚད་ཀྱིས་ཉིན་ཐོ་དག་གཙང་ཞིག་འབྲི་ཐུབ་མིན་དཀའ་ལས་ཁག་པོ་རེད། ཧ་ཧ་ཧ། དགོད་གཏམ་རེད།
ལོ་ཡག་རང་གིས་སྐྱག་རྫུན་དང་ཧམ་བཤད་བཤད་ཀྱི་འདུག ང་རང་གོ་བརྒྱད་ལོར་སུ་ཇ་སློབ་གྲྭ་ཞུགས་པ་ཡིན། མོ་རང་གོ་དགུ་ལོར་སུ་ཇ་སློབ་གྲྭར་ཞུགས་ཡོད་ན་ངའི་འཛིན་གྲྭ་གཅིག་པའམ་འོག་མ་གང་རུང་ཆགས་དགོས་རེད།དེ་འདྲ་མ་རེད། ངས་མོ་རང་གཏན་ནས་མཐོང་མྱོང་མི་འདུག མོ་རང་ལྟ་བུ་ཡིན་ན་ཕལ་ཆེར་གུས་པ་སློབ་མཐར་ཕྱིན་རྗེས་སློབ་གྲྭར་ཡོང་བ་ཞིག་ཡིན་འདུག ངས་ངོ་མ་བཤད་ཀྱི་ཡོད་ཀྱི་རེད།
ཉིས་སྟོང་བཅུ་ཡས་མས་ནང་མོ་རང་གིས་ཆང་དང་ཐ་མ་ནག་པོ་འཐེན་གྱི་ཡོད་མེད། མཚན་ཚོགས་ལ་རྟག་པར་འགྲོ་ཡི་ཡོད་མེད་མཱ་ཅང་ཀྲེ་ལཱའི་ནང་གི་བོད་མི་ཕོ་གསར་ཚོས་མཁྱེན་གསལ་རེད།དེ་ནི་མོ་རང་གི་རང་དབང་རེད། ཡིན་ནའང་། སྐབས་དེར་ལྡི་ལི་ཡོད་པའི་མོ་རང་གི་ཕ་ཡུལ་གཅིག་པ་ཚོས་མོ་རང་ལ་བསླབ་བྱ་གང་མང་རྒྱག་དགོས་བྱུང་བ་རེད། མོ་རང་གི་གཏམ་རྒྱུད་ཟེར་ན་འདྲ་དགོད་བྲོ་བའི་གནས་ཚུལ་འདྲ་མིན་སྣ་ཚོགས་བྱུང་མྱོང་ཡོད་འདུག གང་ལྟར་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་མོ་རང་ལྡི་ལི་སྡོད་ཐབས་བྲལ་ཏེ་སྦང་བྷེ་གྲོང་ཁྱེར་ནང་དུ་སོང་བ་རེད། མོ་རང་གིས་བཤད་པ་ལྟར་ན་མོ་རང་གིས་གྲོང་ཁྱེར་དེའི་ནང་གྱོན་གོས་ཁྱབ་བསྒྲགས་སྐོར་ལ་སློབ་སྦྱོང་བྱས་ཡོད་ཚུལ་བརྗོད་ཀྱང་དོགས་པ་ཡོད།
གཞན། མེ་ཏོག་ལྷ་མཛེས་༢༠༡༦ ལོའི་མདོ་སྨད་སྤྱི་འཐུས་འོས་མི་ལ་ལངས་ཀྱི་ཡོད་པ་རེད། ཧ་ཧ་ཧ། བོང་བུས་རྟ་ཡི་ལམ་ཆེན་བཀག་པ་མ་རེད་དམ། དེ་མིན་ན་མདོ་སྟོད་ཚང་ལ་ཕོ་རྫོགས་ཚར་ནས་མོ་ཐུག་སྟབས་མོ་རང་འདྲ་བོ་སྤྱི་འཐུས་སུ་ལངས་པ་རེད། ཧ་ཧ་ཧ། དེ་ཙམ་ཡིན།
ནོར་བཅོས། མདོ་སྨད་སྤྱི་འཐུས་ཟེར་བ་ནོར་ཡོད་སྟབས་དེའི་ཚབ་ཏུ་མདོ་སྟོད་སྤྱི་འཐུས་ཞེས་ཐུགས་སྣང་གནང་རོགས
མེ་ཏོག་ལྷ་མཛེས་ཀྱིས་ཤར་ཁུག་ལ་མགོ་སྐོར་བཏང་བ་རེད། ཡིན་རྒྱུ་མ་རེད། མེ་ཏོག་ལྷ་མཛེས་ཀྱིས་རྒྱ་གར་ཕྱུག་བདག་གི་བུ་ཕྲུག་ཚོ་མགོ་སྐོར་ཐུབ་ཀྱི་ཡོད་པས་ཁུག་རྟ་ལ་མགོ་སྐོར་བཏང་ཡོད་ཚོད་འདུག མི་གཞན་གྱིས་མེ་ཏོག་ལྷ་མཛེས་ལ་ལས་སླ་བོ་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད་དོ། ཡིད་མི་ཆེས་ཚོད་ལྟ་བྱོས།
ཁྱེད་ཚོ་ཁ་ཤས་ཤིག་ནས་མེ་ཏོག་ལྷ་མཛེས་ལ་ཧ་ཅང་རྒྱུས་ཡོད་མདོག་སྟོན་གྱི་འདུག མེ་ཏོག་ལྷ་མཛེས་ཟེར་བ་མཛེས་མ་ཞིག་རེད་པས། མོའི་པར་ཞིག་འགོད་རོགས། ཧ་ཧ་ཧ། །
ངོ་དེབ་ན་མེ་ཏོག་ལྷ་མཛེས་རང་ཉིད་ཀྱི་ངོ་སྥྲོད་དབྱིན་ཡིག་སྟེང་བཀོད་ཡོད་པ་དེར་གཞི་བཞག་པ་ཡིན། ངོ་དེབ་ཐོག་metok lhazey ཞེས་གཏག་དང་། དེ་ནས་རྙེད་ཡོང་།
ཤར་ཕྱོགས་ཁུག་རྟ་མཆོག་གིས་བདེན་པ་ཉིད་ནམ་ཡང་གཏོང་གི་མ་རེད། ཨ་མའི་བུ་ལ་དེ་འདྲ་དགོས་པ་རེད།
ལྷག་པ། ངས་ཅི་མཛད་ལེགས་མཐོང་ཟེར་བ་དེ་ཤེས་ཀྱི་མེད། འོན་ཀྱང་དེང་སང་དྲ་ཐོག་ནས་སྲིད་སྐྱོང་ལ་སྐྱོན་བརྗོད་གང་བྱེད་ཀྱི་ཡོད་པ་དེ་དག་ལ་ཁུང་ལུང་ཡོད་པ་དང་གཏན་ཚིག་ཡོད་པ་ཞིག་མ་མཐོང་བས་ངས་རྒོལ་གཏམ་གཏོང་གི་ཡོད། དཔེར་ན་གོང་དུ་དྲ་འབུ་ཞིག་གིས་དུས་དབང་ཕྱིར་འགྱང་བྱས་པ་དེ་སྲིད་སྐྱོང་གིས་བྱས་པ་ལྟ་བུ་དང་དེ་ལ་རྒྱབ་ལྗོངས་ཆེན་པོ་ཞིག་ཡོད་མདོག་བྱེད་ཀྱི་འདུག་ཀྱང་། ཉེ་ཆར་གོང་ས་མཆོག་གི་བཀའ་སློབ་དེ་དག་ལ་ཉན་དང་དུས་དབང་ཕྱིར་འགྱང་དེ་སྨན་པའི་ལམ་སྟོན་ལྟར་ཁོང་སྐུ་ངལ་གསོ་ཆེད་མཛད་རིམ་མང་པོ་ཞིག
ཕྱིར་སྡུ་གནང་བའི་ཁྲོད་ཀྱི་གཅིག་ཡིན་པ་གསལ་པོ་གསུངས་འདུག སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་བཞིན་པ་གཞན་དག་ཡང་དེ་དང་དེ་ལྟ་བུ་ཤ་བསྟག་རེད།
ལྷ་བྱ་འཕུར་མ་་་་་རང་ལ་རྒྱུ་འབྲས་འདྲ་ཡོད་ན་་་་རྒྱབ་ལྗོངས་རིན་པོ་ཆེ་དང་དཔོན་ཚང་གི་སྲས་མོ་མ་ཡིན་ཙམ་མི་ཚང་དཀྱུས་མ་བུད་མེད་ཞིག་རེད་བསམ་ནས་སྒྲོ་བཏགས་དང་སྐུར་འདེབས་ཁ་ནས་གང་ཐོན་མ་བཤད་ན་བཟང་་་རང་གིས་བཤད་པ་ནང་བཞིན་ཡིན་ན་རྒྱལ་སྤྱིའི་མཛངས་མའི་འདྲེན་བསྡུར་ནང་ནས་དང་པོ་ཐུབ་མི་སྲིད་་ཚང་མ་འོན་པ་དང་ཞ་ར་མ་རེད་བ་་་གཞོན་སྐྱེ་མཚན་ཚོགས་ལ་སོང་བ་ཙམ་ལ་ཧ་ལས་དགོས་པ་ཅི་གང་མེད་་་་བུ་མི་གཅིག་ཡིན་ནའང་ཡར་བཞག་མ་ཐུབ་ན་་་མར་མ་གཡུག་རོགས་་་་བོད་མི་རིགས་འདི་ཕྱིན་ངན་གཉིས་ནས་དཀའ་ངལ་འདི་འདྲ་འཕྲད་བཞིན་པའི་སྒང་ལ་ད་དུང་དཀའ་ངལ་ཐོལ་བ་ཞིག་ངོ་མ་དགོས་ཀྱི་མི་འདུག་་་བསམ་མནོ་ཡག་པོ་གཏོང
ཤར་ཕྱོགས་ཁུ་རྟ་ཟེར་བའི་ཨ་མདོ་བ་གྲྭ་ལོག་དེས་ཕྱི་རྒྱལ་ལ་འགྲོ་རྩིས་ཐེངས་མང་བྱས་ཀྱང་། བུ་ལོན་མ་རག་པར་རྡ་སར་མུ་མཐུད་དུ་ལུས། རྗེས་སུ་སྤེན་ཚེ་ཕག་མགོ་ཅན་གྱིས་ཇུས་ངན་ཞིག་བཤམས། ཇུས་དེ་ནི་༢༠༡༡ ལོ་ནས་བཟུང་གསང་སྟབས་ཀྱི་ཐོག་ཤར་ཁུ་ལ་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཐོག་མཐའ་བར་གསུམ་དུ་གཞི་མེད་སྐྱོན་འཛུགས་བྱ་རྒྱུའི་ལས་འགན་སྤྲད་པ་དང་། སྤེན་ཚེས་ཁྲིམས་འགལ་ཐོག་ཕྱི་རྒྱལ་ལ་བོད་མི་དང་བལ་ཡུལ་གྱི་མི་རྣམས་དངོས་ཟོག་ལྟར་དབོར་འདྲེན་བྱས་དང་བྱེད་བཞིན་པའི་འཚོང་ལས་བྱུང་བའི་མ་དངུལ་ནས་ཤར་ཁུ་ལ་གང་ཙམ་རེ་སྤྲོད་བཞིན་པ་རེད། གལ་སྲིད་སྤེན་ཚེ་༢༠༡༦ ལོའི་སྲིད་སྐྱོང་ཆགས་ཚེ། ཤར་ཁུ་ཚན་པ་གཞན་ཞིག་དང་མཉམ་དུ་རིན་མེད་ཐོག་ཨ་རི་ལ་གཏང་རྒྱུའི་ཁས་ལེན་བྱས། དེ་ནི་ཤར་ཁུ་དང་སྤེན་ཚེ་གཉིས་ཀའི་རིང་ནས་སྙིང་དུ་བརྣགས་པའི་འདོད་དོན་འགྲུབ་པའི་ལེའུ་དེར་རེ་ཞིག་རྫོགས་ཚིག་རྒྱབ་རྒྱུ་རེད།