ཁྲོ་གཏུམ།
–ཆེས་འདང་རྒྱག་མེད་པའི་རྫི་བོ་ཆུང་ཆུང་གི་ལས་དབང་ལ་སྨོན་པ།
དལ་བུར་རྩྭ་ཐང་རྐང་རྟེན་དུ་གྱུར་བ་ནས
མིག་མཐའ་ན་ནམ་མཁའི་མཐའ་འཚོལ་ཞིང
རླུང་བུའི་སྔུར་བ་འགའི་ཟུར་ཟ་ལ་ཉན་ཞོར
ཆེས་མཐོ་བའི་བར་སྣང་གི་ཚོར་བ་དེ་ཡལ་མྱོང་མེད
རི་གསུམ་རྩེ་ནས་མར་འབབ་ས
ལུང་གསུམ་མདོ་ནས་ཡར་འགོས་པའི་ལས་དོན་དེས
ཉི་མ་ཇི་ལྟར་འཁོར་བའང་མ་ཚོར
རྐང་བའི་རུལ་དྲི་མང་རུ་འཐུལ་སོང་རུང
ལོ་ཟླའི་གོ་རིམ་མ་ངེས་པའི་འགྲོ་འོང་དེས
ཞེ་སེམས་ཀྱི་བར་སྟོང་ཡངས་ས་རུ
དག་ཆ་མེད་པའི་ཚིག་རུས་ཀྱི་རྐང་མར་བཞུར་ཞོར
དུང་ཞེན་གནད་མ་འགའི་བྲོ་བ་མྱངས་ཀྱིན་པ
རྩྭ་ཐང་གི་རྫི་བོ་ཆུང་ཆུང་གི་བར་སྣང་ཡིན
༢༠༡༥།༡༠།༡༣ དགོང་མོ།