༢༠༡༦ ལོའི་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལ་བཅར་འདྲི། Posted on 2015-10-172015-10-17 By ཁ་བརྡ 12 Comments on ༢༠༡༦ ལོའི་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལ་བཅར་འདྲི། བཅར་འདྲི།
ཅི་ཞིག་གི་སྟབས་ཀྱིས་སྲིད་སྐྱོང་ནི་བསྐྱར་ཟློས་བྱེད་རྒྱུར་སྐྱག་ལང་ལ་ཤོར་ཚར་འདུག དྲི་བ་དངོས་ལ་ལན་མི་འདེབས་པར་བསྐོར་བཤད་རྒྱང་བཤད་བྱས་ནས་གཡོལ་གྱི་འདུག རྒྱལ་བ་རིན་པོ་ཆེའི་མཚན་ནི་གང་ཡིན་ས་ཚང་མ་ལ་དྲུད་ནས་ཡོང་གི ད་སྲིད་སྐྱོང་ཁོང་ལ་དངོས་གནས་ཡིད་ཐང་ཆད་སོང་། གྲུབ་འབྲས་གཅིག་ཀྱང་མ་བྱུང་བའི་སྟོང་སང་སང་གི་ལྷིང་འཇགས་ངོ་མ་ནི་དེ་འདྲ་ཡིན་ས་རེད།
ངན་པ་ལང་ཤོར་གྱི་སྲིད་སྐྱོང་བློ་སེང་ནི་མི་མང་མགོ་སྐོར་གཏོང་རྒྱུར་དོ་པ་རྣོམ་རྟོག་གང་ཡང་མེད་པར་ད་དུང་རྫུན་གཏམ་ག་ཚོད་བཤད་ཀྱང་སྣང་མེད་རང་རེད་ཁོང་གི་གདོང་པར་ལྕགས་འབག་ཐུག་པོ་ཞིག་གྱོན་པར་རྟེན་ངོ་ནི་ཚ་མི་དགོས། དངོས་གནས་བྱས་ན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གཏན་འཇག་སློབ་གྲྭ་འདི་དག་ཚུར་ལེན་ཐབས་ལོ་ཉི་ཤུ་གསུམ་ཅུའི་སྔོན་ནས་བྱས་ཡོད་ཀྱང་ལེན་ཐུབ་མེད་ཚུལ་བཤད་པ་ནི་སྤམ་བཤད་རང་རེད། བཀའ་ཤག་སྔོན་ཚོས་བོད་སློབ་རྣམས་ཚུར་རྩིས་ལེན་བྱེད་སྟངས་དང་། བློ་སེང་གི་རྩིས་ལེན་བྱེད་སྟངས་གཉིས་གཏན་ནས་མི་འདྲ་བ་ཡིན། བཀའ་ཤག་གོང་མ་ཚོས་CTA རྒྱ་གར་དབུས་གཞུང་ཤེས་ཡོན་ལྷན་ཚོགས་ནང་བོད་པའི་སློབ་གྲྭ་ཆེད་བོད་པའི་ལས་བྱེད་བཞི་ཡི་ས་དམིགས་ཡོད་པ་དེ་གཞིར་བཞག་ཐོག་གཞིས་ཆགས་ཀྱི་སློབ་གྲྭ་ཡོང་རྫོགས་ཀྱི་འཛིན་སྐྱོང་དེ་བོད་པ་རང་གི་བྱ་རྒྱུ་དང་། འགྲོ་གྲོན་ཇི་སོང་རྒྱུན་གཏན་བཞིན་རྒྱ་གར་དབུས་གཞུང་ནར་གཏོང་ཡོང་བ་ཞེས་གོང་ཞུ་བྱས་འདུ། བློ་སེང་གི་མིང་སྐམ་པོ་ཞིག་གི་ཆེད་དེ་ལས་ལྡོག་སྟེ་ (CTAརྒྱ་གར་དབུས་གཞུང་ཤེས་ཡོན་ལྷན་ཚོགས་ནང་བོད་པའི་སློབ་གྲྭ་ཆེད་བོད་པའི་ལས་བྱེད་བཞི་ཡི་ས་དམིགས་ཡོད་པ་དེ་མི་དགོས་པའི་ཐོག་ནས་ལེན་རྩིས་བྱས་ནས་འདི་ལོའི་ཕྱི་ཟླ་༡༢ བར་རྩིས་ལེན་བྱེད་མ་ཐུབ་ཚེ་མི་ལོ་གསུམ་ཏག་ཏག་འགྲོ་ཡི་ཡོད་པ་རེད་དེ་མི་མང་གི་ངེས་པར་དུ་ཤེས་པ་བྱེད་དགོས།) རྩིས་ལེན་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད་ཟེར་ན་བློ་སེང་གི་གནས་ཚུལ་གསང་ཉལ་བྱེད་མ་ཐུབ་པར་ཐུག་ཡོད་པ་གསལ་གསལ་ཐིང་ཐིང་ཡིན། དེ་ཡིན་པའི་རྒྱུ་མཚན་ནི་རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁུང་ཀྱི་འབྲེལ་ཡོད་ལས་བྱེད་དེ་ལྡི་ལི་ནས་རྡ་སར་མགྲོན་འབོད་བྱས་རྡ་སྟེང་བོད་ཁིྱམ་སློབ་གྲྭའི་ཞོག་གཡས་ངོས་ཀྱི་རིའི་སྒང་དུ་སྤྲོ་འཆམ་ལ་ཕྱིན་པའི་རྣམ་པ་གསལ་པོ་བསྟན་པའི་པར་རིས་དང་། འགྲེལ་བཤད་མི་ཉུང་བ་ཞིག་རྒྱབ་སྟེ་བློ་སེང་ཁོ་རང་གི་ངོ་དེབ་སྟེང་འགྲེམ་སྤརལ་བྱས་པར་བརྟེན་དུས་ཡུན་རིང་པོ་མ་ཐོག་པར་རྒྱ་གར་དབུས་གཞུང་ནས་འབྲེལ་ཡོད་ལས་བྱེད་དེ་ལས་ཁུངས་གཞན་ཞིག་ཏུ་གནས་སྤོ་བཏང་བར་བརྟེན་ད་ཆ་ཅི་བྱ་གཏོལ་དུ་གྱུར་བ་མ་ཟད། མ་འོང་བོད་ཀྱི་སོན་རྩར་ཁས་འཆེ་བའི་བཙན་བྱོལ་དུ་ཡོད་པའི་གཞིས་རིམ་སློབ་གྲྭ་ཡོངས་རྫོགས་ཉམས་གུད་དུ་འགྲོ་འགྲོ་མུས་སུ་ཡོད་པ་ནི་ཉི་ཤར་སྦར་མོས་དཔེ་ལྟར་གཞི་རིམ་ཤེས་ཡོན་ཐད་འཐུས་ཤོར་བསམ་ཡུལ་ལས་འདས་པ་ཕྱིན་ཡོད། ངས་གང་བྲིས་པ་དེ་དག་དངོས་བདེན་ཡིན་མིན་གཞིས་ཆགས་ཁག་ནང་ཉམས་ཞིབ་བྱོས་དང་གཞིས་ནས་མི་རིགས་དང་རིག་གཞུང་ལ་ཤ་ཚ་དང་དུང་བ་ཡོད་མཁན་ཞིག་ཡིན་ཚེ་མིག་ནས་མཆི་མ་འཆོར་བ་དང་སྲོག་རླུང་འབར་རྒྱུ་ལས་གཞན་ལྷག་མེད་འདུག་གོ ངས་བྲིས་པ་དེ་དོས་བདེན་དང་དྲང་བདེན་ཁོ་ན་ལས་དེའི་ལྡོག་ཕྱོགས་གཏན་ནས་བྲིས་མེད་བཅས་སྐད་གསང་མཐོན་པའི་ཐོག་ནས་ཞུ་ཡི་ཡོད། ལས་བྲེལ་གྱི་རྐྱེན་པས་ཚིག་སྦྱོར་དག་ནོར་སོགས་ལ་ནོང་པ་མཆིས་རིགས་ཡོ་སྲང་ཡོད་པ་ཞུ་ཞུ།
ཁྱེད་རང་ཚོས་དོ་སྣང་བྱེད་ན། ཀླུ་བྱམས་ལ་དོ་སྣང་བྱེད་དགོས་དེ་གལ་ཆེན་པོ་ཡིན། ཅི་ལ་ཟེར་ན། ཁོ་ནི་ཁ་རང་བཙན་ལ་བཅོན་ནས། བོད་མིར་ནང་དགྲ་གསར་བ་ཞིག་གི་ཇུས་གཞི་བཏང་ཚར་བ་ཡིན་པ་ཤེས་དགོས། ཁོའི་རྒྱབ་ལོག་ན། ཐེ་བན། ཕྱོགས་མཐའ་ཁོག་གི་དགྱ་ལྡོམ་འགའ། རྒྱལ་བ་མཆོག་ལ་སྙིང་ཁུང་ནས་མི་དགའ་བའི་བོད་མི། བཙན་བྱོལ་འདི་ནང་འཁྲུག་གི་གཡུལ་ས་ཞིག་ལ་བསྒྱུར་འདོད་པའི་ལྟ་བ་ཅན་སོགས། སྔར་ན་མ་བྱུང་བའི་བྱ་བ་ཚབ་ཚེན་ཞིག་གི་མགོ་བཏོན་ཡོད་པ་ཡིན་དུས། འདིས་སང་ཉིན་ཁོ་ལ་འོས་མ་ཐོབ་པའི་རྗེས་ལ་དེ་ལས་ཀྱང་དཀྲུག་གཏམ། གཡོབ་གཏམ་ཡོད་དགུ་སྤེལ་བ་ལ། རོགས་རམ་སྐྱོར་མི་ཉུང་བ་ཞིག་ཡོང་ནས་དཀྲུག་རྒྱུ་ཡིན་པ་དེ་ལ། ང་ཚོ་བོད་ཕྱི་ནང་གི་བོད་མི། མི་རེ་ངོ་རེ་ནས། ཇི་སྟར་བྱེད་རྒྱུ་ཡིན་པ་གལ་ཆེན་རེད། ཁོ་ནང་མི་སྐྱོང་མི་ཤེས་ནི་ཞིག་གིས་བོད་རྒྱལ་ཁབ་སྐྱོང་རྒྱུ་ཟེར་ན། འདིའི་རྒྱབ་ལོག་ན། སུ་ཞིག་ཡོད་པ་གསལ་པོ་ཤེས་གལ་ཆེན་ཡིན། ཁོ་རང་རང་གིས་ཁོ་ལ་སྒོར་མོ་འབྱོར་བ་དེ་དཀར་པོ་ཡིན་མདོག་གིས་བཤད་ཡོད་ན་ཡང་། དེ་ལ་རྩ་བ་དང་མིན་ལ་ཞིབ་དཔྱོད་བྱེད་གལ་ཆེ། ཁོས་བཙན་བྱོལ་ཡ་གཏོར་རྩ་གཏོར་ལ་གཏོང་མ་ཐུབ་ན། ཁོ་ལ་ལྐོག་དངུལ་གྱི་མ་རྩ་མི་རེག་པས། མ་རྩ་དེའི་ཆེད་དུ། ཁོས་ཅི་ཡང་བཤད་སྲིད་ལ། ཅི་ཡང་འཁྲབ་སྲིད་པ་དང་ཅི་ཡང་བཀོལ་སྲིད་པས། ང་ཚོ་ལ་རང་བཙན་ལོས་དགོས་ཀྱང་། ཁོའི་བྱ་བྱེད་ཀྱི་འཆར་སྒོ་ན། ནང་འཁྲུག་དང་གྱོང་གུད་ལས་མེད་པ་ཤེས་དགོས་བ་དེ་གལ་ཆེན་པོ་ཡིན།
སྲིད་སྐྱོང་གི་མཛད་རྗེས་དང་གྲུབ་འབྲས་ཆེ་ཤོས་དེ་ལྷན་འཇགས་པོ་ཞིག་བྱུང་ཟེར་པ་དེ་རེད། ད་གང་ལྟར་དྲི་བ་ག་ཚད་བཀོད་ཀྱང་འགྲོ་ས་ཅང་མི་འདུག བཀའ་མོལ་ལྗིད་ཀོག་གང་ཡང་མི་འདུག དེའི་ཐོག་དྲི་བ་ཚ་བོ་རེ་བཏང་དུས་རྣམ་འགྱུར་ཚུན་ཆད་འགྱུར་འགྲོ་ཡི་འདུག
ཡང་མཆན་བྲིས་པ་ཤར་གཏོང་ཐུབ་ཀྱི་འདུག ངོ་མ་ཨ་མཚན་རེད། ཁ་སང་མཆན་འགའ་བྲིས་ཀྱང་གཏོང་ཐུབ་མ་སོང་དེ་རིང་ཚོད་ལྟ་བྱས་ཏེ་གཏོང་དུས་འགྲོ་སོང་། ངོ་མ་ཨ་མཚན་རེད།
དྲི་བ་དང་པོ། སྲིད་སྐྱོང་ལགས་དང་འབྱོར་ལྡན་རྒྱ་མི་ཝེན་དང་འབྲེལ་བ་ཅི་ལྟར་བྱུང་བ་རེད། དྲི་བ་གཉིས་པ། སྲིད་སྐྱོང་མཆོག་སྲིད་བཟུང་བའི་སྐབས་སུ་ཕྱིའི་རོགས་རམ་མང་པོ་སྔོན་ཆད་ཐོབ་མྱོང་མེད་པ་ཞིག་ཐོབ་ཡོད་ཅེས་གང་སོང་ན་གང་ནས་སྡད་ན་གསུང་བཞིན་ཡོད། དེ་ན་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོའི་ཟླ་ཕོག་མ་འཕར་ཐ་ཟེར་བའི་སྡུག་སྐད་དེ་ཅི་ལྟར་རྒྱབ་དགོས་བྱུང་བ་རེད་ལགས།
ཆབ་སྲིད་པ་ལ་ངོ་ཚ་མེད་དམ། ཡང་ན་བློ་སེང་ལ་ངོ་ཚ་མེད་སོང་བ་རེད་། ཧམ་པ་ཁོ་ནས་མི་གཞན་པས་གྲུབ་འབྲས་ཡང་ཁོ་རང་གི་ཡིན་ཟེར་ནས་བཤད་ཐུབ་པས་ངོ་མ་ཧ་ལས་པ་རེད
ཅི་ཞིག་གི་སྟབས་ཀྱིས་སྲིད་སྐྱོང་ནི་བསྐྱར་ཟློས་བྱེད་རྒྱུར་སྐྱག་ལང་ལ་ཤོར་ཚར་འདུག དྲི་བ་དངོས་ལ་ལན་མི་འདེབས་པར་བསྐོར་བཤད་རྒྱང་བཤད་བྱས་ནས་གཡོལ་གྱི་འདུག རྒྱལ་བ་རིན་པོ་ཆེའི་མཚན་ནི་གང་ཡིན་ས་ཚང་མ་ལ་དྲུད་ནས་ཡོང་གི
ད་སྲིད་སྐྱོང་ཁོང་ལ་དངོས་གནས་ཡིད་ཐང་ཆད་སོང་། གྲུབ་འབྲས་གཅིག་ཀྱང་མ་བྱུང་བའི་སྟོང་སང་སང་གི་ལྷིང་འཇགས་ངོ་མ་ནི་དེ་འདྲ་ཡིན་ས་རེད།
ངན་པ་ལང་ཤོར་གྱི་སྲིད་སྐྱོང་བློ་སེང་ནི་མི་མང་མགོ་སྐོར་གཏོང་རྒྱུར་དོ་པ་རྣོམ་རྟོག་གང་ཡང་མེད་པར་ད་དུང་རྫུན་གཏམ་ག་ཚོད་བཤད་ཀྱང་སྣང་མེད་རང་རེད་ཁོང་གི་གདོང་པར་ལྕགས་འབག་ཐུག་པོ་ཞིག་གྱོན་པར་རྟེན་ངོ་ནི་ཚ་མི་དགོས། དངོས་གནས་བྱས་ན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གཏན་འཇག་སློབ་གྲྭ་འདི་དག་ཚུར་ལེན་ཐབས་ལོ་ཉི་ཤུ་གསུམ་ཅུའི་སྔོན་ནས་བྱས་ཡོད་ཀྱང་ལེན་ཐུབ་མེད་ཚུལ་བཤད་པ་ནི་སྤམ་བཤད་རང་རེད། བཀའ་ཤག་སྔོན་ཚོས་བོད་སློབ་རྣམས་ཚུར་རྩིས་ལེན་བྱེད་སྟངས་དང་། བློ་སེང་གི་རྩིས་ལེན་བྱེད་སྟངས་གཉིས་གཏན་ནས་མི་འདྲ་བ་ཡིན། བཀའ་ཤག་གོང་མ་ཚོས་CTA རྒྱ་གར་དབུས་གཞུང་ཤེས་ཡོན་ལྷན་ཚོགས་ནང་བོད་པའི་སློབ་གྲྭ་ཆེད་བོད་པའི་ལས་བྱེད་བཞི་ཡི་ས་དམིགས་ཡོད་པ་དེ་གཞིར་བཞག་ཐོག་གཞིས་ཆགས་ཀྱི་སློབ་གྲྭ་ཡོང་རྫོགས་ཀྱི་འཛིན་སྐྱོང་དེ་བོད་པ་རང་གི་བྱ་རྒྱུ་དང་། འགྲོ་གྲོན་ཇི་སོང་རྒྱུན་གཏན་བཞིན་རྒྱ་གར་དབུས་གཞུང་ནར་གཏོང་ཡོང་བ་ཞེས་གོང་ཞུ་བྱས་འདུ། བློ་སེང་གི་མིང་སྐམ་པོ་ཞིག་གི་ཆེད་དེ་ལས་ལྡོག་སྟེ་ (CTAརྒྱ་གར་དབུས་གཞུང་ཤེས་ཡོན་ལྷན་ཚོགས་ནང་བོད་པའི་སློབ་གྲྭ་ཆེད་བོད་པའི་ལས་བྱེད་བཞི་ཡི་ས་དམིགས་ཡོད་པ་དེ་མི་དགོས་པའི་ཐོག་ནས་ལེན་རྩིས་བྱས་ནས་འདི་ལོའི་ཕྱི་ཟླ་༡༢ བར་རྩིས་ལེན་བྱེད་མ་ཐུབ་ཚེ་མི་ལོ་གསུམ་ཏག་ཏག་འགྲོ་ཡི་ཡོད་པ་རེད་དེ་མི་མང་གི་ངེས་པར་དུ་ཤེས་པ་བྱེད་དགོས།) རྩིས་ལེན་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད་ཟེར་ན་བློ་སེང་གི་གནས་ཚུལ་གསང་ཉལ་བྱེད་མ་ཐུབ་པར་ཐུག་ཡོད་པ་གསལ་གསལ་ཐིང་ཐིང་ཡིན། དེ་ཡིན་པའི་རྒྱུ་མཚན་ནི་རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁུང་ཀྱི་འབྲེལ་ཡོད་ལས་བྱེད་དེ་ལྡི་ལི་ནས་རྡ་སར་མགྲོན་འབོད་བྱས་རྡ་སྟེང་བོད་ཁིྱམ་སློབ་གྲྭའི་ཞོག་གཡས་ངོས་ཀྱི་རིའི་སྒང་དུ་སྤྲོ་འཆམ་ལ་ཕྱིན་པའི་རྣམ་པ་གསལ་པོ་བསྟན་པའི་པར་རིས་དང་། འགྲེལ་བཤད་མི་ཉུང་བ་ཞིག་རྒྱབ་སྟེ་བློ་སེང་ཁོ་རང་གི་ངོ་དེབ་སྟེང་འགྲེམ་སྤརལ་བྱས་པར་བརྟེན་དུས་ཡུན་རིང་པོ་མ་ཐོག་པར་རྒྱ་གར་དབུས་གཞུང་ནས་འབྲེལ་ཡོད་ལས་བྱེད་དེ་ལས་ཁུངས་གཞན་ཞིག་ཏུ་གནས་སྤོ་བཏང་བར་བརྟེན་ད་ཆ་ཅི་བྱ་གཏོལ་དུ་གྱུར་བ་མ་ཟད། མ་འོང་བོད་ཀྱི་སོན་རྩར་ཁས་འཆེ་བའི་བཙན་བྱོལ་དུ་ཡོད་པའི་གཞིས་རིམ་སློབ་གྲྭ་ཡོངས་རྫོགས་ཉམས་གུད་དུ་འགྲོ་འགྲོ་མུས་སུ་ཡོད་པ་ནི་ཉི་ཤར་སྦར་མོས་དཔེ་ལྟར་གཞི་རིམ་ཤེས་ཡོན་ཐད་འཐུས་ཤོར་བསམ་ཡུལ་ལས་འདས་པ་ཕྱིན་ཡོད། ངས་གང་བྲིས་པ་དེ་དག་དངོས་བདེན་ཡིན་མིན་གཞིས་ཆགས་ཁག་ནང་ཉམས་ཞིབ་བྱོས་དང་གཞིས་ནས་མི་རིགས་དང་རིག་གཞུང་ལ་ཤ་ཚ་དང་དུང་བ་ཡོད་མཁན་ཞིག་ཡིན་ཚེ་མིག་ནས་མཆི་མ་འཆོར་བ་དང་སྲོག་རླུང་འབར་རྒྱུ་ལས་གཞན་ལྷག་མེད་འདུག་གོ ངས་བྲིས་པ་དེ་དོས་བདེན་དང་དྲང་བདེན་ཁོ་ན་ལས་དེའི་ལྡོག་ཕྱོགས་གཏན་ནས་བྲིས་མེད་བཅས་སྐད་གསང་མཐོན་པའི་ཐོག་ནས་ཞུ་ཡི་ཡོད། ལས་བྲེལ་གྱི་རྐྱེན་པས་ཚིག་སྦྱོར་དག་ནོར་སོགས་ལ་ནོང་པ་མཆིས་རིགས་ཡོ་སྲང་ཡོད་པ་ཞུ་ཞུ།
སྲིད་སྐྱོང་རྒྱལ་འགྱུར་ཅིག
སྲིད་སྐྱོང་ལགས་ཀྱིས་ཡག་པོ་གསུངས་སོང་།
ཁྱེད་རང་ཚོས་དོ་སྣང་བྱེད་ན། ཀླུ་བྱམས་ལ་དོ་སྣང་བྱེད་དགོས་དེ་གལ་ཆེན་པོ་ཡིན། ཅི་ལ་ཟེར་ན། ཁོ་ནི་ཁ་རང་བཙན་ལ་བཅོན་ནས། བོད་མིར་ནང་དགྲ་གསར་བ་ཞིག་གི་ཇུས་གཞི་བཏང་ཚར་བ་ཡིན་པ་ཤེས་དགོས། ཁོའི་རྒྱབ་ལོག་ན། ཐེ་བན། ཕྱོགས་མཐའ་ཁོག་གི་དགྱ་ལྡོམ་འགའ། རྒྱལ་བ་མཆོག་ལ་སྙིང་ཁུང་ནས་མི་དགའ་བའི་བོད་མི། བཙན་བྱོལ་འདི་ནང་འཁྲུག་གི་གཡུལ་ས་ཞིག་ལ་བསྒྱུར་འདོད་པའི་ལྟ་བ་ཅན་སོགས། སྔར་ན་མ་བྱུང་བའི་བྱ་བ་ཚབ་ཚེན་ཞིག་གི་མགོ་བཏོན་ཡོད་པ་ཡིན་དུས།
འདིས་སང་ཉིན་ཁོ་ལ་འོས་མ་ཐོབ་པའི་རྗེས་ལ་དེ་ལས་ཀྱང་དཀྲུག་གཏམ། གཡོབ་གཏམ་ཡོད་དགུ་སྤེལ་བ་ལ། རོགས་རམ་སྐྱོར་མི་ཉུང་བ་ཞིག་ཡོང་ནས་དཀྲུག་རྒྱུ་ཡིན་པ་དེ་ལ།
ང་ཚོ་བོད་ཕྱི་ནང་གི་བོད་མི། མི་རེ་ངོ་རེ་ནས། ཇི་སྟར་བྱེད་རྒྱུ་ཡིན་པ་གལ་ཆེན་རེད། ཁོ་ནང་མི་སྐྱོང་མི་ཤེས་ནི་ཞིག་གིས་བོད་རྒྱལ་ཁབ་སྐྱོང་རྒྱུ་ཟེར་ན། འདིའི་རྒྱབ་ལོག་ན། སུ་ཞིག་ཡོད་པ་གསལ་པོ་ཤེས་གལ་ཆེན་ཡིན། ཁོ་རང་རང་གིས་ཁོ་ལ་སྒོར་མོ་འབྱོར་བ་དེ་དཀར་པོ་ཡིན་མདོག་གིས་བཤད་ཡོད་ན་ཡང་། དེ་ལ་རྩ་བ་དང་མིན་ལ་ཞིབ་དཔྱོད་བྱེད་གལ་ཆེ།
ཁོས་བཙན་བྱོལ་ཡ་གཏོར་རྩ་གཏོར་ལ་གཏོང་མ་ཐུབ་ན། ཁོ་ལ་ལྐོག་དངུལ་གྱི་མ་རྩ་མི་རེག་པས། མ་རྩ་དེའི་ཆེད་དུ། ཁོས་ཅི་ཡང་བཤད་སྲིད་ལ། ཅི་ཡང་འཁྲབ་སྲིད་པ་དང་ཅི་ཡང་བཀོལ་སྲིད་པས། ང་ཚོ་ལ་རང་བཙན་ལོས་དགོས་ཀྱང་། ཁོའི་བྱ་བྱེད་ཀྱི་འཆར་སྒོ་ན། ནང་འཁྲུག་དང་གྱོང་གུད་ལས་མེད་པ་ཤེས་དགོས་བ་དེ་གལ་ཆེན་པོ་ཡིན།
དྲི་བ་བཏང་མཁན་དང་ལེན་རྒྱབ་མཁན་གཉིས་པོ་སྐྱུག་བྲོ་པོ་རེད།སྤྱི་ཚོགས་ནང་རྙོག་གླེང་དང་ཆ་འཇོག་མེད།
སྲིད་སྐྱོང་གི་མཛད་རྗེས་དང་གྲུབ་འབྲས་ཆེ་ཤོས་དེ་ལྷན་འཇགས་པོ་ཞིག་བྱུང་ཟེར་པ་དེ་རེད། ད་གང་ལྟར་དྲི་བ་ག་ཚད་བཀོད་ཀྱང་འགྲོ་ས་ཅང་མི་འདུག བཀའ་མོལ་ལྗིད་ཀོག་གང་ཡང་མི་འདུག དེའི་ཐོག་དྲི་བ་ཚ་བོ་རེ་བཏང་དུས་རྣམ་འགྱུར་ཚུན་ཆད་འགྱུར་འགྲོ་ཡི་འདུག
གང་ལྟར་ཉིན་འགར་ཁ་བརྡ་ཀློག་ཐུབ་ཀྱང་མཆན་འགོད་མ་ཐུབ་ན་སྐྱིད་པོ་མི་འདུག
ཡང་མཆན་བྲིས་པ་ཤར་གཏོང་ཐུབ་ཀྱི་འདུག ངོ་མ་ཨ་མཚན་རེད། ཁ་སང་མཆན་འགའ་བྲིས་ཀྱང་གཏོང་ཐུབ་མ་སོང་དེ་རིང་ཚོད་ལྟ་བྱས་ཏེ་གཏོང་དུས་འགྲོ་སོང་། ངོ་མ་ཨ་མཚན་རེད།
སྲིད་སྐྱོང་རྒྱལ་གྱུར་གཅིག
དྲི་བ་དང་པོ། སྲིད་སྐྱོང་ལགས་དང་འབྱོར་ལྡན་རྒྱ་མི་ཝེན་དང་འབྲེལ་བ་ཅི་ལྟར་བྱུང་བ་རེད།
དྲི་བ་གཉིས་པ། སྲིད་སྐྱོང་མཆོག་སྲིད་བཟུང་བའི་སྐབས་སུ་ཕྱིའི་རོགས་རམ་མང་པོ་སྔོན་ཆད་ཐོབ་མྱོང་མེད་པ་ཞིག་ཐོབ་ཡོད་ཅེས་གང་སོང་ན་གང་ནས་སྡད་ན་གསུང་བཞིན་ཡོད། དེ་ན་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོའི་ཟླ་ཕོག་མ་འཕར་ཐ་ཟེར་བའི་སྡུག་སྐད་དེ་ཅི་ལྟར་རྒྱབ་དགོས་བྱུང་བ་རེད་ལགས།
ཆབ་སྲིད་པ་ལ་ངོ་ཚ་མེད་དམ། ཡང་ན་བློ་སེང་ལ་ངོ་ཚ་མེད་སོང་བ་རེད་། ཧམ་པ་ཁོ་ནས་མི་གཞན་པས་གྲུབ་འབྲས་ཡང་ཁོ་རང་གི་ཡིན་ཟེར་ནས་བཤད་ཐུབ་པས་ངོ་མ་ཧ་ལས་པ་རེད