རྨེ་སྲིབ་ནོར་བུ།
འགལ་ཟླའི་ཚོགས་པ་དང་འདུ་ཤེས།
༡༽དོལ་ཚོགས་ནི། བོད་རྒྱ་ཆེའི་སྲི་ཞུ་བ་ཞིག་ཡིན་ཕྱིན། ༧གོང་ས་མཆོག་གིས་དོལ་རྒྱལ་གསོལ་མཆོད་མི་རུང་བའི་རེ་སྐུལ་དང་བསླབ་བྱ་གནང་སྐབས། ལོག་སྨྲ་འགའ་ཞིག་གིས་ཟིང་འཁྲུག་བསླངས་ཏེ། བོད་གཞུང་དང་འགལ་ཟླའི་ཚོགས་པ་ཞིག་ཏུ་གྱུར་པ་རེད། སྟོང་ལོ་བརྒྱད་པར་བོད་ནང་དམར་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་སྐབས། དོལ་ཚོགས་ཀྱིས་ཤ་ཁྲག་རྒྱུད་གཅིག་གི་བརྩེ་འདང་རྨང་མེད་ཐོག་རྒྱ་ཕྱོགས་བཟུང་སྟེ། མི་རིགས་དམེ་གསོད་ཀྱི་བསམ་བློའི་འོག་ཚུར་རྒོལ་བྱས་ཡོད་པ་རེད།
༢༽རྩ་རླུང་ཆོས་འཁོར་ཚོགས་པ་ནི། རྒྱ་ནག་དམར་གཞུང་གིས་དྲག་སྤྱོད་ཀྱིས་རྩ་མེད་གཏོར་བཅོམ་བཏང་རྐྱེན། ཕྱི་བྱོལ་དུ་ཚོགས་པའི་ངོ་བོར་གནས་ཤིང༌། རྒྱ་གཞུང་ལ་ངོ་རྒོལ་བསྟུད་མར་བྱེད་བཞིན་ཡོད། འོན་ཀྱང༌། རྒྱལ་སྤྱིའི་རྩེ་འགྲན་རུ་ཁག་དང་འབྲེལ་བའི་མང་གཙོའི་ལྟ་སྤྱོད་ཀྱི་ལམ་དུ། རྒྱ་རིགས་རྣམས་གདོན་འདྲེར་འགྱུར་ཉེན་ཆེ་སྐབས། ཆོས་ཚོགས་འདིའི་འགལ་ཟླ་ནི་རྒྱ་རིགས་ནང་ཁུལ་གྱི་གནད་དོན་ཞིག་ཏུ་བརྩིས་ཏེ། མི་རིགས་རིང་ལུགས་ཀྱི་བསམ་བློའི་འོག རྒྱ་གཞུང་ལ་ངོ་རྒོལ་ཟིང་སློང་གང་ཡང་མ་བྱས་པར་ལྷིང་འཇགས་སུ་གནས་པ་རེད། རྒྱ་བོད་གཞུང་སོ་སོའི་འགལ་ཟླའི་ཚོགས་པ་འདི་གཉིས་ཀྱི། སོ་སོའི་མི་རིགས་སུ་བསམ་བློའི་འཛིན་སྟངས་གཉིས་ལྟ་སྡུར་ཞིག་བྱོས་དང༌། ང་ཚོའི་མི་རིགས་ཀྱི་དོན་གནད་གང་ཡིན་རུང༌། བསམ་གཞིགས་ཀྱིས་འདུ་ཤེས་བསྐྱེད་སྲིང་མི་བྱེད་པར། ཚོར་སྣང་གིས་དབང་བསྒྱུར་འོག་ནས་རང་གཞན་གཉིས་ཕུང་གི་ལས་རིམ་སྤེལ་བ། ནང་ཁུལ་གྱི་འགལ་ཟླའི་རྒྱབ་རྟེན་ཕྱི་དགྲ་ལ་བཅོལ་ནས་རྒྱལ་ཁབ་ཀྱི་བླ་སྲོག་ཁྱུར་མིད་བྱེད་པ་སོགས་ཀྱི་ཉེས་སྐྱོན་ལོ་རྒྱུས་ཀྱི་ཐོག་མཐའ་བར་གསུམ་དུ་ཁེངས་ཡོད།
མི་རིགས་ཀྱི་ལར་ཞེན་དང་རྩ་དོན།
༡༽ བོད་ནང་དམར་གསོད་ཁྲག་སྦྱོར་གྱི་ཛ་དྲག་གི་དུས་སྐབས། ཕྱི་བྱོལ་བོད་རིགས་ཡོངས་ཀྱིས་དམར་གཞུང་ལ་ངོ་རྒོལ་དང་འཛམ་གླིང་གསར་ལམ་ཁག་ལ་བརྒྱུད་བསྒྲགས། རྒྱལ་སྤྱིའི་ཚོགས་གཞུང་ཡོངས་སུ་རེ་འབོད་ཁྲོམ་སྐོར་བྱེད་སྐབས། རྡ་སའི་བོད་མི་གསོལ་མགྲོན་ཁང་གི་བདག་པོ་འགས་ཉིན་ཤས་རིང་ཚོང་སྒོ་རྒྱག་མ་ཐུབ་པར་དངོས་ཤུགས་བརྒྱུད་གསུམ་གྱིས་རྩོད་གླེང་བྱས་ཏེ་ཚོང་གཉེར་ལ་འབད་བཞིན་ཡོད།
༢༽རྩེད་འགྲན་དཔལ་འབར་དང་འགྲོགས་པའི་རྒྱར་རྒོལ་གྱི་རྦ་རླབས་རྒྱལ་སྤྱིའི་ཐོག་འཕྱོ་ཡོང་སྐབས། ཨོ་སི་ཊི་ལི་ཡར་གནས་པའི་རྒྱ་རིགས་གསོལ་མགྲོན་ཁང་གི་བདག་པོ་འགས་དམར་གཞུང་གིས་བྱུས་བསྒྲིགས་འོག་ནས་སླེབས་པའི་རྒྱ་རིགས་ཁྲི་སྟོང་མང་པོར། ཟས་གོས་གནས་མལ་ལ་འགྲོ་དངུལ་བཏང་ཞིང༌། དམར་གཞུང་ལ་རྒོལ་བའི་དཔུང་ཁག་དག་ལ་ཁ་གཏད་གདོང་ལེན་གྱི་ལས་འགུལ་སྤེལ་ཡོད་པ་རེད། བོད་རྒྱའི་འབྱོར་ལྡན་པ་འདི་དག་གི་བསམ་བློའི་ནང་མི་རིགས་སོ་སོའི་རྩ་དོན་ཡོད་མེད་གཉིས་ལྟ་སྡུར་ཞིག་བྱོས་དང༌། བཙན་བྱོལ་ནང་གི་ཕྱུག་བདག་འགའི་སེམས་ནང་ན། རང་ཁྱིམ་གསོ་སྐྱོང་གི་བསམ་གཞིགས་ལས། བོད་མིའི་སྐྱིད་སྡུག་ཐད་ལ་སེམས་ཚོར་ཙམ་ཡང་མེད་པ་དང༌། ད་དུང་བོད་དོན་གྱིས་དངུལ་འཚོལ་སྒྲུབ་བྱེད་བཞིན་ཡོད་པ་ར་སྤྲོད་བྱུང༌།
ཆབ་སྲིད་པའི་ཀུན་སྤྱོད་དང་རྣམ་དཔྱོད།
༡༽སྟོང་ལོ་བརྒྱད་པར་གཞིས་ལུས་སྤུན་ཟླ་རྣམས། དམར་གཞུང་གིས་སྡེབ་གསོད་བྱེད་སྐབས། ཕྱི་བྱོལ་བོད་རིགས་ཡོངས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་དུས། རྡ་སའི་མི་སེར་རྣམས་ཀྱིས་གསོལ་མགྲོན་ཁང་གི་བདག་པོ་འགའ་རེར་ཚོང་སྒོ་རྒྱག་དགོས་པའི་འབོད་སྐུལ་ཞུས་པར། འབྱོར་ལྡན་པར་རྒྱབ་ལངས་བྱེད་པའི་དགེ་ལུགས་སྤྱི་འཐུས་ཀྱིས་མི་སེར་རྣམས་ལ། ་་སེམས་ཤུགས་ཡོད་མདོག་ཁ་པོ་བྱས་ནས། གསོལ་མགྲོན་ཁང་དག་ལ་རྒོལ་འཛིང་མ་བྱེད་མ་གཏོགས། རྒྱ་གར་ཉེན་རྟོག་པར་རྩིས་སྤྲད་ཀི་ཡིན་ད་་་་ཞེས་པའི་དཔོན་འབངས་ཀྱི་ཚུལ་དུ་བཀའ་བཙན་བཏང་བ་རེད།
༢༽རང་བྱུང་ས་ཡོམ་གྱིས་རྒྱ་རིགས་རྣམས་སྡེབ་གསོད་བྱེད་སྐབས། དམར་གཞུང་གི་སྲིད་འཛིན་དང༌། ཕྱི་སྲིད་བློན་ཆེན་རྣམས་ཀྱིས་མི་སེར་ཁྲོད་ནས་ངོ་གདོང་མཆི་མས་བཀང་སྟེ། ་་ང་ཚོའི་སྐྱིད་སྡུག་གཅིག་མཚུངས་དང༌། མཉམ་ཤི་མཉམ་གསོན་ཡིན་ལུགས་སོགས་་་་ཀྱི་སྐད་ཆ་བཤད་པ་དང༌། ས་ཡོམ་གྱིས་ཆག་ཉུལ་བཏང་བའི་ཡ་ངའི་བརྙན་འཕྲིན་རྒྱབ་ལྗོངས་སུ་བླངས་ཏེ། ཆབ་སྲིད་པའི་སྐྱོ་གདུང་གི་རྣམ་འགྱུར་འདིས། རྒྱ་ཕྱོགས་སུ་འཁོར་བའི་རྒྱལ་སྤྱིའི་ཐོག་གི་སྡང་སེམས་ནག་པོ་ཞི་ཐབས་དང༌། མི་སེར་གྱི་སྡུག་སེམས་གསོ་ཐབས་སོགས་ཀྱི་རྣམ་དཔྱོད་ངོམ་ཡོད། འདི་ལྟར་བོད་རྒྱའི་ཆབ་སྲིད་པ་འགའི་ཀུན་སྤྱོད་ལས་རྣམ་དཔྱོད་ལ་ལྟ་སྡུར་ཞིག་བྱོས་དང༌། བོད་རིགས་ཤི་གསོན་གྱི་དུས་ཚོད་རྩ་འཛིན་མི་བྱེད་པར། ཕྱུག་བདག་རེ་འགའི་ཚོང་ལས་ཀྱི་དུས་ཚོད་ལ་རྒྱབ་ལངས་བྱེད་པ་འདིས། བཙན་བྱོལ་ཁྲོད་ཀྱི་ཕྱུག་བདག་དང་སྐུ་ངོ་འགས། གཅིག་རྒྱབ་གཅིག་ལངས་ཀྱིས་མི་མང་གཉའ་གནོན་དང་བཤུ་གཞོག་གི་བསམ་བློ་གཅིག་མཐུན་ལས། རྒྱལ་ཁབ་ཀྱི་ཆེད་དུ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་བློ་རྨང་གཞིར་བཏང་སྟེ། འཐབ་རྩོད་ཀྱི་སེམས་ཤུགས་དང༌། བསམ་བློའི་འཆར་བཀོད་གང་ཡང་མེད་པ་ར་སྤྲོད་བྱུང༌། ཡང་གཅིག་བཤད་ན། ང་ཚོའི་གཞུང་མང་གཉིས་ཀྱི་སྲི་ཞུ་བ་འགའ་རེར། ཆོས་སྲིད་ལ་སྦྱངས་པའི་ཡོན་ཏན་དང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་ཕྱོགས་རྟོགས་པའི་རིགས་ལམ། དམར་གཞུང་གི་གཡོ་བྱུས་སུ་ཁ་གཏད་ཐུབ་པའི་རྣམ་དཔྱོད་བཅས་མེད་པར་མ་ཟད། ཐ་ན་རང་རེའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་སྟབས་བསྟུན་གྱི་སྐད་ཆ་ཙམ་ཡང་བཤད་མི་ཤེས་པ་མང༌། མི་སྣ་འདི་འདྲའི་སྐྱུག་བྲོ་བའི་བསམ་བློ་རུལ་སུངས་ཀྱིས། ང་ཚོས་མི་རིགས་ཀྱི་ཐོབ་དབང་རྩོད་ལེན་བྱེད་ས་ནས། རང་མགོ་རང་གསོད་བྱེད་ཉེན་ཡོད་པས། འདིའི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད་ལ་བསྐྱར་ཞིབ་བྱས་ཏེ། ང་རྒྱལ་དང་ཧམ་སེམས་ཁོ་ནས་རྐུབ་བཀྱགས་ལ་བདག་པོ་བྱེད་མི་རྣམས། ང་ཚོས་གཞུང་མང་གཉིས་ཀྱི་གོ་གནས་ནས་གཏན་ཕུད་བྱེད་རྒྱུ་ཚོགས་ཆེན་རྗེས་མར་བརྗོད་གཞིའི་ཆ་ཤས་སུུ་ཆགས་ཡོད།
སྤྱིར་བོད་མི་རིགས་འདིར་རེ་བ་ཡོད། ཡིན་ན་ཡང་སྒོར་མོའི་གནད་དོན་ལ་ཐུག་ན་རེ་བ་མེད།
འདི་ནི་ཨ་རི་བ་དང་ཡོ་རོབ་པ། དེ་བཞིན་རྒྱ་རིགས་མང་པོ་ཞིག་གིས་རང་རེར་བཞག་པའི་སྡོམ་ཚིག་ཏིག་ཏ་བརྒྱད་པ་ལྟ་བུ་ཞིག་རེད།
རྨེ་སྲིབ་ནོར་བུ་ལགས་ཀྱིས་གསུངས་པར་མངོན་པར་བསྟོད་དོ།། ང་ཚོ་འདི་ལྟར་བྱས་ནས་རྒུད་པའི་མཐར་ལྷུང་བ་ཡིན་ལ། ད་དུང་ཤེས་མེད་སྐུ་ངོ་འདི་རྣམས་ཀྱིས་མུ་མཐུད་དུ་སྲིད་སྟེགས་དབང་འཛིན་བྱས་པ་ཡིན་ན། བོད་དོན་རྩ་ཡལ་དུ་གཏོང་རྒྱུར་ཐེ་ཚོམ་མེད་པས། ང་ཚོས་ཐོག་མར་འཐབ་རྩོད་ཀྱི་གྲི་རྩེ་ནང་དུ་བསྐོར་ཏེ། ནང་མགོ་ཕྱི་བཙོང་དང་། མང་ཚོགས་ལོག་ལམ་དུ་འཁྲིད་པའི་སྐུ་ངོ་རྣམས་སོགས་མདོར་ན། དངོས་ཤུགས་བརྒྱུད་གསུམ་ནས་དགྲ་བོ་རྒྱ་དམར་དང་འབྲེལ་བ་ཡོད་ཚད་ཀྱི་བྲང་ཁོག གཤགས་བཅོས་བྱས་ཏེ། ནད་རྙིང་ཡོད་ཚད་ཕྱིར་བཏོན་པ་ཡིན་ན། གཞི་ནས་ཆོལ་གསུམ་རྡོག་རྩ་གཅིག་བསྒྲིལ་གྱིས་བོད་རང་བཙན་སླར་གསོའི་ལས་འགུལ་མུ་མཐུད་དུ་སླེལ་ཐུབ་ལ། ད་གཟོད་བདེན་དོན་ལ་འབྲས་བུ་ཞིག་ཀྱང་འབྱུང་མི་སྲིད་པ་གཏན་ནས་མིན། རྒྱུ་མཚན་བོད་ཀྱི་རྩ་དོན་འདི་བདེན་དོན་ཞིག་ཡིན་ལ། ལྷག་པར་དུ་རང་བཙན་འཐད་རྩོད་བྱས་ན་དེ་བས་ཀྱང་བདེན་དོན་འཐད་རྩོད་དུ་གྱུར་ཡོད་པས། འཇིག་རྟེན་འདིར་བདེན་དོན་ཟེར་བ་ཞིག་ཡོད་ཕྱིན། ནམ་ཞིག་རྒྱལ་ཁ་མི་ཐོབ་པ་མི་སྲིད་དོ།། འོན་ཀྱང་། མ་འོངས་པར་ད་ལྟ་ནང་བཞིན། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་ཡང་། རང་བཙན་མི་དགོས། རང་སྐྱོང་དགོས། རང་སྐྱོང་མི་དགོས། རིག་གཞུང་གིས་ཁྱབ་ཚད་དགོས། དེ་ཡང་མི་དགོས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱས་ན་ཆོག་ཅེས། ཡོད་ཚད་བློས་བཏང་བ་ཡིན་ན། མཐའ་མཇུག་གི་ཐོབ་བྱ་ནི་ཅི་ཡིན་བཤད་མི་དགོས། དེས་ན་འཚོགས་ལ་ཉེ་བའི་ཚོགས་ཆེན་ཐོག་གི་གྲོས་གཞི་གཙོ་བོ་ནང་ཁུལ་གྱི་སྐྱུག་བྲོ་དང་། རུལ་སུངས། རང་མགོ་རང་གནོན་སོགས་བོད་མི་རིགས་རིག་གཞུང་དང་བཅས་པ་ཕམ་པར་བྱེད་པའི་གཏེ་བོ་རྩ་བ་ཡན་ལག་དང་བཅས་པ་རྩ་མེད་བཟོ་རྒྱུ་འདི་ཡིན་པས། དེའི་ཐད་བོད་མི་ཡོད་དོ་ཅོག་གིས་ཐུགས་བསམ་བཞེས་རྒྱུ་གལ་ཆེ།
རྨེ་སྲིབ་ནོར་བུ་ལགས་ཀྱིས་གསུངས་པར་མངོན་པར་བསྟོད་དོ།། ང་ཚོ་འདི་ལྟར་བྱས་ནས་རྒུད་པའི་མཐར་ལྷུང་བ་ཡིན་ལ། ད་དུང་ཤེས་མེད་སྐུ་ངོ་འདི་རྣམས་ཀྱིས་མུ་མཐུད་དུ་སྲིད་སྟེགས་དབང་འཛིན་བྱས་པ་ཡིན་ན། བོད་དོན་རྩ་ཡལ་དུ་གཏོང་རྒྱུར་ཐེ་ཚོམ་མེད་པས། ང་ཚོས་ཐོག་མར་འཐབ་རྩོད་ཀྱི་གྲི་རྩེ་ནང་དུ་བསྐོར་ཏེ། ནང་མགོ་ཕྱི་བཙོང་དང་། མང་ཚོགས་ལོག་ལམ་དུ་འཁྲིད་པའི་སྐུ་ངོ་རྣམས་སོགས་མདོར་ན། དངོས་ཤུགས་བརྒྱུད་གསུམ་ནས་དགྲ་བོ་རྒྱ་དམར་དང་འབྲེལ་བ་ཡོད་ཚད་ཀྱི་བྲང་ཁོག གཤགས་བཅོས་བྱས་ཏེ། ནད་རྙིང་ཡོད་ཚད་ཕྱིར་བཏོན་པ་ཡིན་ན། གཞི་ནས་ཆོལ་གསུམ་རྡོག་རྩ་གཅིག་བསྒྲིལ་གྱིས་བོད་རང་བཙན་སླར་གསོའི་ལས་འགུལ་མུ་མཐུད་དུ་སླེལ་ཐུབ་ལ། ད་གཟོད་བདེན་དོན་ལ་འབྲས་བུ་ཞིག་ཀྱང་འབྱུང་མི་སྲིད་པ་གཏན་ནས་མིན། རྒྱུ་མཚན་བོད་ཀྱི་རྩ་དོན་འདི་བདེན་དོན་ཞིག་ཡིན་ལ། ལྷག་པར་དུ་རང་བཙན་འཐད་རྩོད་བྱས་ན་དེ་བས་ཀྱང་བདེན་དོན་འཐད་རྩོད་དུ་གྱུར་ཡོད་པས། འཇིག་རྟེན་འདིར་བདེན་དོན་ཟེར་བ་ཞིག་ཡོད་ཕྱིན། ནམ་ཞིག་རྒྱལ་ཁ་མི་ཐོབ་པ་མི་སྲིད་དོ།། འོན་ཀྱང་། མ་འོངས་པར་ད་ལྟ་ནང་བཞིན། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་ཡང་། རང་བཙན་མི་དགོས། རང་སྐྱོང་དགོས། རང་སྐྱོང་མི་དགོས། རིག་གཞུང་གིས་ཁྱབ་ཚད་དགོས། དེ་ཡང་མི་དགོས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱས་ན་ཆོག་ཅེས། ཡོད་ཚད་བློས་བཏང་བ་ཡིན་ན། མཐའ་མཇུག་གི་ཐོབ་བྱ་ནི་ཅི་ཡིན་བཤད་མི་དགོས། དེས་ན་འཚོགས་ལ་ཉེ་བའི་ཚོགས་ཆེན་ཐོག་གི་གྲོས་གཞི་གཙོ་བོ་ནང་ཁུལ་གྱི་སྐྱུག་བྲོ་དང་། རུལ་སུངས། རང་མགོ་རང་གནོན་སོགས་བོད་མི་རིགས་རིག་གཞུང་དང་བཅས་པ་ཕམ་པར་བྱེད་པའི་གཏེ་བོ་རྩ་བ་ཡན་ལག་དང་བཅས་པ་རྩ་མེད་བཟོ་རྒྱུ་འདི་ཡིན་པས། དེའི་ཐད་བོད་མི་ཡོད་དོ་ཅོག་གིས་ཐུགས་བསམ་བཞེས་རྒྱུ་གལ་ཆེ།
དགེ་ལུགས་སྤྱི་འཐུས་དེ་སུ་རེད། དགེ་ལུགས་ཁ་ཆེ་གཉིས་ཀྱིས་མྱི་གསོད་གི་རེད་ཟེར། དགེ་ལུགས་རྒྱ་མི་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་གར་ཕེབས་ས་ལ་ཏྰ་ལའི་བླ་མ་ངོ་ཚ་ཟེར་ནས་རྗེས་འདེད་ཀྱི་ཡོད་པ་རེད་ཟེར། དགེ་ལུགས་པས་སྲིད་ཀྱི་རྐུབ་སྟེགས་སྟེང་ནས་བོད་ཀྱི་ཆོས་བརྒྱུད་གཞན་པ་ཚོར་གཏོར་བཅོམ་བྱེད་ཀྱི་ཡོད་པ་རེད་ཟེར། དགེ་ལུགས་པའི་སྐྱབས་འགྲོའི་ཚོགས་ཞིང་ནང་དུ་འདྲེ་ཡོད་པ་རེད་ཟེར། དགེ་ལུགས་པའི་གདན་ས་ལ་འདྲེ་གི་གྲྭ་ཚང་ཡོད་པ་རེད་ཟེར། དགེ་ལུགས་པའི་གྲྭ་བ་ཚོས་སངས་རྒྱས་ཆོས་ལུགས་ཙམ་མ་ཟད་རྒྱལ་སྤྱིའི་ཁྲིམས་དང་ཡང་འགལ་བའི་གྲྭ་ཆུང་ཚོའི་རྐུབ་དང་བརླ་ལ་མཚན་མཐུན་ཆགས་སྤྱོད་བྱེད་ཀྱི་ཡོད་པ་རེད་ཟེར། དགེ་ལུགས་པ་ཟེར་བ་འདིའི་མི་བྱེད་རྒྱུ་གཅིག་ཀྱང་ཡོད་པ་མ་རེད་ཟེར། ད་ཡང་དགེ་ལུགས་སྤྱི་འཐུས་ཀྱིས་བོད་མི་བོད་དོན་ལས་འགུལ་བ་རྣམས་ལ་འཇིགས་བྱས་པའི་ལོ་རྒྱུས་གོ་རྒྱུ་འདུག་ཟེར། འཛམ་གླིང་གི་ཆོས་ལུགས་ཐམས་ཅད་ཀྱི་ནང་ནས་དགེ་ལུགས་ཟེར་བ་འདི་མགྱོགས་པོར་མེད་འགྲོ་བའི་སྨོན་ལམ་འདེབས་རྒྱུ་དང་། སྨོན་ལམ་འདི་ཡང་དགེ་ལུགས་སམ་འདྲེ་ལུགས་སྤྱི་ འཐུས་དེའི་ཁྱི་ལག་ལ་འཕྲོད་འགྲོ་བའི་སྨོན་ལམ་འདེབས་རྒྱུ་ཡིན།
ཚེ་རྡོར་གྱིས་ཕྱི་ལོ་༢༠༠༨་ཟླ་༡༡ཚེས་༡་ལ་བྲིས།
དགེ་ལུགས་སྤྱི་འཐུས་སུས་དེ་ལྟར་ལབ་པ་རེད། བེ་རི་འཇིགས་མེད་དབང་རྒྱལ་རེད་དམ་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ཡིན་ནམ་དེ་རེད། ཁོང་གཉིས་མིན་མཁན་ཞིག་མེད་པ། སྔོན་མ་རྒྱ་གར་ལྷོ་ཕྱོགས་སུ་དུས་འཁོར་དབང་ཆེན་གནང་སྐབས་བོད་ནས་ཆོས་ཞུ་བ་མང་པོ་སླེབས་སྐབས་རྡི་ལི་མན་ཇུ་ཀྲི་ལའི་མགྲོན་ཁང་ཚོའི་གོང་ཚད་ཧ་ཅང་མཐོན་པོར་སྤར་སོང་། བོད་མི་མང་པོས་རྙོགས་དྲ་འདྲ་ཤོད་ཀྱི་འདུག་སྟེ་ཅི་ཕན།
དྲ་དཔོན་མཆོག་ལ། གོང་དུ་བོད་མའི་ཆེས་གཉན་འཕྲང་གི་དུས་འདིར་མཐུན་ལམ་ལ་གཏོར་བཅོམ་གཏོང་མཁན་གྱི་ཤུགས་ལྡན་གཉིས་པ་(Tsering dorjee)ཟེར་བ་འདི་རབས་ཡིན་ན་ཁ་བརྡ་དྲ་བ་ནས་གཏན་ཕུད་བྱེད་རོགས་མཁྱེན།།
དྲ་གྲོགས་དཀོན་མཆོག་ལགས། ཤུགས་ལྡན་གཉིས་པ་དེ་ང་མ་རེད། ཤུགས་ལྡན་གཉིས་པ་དགའ་ལྡན་དགོན་དུ་ཡོད་པ་རེད། སྔོན་མ་བཞུགས་སྒར་ནས་ཁྲག་གི་འཁོར་ལོ་བསྐོར་ཏེ་སྐྱབས་མགོན་རིན་པོ་ཆེ་ལ། འདི་ད་ལོའི་ཁྱེད་ཀྱི་ལོ་གསར་གཏོང་བྱེད་ཀྱི་ལོ་སྐལ་ཡིན། ལོ་རྗེས་མ་ཡང་ཡོད་ཟེར་ནས་ཡི་གེ་གཏོང་མཁན་ཚོའི་Groupརེད། ད་ལོ་བོད་ནང་ལ་ཡིད་སྐྱོ་བའི་གནས་ཚུལ་ཐབས་སྡུག་དེ་བྱུང་བའི་སྐབས་དང་བསྟུན་ནས་འཛམ་བུ་གླིང་ག་ས་ག་ལ་སྐྱབས་མགོན་རིན་པོ་ཆེ་ངོ་ཚ་ཟེར་ནས་འདེད་བསྡད་མཁན་ཚོ་རེད། འཛམ་གླིང་གི་ས་གནས་གང་སར་ཕྱོགས་གཅིག་ནས་བོད་མི་མང་ཆེ་བས་བོད་དར་བཟུང་ནས་རྒྱ་ནག་ལ་རྒོལ་གྱི་ཡོད་པ་དང། ཕྱོགས་གཅིག་ནས་བོད་མི་ཉུང་ཤས་ཤིག་གིས་རྒྱ་དྲ་བཟུང་ནས་བོད་ལ་རྒོལ་གྱི་ཡོད་པ་དེ་ཚོའི་Groupརེད། ད་ལྟ་དགའ་ལྡན་དགོན་དུ་སྟག་ཉལ་ཉལ་བྱས་ནས་བསྡད་ཡོད་པ་རེད། རབ་ཡིན་ན་ཁྱེད་ཀྱིས་ཁོང་ཚོ་བཙན་བྱོལ་བོད་མིའི་སྐྱིད་སྡུག་གི་གྲལ་ནས་ཕུད་རོགས་ཞུ།
ངས་ཁྱོད་ལ་འདྲི། ད་ལོ་བོད་ནང་དུ་དགྲ་བོས་དམར་བསོད་བྱེད་དུས་རང་རེ་འགྱེལ་བའི་སྒང་ལ་རྡོག་པ་སྤོ་མཁན་གྲངས་སུ་རེད་དམ། དགེ་ལུགས་པ་རེད་དམ་ཤུགས་ལྡན་རྗེས་འབྲངས་པ་རེད། དེ་གཉིས་གཅིག་པ་རེད་དམ། གལ་ཏེ་ཤུགས་ལྡན་པ་ཡིན་ན་ཁྱོས་དགེ་ལུགས་པ་ཟེར་ནས་དཀར་ནག་མཉམ་བསྲེས་གཏོང་དོན་གང་ཡིན་ནམ། ངས་བལྟས་ན་ཁྱོད་ཀྱིས་སྐད་ཆ་འདི་འདྲ་ཞིག་བཤད་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་ཐག་ཆོད་ཡིན། དེ་ཡང་དགྲ་དགའ་གཉེན་སྡུག་གི་ཐབས་ཤེས་ནག་པོ། ཤུགས་ལྡན་མིན་ན་གུང་ཁྲན་གྱིས་བཅོལ་བའི་ལས་ངན་པ་ཞིག་ཡིན་པ་སྐད་ཆ་བཤད་སྟངས་ལས་ཐག་གིས་ཆོད་འདུག་ན་བསམ་ཡོད་རྣམ་པས་མི་འདིའི་གྲངས་ལ་དོ་སྣང་དང་དྭོགས་གཟོན་ལྷོད་མེད་བྱེད་རོགས།
྇྇྇ཀྵ༾ཁ་བརྡ་དྲྭ་ཁང་དུ་སྐུ་མགྲོན་གསར་པ་རེ་འབྱོར་བ་དང་ལྷན་དཀོན་མཆོག་ནས་རྒྱ་མི་སོ་ཉུལ་ལམ་ཤུགས་ལྡན་རྗེས་འབྲང་པ་ཞེས་པའི་མཚན་གྱི་་ཅོད་པཎ་རེ་གསོལ་ངེས་ཅན་བརྟེན་ཚེ་རིང་རྡོ་རྗེ་ཡང་དེ་ལས་ཐར་ཐབས་ཅི་ལ་ཡོད། ཧ་ཧ་ཧ་སྐུ་རྩེད་ཞུས་པ་ཡིན་ཚེ་རྡོ་འདི་དམིགས་ཡུལ་ངན་པ་ཅན་གྱི་མི་ཞིག་ཡིན་ངེས་རེད
དྲ་གྲོགས་ཚོ། ཕན་ཚུན་ལ་ཚིག་ངན་མ་གསུང་རོགས། འཁོན་འཛིང་མ་གནང་རོགས། ང་ཚོའི་དམིགས་ཡུལ་གཅིག་པ་ཡིན། འཐབ་རྩོད་གཅིག་པ་ཡིན། སྡུག་བསྔལ་གཅིག་པ་ཡིན། འོན་ཀྱང་མི་སུམ་ཅུར་བསམ་བློ་སུམ་ཅུ་ཟེར་བའི་དཔེ་ལྟར། བསམ་ཚུལ་མི་མཐུན་པ་ཡོང་གི་རེད། དེ་གནད་འགག་ཅིག་མ་རེད་ལ། ང་ཚོར་དེ་འདྲ་དགོས་ཀྱི་ཡོད། གཙོ་བོ་གནད་དོན་འདིའི་འབྱུང་ཁུངས་དགེ་ལུགས་སྤྱི་འཐུས་ཟེར་བ་དེ་གང་ཟག་སུ་ཡིན་གསལ་བོ་ཞིག་གསུངས་རོགས། དགེ་ལུགས་སྤྱི་འཐུས་ཞེས་བཤད་ཀྱང་མ་བཤད་ཀྱང་། དོན་ལ་བོད་མི་མང་གི་སྤྱི་འཐུས་ཤིག་རེད། དེས་དེ་འདྲ་ཞིག་བཤད་ཡོད་ན་ངོ་མ་ཞབས་འདྲེན་རེད། དེ་ཚོའི་གྲས་ལ་ཞིབ་དཔྱོད་བྱས་ནས་ཐག་གཅོད་བྱེད་དགོས། བོད་མི་མང་གི་སྤྱི་འཐུས་ཙམ་མ་ཟད། བོད་མི་དཀྱུས་མ་ཞིག་གིས་དེ་འདྲ་བཤད་ན་ཡང་ཧ་ཅང་མི་འོས་པ་ཞིག་རེད། འདི་ངོ་མ་བློ་ཕམ་དང་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། འདི་ཚོའི་གྲས་ལ་ང་ཚོ་ཚང་མས་མཐའ་གཅིག་ཏུ་ངོ་རྒོལ་དང་འཐབ་རྩོད་བྱེད་དགོས། འོན་ཀྱང་གང་ཟག་བྱེ་བྲག་པའི་སྐྱོན་ཆ་དེ་སྤྱི་ལ་མི་འགེལ་བར་ཁྱད་པར་འབྱེད་དགོས། གལ་ཏེ་དགེ་ལུགས་སྤྱི་འཐུས་ཤིག་གིས་དེ་འདྲ་བཤད་ཡོད་ན། འདི་གནད་དོན་ཆུང་ཆུང་ཞིག་མ་རེད། འཚོགས་ལ་ཉེ་བའི་ཚོགས་ཆེན་ཐོག་གནད་དོན་འདི་ངེས་པར་དུ་རྩར་གཅོད་གཟབ་ནན་བྱས་ཏེ། ཕྱོགས་སུ་མ་ལྷུང་བའི་ཐག་གཅོད་ཡང་དག་པ་ཞིག་བྱེད་རྒྱུའི་རེ་བ་ཡོད། ད་དུང་གླེང་ཕྱོགས་འདི་གཞིས་ལུས་བོད་མི་ཚོས་ཐོས་ན། བློ་ཕམ་ཅི་འདྲ་འབྱུང་གི་རེད། གཞིས་ལུས་བོད་མི་རྣམས་ཀྱིས་མི་རིགས་འདིའི་མ་འོངས་འཚོ་གནས་ཆེད། ཚེ་སྲོག་གི་དམར་མཆོད་གྲངས་མེད་ཕུལ་དང་འབུལ་བཞིན་པའི་སྐབས་འདིར། བོད་མི་མང་སྤྱི་འཐུས་རྣམས་ཀྱིས་འདི་ལྟར་ཤོད་ཀྱིན་ཡོད་པ་དང་། འདི་ལྟར་བྱེད་ཀྱིན་ཡོད་པ་ཐོས་ན་ཅི་འདྲ་འདུག ཨ་ཁ་ཁ། གླེང་ཕྱོགས་འདི་མི་བདེན་པའི་སྨོན་ལམ་འདེབས། འདི་འདྲའི་གཏམ་ངན་ད་ནས་བཟུང་མི་ཐོས་པའི་སྨོནལམ་འདེབས། བོད་མི་མང་སྤྱི་འཐུས་རྣམས་ཀྱིས་སྣེ་ཁྲིད་ནས་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས་རྡོག་རྩ་གཅིག་བསྒྲིལ་གྱིས་རྒྱ་ནག་ལ་ངོ་རྒོལ་དང་། འཛམ་གླིང་ལ་རེ་འབོད་གནད་སྨིན་བྱས་ཏེ། བོད་རང་བཙན་འཐབ་རྩོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་འདེབས། ཇི་སྲིད་བོད་ལ་རང་བཙན་མ་ཐོབ་བར། བོད་གཞིས་བྱེས་མཉམ་འཛོམས་མ་ཡོང་བར། ༧གོང་ས་ཐམས་ཅད་མཁྱེན་པའི་སྐུ་ཚེ་བརྟན་པར་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་འཕྲིན་ལས་དང་། གདོང་གྲོགས་དམ་པ་མ་གཡེལ་ཅིག མ་གཡེལ་ཅིག བོད་རྒྱལ་ལོ།།
སྐད་ཆ་དྲང་མོ་བཤད་ན་འདོད། ཚོང་སྒོ་ནམ་ཕྱེ་མི་ཕྱེ་དེ་ཚོང་བདག་གི་ཐོབ་ཐང་རེད། གནད་འགག་འདི་འདྲའི་སྐབས་ཚོང་སྒོ་རྒྱག་མི་རྒྱག་དེ་ཚོང་བདག་གི་ལྷག་བསམ་ལ་ཐུག མི་མང་གིས་ཁོ་ལ་ཚོང་ཁང་སྒོ་རྒྱག་དགོས་པའི་རེ་བ་འདོན་ལོས་ཆོག ཁོས་ཚོང་སྒོ་མ་རྒྱབ་ན་དེ་ལ་བཙན་ཤེད་བྱེད་པའི་ཐོབ་ཐང་སུ་ལ་ཡང་མེད།
དགེ་ལུགས་པའི་སྤྱི་འཐུས་དེ་ཚོང་བདག་གི་རྒྱབ་རྩར་ལངས་པ་ཡིན་ནམ་ཡང་ན་མི་མང་གིས་ཁྲིམས་འགལ་གྱི་རྒོལ་འཛིངས་བྱེད་སྲིད་པའི་དོན་དེར་འགན་འཁྱེར་བ་ཡིན། གང་ཡིན་གསལ་པོ་བྱེད་དགོས་པ་འདུག གནས་ཚུལ་བརྒྱ་ཆ་བརྒྱ་གསལ་བོ་བྱུང་རྗེས་དེ་སན་བསམ་ཚུལ་སྤེལ་ན་མི་ལེགས་སམ།
དཀོན་མཆོག་དང་མིའུ་ཕྲུག ང་ལ་དམིགས་ཡུལ་ངན་པ་ཅི་ཡང་མེད། ཡིན་ན་ཡང་ང་ཆབ་སྲིད་མ་གཏོགས་ཆོས་ལུགས་ལ་དགའ་མོས་མེད། ལྷག་ཏུ་ཆོས་ལུགས་ཁ་ལ་ཁྱེར་ནས་བོད་འགྱེལ་བའི་རྒང་ལ་རྡོག་རྫིས་བྱེད་མཁན་ཚོར་དེ་བས་དགའ་བོ་མེད། ད་ལོ་དོལ་ཚོགས་ཀྱིས་སྐྱབས་མགོན་རིན་པོ་ཆེ་ལ་སུན་པོ་ཚད་མེད་བཟོས་པ་རེད། བོད་མི་ཚོ་ལ་ངོ་ཚ་དང་ཁོང་ཁྲོ་ཚད་མེད་བྱུང་བ་རེད། མི་ཡོད་ཚད་ཀྱིས་ཟེར་ན་ཁོངས་ཚོ་དགེ་ལུགས་པ་རེད། མ་རེད་དམ། ད་དུང་་་་་་་ ་་་་་་་་་ ་་་་་་་་ འོ་ཡ། དཀོན་མཆོག ཁྱོད་ཁོང་ཁྲོ་ལང་སྟངས་ལ་བསྟན་ན་ཁྱོད་ཀྱང་དགེ་ལུགས་པ་ཞིག་ཡིན་ངེས་རེད། ད་ངས་མང་པོ་བཤད་ན་ཁྱོད་ཀྱིས་ང་ལ་ཅི་བྱེད་མི་ཤེས། ངས་ད་དུང་ཕ་མ་རྒན་འཁོག་གསོ་དགོས།
ངས་ནི་དམ་ཉམས་རྐང་འདྲེན་དེ་ཚོ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཤིང་རྟའི་སྲོལ་ཕྱེས་པའི། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །སྒོམ་པ་རྣམ་དག་བྱིངས་རྨུགས་མུན་པ་སངས། །སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་སྒྲུབ། །བློ་བཟང་རྒྱལ་བའི་བསྟན་པ་ཞེས་པའི་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་བསྟན་པའི་རྗེས་འཇུག་ཅིག་ཡིན་པར་རྩ་བ་ནས་རྩི་མྱོང་མེད་ལ། དོལ་ཚོགས་ཀྱིས་ཀྱང་ཁོ་ཚོ་དགེ་ལུགས་པ་ཡིན་ཟེར་གྱིན་མེད་པར་བོད་དུ་དར་སྔ་བའི་བཀའ་གདམས་པའི་རིང་ལུགས་འཛིན་པ་དང་དེ་བཀའ་གདམས་གསར་མ་བ་ཞིག་ཡིན་ལུགས་འུད་སྒྲོག་བྱེད་བཞིན་པ་དེས་ཁོ་ཚོའི་ཆོས་ལུགས་དེ་ས་དགེ་བཀའ་རྙིང་བཞི་དང་མི་འདྲ་བའི་གསར་བ་ཞིག་ཡིན་ཚུལ་གྱིས་ནུབ་ཕྱོགས་པ་ཨ་གསར་ལ་དགའ་བ་དག་ལ་བསླུ་བྲིད་ཀྱི་རྙི་རྒྱ་འགྲེམ་བཞིན་པ་རེད། གལ་སྡིད་དགེ་ལུགས་པ་ཞིག་ན་གོང་གི་དགེ་ལུགས་པའི་ཚད་གཞིར་གྱུར་པའི་ལྟ་སྒོམ་སྤྱོད་གསུམ་ལ་གནས་པ་ཞིག་ཡིན་ལོས་དགོས། དོལ་ཚོགས་དགེ་ལུགས་པའི་གྲས་ནས་སྤྱུགས་ཟིན་པའམ་བུད་ཟིན་པ་ཞིག་དགེ་ལུགས་པའི་ནང་ལ་བཙན་གྱིས་འཇུག་པའི་ངལ་བ་བསྟེན་དགོས་དོན་ཅི་ཡང་མེད་དོ། །ཁྱད་པར་འདི་ཤེས་ན་ཡིན་མིན་བཅོ་བརྒྱད་བཤད་དགོས་པའི་རྒྱུ་མཚན་ཅི་ཡང་མེད་དོ། །
ཁྱོད་ཀྱི་སྐད་ཆ་བཤད་སྟངས་ལ་བལྟས་ན་ཆོས་ལུགས་ཞེན་ཁོག་གི་རུལ་དྲི་འཐིབས་པའི་མི་ངན་ནག་པོ་ཞིག་ལས་བོད་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བའི་སྲིད་དོན་པ་དཀར་པོ་ཞིག་ཡིན་དྭོགས་མེད། ང་ཆོས་ལུགས་ག་རེ་ཡིན་མིན་གནད་འགག་མ་ཡིན་པར་ཁྱོད་དང་དམ་ཉམས་ཤུགས་ལྡན་རྗེས་འབྲངས་པ་གཉིས་ཀའི་བོད་མི་ནང་ཁུལ་གྱི་མཐུན་ལམ་ལ་གནོད་པའི་ལས་འགུལ་དང་གཏམ་གླེང་འདིའི་རིགས་ལ་བསམ་ཡོད་རྣམ་པས་ཞིབ་འཇུག་གཟབ་ནན་བྱེད་དགོས་པ་ཧ་ཅང་གནད་འགག་རེད།
ཨོ་ཡེ་ཤེས་དགོངས་དག གོང་གི་ཆེ་རྡོར་ཡིན་ན་དམ་ཉམས་དེ་ལ་ཡིན་པ་ལས་ཁྱོད་ལ་མིན།
སྔོན་ཆད་དགེ་ལུགས་པར་བཀའ་གདམས་གསར་མ་ཟེར་དོན་རྗེ་བླ་མས་ཇོ་བོ་རྗེ་ནས་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པར་འགྲེལ་པ་ཆེ་འབྲིང་ཆུང་གསུམ་བརྩམས་ཏེ་ལམ་རིམ་བློ་སྦྱོང་གི་བསྟན་པའི་མེ་རོ་གསོས་པའི་ཆ་ནས་ཡིན་པ་དང་། དོལ་ཚོགས་ཀྱིས་ཁོ་ཚོར་བཀའ་གདམས་གསར་མ་ཟེར་དོན་ནི་དགེ་ལུགས་པའི་གད་སྙིགས་ནང་གི་དོལ་གྱི་འདྲ་གཟུགས་དང་གསོལ་མཆོད་ཀྱི་དེབ་ངན་ཁག་བཏུས་སྒྲུག་གིས་དོལ་ཚོགས་གསར་འཛུགས་དང་། དོལ་རྩ་དམ་ཉམས་ཚོས། འདི་ནི་དོལ་གྱི་བཀ༷འ་ཡིན་ནོ། །གདམ༷ས་པ་འདི་ལ་བསླུ་བ་མེད། །ལྷ་གས༷ར་བསྟེན་ན་མ༷་རུངས་པའི། །མུན་པ་ནག་པོ་དྭངས་མཐའ་མེད། །ཟེར་ནས་རྨོངས་པ་མགོ་བོ་སྐོར་བའི་རིང་ལུགས་དེ་ལ་ཟེར་བ་རེད།
དེ་ཤེས་ཀྱི་འདུག གང་ལྟར་ཐུགས་རྗེ་ཆེ། དྲ་ཚིགས་འདི་ལ་ཚང་མས་རྒྱབ་སྐྱོར་གནང་རོགས་ཞུ།
རྒྱལ་ཁབ་འདིའི་ཚོགས་པ་འགའ་རེས་ང་ལ་བོད་དོན་ཐོག་གཏམ་བཤད་གནང་རོགས་གནང་ཞེས་སྐད་གཏོང་གི་འདུག ངས་གཏམ་བཤད་གནང་ཤེས་ཀྱི་མེད་ཅེས་ཨུ་ཚུགས་བྱས་ནའང་། ཚོགས་འདུ་འགའ་རེར་ཅིས་ཀྱང་འགྲོ་དགོས་བྱུང་མྱོང་། བཙན་བྱོལ་བོད་གཞུང་འདི་དམངས་གཙོ་དང་། དེ་ནས་ཆོས་ལུགས་རེ་ལ་སྤྱི་འཐུས་ཤིག་ཡོད་པ་བཤད་དུས། ནུབ་ཕྱོགས་འདི་ཚོས་མགོ་གཡུག་གི་འདུག
ཆོས་ལུགས་སྤྱི་འཐུས་ཤིག་དགོས་དོན་མེད། དེ་ཚོར་ཆོལ་ཁའི་སྤྱི་འཐུས་ལས་ལྷག་པའི་བྱེད་རྒྱུ་ཅི་ཡང་མེད། ཆོས་བརྒྱུད་ཁག་ནི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཞིག་ཏུ་བརྩིས་ན་རྙོག་དྲ་ཉུང་ལ་དགོས་པ་ཆེ།
སྔོན་ཆད་ཀྱང་ཆོས་སྲིད་ཟུང་འབྲེལ་བྱས་ནས་ཆོས་མེད་སྲིད་མེད་ཅིག་ཆགས་པ་རེད། ད་དུང་ཡང་དེ་འདྲ་ཞིག་དགོས་ན་མ་གཏོགས། སྟོན་པ་སངས་རྒྱས་ཀྱི་དགོངས་པ་བཞིན་བྱས་ན་ཆོས་དང་སྲིད་གཉིས་ལམ་ལོགས་ཀ་གཉིས་རེད། གཅིག་གིས་འཇིག་རྟེན་རྐྱང་རྐྱང་གི་དགོས་འདུན་བཤད་པ་དང་དེ་སྒྲུབ་བཞིན་པ་རེད་ལ། གཅིག་གིས་དེ་ལས་བརྒལ་ནས་ཕྱི་མའི་དོན་དག་ཅིག་བཤད་པ་དང་སྒྲུབ་པའི་ཁྱད་པར་ཡོད་པ་རེད།
ཆོས་སྲིད་ཟུང་འབྲེལ་བྱས་ན་ཆོས་ལ་འགྲིག་པའི་དོན་དག་ཅིག་ལག་ལེན་དུ་བསྟར་དུས་སྲིད་ལ་མི་འགྲིག སྲིད་ལ་འགྲིག་པའི་ཐོབ་ཐང་ཞིག་རྩོད་དུས་ཆོས་ལུགས་ཀྱི་དམ་པ་དང་དམ་ཚིག་ལ་འགལ་འགྲོ་གི་རེད། འདི་ལ་ང་ཚོར་ཉམས་མྱོང་གྲངས་ལས་འདས་པ་ཞིག་ཡོད་པ་མིན་ནམ།
ཆོས་སྲིད་ཟུང་འབྲེལ་ཡིན་ཟེར་ནས་རང་རེའི་གཞུང་འབྲེལ་མཛད་སྒོ་ཁག་གི་སྟེང་དུ་རྙིང་མ་དང་དགེ་ལུགས་པའི་འདོན་པ་རྐྱང་རྐྱང་འདོན་པ་འདིས་ཆོས་ལུགས་བར་གྱི་འགལ་ཟླ་དང་ཆོས་བརྒྱུད་དང་གཞུང་གི་འགལ་ཟླ་ཚབས་ཆེ་རུ་འགྲོ་གིན་འདུག འདི་ནི་ཉམས་མྱོང་ཡོད་མཁན་དག་གིས་གསལ་ཐག་ཆོད་ཤེས་ཀྱི་རེད། གལ་སྲིད་ཆོས་སྲིད་ཟུང་འབྲེལ་མ་བྱས་ན་མི་འགྲིག་ཚེ། ཆོས་ལུགས་ལ་ཁྱད་པར་ཕྱེ་ན་དེ་བས་ཀྱང་ག་ལ་འགྲིག གང་ལྟར་ཆོས་སྲིད་མཉམ་གནས་ཡོང་སྲིད་ཀྱང་ཟུང་འབྲེལ་གྱིས་སྲིད་དབང་སྐྱོང་སྟངས་དེ་རང་རེ་ལྟ་བུའི་ཆོས་བརྒྱུད་མང་པའི་ལུང་པ་ཞིག་ཏུ་ཡོང་སྲོལ་མི་འདུག གལ་སྲིད་ཐེ་ལན་དང་འབར་མ་ལྟ་བུའི་ཐེག་དམན་གྱི་གྲུབ་མཐའ་གཅིག་གིས་དམངས་ཡོངས་ལ་ཁྱབ་བསྡད་པ་ཞིག་ཡིན་ན་རེ་ཞིག་ཆོས་སྲིད་ཟུང་འབྲེལ་ཐེབས་ཆགས་ཤིག་གནས་སྲིད་དམ། དེ་ཡང་བསམ་ཚུལ་དང་ལག་ལེན་མི་འདྲ་དུས་ཤིན་ཏུ་དཀའ།
གལ་སྲིད་གུ་རུ་རིན་པོ་ཆེའི་མ་འོངས་ལུང་བསྟན་ནང་། བཙུན་པ་དམག་དཔོན་བྱེད་པའི་དུས། །མི་ནག་ཆོས་བཤད་བྱེད་པའི་དུས། །ཞེས་པ་དུས་ཚོད་དེ་འཛུར་མེད་ན་ཆོས་སྲིད་ཟུང་འབྲེལ་གྱི་ཁ་གཡངས་བསྒྲགས་ཆོག
གོང་ས་མཆོག་གིས་སྲིད་ཀྱི་ཐུགས་འགན་འཇོག་པའི་ཉིན་མོར། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཚར་བ་རེད། དེ་མིན་གནས་ལུགས་བཤད་ན་ཁག་པོ་རེད།
གལ་སྲིད་རང་རེ་ཆོས་སྲིད་ཐ་དད་ཀྱི་སྲིད་དབང་ཞིག་གི་ངོ་བོར་གནས་ཡོད་ན། དོལ་ཚོགས་ཀྱི་རྙོག་དྲ་འདིས་རང་གཞུང་ལ་དེ་ཙམ་གྱི་བརྡབ་གསིག་ཅིག་བཟོ་མི་ཐུབ། དཔེར་ན་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ་གཙང་འཕྱག་ལས་འགུལ་དེས་རྒྱ་ནག་གཞུང་ལ་དེ་ཙམ་གྱི་ཤུགས་རྐྱེན་མ་ཐེབས་པ་ལྟ་བུའོ།།
གནའ་ཡིན་ན་ཆོས་ལུགས་ཁག་རྭ་ཅོ་ཁུག་མའི་ནང་ལ་བླུགས་པ་ནང་བཞིན་ཡིན་པ་རེད། དེའི་དུས་༧གོང་ས་མཆོག་གིས་ནང་ཁུལ་གྱི་མཐུན་ལམ་འདི་གང་ལས་ཀྱང་དོན་ཆེན་དུ་དགོངས་ནས་གང་ལ་གང་འདུད་གྱི་ལམ་ལུགས་འདི་འདྲ་ཞིག་བཟོས་པ་ཡིན་ས་རེད། ད་ཡིན་ན་ཁོང་གི་བཀའ་དྲིན་ཁོ་ནས་ནང་ཁུལ་ཐུགས་མཐུན་ཁྲིམས་གཙང་འདྲ་བོ་ཆགས་པ་མ་ཟད་ན་གཞོན་མང་བོ་ཞིག་ལ་གནའ་མི་བླ་རྒན་རྣམ་པ་ནང་བཞིན་ཞེན་ཁོག་ཡོད་པ་མ་རེད། ༧གོང་ས་མཆོག་སྐུ་བཞུགས་རིང་ལ་ཆོས་ལུགས་ཀྱི་འཐུས་མི་ཡིན་ན་འདི་མེད་པ་བཟོས་ཤག་ན་ཡག་ཤོས་རེད།
ངས་བལྟས་ན་ལུང་ཤར་བས་དབྱིན་ཇུའི་གཞུང་གི་འགྲོ་སྟངས་ལྟར་འཆར་གཞི་ཞིག་བཏང་བ་དེ་དྲང་བདེན་རེད་འདོད། དེ་ནི་ཁ་ཡོད་ལག་ཡོད་ཀྱི་དམངས་གཙོ་རེད།
ད་དུང་ཆོལ་ཁ་རེ་ནས་སྤྱི་འཐུས་བཅུ་རེ་འདེམས་ཀྱི་ཡོད་པ་འདི་ཡང་ཐབས་སྐྱོ་བོ་རེད། ས་གནས་རེ་ནས་སྤྱི་འཐུས་གཅིག་དང་གཉིས་འདེམས་ན་འཐུས། བསམ་བློ་རེ་བཏང་ན། ད་དུང་གོམ་པ་སྤོ་རྒྱུ་མང་པོ་ཞིག་འདུག
ངའི་བསམ་ཚུལ་ནི་གོང་ས་མཆོག་གི་རྗེས་ནས་བོད་ཀྱི་ཆབ་སྲིད་བླ་མའི་སྐྱོང་བའི་ལམ་ལུགས་འདི་མཇུག་རྫོགས་དགོས། དེ་ཡང་རྩ་ཁྲིམས་ཀྱི་ནང་དུ་གལ་སྲིད་བོད་ཀྱི་ཆབ་སྲིད་ཀྱི་འགན་འཛིན་པའི་འོས་བསྡུའི་ཞུགས་མཁན་ཞིག་ཡིན་ཚེ་ངེས་པར་དུ་སྲིད་དོན་གྱི་ལས་ཀ་བྱེད་པའི་རིང་གི་ཁོངས་གཏོགས་ཆོས་བརྒྱུད་དེའི་ནང་འགན་ཁུར་ཅི་ཡང་ཁུར་མི་ཆོག་ཅེས་གསལ་བོ་ཞིག་བཀོད་པ་ཡིན་ན། སྲིད་འཛིན་དེ་སུ་ཞིག་ཡིན་ཡང་རང་ཉིད་སྲིད་ཀྱི་འགན་ཁུར་བ་ཡིན་པའི་དུས་དེར་ཆོས་བརྒྱུད་ཀྱི་རྙོག་དྲ་སོགས་ཀྱི་ནང་འཛུལ་བྱས་ནས་ཆོས་ལུགས་འཐེན་འཁྱེར་བྱས་པའི་རྩོད་རྙོག་གཏིང་ཟབ་ཏུ་གཏོང་བ་ལྟ་བུའི་རིགས་མི་ཡོང་བར་ཕན་ཐོགས་ཆེ་བར་བསམས།
ནོར་བཅོས། བླ་མས། འོས་བསྡུའི་ཁོངས་སུ། རིང་རང་གི འཛུལ་ཞུགས་བྱས་ནས།
བཙན་བྱོལ་སྤྱི་ཚོགས་འདི་ལ་མཚོན་ན་སྤྱི་འཐུས་བཅུ་རེ་མང་སོང་བ་རེད། ལྔ་རེས་འགྲིག་གི་རེད། རང་དབང་གི་རྒྱལ་ཁབ་ཅིག་ལ་མཚོན་ན་སྤྱི་འཐུས་མང་དོན་ནི་ལས་ཀ་མང་པོ་ཞིག་བསྒྲུབ་རྒྱུ་ཡོད་ལ་དེའི་ཁོར་ཡུག་ཀྱང་ཡོད་པ་རེད། རང་རེ་བཙན་བྱོལ་སྤྱི་ཚོགས་ལག་མཐིལ་འདྲ་བོ་འདི་ལ་རྒྱལ་ཁབ་ཅིག་གི་ལས་ཀ་བྱེད་སྟངས་བཞིན་དགོས་པ་མ་རེད། སྐྱབས་བཅོལ་སྤྱི་ཚོགས་ཤིག་ལ་དཔགས་པའི་ལས་ཀྱི་སྣེ་བ་མོ་བ་ཡོད་ན་འགྲིག་གི་རེད། ཨ་མདོ་བ་ལྟ་བུར་མཚོན་ན་སྤྱི་འཐུས་འོས་མིར་ལངས་མཁན་མེད་པའི་དཀའ་ངལ་ཞིག་ཀྱང་གནའ་ནས་ད་བར་ཡོད།
ང་ཚོའི་དྲ་རྒྱ་འདིའི་ཐོག་སེར་མོ་བ་མང་པོ་ཞིག་ཡོང་ནས་མཚམས་རེར་སྲིད་བཤད། མཚམས་རེར་ཆོས་བཤད་པ་འདི་སྲིད་ཀྱི་ཆ་ཤས་ཤིག་ཡིན་ནམ་ཡང་ན་འདི་ཆོས་ཀྱི་ཆ་ཤས་ཤིག་རེད། ཡང་ན་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་ཞིག་རེད།
ད་འགྲིག་གི་འདུག ཆོས་དང་སྲིད་གཉིས་ལོགས་སུ་བྱེད་ན་དང་པོ་ཆུང་ས་ནས་མགོ་འཛུགས། དང་པོ་ང་ཚོའི་དྲ་རྒྱ་འདིའི་ཐོག་ནས་མགོ་འཛུགས། ད་ཉི་མ་དེ་རིང་ནས་སེར་གཟུགས་ཚང་མ་ཕེབས་རོགས་གནང་། རང་ཚོས་ཆོས་ཁོ་ནའི་དྲ་ཁང་ཞིག་སྒོ་ཕྱེ་རོགས་གནང་། ང་ཚོས་དོན་དག་ཆུང་ཙག་རེའི་ཐོག་ནས་རྩོད་གླེང་བྱེད་དགོས་པ་ཡང་མི་འདུག ཡེ་ཤེས་ཀྱི་དེ་བདེན་པ་རེད། ཆབ་སྲིད་བླ་མས་སྐྱོང་། ཆབ་སྲིད་བླ་མས་བཤད། ད་ཕེབས་འོས་པ་ཚང་མ་ཕེབས་རོགས་གནང་།
གྲོགས་རྨེ་ནོར་ལགས། ཁྱེད་ཀྱིས་བཤད་པ་ངོ་མ་བདེན་པ་རེད་ཡ། རང་རེའི་ལོ་རྒྱུས་ཁྲོད་ཕྱི་བལྟས་བྱས་ན་མཐོ་དམའ་ཚང་མའི་ནང་དེ་འདྲའི་རིགས་མང་གི ཆ་བཞག་ན་སྔོན་ཆད་གཙང་ཕྱོགས་ནས་ཡིན་པའི་ཕོ་ལྷ་པ་ཟེར་བའི་མན་ཇིའི་དམག་བོད་ལ་འདྲེན་མཁན་ཞིག་དང་། ད་དུང་དབུས་ཕྱོགས་ནས་ཡིན་པའི་སྡེ་སྲིད་བསོད་ནམས་ཆོས་འཕེལ་ཟེར་བའི་སོག་དམག་བོད་ལ་འདྲེན་མཁན་ཞིག་ཀྱང་ཡོད་སྐད་འདུག་ལ། འདས་པའི་ལོ་ངོ་ལྔ་བཅུའི་ནང་འདིར་ཡང་ཁྱེད་དང་ང་ཡི་རུ་སྡེ་ནང་དང་། ཁྱེད་དང་ང་ཡི་དགོན་པའི་ནང་རང་མི་རིགས་ཀྱི་དཔའ་བོ་གཡོ་ཚོང་བྱེད་མཁན་མང་གི་ཡ། སྙུག་འཛིན་པ་ལགས་། ཁྱེད་ཚོའི་ཡ་ཁོག་ན་ལྷོག་ལྷོག་ཏུ་ལྡིང་གིན་པའི་སྙིང་ཁོང་ལ་རུས་པ་ཞིག་ཡོད་ན་ནང་འཁྲུག་མཚམས་འཇོག་རན་རེད།
ཁྱེད་ཀྱིས་བཤད་པ་ངོ་མ་བདེན་པ་རེད་ཡ། རང་རེའི་ལོ་རྒྱུས་ཁྲོད་ཕྱི་བལྟས་བྱས་ན་མཐོ་དམའ་ཚང་མའི་ནང་དེ་འདྲའི་རིགས་མང་གི ཆ་བཞག་ན་སྔོན་ཆད་གཙང་ཕྱོགས་ནས་ཡིན་པའི་ཕོ་ལྷ་པ་ཟེར་བའི་མན་ཇིའི་དམག་བོད་ལ་འདྲེན་མཁན་ཞིག་དང་། ད་དུང་དབུས་ཕྱོགས་ནས་ཡིན་པའི་སྡེ་སྲིད་བསོད་ནམས་ཆོས་འཕེལ་ཟེར་བའི་སོག་དམག་བོད་ལ་འདྲེན་མཁན་ཞིག་ཀྱང་ཡོད་སྐད་འདུག་ལ། འདས་པའི་ལོ་ངོ་ལྔ་བཅུའི་ནང་འདིར་ཡང་ཁྱེད་དང་ང་ཡི་རུ་སྡེ་ནང་དང་། ཁྱེད་དང་ང་ཡི་དགོན་པའི་ནང་རང་མི་རིགས་ཀྱི་དཔའ་བོ་གཡོ་ཚོང་བྱེད་མཁན་མང་གི་ཡ། སྙུག་འཛིན་པ་ལགས་། ཁྱེད་ཚོའི་ཡ་ཁོག་ན་ལྷོག་ལྷོག་ཏུ་ལྡིང་གིན་པའི་སྙིང་ཁོང་ལ་རུས་པ་ཞིག་ཡོད་ན་ནང་འཁྲུག་མཚམས་འཇོག་རན་རེད།
ཚེ་རིང་ལགས། ཁྱོད་ཀྱི་བསམ་པར་ཆོས་སྲིད་ཟུང་ནི་གྲྭ་ཆས་གྱོན་མཁན་ཞིག་སྲིད་ཁྲི་བཟུང་བ་ཙམ་ལ་གོ་ཡི་ཡོད་འདུག དེ་ནི་ཁྱོད་ཀྱི་ཆོས་དང་སྲིད་ཀྱི་ངོ་བོ་དང་གོ་དོན་བྱེད་ནུས་སོགས་ཀྱི་སྐོར་ཅི་ཡང་ཤེས་ཀྱི་མེད་པའི་རང་མཚང་ཁྲོམ་སྟོན་བྱས་པ་ལས་ཅང་མ་མཆིས། མདོར་བསྡུས་ན་ཁྱོད་ཀྱིས་ཆོས་ཟེར་བ་དེ་ཅི་ཞིག་ལ་བཤད་ཀྱི་ཡོད་པ་ཡང་ཤེས་ཀྱི་མེད་པ་དེ་རེད། སྐད་ཆ་བསམ་ནས་ཤོད། རྩམ་པ་ལྡད་ནས་མུད།
ཐེ་བོ་ཤེས་རབ་རྒྱ་མཚོ་ནས། གྲོགས་རྨེ་ནོར་ལགས། ཁྱེད་ཀྱིས་བཤད་པ་ངོ་མ་བདེན་པ་རེད་ཡ། རང་རེའི་ལོ་རྒྱུས་ཁྲོད་ཕྱི་བལྟས་བྱས་ན་མཐོ་དམའ་ཚང་མའི་ནང་དེ་འདྲའི་རིགས་མང་གི ཆ་བཞག་ན་སྔོན་ཆད་གཙང་ཕྱོགས་ནས་ཡིན་པའི་ཕོ་ལྷ་པ་ཟེར་བའི་མན་ཇིའི་དམག་བོད་ལ་འདྲེན་མཁན་ཞིག་དང༌། ད་དུང་དབུས་ཕྱོགས་ནས་ཡིན་པའི་སྡེ་སྲིད་བསོད་ནམས་ཆོས་འཕེལ་ཟེར་བའི་སོག་དམག་བོད་ལ་འདྲེན་མཁན་ཞིག་ཀྱང་ཡོད་སྐད་འདུག་ལ། འདས་པའི་ལོ་ངོ་ལྔ་བཅུའི་ནང་འདིར་ཡང་ཁྱེད་དང་ང་ཡི་རུ་སྡེ་ནང་དང༌། ཁྱེད་དང་ང་ཡི་དགོན་པའི་ནང་རང་མི་རིགས་ཀྱི་དཔའ་བོ་གཡོ་ཚོང་བྱེད་མཁན་མང་གི་ཡ། སྙུག་འཛིན་པ་ལགས༌། ཁྱེད་ཚོའི་ཡ་ཁོག་ན་ལྷོག་ལྷོག་ཏུ་ལྡིང་གིན་པའི་སྙིང་ཁོང་ལ་རུས་པ་ཞིག་ཡོད་ན་ནང་འཁྲུག་མཚམས་འཇོག་རན་རེད།
བོད་ཀྱི་བུ་ནས། ཚེ་རིང་ལགས། ཁྱོད་ཀྱི་བསམ་པར་ཆོས་སྲིད་ཟུང་ནི་གྲྭ་ཆས་གྱོན་མཁན་ཞིག་སྲིད་ཁྲི་བཟུང་བ་ཙམ་ལ་གོ་ཡི་ཡོད་འདུག དེ་ནི་ཁྱོད་ཀྱི་ཆོས་དང་སྲིད་ཀྱི་ངོ་བོ་དང་གོ་དོན་བྱེད་ནུས་སོགས་ཀྱི་སྐོར་ཅི་ཡང་ཤེས་ཀྱི་མེད་པའི་རང་མཚང་ཁྲོམ་སྟོན་བྱས་པ་ལས་ཅང་མ་མཆིས། མདོར་བསྡུས་ན་ཁྱོད་ཀྱིས་ཆོས་ཟེར་བ་དེ་ཅི་ཞིག་ལ་བཤད་ཀྱི་ཡོད་པ་ཡང་ཤེས་ཀྱི་མེད་པ་དེ་རེད། སྐད་ཆ་བསམ་ནས་ཤོད། རྩམ་པ་ལྡད་ནས་མུད།
སྨོན་ལམ་བོད་ཡིག་དེང་པོ་ UDP ནས་བཟོ་དགོས།
རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཞེས་པ་གཙོ་བོ་ཀུན་ཕན་དང་དྲང་བདེན་གྱི་རྒྱལ་སྲིད་སྐྱངས་པའི་དོན་ཡིན་པ་རེད།
ཨ་ལགས་དུང་དཀར་ཚང་གི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཞེས་པའི་དེབ་དེའི་མགོ་བརྗོད་དུ་ཨེན་ཀེ་སའི་གསུང་ཞིག་ལུང་འདྲེན་གནང་ཡོད་པ་དེ་བཞིན། སྐྱེས་བུ་གང་ཞིག་ལ་སྤྱི་ཚོགས་ནང་ཆོས་ཀྱི་གོ་གནས་ངེས་ཅན་ཞིག་ཡོད་པ་དེས་སྲིད་ཀྱི་འགན་འཛིན་པའི་ལས་ཀ་བྱེད་པ་དེར་ཆོས་སྲིད་ཟུང་འབྲེལ་ཟེར་བ་རེད། དེ་ལ་སྐྱེས་བུ་དེ་མཐའ་གཅིག་ཏུ་གྲྭ་གཟུགས་ཤིག་དགོས་པ་མ་རེད། རྒྱལ་ཁབ་ཀྱི་སྲིད་དབང་སྐྱོང་བསའི་སྐྱེས་བུ་དེས་ཆོས་སྲིད་ཀྱི་སྤྱི་ཚོགས་གཉིས་ཀའི་ནང་དུ་ཐེ་གཏོགས་ཆེན་པོ་བྱེད་པ་དེ་ལ་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཡོངས་སུ་ཚང་འདུག དེ་མིན་སྤྱི་འབངས་ཀྱིས་ཆོས་སྲིད་ཀྱི་སྐོར་བགྲོ་གླེང་བྱས་པ་ཙམ་ཞིག་ལ་འདི་ནས་བཤད་པའི་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཚང་འདུག་ཟེར་ན་ཧ་ཅང་ཐལ་འདུག
མདོར་དེད་ན་གུང་ཁྲན་འདི་བ་ཆོས་སྲིད་ཟུང་འབྲེལ་རེད་ལོ། ཁོས་མགོ་བླ་མའི་ཡང་སྲིད་ནས་རྐུབ་ཤུགས་ལྡན་གྱི་བར་ཐེ་གཏོགས་དང་མཆུ་ཏོ་བྱེད་པ་འདི་ཆོས་སྲིད་ཟུང་འབྲེལ་ཡིན་ན་དེའི་གོ་དོན་མིན་ནམ།
གོང་གི་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་པའི་ཆོས་ཀྱི་གོ་གནས་ཞེས་པ་དེས་སྐྱེས་བུ་དེ་རང་ཉིད་ཆོས་དད་པ་ཡིན་པ་གང་ཞིག་ལ་ཆོས་དད་མང་ཚོགས་ནང་ཁོའི་རྗེས་སུ་འཇུག་པ་འབོར་ཆེན་ཞིག་ཡོད་པ་སྟོན་པས།དམར་པོའི་ལམ་ལུགས་དེ་རུ་མི་ཚུད་པ་གསལ་སྟོན་བྱས་ཡོད་ལ། ཆོས་སྲིད་ཟུང་འབྲེལ་བྱེད་པོ་དེའི་ཆོས་ཀྱི་དབང་ཤུགས་དེ་ཡང་སྤྱི་ཚོགས་ཀྱི་གནོན་ལུགས་ལ་མ་བརྟེན་པར་སྐྱེས་བུ་རང་ངོས་ནས་ཐག་གཅོད་ཀྱི་དབང་ཆ་ཆ་ཚང་ཡོད་པ་ཞིག་དགོས།
ཆོས་སྲིད་ཟུང་འབྲེལ་ལ་གོ་དོན་གཉིས་ཡོད་པའི་དང་པོ་ལྟར་ན། ཡུལ་དེའི་རྒྱལ་པོའམ་སྲིད་འཛིན་དེ་ཡུལ་དེའི་ཆོས་བདག་དང་སྲིད་འཛིན་གཉིས་ཀ་ཡིན་པ་ཞིག་དང་། གཉིས་པ་ལྟར་ན་ཡུལ་དེའི་སྤྱི་འབངས་ཀྱིས་རྒྱལ་ཁབ་ཀྱིས་ཆོས་ཀྱི་སྡོམ་ཁྲིམས་གཞིར་བཞག་གིས་གཏན་འབེབ་བྱས་པའི་ཆོས་ཁྲིམས་དང་སྲིད་ཁྲིམས་གཉིས་ཀར་བརྩི་སྲུང་བྱེད་དགོས་པ་ཞིག་ལ་གོ་བས། སྤྱིར་ན་རང་བློར་གང་འབབ་རེད།
ཁར་སང་དེ་རིང་ཁྱོད་ཚོས་ཧ་ཅང་གཏིང་པོ་ཞིག་གླེང་གི་ཡོད་པ་འདྲ། ངས་ནི་གང་ཞིག་གླེང་དགོས་པ་ཡང་ཤེས་ཀྱིན་མི་འདུག ཁར་སང་ཞིག་ལ་ྐླུ་སྨྱོན་དང་ཚེ་རིང་གི་བུ་སོགས་ནས་འཆི་བའི་སྐོར་ལ་མང་པོ་ ཟིག་བཤད་སོང་། དེ་རིང་ཆབ་སྲིད་ཟུང་འབྲེལ་གྱི་སྐོར་བཤད་ཀྱིན་འདུག ངས་ནི་དེའི་སྐོར་དེ་ཚོར་གང་ཡང་བཤད་མི་ཤེས་པ་འདྲ་ཞིག་འདུག ད་ང་མོག་མོག་བཙོང་བར་འགྲོ་གི་ཡིན། བསམ་བློ་བཏང་ནས་རྗེས་སུ་འབྲི་རྒྱུ་རེ་ཨེ་རྙེད་ལྟ་ཡོང་།
¤Û-«ôm-¾GÅü
What maen’s MONLAM UDP? How to I can type with this? Please give me your idea!
ཆོས་སྲིད་ཟུང་འབྲེལ་ནི་ཆོས་བ་ཚོ་ཆབ་སྲིད་ཀྱི་སྲིད་དབང་ལ་ཞུགས་ནས་ཆབ་སྲིད་ཀྱི་སྲིད་དབང་ཆེ་ཤོས་ཀྱི་རྐུབ་བཅགས་ལ་འདུག་ཆོག་པ། དེ་བཞིན་རྒྱལ་ཁབས་ཀྱི་རྩ་ཁྲིམས་ཆོས་ཕྱོགས་ཀྱི་རྨིང་གཞི་འོག་བཟོས་པ། འདི་གཉིས་ཚང་ན་ཆོས་སྲིད་ཟུང་འབྲེལ་བཤད་ཆོག་སྙམ། རང་ཉིད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་འདི་ལྟ་བུའི་བསམ་བློ་གཏོང་གི་ཡོད།
ད་ཁྱོད་ཚོས་གང་ཞིག་ཤོད་སྡོད་ཀྱིན་ཡོད། འཛམ་གླིང་ན་ཡུལ་དེའི་ཆོས་ལུགས་ཀྱིས་སྲིད་དབང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་རྒྱལ་ཁབ་མང་པོ་ཡོད། མིའི་འཇོན་མི་འཇོན་རེད་མ་གཏོགས་ཆོས་ཀྱིས་སྲིད་དབང་ལ་ཤུགས་རྐྱེན་ཐེབས་པ་ཙམ་གྱིས་རྒྱལ་ཁབ་འཇིག་ག་ལ་འགྲོ། ཐའེ་ལན་གྱི་རྒྱལ་པོས་གྲྭ་ཆས་གྱོན་པའི་འདྲ་པར་དེ་ཐའེའི་དགོན་པ་ཕལ་མོ་ཆེས་ནང་བཤམ་དགོས་ཀྱི་འདུག་ག ཨི་རན་དང་སུ་རྡི་ཨ་རབ་སོགས་ཨི་ཟི་ལམ་གྱི་ཁྲིམས་ལུགས་གཞིར་བཞག་གིས་རྒྱལ་ཁབ་སྐྱོང་མཁན་དེ་ཚོ་ག་ཚོས་ཡར་རྒྱས་འགྲོ་གི་མི་འདུག་གམ།
མ་འགྲིགས་པ་ཚང་མ་གཞན་ལ་ཕར་འགེལ་བ་ཉུང་དུ་བཏང་ནས་ང་རང་ཚོ་སྟེ་བོད་གངས་ཅན་པ་ཚང་གི་མི་རབས་གསར་པ་ལ་འཇོན་ཐང་མེད་པའི་ཚུལ་ཡང་ཅུང་ཟད་རེ་གླེང་ན་མི་མཛེས་སམ། ཁྱོད་ཚོའི་སྲིད་འཛིན་དེ་ཡང་ཕལ་ཆེར་མི་ནག་རིལ་ལྕགས་སྡོང་འདྲ་བ་དེ་ལ་ཐོབ་རྒྱུ་ཡིན་པ་འདྲ། ཁོ་ཡང་ཁ་ཆེ་རེད་འདུག་ག། གལ་སྲིད་ཁོང་གིས་ཨ་མེ་རི་ཁ་འདི་ཨི་ཟི་ལམ་གྱི་རྒྱལ་ཁམས་ཤིག་ཏུ་བསྒྱུར་རྒྱུ་ཡིན་ལབ་ན་ཁྱེད་རང་ཚོ་ཁོང་གི་རྗེས་ལ་རྒྱུགས་རྐྱང་གྱིས་དང་ཡར་རྒྱས་འགྲོ་བར་ཐེ་ཚོམ་མེད།
ཨོ་ད་དུང་གཅིག་ལྷག་འདུག ཞྭ་མོ་དམར་པོ་གྱོན་པའི་གྲྭ་ལོག་ཅིག་གིས་སོ་སོའི་སྐྱེ་དམན་གསོ་སྤྱད་མ་རག་སྟབས། གོར་དམག་བོད་ལ་འདྲེན་མྱོང་སྐད།
ཆོས་སྲིད་ཟུང་འབྲེལ་ལ་སྐྱོན་བརྗོད་བྱེད་སྟངས་འདི་ཡང་ཕར་དེད་ན་གུང་ཁྲན་གྱིས་བློ་ངོར་མ་འཕྲོད་ནས་དགག་པ་རྒྱག་མགོ་བཙུགས་པའི་རིག་གནས་གསར་བརྗེའི་ཆ་ཤས་ཤིག་རེད། དེ་ལ་དུང་དཀར་བློ་འཕྲིན་པ་སོགས་གཅིན་རྡོ་ཐོག་བཏང་ན་བརླ་ཐོག་ཡིན་པ་ངོ་མི་ཤེས་མཁན་ཚོས་རྒྱལ་ཚོང་མགོ་འདོགས་ཀྱི་ཆར་སྣ་རླུང་ཁྲིད་ཀྱི་ལས་ཀ་བྱས་པ་ཙམ་རེད། ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་ང་ཚོའི་སྟོབས་ཤུགས་ཤིག་རེད། ང་ཚོ་ལ་ཡོད་པ་དང་གུང་ཁྲན་ལ་མེད་པའི་སྟོབས་ཤུགས་གཅིག་པོ་དེ་ཡང་རེད། དེ་ལ་ཚང་མས་རྒྱབ་སྐྱོར་ཡག་པོ་བྱས་ན་ཆོས་སྲིད་གཉིས་ཀར་ཕན་གྱི་རེད། དེར་བརྟེན་བེད་སྤྱོད་ལེགས་པོར་བྱེད་དགོས་པའི་སྐོར་གླེང་ན་འཚམས་པོ་རེད།
བོད་ཀྱི་བུ་ཁྱེད་ས་གནས་གང་ཞིག་ན་ཡོད་ངྷ་སའི་ཐག་ཉེ་ཞིག་ན་ཡོད་ན་སྐད་ཆ་འདྲི་ས་མང་པོ་ཡོད། གལ་སྲིད་ཕྱི་གླིང་ཞིག་ཡིན་ན་ཁྱོད་http://udp.leighb.com/ དྲ་ཚིགས་འདིའི་ནང་ཕབ་ལེན་བྱེད་ཐུབ། སྔོན་གྱི་བོད་ཡིག་ག་འདྲ་ཞིག་ཡིན་ཡང་གཅིག་གྱུར་གསང་རྟགས་ཅན་ལ་བསྒྱུར་ཐུབ།
Thank you very much for advice Mi Nyon la!
fÞGÅ-Xï-Vï-¤Û-Ǩômü