གནས་ཚུལ་གཏོང་མཁན། ཚེ་རིང་དབང་ཕྱུག
སྤྱི་འཐུས་དང་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཏན་འབེབས་བྱེད་ཕྱོགས་ཀྱི་གསལ་བསྒྲགས།
༄༅། །འདི་གར་དབུས་འོས་བསྡུ་ལས་ཁང་ནས་བཏང་གནས་ནང་འཁོད་དོན།
དང་པོ། འོས་སྒྲིག་དོན་ཚན་ ༤༩ ནང་གསལ་ལྟར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་འདོན་རྒྱུ་དང་། དངོས་གཞིའི་སྐབས་ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དངས་བླངས་ཇི་ཡོད་བཅས་འདོན་རྒྱུ།
གཉིས་པ། འོས་སྒྲིག་དོན་ཚན་ ༦༧ ནང་གསལ་ལྟར། སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་གོ་སྐབས་སྤྲོད་ཆེད་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་འདོན་རྒྱུ་དང། དངོས་གཞིའི་སྐབས་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། ཞེས་གསལ་བའི་དགོངས་དོན་ལྟར། དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་ཞིང་། གལ་སྲིད་གཉིས་པ་དང་གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན།
ཅི་སྟེ་སྲིད་སྐྱོང་གི་དངོས་གཞིའི་འོས་ཐོབ་དང་པོ་དང་གཉིས་པ་འདྲ་མཉམ་བྱུང་ཚེ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༩ ལ།།
འོས་བསྡུ་འདྲ་མཉམ་བྱུང་ཚེ་སྐབས་མཚམས་སུ་ཐག་བཅད་བྱ་རྒྱུ་ཟེར་བ་འདི་སྐད་ཅ་གཏན་པོ་མ་རེད། སྐབས་མཚམས་དེ་འདྲ་ཞིག་ལ་སླེབས་དུས་ཨ་ཁུ་ཆོས་རྒྱལ་འདྲ་བ་སུ་ཡོད་དམ། ཅིག་ངོ་སྤྲོད་གནང་དང་།
དབུས་འོས་བསྡུ་ལྷན་ཁང་ནས་འོས་བསྡུའི་སྒྲིག་གཞི་དང་མཐུན་པའི་གསལ་བསྒྲགས་གནང་བར་དགའ་བསུ་ཡོད། དེང་སང་ང་ཚོའི་སྤྱི་ཚོགས་ནང་སོ་སོ་དགའ་ལ་དགའ་མིན་ལ་རྟེན་ནས་སྤྱི་ཚོགས་ཧྲིལ་པོ་ནག་པོ་བཟོ་མཁན་གྱི་མི་དེ་འདྲ་ང་ཚོའི་སྒྲིག་འཛུགས་ནང་འདུག་པ་དགྲ་དགའ་གཉེན་སྡུག་རང་རེད་འདུག་ག་ བོད་མི་ཚོ་བསམ་བློ་ཡག་པོ་གཏོང་རོགས་གནང་དགྲ་ཤར་དང་གཏོར་མ་ནུབ་ཟེར་བའི་དཔེ་ལྟར་མ་རེད་དམ་།
ད་རེབ་འོས་བསྡུ་བྱེད་སྐབས་ཀྱི་གྲ་སྒྲིག་དང་། འོས་ཤོག་བླུག་སའི་འོས་སྒམ། འོས་བསྡུའི་སྐབས་ཀྱི་འགན་སྲུང་། འོས་འཕེན་པ་ཚོར་ལྟ་རྟོག འོས་བསྡུའི་ཆ་ཤས་ལེན་སྟངས་ཀྱི་གོ་རྟོགས་སྤེལ་ཚུལ་སོགས་ནི་འཐུས་ཚང་ཞིག་བྱུང་མེད་པའི་བསམ་ཚུལ་མང་པོ་འདུག
འོས་བསྡུ་ལྷན་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱི་འགྲེལ་བརྗོད་དག་གི་ཤུགས་ན། མཚམས་རེར་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་ལ་གསལ་ཁ་དེ་ཙམ་མེད་པར་གོང་རིམ་ནས་ཤུགས་རྐྱེན་འདྲ་མེད་དམ་སྙམ་པ་ཡང་འདུག
དགོས་དབང་དང་ལྟ་གྲུབ་ཀྱི་ཤུགས་རྐྱེན་མེད་པར། ཡང་དག་པའི་དམངས་གཙོ་ཚད་ལྡན་དང་དྲང་བདེན་ཞིག་ཡོང་བར་གཞོལ་གལ།
ཡང་ཡང་འཁྲབ་སྟོན་གནང་མགོ་འཛུགས་སོང་། ད་ཡིན་ན་ལྟད་མོ་འདུག
འཁྲབ་སྟོན་མ་རེད་གདའ། དངོས་ཡོད་གང་བྱུང་བ་དེ་ཡང་བཤད་མི་ཆོག་པ་རེད་དམ། མྱི་གོག་འདི་་་་་་་
གཤམ་གྱི་སྒྲིག་གཞི་འདི་ཐེངས་མ་གཉིས་བཀླགས་པ་ཡིན། ནང་དོན་གོ་མ་སོང་། ནང་དོན་གོ་མཁན་རེ་ཡོད་ན་འགྲེལ་བཤད་ཅིག་གནང་རོགས།
“སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་འདོན་རྒྱུ་དང་། དངོས་གཞིའི་སྐབས་ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དངས་བླངས་ཇི་ཡོད་བཅས་འདོན་རྒྱུ།”
“ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་” ཟེར་ན་ཅི་ཞིག་ལ་གོ་དགོས་སམ།
“ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དངས་བླངས་ཇི་ཡོད་བཅས་འདོན་རྒྱུ” ཟེར་ན་ཅི་རེད།
“ཅི་སྟེ་སྲིད་སྐྱོང་གི་དངོས་གཞིའི་འོས་ཐོབ་དང་པོ་དང་གཉིས་པ་འདྲ་མཉམ་བྱུང་ཚེ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་”
ལགས་སོ། ཧ་གོ་སོང་། གལ་སྲིད་འདི་འདྲ་ཞིག་བྱུང་ཚེ། སྐབས་མཚམས་དེར་ཐག་གཅོད་བྱེད་མཁན་ནི་སུ་ཡིན་ནམ། དེ་ནི་དབུས་འོས་བསྡུ་ལས་ཁུངས་ཡིན་ནམ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བཞི་པ། སྒྲིག་འཛུགས་ཀྱི་འགན་འཛིན།
དོན་ཚན་ཉེར་གཅིག་ཀ་པ། བཀའ་བློན་ཁྲི་པའི་འོས་བསྡུ་ཞེས་པ་དེར། འདི་འདྲ་ཞིག་ཀྱང་གསལ།
[སྲིད་སྐྱོང་གི་དངོས་གཞིའི་]
༡ འོས་གཞི་གཉིས་ལ་འོས་གྲངས་འདྲ་མཉམ་ཐོན་ཚེ་ཁྲིམས་ལུགས་གཞིར་བཟུང་འདྲ་མཉམ་ཐོན་པའི་འོས་གཞི་གཉིས་ལ་སླར་ཡང་མང་ཚོགས་ནས་འོས་བསྡུ་བྱ་རྒྱུ།
གོང་གི་དེའི་འབྲེལ་ཐག་ནི་ http://bod.asia/about-cta/བཅའ་ཁྲིམས།/6/
ས་གནས་ཁག་བཅུ་གཅིག་གི་འོས་གྲངས་འདིར་བཀོད་འདུག
http://tibettimes.net/%E0%BD%A6%E0%BC%8B%E0%BD%82%E0%BD%93%E0%BD%A6%E0%BC%8B%E0%BD%81%E0%BD%82%E0%BC%8B%E0%BD%85%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A0%E0%BD%BC%E0%BD%A6%E0%BC%8B%E0%BD%82%E0%BE%B2/
འོས་བསྡུའི་སྒྲིག་གཞིའི་སྐོར་ལ་ཞིབ་ཙམ་བསྔོགས་ན། ཁ་གསལ་ཚིག་གསལ་མེད་པར་མགོ་རྙོག་ཐེབས་གཞིའི་གནས་ཚུལ་དེ་འདྲ་ཡང་འདུག དཔེར་ན།
“ཅི་སྟེ་སྲིད་སྐྱོང་གི་དངོས་གཞིའི་འོས་ཐོབ་དང་པོ་དང་གཉིས་པ་འདྲ་མཉམ་བྱུང་ཚེ་སྐབས་མཚམས་ཐག་གཅོད་བྱ་རྒྱུ།” འདི་ནི་འོས་བསྡུ་ལས་ཁང་གིས་ཁ་སང་གསལ་བསྒྲགས་བྱས་པ་ཞིག་རེད།
ཡིན་ནའང་ “བཅའ་ཁྲིམས་ལེའུ་བཞི་པའི་དོན་ཚན་ཉེར་གཅིག་ཀ་པ། བཀའ་བློན་ཁྲི་པའི་འོས་བསྡུ།” ཞེས་པ་དེར། “༡ འོས་གཞི་གཉིས་ལ་འོས་གྲངས་འདྲ་མཉམ་ཐོན་ཚེ་ཁྲིམས་ལུགས་གཞིར་བཟུང་འདྲ་མཉམ་ཐོན་པའི་འོས་གཞི་གཉིས་ལ་སླར་ཡང་མང་ཚོགས་ནས་འོས་བསྡུ་བྱ་རྒྱུ།” ཞེས་བྲིས་འདུག
འདིར་མགོ་ཉོག་གཞི་གསུམ་འདུག་བསམ།
དང་པོ་ནི། བཅའ་ཁྲིམས་ཀྱི་དོན་ཚན་དེའི་བསྟན་དོན་ནི་ “དངོས་གཞི་” དང་ཡང་ན་ “སྔོན་འགྲོ” གཉིས་ཀྱི་གང་ཡིན་གསལ་ཁ་མི་འདུག
གཉིས་པ་ནི། གལ་སྲིད་དེ་ནི་ “དངོས་གཞིའི” འོས་བསྡུ་ལ་གོ་གི་ཡོད་ན། བཅའ་ཁྲིམས་ཀྱི་བསྟན་དོན་དང་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་གཉིས་ཁ་མཚུངས་གི་མི་འདུག
གསུམ་པ་ནི། སྤྱི་འཐུས་ཚོགས་ཐོག་ཏུ་བཅའ་ཁྲིམས་ལ་འགྱུར་བ་བཏང་ཟིན་པ་གང་ཞིག་དྲ་ཐོག་གི་བཅའ་ཁྲིམས་རིན་པོ་ཆེ་དེར་དུས་བསྟུན་བཟོ་བཅོས་གཏོང་ཐུབ་མེད་པའི་སྐྱོན་ཡང་ཡོད་སྲིད།
གང་ལྟར། ཁོམ་སྐབས་རེ་ཡོད་ཚེ་དྲ་ཐོག་ལ་མིག་བཤེར་ཙམ་བྱེད་མཁན་ང་ལྟ་བུས་གསལ་བསྒྲགས་འདི་འདྲ་ཞིག་གི་ནང་དོན་གསལ་ཐག་ཆོད་ཅིག་ཤེས་དགོས་ན། དེ་ལ་བརྩད་གཅོད་རབས་དང་རིམ་པ་ཞིག་མ་བརྒྱུད་ཀ་མེད་བྱུང་པ་མ་ཟད། མཐའ་མ་དེར། གསལ་བསྒྲགས་འདིའི་ནང་དོན་ཡང་སྙིང་ཅི་ཞིག་ཡིན་མིན་ཤེས་མ་ཐུབ།