མུ་ལ།
རབ་དཀར་གངས་རིའི་འདབས་རོལ་དུ། །
སྦྲ་ནག་སྨུག་པོའི་གཞིས་ཁྱིམ་ན། །
རྒན་བརྩི་ཆུང་གཅེས་བྱེད་པ་དེ། །
འབྲོག་རིའི་བུ་མོའི་རང་གཤིས་ཡིན། །
སྤང་ལྗོངས་སྔོན་མོའི་ཁུག་སོ་ན། །
ནོར་ལུག་འཚོ་སྐྱོང་བྱེད་མཁས་མ། །
རྒྱུ་ནོར་བསུ་བའི་གཡང་འཁོར་མ། །
འབྲོག་རིའི་བུ་མོའི་བསོད་ནམས་ཡིན། །
མེ་ཏོག་སྣ་མང་བཞད་པའི་དུས། །
གཡུ་སྦྲང་གཞོན་ནུའི་མགྲིན་དབྱངས་མཉམ། །
དགའ་སྐྱོ་འདྲེས་མའི་འཚོ་བའི་ཁྲོད། །
འབྲོག་རིའི་བུ་མོའི་གླུ་གཞས་སྙན། །
སྐྱིད་པོ་མ་ཡུམ་སློབ་གླིང་ན། །
ལྔ་ཟུང་རིག་གནས་སྦྱོང་བའི་དུས། །
སྟག་ཤར་དུ་མའི་འབོད་བརྡའི་ཁྲོད། །
འབྲོག་རིའི་བུ་མོའི་ལང་ཚོ་ཡོད། །
ས་མཐར་འཁྱམ་པོའི་མུ་ལ་ཡི། །
བཅོས་མིན་བརྩེ་བ་ཟབ་མོ་ཡིས་། །
གྲོགས་མོར་འཁྲེང་བའི་སྙིང་དབུས་ན། །
འབྲོག་རིའི་བུ་མོའི་བྱམས་བརྩེ་ཡོད། །
འབྲོག་རི་ཡིན་ནམ་འབྲོག་རུ་ཡིན། འབྲོག་རི་ཡིན་ན་མི་སྙན་གི། ཧ་ཧ་ཧ།