ཏཱ་ལའི་བླ་མ། ༼འཇམ་དབྱངས་དཀར་པོས་ཡི་གེར་ཕབ།༽
བརྩེ་བའི་སྤུན་ཟླ་ཕོ་མོ་རྣམས་ལ་ཐོག་མར་ངོས་རང་ལུས་པོའི་འཕྲོད་བསྟེན་གྱི་རྐྱེན་པས་ཐེངས་འདིར་དངོས་སུ་བཅར་ནས་གལ་ཆེའི་གཟེངས་རྟགས་དེ་དང་ལེན་ཞུ་མ་ཐུབ་པར་བློ་འགྱོད་ཧ་ཅང་བྱུང་། དེ་ནི་གཙོ་བོ་སྨན་པས་ང་ལ་བརྟག་དཔྱད་གནང་རྗེས་ངལ་གསོ་ཏོག་ཙམ་རྒྱག་དགོས་པའི་ལམ་སྟོན་གནང་བར་བརྟེན་བཅར་མ་ཐུབ་པ་ལས་གཞན་པའི་གནས་ཚུལ་གང་ཡང་མིན། འོན་ཀྱང་བསྟི་གནས་ཁང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་སྐབས་ང་རང་ནང་པའི་དགེ་སློང་དཀྱུས་མ་ཞིག་ལས་གཞན་གང་ཡང་མིན། འོན་ཀྱང་ང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་བ་དེ་ནི་གཙོ་བོ་ངས་འཚེ་མེད་ཞི་བ་དང་འཁོན་འཛིན་སྤངས་པའི་སྤྱི་ཚོགས་ཤིག་སྐྲུན་ཆེད་ཞབས་འདེགས་ཕྲན་བུ་ཞུས་ཐུབ་པ་དེར་ངོས་འཛིན་གནང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་སྐབས་དེར་བརྗོད་རྒྱུ་བྱུང།
ཕྱོགས་མཚུངས་ཐེངས་འདིར་ཡང་ཁྱེད་རྣམ་པས་ངས་འགྲོ་བ་མིའི་བདེ་དོན་དང་བཟང་སྤྱོད་གོང་སྤེལ་ཐོག་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པ་དེར་ངོས་ལེན་གནང་ནས་ང་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བར་སེམས་འགུལ་ཧ་ཅང་ཐེབས་བྱུང་། ང་རང་མ་འཆི་བར་དུ་རང་དབང་ཐོག་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་གཏོང་ཐབས་ཆེད་འབད་བརྩོན་གང་ཡོད་ཞུ་རྒྱུ་ཡིན།
རང་དབང་ནི་གཞི་རྩའི་འགྲོ་བ་མིའི་རིན་ཐང་ཞིག་ཡིན། རང་དབང་མེད་ན་མིའི་རྣམ་སྤྱོད་ཀྱི་རྩལ་གོང་ནས་གོང་དུ་སྤེལ་རྒྱུའི་གོ་སྐབས་མེད། མི་སྒེར་སོ་སོའི་རྣམ་དཔྱོད་ཀྱི་རྩལ་གོང་མཐོར་གཏོང་མ་ཐུབ་ཚེ་ཡར་རྒྱས་འགྲོ་རྒྱུ་ཧ་ཅང་དཀའ། འོན་ཀྱང་རང་དབང་བརྗོད་སྐབས་རང་གཞན་གཉིས་ཕུང་ལ་སྦྱོར་རྒྱུའི་རྣམ་དཔྱོད་གོང་སྤེལ་གཏོང་རྒྱུའི་རང་དབང་ལ་ནམ་ཡང་བརྗོད་ཀྱི་མེད། མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་གཞི་རྩར་བཟུང་ནས་རང་དབང་དང་མང་གཙོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་སྐད་ཆ་ཤོད་བཞིན་ཡོད་པ་མ་ཟད། རང་དབང་དང་མང་གཙོའི་ཐོབ་ཐང་དེ་དག་ང་ཚོ་སྐྱེས་ཙམ་ཉིད་ནས་རང་ཆས་སུ་ཡོད། དེར་བརྟེན་ངས་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུ་དེར་རྒྱུ་མཚན་གཉིས་ཡོད།
དང་པོ་དེ་ནི་ཚན་རིག་པ་ཁག་གཅིག་གིས་བརྟག་དཔྱད་བྱས་པའི་གྲུབ་དོན་དུ་གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དང་། དེ་ནི་གཙོ་བོ་ང་ཚོ་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ། ཕྱོགས་གཞན་ནས་གལ་ཏེ་ང་ཚོ་དུས་རྟག་ཏུ་ཁོང་ཁྲོ་དང་ཞེ་སྡང་། འཇིགས་སྣང་སོགས་ཀྱི་འོག་འཚོ་བ་ཡིན་ན་མིའི་ལུས་ཀྱི་འཕྲོད་བསྟེན་ལའང་གནོད་སྐྱོན་ཆེན་པོ་ཡོད་པ་ར་སྤྲོད་བྱུང་ཡོད། དེ་ལས་ལྡོག་སྟེ་བྱམས་བརྩེའི་བསམ་བློ་དེས་ལུས་པོའི་འཕྲོད་བསྟེན་ལའང་ཕན་གྱི་ཡོད། གནས་སྟངས་འདི་ནི་ཚན་རིག་པ་ཁག་གཅིག་གིས་དངོས་སུ་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་ཐུབ་པ་བྱུང་ཡོད། དེར་བརྟེན་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་རེ་བ་རྒྱག་ས་གཅིག་ཡོད།
གཉིས་པ་དེ་ཤེས་ཡོན་རེད། དེང་དུས་ཤེས་ཡོན་ལམ་ལུགས་ནང་མིའི་ནང་སེམས་བརྒྱུད་གོང་སྤེལ་དང་ཇེ་བཟང་དུ་གཏོང་རྒྱུའི་སྐད་ཆ་གང་ཡང་མེད། རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་སྐད་ཆ་ཤོད་སྐབས་ཆོས་དང་འབྲེལ་བ་ཆགས་ཀྱི་ཡོད། ཆོས་ཀྱི་སྐད་ཆ་བཤད་ན་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཆོས་ཁས་མི་ལེན་མཁན་ཡང་ཡོད། ཆོས་ཁས་ལེན་མཁན་ཁྲོད་དུའང་དྲང་པོ་བརྗོད་ན་སྐབས་རེ་ཆོས་པ་ཐ་ཤལ་དེ་འདྲའང་ཡོད། དེར་བརྟེན་ནང་གི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐབས་ལམ་དེ་དག་ཆོས་པ་ཡིན་མིན་དང་ཆོས་ཁས་ལེན་མི་ལེན་ཚང་མར་རིས་མེད་ཐོག་ནས་ཁྱབ་ཐུབ་པ་ཞིག་བྱེད་དགོས། རིས་མེད་ཀྱི་ལྟ་ཚུལ་དེ་རྒྱ་གར་སྲོལ་རྒྱུན་ནས་དར་ཡོད། རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ནང་རིས་མེད་བརྗོད་སྐབས་ཆོས་ལུགས་ཚང་མར་གུས་འདུད་བྱེད་དགོས་པ་ཙམ་དུ་མ་ཟད། ཆོས་ཁས་མི་ལེན་མཁན་ལའང་གུས་བརྩི་ཞུ་དགོས་པའི་ལྟ་ཚུལ་དེ་རེད། ལྟ་ཚུལ་འདི་ང་ཡི་བསམ་པར་དེང་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་དང་ཧ་ཅང་འབྲེལ་བ་འདུག
དེར་བརྟེན་ངས་འགྲོ་བ་མིའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་དེ་རིས་མེད་ཀྱི་ལམ་ནས་ཡིན། ཤེས་ཡོན་ལམ་ལུགས་ནང་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐབས་ལམ་སྐོར་འཇོག་དགོས། དེ་ནི་ཆོས་ལུགས་ལ་མ་བརྟེན་པར་ཚན་རིག་གི་གྲུབ་དོན་གཞིར་འཇོག་དགོས། དེར་བརྟེན་འདས་པའི་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ང་ཡིས་ཚན་རིག་པ་མང་པོ་ཞིག་དང་ལྷན་བགྲོ་གླེང་བྱས་ནས་མཐར་ང་ཚོས་”སེམས་དང་སྲོག་”ཅེས་པའི་བསྟི་གནས་ཁང་ཞིག་གསར་འཛུགས་བྱས་པ་རེད།
དེ་རིང་གཟེངས་རྟགས་འདི་དང་ལྷན་དངུལ་ཕྲན་བུ་ཡོད་པ་དེ་དག་ངས་སེམས་དང་སྲོག་གི་བསྟི་གནས་ཁང་ལ་སྦྱིན་རྒྱུ་ཡིན། ཚན་རིག་ལ་གཞི་བཅོལ་ནས་འགྲོ་བ་མིའི་ནང་གི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུ་འདི་ཧ་ཅང་གནད་འགག་ཆེན་པོར་བརྩིས་སྟེ་བསྟི་གནས་ཁང་གིས་གནས་སྐབས་རིང་ཚོད་ལྟའི་ཚུལ་དུ། གཞོན་སྐྱེས་ཁག་གཅིག་ལ་ནང་སེམས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ལས་གཞི་དབུ་འཛུགས་གནང་ཟིན་པ་རེད། རིང་མིན་ང་ཚོས་དངོས་སུ་སྔོན་འགྲོའི་སློབ་གྲྭ་ནས་མཐོ་སློབ་བར་སློབ་ཚན་ནང་འཇོག་རྒྱུའི་བསླབ་གཞི་རག་ཟིན་ཞིག་གཏན་འབེབ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད།
ཐེངས་འདིར་ཁྱེད་རྣམ་པས་ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བ་དེས་ལས་དོན་ཐོག་ད་དུང་ཤུགས་རྒྱག་རྒྱུར་སྙིང་སྟོབས་འཕར་མ་ཞིག་སྐྱེས་བྱུང་། དེར་བརྟེན་ངས་སླར་ཡང་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོ་སྐབས་འདི་བརྒྱུད་ནས་ངས་གྲོགས་པོ་གྲོགས་མོ་རྣམས་ལ་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན། འགྲོ་བ་མིའི་བདེ་དོན་ཆེད་བསམ་བློ་གཏོང་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད། ང་ཚོ་མི་རེ་ངོ་རེས་འཛམ་གླིང་གི་གནས་སྟངས་བཟང་དུ་བཏང་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐད་བསམ་བློ་གཏོང་དགོས། ཁོར་ཡུག་ཡང་དེའི་ཁོངས་སུ་ཚུད་དགོས།
སྐབས་རེ་དཀའ་ངལ་ཧ་ཅང་ཆེན་པོ་མཐོང་སྐབས་ང་མི་གཅིག་གིས་ཅི་ཡང་བྱེད་ཐུབ་རྒྱུ་མ་རེད་བསམས་ནས་སེམས་ཤུགས་ཆགས་ནས་སྡོད་རྒྱུ་དེ་འདྲ་ཡོང་བཞིན་ཡོད། དེ་འདྲ་མ་རེད། རྒྱལ་སྤྱིའི་ཁྱོན་དུ་ལས་འགུལ་ཐོག་མ་དེ་མི་སྒེར་ནས་འགོ་བཙུགས་པ་མ་གཏོགས། གནམ་ཐོག་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་སྲིད་གཞུང་ཞིག་ནས་ཡོང་རྒྱུ་མ་རེད། དང་པོ་མི་སྒེར་གྱིས་ལས་འགུལ་སྤེལ་འགོ་བཙུགས། དེ་ནས་རང་གི་ནང་མི་དང་ཁྱིམ་མཚེས། དེ་ནས་རིམ་བཞིན་སྤྱི་ཚོགས་ཀྱི་བསམ་བློར་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་དང་། མཐར་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ལ་ཤུགས་ཐེབས་རྒྱུ་རེད། འདི་ང་ཡི་ཆོད་སེམས་དང་ཡིད་ཆེས་ཡིན།
ཐུགས་རྗེ་ཆེ།
ཚན་རིག་ལ་བརྟེན་ནས་རང་དབང་ཡོང་གི་མ་རེད། ཆོས་ལུགས་ལ་བརྟེན་ནས་རང་དབང་ཡོང་གི་མ་རེད། རང་དབང་ངམ་བཅིང་གྲོལ་ནི་ཆབ་སྲིད་འཐབ་རྩོད་ཁོ་ན་ལ་བརྟེན་ནས་འབྱུང་གི་རེད།
གཟེངས་རྟགས་འདིས་བོད་ནང་ལ་ཕན་ག་རེ་ཐོགས་ཀྱི་ཡོད་པ་རེད་དམ། འདིའང་ཨ་རི་སོགས་ཀྱིས་བོད་མི་ཚོར་མགོ་བསྐོར་གཏོང་པའི་གཡོ་ཐབས་ཤིག་མ་ཡིན་པའི་ངེས་པ་མེད།
ལར་ནས་ཆོས་པ་ཞིག་ལ་ཆབ་སྲིད་ཀྱི་རྟགས་མ་ཞིག་སྤྲད་པ་འདིས་ཀྱང་གོང་ས་མཆོག་སྲིད་དོན་པ་ཞིག་ཡིན་པ་ལས་ཆོས་པ་ཞིག་ཡིན་པ་མཚོན་མི་ཐུབ། རྒྱ་ནག་གཞུང་ལ་དགོས་པའི་སྐད་ཆའང་དེ་རེད།
xxxxx
ཧ་ཧ་ཕྲ་དོག་ཅན་ལ་ཕྲ་དོག་ལས་མེད་། བོད་མི་རིགས་ཀྱི་བླ་སྲོག་གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་། འཛམ་གླིང་ཞི་བདེ་ཡུན་རིང་གནས་པ་ཤོག་།
ཁ་སང་བརྙན་ལེན་གསུང་འཕྲིན་འདི་གནང་སྐབས་ཀྱི་གོང་ས་མཆོག་གི་ཞལ་རས་མཇལ་བས་སེམས་པ་ཧ་ཅང་མ་བདེ་བ་ཞིག་གིས་མནར་བྱུང་། ཞལ་རས་བགྲེས་ཤིང་སྐུ་ཐང་ཧ་ཅང་ཁག་ནས་འདུག ང་ཚོ་བོད་པ་ཚོས་ད་དུང་དུས་འཁོར་དབང་ཆེན་ཕྱི་འགྱངས་བྱས་པ་གང་མན་ཚད་ཡིན་མདོག་མདོག་སྒྲོག་གི
དོན་གྱི་བདག་པོ་ཁོང་ནི། བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་དང་པོར་འདི་ལྟར་བཀོད་ཡོད།
”གོང་ས་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན” དེ་བཞིན་བཅའ་ཁྲིམས་སུ་མཛད་འགན་དང་སྐུ་དབང་དང་འབྲེལ་བའི་དོན་གནད་གསུམ་བཀོད་ཡོད།
མདོར་ན་ཨ་རིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་པའི་ཁོང་ལ་བཅོས་མིན་གྱི་གཟེངས་རྟགས་ཕུལ་བ་ནི་ང་ཚོ་བོད་མིར་ངོས་འཛིན་གནང་བ་ཡིན་པས། རྒྱལ་བ་རྟག་ཏུ་རྒྱལ་འགྱུར་ཅིག
དེ་རི་གི་གཟེངས་རྟགས་འདི་ཉིད་དོན་གྱི་བདག་པོར་སྤྱན་འབུལ་ཇི་ལྟར་གནང་གི་ཡོད་པ་ནི་ད་ལྟའི་མང་གཙོ་ཀ་བ་གསུམ་གྱི་བསམ་དགོས་པ་ཞིག་རེད་ལགས།
གནམ་རྒན་མས་ཅིག་གཟིགས། ཀརྨ་བློ་གསལ་ཟེར་བའི་མྱི་འདི་ལ། ཁྱི་སྨྱོན་པས་སོ་བཏབ་འདུག་པས། ནད་ངན་འདི་སྤྱི་ཚོགས་ལ་མི་འགོས་བའི་ཆེད་དུ་ཁོ་ལ་སྐར་མདའ་ཞིག་ཕོག་ན་གང་དྲག།
རང་དབང་ནི་གཞི་རྩའི་འགྲོ་བ་མིའི་རིན་ཐང་ཞིག་ཡིན། རང་དབང་མེད་ན་མིའི་རྣམ་སྤྱོད་ཀྱི་རྩལ་གོང་ནས་གོང་དུ་སྤེལ་རྒྱུའི་གོ་སྐབས་མེད། མི་སྒེར་སོ་སོའི་རྣམ་དཔྱོད་ཀྱི་རྩལ་གོང་མཐོར་གཏོང་མ་ཐུབ་ཚེ་ཡར་རྒྱས་འགྲོ་རྒྱུ་ཧ་ཅང་དཀའ། འོན་ཀྱང་རང་དབང་བརྗོད་སྐབས་རང་གཞན་གཉིས་ཕུང་ལ་སྦྱོར་རྒྱུའི་རྣམ་དཔྱོད་གོང་སྤེལ་གཏོང་རྒྱུའི་རང་དབང་ལ་ནམ་ཡང་བརྗོད་ཀྱི་མེད། གསུངས་པ་ལ་མངོན་པར་བསྟོད་དོ།
ང་ཕྲག་དོག་ཟ་མི་སྲིད། ཟ་དོན་ཡང་མེད། གོང་ས་མཆོག་གི་ཆོས་ཕྱོགས་མཛད་པར་གུས་བཀུར་ཡོད། ཡིན་ནའི། ནའོ་པེལ་ཞི་བདེ་གཟེངས་རྟགས་རེག་པའི་མཇུག་འབྲས་བོད་རྒྱ་གཞུང་གི་འོག་ཏུ་སྡོད་རྒྱུ་ཡིན་ཟེར་བ་ཆགས་སོང་། ད་གསེར་གྱི་གཟེངས་རྟགས་འདིའི་མཇུག་འབྲས་ག་རེ་ཆགས་ཡོང་ངམ། མ་འོངས་པར་བོད་རྒྱ་ཁོངས་ཡིན་ཞེས་ངོས་ལེན་གནང་སྲིད་དམ།
ཁྱོད་ཀྱིས་༧གོང་ས་ཏྭ་ལའི་བླ་མ་དོལ་ཚོགས་ཀྱི་མགྲིན་ཚབ་པ་ཡིན་སྟངས་གསལ་བཤད་ཤིག་བྱོས་དང་། མགྲིན་ཚབ་པ་ཟེར་ན་ཅི་རེད་དམ། གསལ་བཤད་ཡག་པོ་ཞིག་བྱོས་དང་།
ཅོ་རི་ཁྱེད་ཀྱི་ཀུན་སློང་གང་འདྲ་ཞིག་གི་ཐོག་ནས་དྲི་བ་འདི་འདྲུད་ཡོང་མིན་མི་ཤེས། གཟེངས་རྟགས་འདི་མི་ཚོས་བཤད་ཚོད་ལ་བལྟས་ན་ཆབ་སྲིད་ཀྱི་རྟགས་མ་ཞིག་ཡིན་ཚོད་རེད། དོལ་ཚོགས་པ་རྣམས་ལ་བོད་ཀྱི་ཡུལ་མི་བྱ་བློའི་སེམས་པ་དྭངས་མ་ཞིག་གི་ཁར་བཙན་བྱོལ་བོད་མིའི་ཡུལ་མི་ཡིན་པའི་དཔྱ་དངུལ་ལག་དེབ་ཡོད་པ་དང་། རྒྱ་དངུལ་མ་འདྲེས་པའི་ལྟོ་གོས་ཤིག་ཡོད་ན་ཁོང་ཚོ་ཡང་བོད་ཀྱི་ཡུལ་མི་ཡིན་པ་དང་མགྲིན་ཚབ་འདིའི་གཟི་འོག་ཏུ་ཡོད་ཡོད་པ་རེད།
ཏཱ་ལའི་བླ་མ་དོལ་ཚོགས་ཀྱི་མགྲིན་ཚབ་ཡིན་པ་ཁྱེད་ཀྱིས་ཨུ་ཚུགས་ཀྱིས་སྒྲུབ་བཞིན་པ་ལས་ང་རང་འདི་སྐོར་སྐད་ཆ་མང་པོ་གླེང་འདོད་མེད། གཞི་རིམ་གྱི་ཆ་རྐྱེན་འདི་གཉིས་ནི་ཁོང་ཚོ་གཞན་དྲིང་མི་འཇོག་པའི་མགྲིན་ཚབ་པ་འདིའི་འོག་ཏུ་ཚུད་དང་མ་ཚུད་ཟེར་བའི་ས་མཚམས་གཙོ་བོ་དེ་རེད་སྙམ། ལན་འདེབས་འདིས་ཐུགས་ཕན་གསོ་རེ་ཡོད། བརྗོད་གཞི་ངོ་མ་དང་འཕྲོས་པའི་ཉོག་ལབ་སྤེལ་འདོད་མེད། ཅོ་རི་བདེ་མོར་བཞུགས།
ཨོ་རེད་་་རྒྱ་གར་རྨ་བྱ། བཙན་བྱོལ་སྒྲིག་འཛུགས་ཀྱི་དང་བླང་དཔྱ་ཁྲལ་དེ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཡིན་མིན་ཚད་འཇལ་རྐྱེན་ཙམ་ལས་དང་བླང་དཔྱ་ཁྲལ་ལག་དེབ་ཡོད་ན་བོད་ཀྱི་ཡུལ་ཡིན་པ་དང་མེད་ན་མིན་དགོས་པའི་རྒྱུ་མཚན་དང་དབང་ཆ་གཉིས་ཀ་ཡོད་མ་རེད། དང་བླང་དཔྱ་ཁྲལ་སྤྲད་མཁན་བོད་མི་འབུམ་གཅིག་ཙམ་ཡོད་ཀྱི་རེད། ས་ཡ་དྲུག་གི་ནང་ནས་དེ་ཙམ་རེད།
ཅོ་རི་ཡི་ཉི་མ་ལགས། སྐད་ཆ་དེ་ཚོ་གླེང་རྒྱུ་འགྲེམས་རྒྱུ་མང་དྲགས་ན་མཐའ་མ་སོ་སོའི་མགོ་ཐོག་ཏུ་བསྣན་ཡོང་གི་རེད་དཱ། མགྲིན་ཚབ་མི་མཚོན་པར་ཁས་ལེན་བྱས་ན་དེ་ནི་ཁྱེད་རང་གི་ཐུགས་འདོད་གདམ་ཁ་རེད།
གཞེས་བྱེས་བོད་མི་མ་བཙོང་རོགས། ༧རྒྱལ་བ་བོད་དུ་གདན་འདྲེན་དགོས་ཟེར་ནས་མེ་མཆོད་ཀྱི་གྲངས་ཀ་ག་པར་སླེབས་་སོང་། བཅའ་ཁྲིམས་ལ་བཀུར་ན་གོང་དུ་མགྲིན་ཚབ་ཡིན་པའི་ཚིག་དོན་དེ་ཚོ་རེད། ཕལ་ཆེར་ཁྱེད་རང་ཕུད་པའི་སྐབས་དེའི་བཙན་བྱོལ་བོད་མི་བརྒྱ་ཆ་གོ་དགུས་དེ་ལྟར་དུ་བརྩིས་དང་རྩི་བཞིན་རེད།
ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ནི་ཆོས་དང་འབྲེལ་བས་བརྗོད་གཞི་དང་འབྲེལ་མེད་ཀྱང་ཆབ་སྲིད་ཀྱི་མ་གོས་པའི་ཁོང་ལ་མི་གུས་པའི་ཆོས་སྡེ་ཞིག་སྟོན་ཤོག་དང་དེ་ནས་ཞིབ་ཀྱིས་མོལ་ཆོག
ད་གང་ཤེས ངོ་མ་ཡིད་ཕམ་དགོས་པ་ཞིག་ལ་གང་ས་མཆོག་ནས་ཉེ་དུས་ཨ་རིས་ལ་གཞོན་ནུ་ལ་བཀའ་སློབས་གནང་སྐབས རང་བཙན་ཐོབ་ཐང་རེད་མ་གཏོགས་ཆབ་སྲིད་ཚོགས་པ་ངོ་བོ་ཐོག་ལོང་ན་མི་འགྲིགས་གསུང་བཀའ་སྐྱོན་གནང་བ་དང ད་དུང་བོད་རང་བཙན་ཡིན་མིན་དེ་བཙན་པོ་རྒྱལ་རབ་སྐབས་ལ་བོད་ཀྱི་རྒྱལ་རབ་ཁག་ལ་ཁ་མི་གསལ་ཀྱང རྒྱ་ནག་གི་རྡོ་རིམ་སོགས་ལ་བལྟས་ན་རང་བཙན་འགྲུབ་ཞིག་ཡོད་ཚུལ་གསུང་ནས་ བོད་སིལ་བུ་ཐོར་ནས་འགྲོ་མགོན་ཆོས་འཕགས་ལ་བོད་ཆོལ་ཁག་གསུམ་དབང་ཡོན་དུ་ཕུལ་ཟེར་བ་ཙམ་ལས་ལག་ལེན་ལ་བསྒྲིགས་འཛུག་ཞིག་མེད་རབ་རབ་གསུང་ནས གང་ལྟར་དེ་མན་ཆོད་ལ་རང་བཙན་ཟེར་རྩོད་པ་རྒྱག་ས་མེད་པ་འདྲ་བོ་གསུང་སོང ངོ་མ་སེམས་ཕམ་སོང གང་ཡིན་ཟེར་ན་རྒྱ་མའི་ཀྱང་བཙན་པོ་རྒྱལ་རབས་སྐབས་ལ་བོད་རང་བཙན་ཡིན་མིན་ལཐེ་ཚོམ་མེད་པའི་སྒོ་ནས་རང་བཙན་ཡིན་པ་གཞི་བཞག་བྱེད་ཀྱིས་ཡོད་ དེ་ལ་ང་ཚོས་ཐེ་ཚོམ་བྱེད་པ་དང་ བུ་སིལ་བུ་ཐོར་ནས་རང་བཙན་མིན་ཟེར་ཁས་བླངས་ན རྒྱ་ནག་ནས་ག་དུས་ཡིན་ན་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཁོངས་སུ་ཁས་བླངས་དགོས་ཟེར་བ་དེ་ལས་ལྷག་ཅིག་ཁས་ཅི་གང་ལེན་མི་དགོས
འོ་རེད་ཅོ་རི་ལགས། དང་བླང་དཔྱ་ཁྲལ་དང་འབྲེལ་བ་དེ་ཁྱེད་ཀྱིས་དྲིས་པས་བཀོད་པ་ཡིན། དེ་སྐོར་མ་གླེང་ཆོག་ན་བསམས་ཀྱང་གླེང་ནས་འདུག་པས་་ཟུར་ཞིག་ལབ་འདོད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱལ་སྤྱིའི་ཁྲིམས་དང་འཕགས་ཡུལ་གྱི་རྩ་ཁྲིམས་ཀྱིས་གནོན་ཤུགས་ཤུག་གི་འོག་མིང་བསྒྱུར་མ་བྱས་མཐུ་མེད་ལས་ཚོགས་སྡེ་ཞིག་གི་ངོ་བོར་བརྩིས་མཁན་ཁྱེད་ཀྱི་གྲས་འགའ་ལས་ཚང་མས་དེ་ལྟར་དུ་བརྩིས་རྒྱུ་ཕར་ཞོག་བསམ་ཡུལ་ནའང་འཁོར་མྱོང་མེད་ཚོད་རེད།
ཁྱེད་རང་རྒྱུ་མཚན་ཚད་ཐུབ་མེད་པ་ཞིག་གི་འོག་ནས་དཔྱ་ཁྲལ་མི་སྤྲད་ཟེར་བའི་མི་སྣ་དམིགས་བསལ་བ་ཞིག་རེད། འོན་ཀྱང་ཁ་སང་སྔོན་འགྲོའི་འོས་དང་འབྲེལ་བའི་མཆན་མི་ཚོས་་་་ཅོ་རི་དཔྱ་ཁྲལ་མི་སྤྲོད་པས་སྲིད་སྐྱོང་འོས་མི་དང་ཐེ་བྱུས་བྱ་དབང་མེད་ཟེར་བའི་རྒྱུ་མཚན་ཆེན་པོ་ཞིག་གིས་བཀར་སོང་བས་སྐབས་དེར་ང་རང་སེམས་ཁྲལ་ཏོག་ཙམ་བྱུང་སོང་།
གང་ལྟར་མང་པོ་ཞིག་མི་བཤད། ཁྱེད་ཀྱི་སྐད་ཆ་གཅིག་ལ་སྣང་བར་འགྲོ་ནས་ཡོད་དཱ།
རྨ་བྱ་ལགས།
༧གོང་ས་ཏྭ་ལའི་བླ་མ་བོད་མི་ཡོངས་ཀྱི་མགྲིན་ཆབ་པ་ཡིན་ཟེར་བ་དང་། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཡིན་ཟེར་ནས་སྒྲོ་བཏགས་ཀྱི་རེད། དངོས་པོའི་གནས་ཚོད་ཀྱི་ཐོག་ནས་དེ་ལྟར་མ་རེད། ལོ་མང་རིང་དུ་ཟམ་གདོང་བླ་མས་ཧམ་བཤད་བྱས་བསྡད་པའི་རྒྱུ་མཚན་གྱིས་བཙན་བྱོལ་ནང་དུ་གོམས་གཤིས་ངན་པ་ཞིག་ཆགས་ཡོད་རེད།
དཔེར་ན། བོད་མི་རྒྱབ་ཆ་དགུ་བཅུ་ཐམ་པའི་ངོས་ལེན་ཡོད་ཟེར་བ་དང་། བརྒྱ་ཆ་དགུ་བཅུ་གོ་དགུ་དང་ཚེག་གཅིག་གིས་དབུ་མའི་ལམ་ལ་ངོས་ལེན་ཡོད་ཟེར་ནས་ཧམ་བཤད་བྱས་པ་རེད། བོད་མི་དམངས་ཀྱི་བརྒྱ་ཆ་འདི་དང་དེ་ཟེར་བ་ལ་དང་པོར་བོད་མི་དམངས་ཀྱི་གྲངས་ཀ་ཏག་ཏག་ཤེས་དགོས། བོད་མི་ག་ཚོད་ཡོད་མེད་གྲངས་ཀ་མ་ཤེས་ན་བརྒྱ་ཆ་ག་ཚོད་ཡོད་མེད་ཇི་ལྟར་ཤེས་སམ།
ཁྱོད་ཀྱིས་ཀྱང་བཙན་བྱོལ་བོད་མིའི་གྲངས་ཀ་ཏག་ཏག་ཤེས་ཀྱི་ཡོད་དམ། དཔལ་འབྱོར་བཀའ་བློན་ལ་ཡང་གྲོས་འཚོགས་ནང་དུ་བཙན་བྱོལ་བོད་མིའི་མི་གྲངས་ཏག་ཏག་ཞིག་ལབ་ཡ་མི་འདུག་ག ཁྱོད་ཀྱིས་ཤེས་ན་གཅིག་ལབ་རོགས་བྱོས། དེ་ནས་བརྒྱ་ཆའི་སྐོར་དུ་སྐད་ཆ་ཤོད། གཅིག་རེད།
གཉིས་པ། རྡ་སའི་དཔོན་ངན་ཚོས་བཤད་སྟངས་བྱས་ན་བོད་རང་བཙན་བརྩད་མཁན་དང་འདོད་མཁན་ཆེས་ཉུང་ཉུང་རེད་ཟེར་ཡི་རེད། ཁོ་རང་ཚོ་ལ་མི་མཐུན་པའི་སྐད་ཆ་ཞིག་ཡིན་ན་ཆེས་ཉུང་ཉུང་དང་ཉུང་ཤོས་ཤིག་གི་འདོད་ཚུལ་རེད་ཟེར་ནས་བཤད་ཀྱི་རེད། སྐད་ཆ་བཤད་སྟངས་དེ་དག་དྲང་པོ་མ་རེད།
གསུམ་པ། ༧གོང་ས་ཏྭ་ལའི་བླ་མ་བོད་མི་ཡོངས་ཀྱི་མགྲིན་ཚབ་པ་ཡིན་ཟེར་བའི་སྐད་ཆ་དེ་དག་ཡང་དོན་ལ་གནས་པའི་སྐད་ཆ་མ་རེད། གོང་དུ་བཤད་ཟིན་ལྟར་རེད། ཡང་བསྐྱར་མི་གླེང་།
བཞི་པ། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཡིན་ཟེར་བའི་སྐད་ཆ་འདིར་ལ་ཁུངས་ལུང་གང་ཡང་མེད། ནང་པའི་རྒྱལ་ཁབ་སེང་རི་ལ་གྷ་དང་འབྲུག་པ། འབར་མ་དང་ཐད་ལན་སོགས་བརྩིས་པའི་ནང་པའི་རྒྱལ་ཁབ་དེ་དག་གིས་བསྟན་བདག་ཡིན་པར་ཁས་ལེན་གྱི་ཕར་ཞོག རྒྱལ་ཁབ་དེ་དག་གི་ནང་དུ་ཡོང་བཅུག་གི་མེད་པ། བིས་ས་ཙམ་ཡང་མི་སྤྲོད་པ།
ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཡིན་སྟངས་ཅི་འདྲ་རེད་དམ། རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཡིད་པའི་ལག་ཁྱེར་འདྲ་ཡོད་དམ། ཡིག་ཆ་འདྲ་ཡོད་དམ། མེད་པ། རྒྱལ་བསྟན་ཡོངས་ཀྱི་མངའ་བདག་མིན་བཞིན་དུ་ཡིན་མདོག་མདོག་བཤད་ན་རྫུན་བཤད་པ་མ་རེད་དམ། དགེ་སློང་རྫུན་མཁན་ཞིག་ཡོད་དམ།་་་ཧཧ
རྒྱལ་སྤྱིའི་ཁྲིམས་དང་རྒྱ་གར་བའི་གནོད་ཤུགས་ཀྱི་དབང་གིས་མིང་བསྒྱུར་པ་ཡིན་ཟེར་བའི་སྐད་ཆ་དེ་དག་ཁུངས་ལུང་མེད་པའི་སྐད་ཆ་རེད། ཁས་ལེན་གྱི་མིན། བཙན་བྱོལ་བོད་མིའི་སྲིད་གཞུང་མེད་པ་བཟོས་པ་འདིས་ང་ཚོའི་སྙིང་ལ་རྨ་ཁ་བཟོས་ཡོད། དྲོ་ཉི་མ་ཤར་ཡང་མ་ཞི་བ་སྙིང་གངས་དཀར་དཀྱུས་ཀྱི་འཁྱག་པ་ཡིན། བརྙས་བཅོས་ཚོད་ལས་བརྒལ་སོང་།
དྲང་བདེན་ལགས། ལོ་རྒྱུས་འཁྱོག་བཤད་བཤད་ཀྱི་ཡིན་པའི་ཟོལ་སྟོན་བཞིན་འདུག ཡིན་ཀྱང་ཁོང་རང་ངོ་ཚ་རོགས་དང་ཞབས་འདྲེན་ཞུ་རོགས་མ་གཏོགས་ལོ་རྒྱུས་ཟེར་བ་དེ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཁ་གྲགས་འོང་མཁན་ཞིག་ཡིན་དུས་ས་སྐྱའི་སྐབས་ནས་བཟུང་བོད་རྒྱ་ཁོངས་ཡིན་པར་སྒྲུབ་ཐུབ་མདོག་ཁག་པོ་མ་རེད།
དཀོན་མཁྱེན། ད་ཚར་འདུག གཅིག་རྗེས་གཉིས་མཐུད་དུ་༧མགོན་པོ་རྣམ་རྟོག་གིས་སྒྲོ་བཏགས་ནས་སྣ་ཚོགས་བཤད་ཀྱིན་འདུག
ཅོ་རི་བཟི་ཚོད་དུ་འདུག ཡིག་འབྲུ་མང་ཡང་མང་ཆེ་བ་བསྐྱར་བཟློས་ལབ་འཆལ་་རྐྱང་རེད།
རྒྱལ་བསྟན་མངའ་བདག་ཏུ་བཀུར་བ་བརྒྱ་ཆ་བརྒྱ་ཐམ་པ་རེད། ཆབ་སྲིད་ཀྱི་མ་གོས་བ་གཞན་ཐམས་ཅད་གོང་སྨོས་བཞིན་ཡིན།
ད་ལྷོད་ཀྱིད་གཟིམས། ཁྲག་ཤེད་འཕར་རོགས་རེད། ང་ཁྱེད་རང་ལ་སེམས་ཁྲལ་ཏོག་ཙམ་ཡོད། ས་མཚམས་དང་འགལ་བའི་སྐད་ཆ་ལ་བདག་པོ་བྱོས།
དོན་གྱི་བདག་པོས་བྱམས་ཀྱིས་བསྐྱངས་བའི་གཞུང་ལ་སྙིང་ནད་འཁུར་མི་ཐུབ་པ་ཞིག་ཡོད་ན་སང་ཉིན་གསར་འགོད་གསལ་བསྒྲགས་ཀྱི་སྡིངས་ཆ་ཞིག་བསྐྲུན་ཤོག་དང་དེ་ནས་ཞིབ་ཀྱིས་མོལ་ཆོག ཨ་དང་རྩེད་མོ་བྱས་པ་ཡིན་དཱ། ཧཧཧཧ
གཡོགས་ཞོག་་་གཞུང་འདྲ་ཞིག་འབོད་མདོག་མདོག་མ་བྱས། གཞུང་སྒྲིག་འཛུགས་ལ་བསྒྱུར་ཚར་བ་རེད། བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་དགོས་ཟེར་བ་ཡང་བཅའ་ཁྲིམས་ནང་ནས་ནག་བསུབ་བྱས་ཚར་བ་རེད།
ཨོ་རེད་་་དོན་གྱི་བདག་པོ་ཟེར་ན་ཅི་ཟེར་གྱི་ཡོད་དམ། ག་རེའི་བདག་པོ་རེད་དམ། སྒྲོ་བཏགས་མ་གཏོགས་བཤད་ཤེས་ཀྱི་མེད་པེ།་་་ཧཧ
ཨོ་རེད་་་ངའི་སྐད་ཆ་ལ་ས་མཚམས་མེད། སྐྱབས་བཅོལ་བའི་སྐད་ཆ་ཡིན། ངའི་གཏན་ཚིགས་རིག་པའི་དག་བྱ་ལ་མི་ཆེན་མི་ཆུང་གི་ཁྱད་པར་མེད། ཧམ་བཤད་ལོག་བཤད་སུ་ཡི་བྱས་ན་དགག་རྐྱང་ཡིན། ཁྱོད་ཀྱིས་ང་ལ་སེམས་ཁྲལ་གནང་མི་དགོས། ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་ལག་ཏུ་ང་ཤི་ཐུབ་པ་བྱུང་ན་བློ་བདེ་པ་ཡིན།་་་བཞུགས་གདན་འཇགས།
ཅོ་རི་ད་ཁྱོད་སྨྱོ་འོངས། མི་མ་རབས་དེ་ཚོའི་རྗེས་སུ་མ་རྒྱུགས། ང་དྲ་གྲོགས་ཅིག་གི་བསླབ་བྱ་ཡིན།
རྒྱལ་བ་རིན་པོ་ཆེ་ལ་གཟེངས་རྟགས་ཕུལ་པ་འདི། ཡང་སྙིང་བོད་མིར་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་པ་རེད། རྒྱལ་བ་རིན་པོ་ཆེས་བོད་མིའི་ངོ་བོ་། བོད་མིའི་མངོན་འདོད་དང་། བདེ་སྡུག་མཚོན་པས་རེད། ད་འདི་ལ་མ་འདོད་པའི་རྣམ་འགྱུར་བསྟན་ན། རང་མི་རིགས་ཀྱི་མགོ་ལ་བརྒྱབ་པ་ལས་གཞན་མ་རེད།
ཅོ་རི་སོགས་ཤུགས་ལྡན་རྗེས་བྲངས་བ་ཚོའི་ཕྱོགས་རིས་དང་སྨྱོ་འདོད་བློས་བཏང་མ་ཐུབ་མཁན་ཞིག་ལ་བོད་མི་རིགས་ཀྱི་བདེ་སྐྱིད་སྙིང་ལ་ཨེ་ཡོད། བཤད་ཁག་པོ་འདུག
ཀརྨ་བློ་གསལ་ཞུ་བ་ཁོང་ཡང་ངས་ངོ་ཤེས་ཀྱི་ཡོད། ཕྱོགས་མང་པོ་ཞིག་ནས་དྲང་བདེན་དང་རང་བཙན་ལ་ཕྱོགས་ཀྱི་འདུག་པ་དེ་གུས་ཞབས་ཡོད། འོན་ཀྱང་། ད་ལྟའི་བོད་མིའི་གནས་སྟངས་དང་མདུན་ལམ་ལ་བལྟས་ནས། བོད་མིའི་ཁེ་ཕན་ལ་ཕན་པ་ཡོད་པ་དཔེར་ན་གོང་ས་མཆོག་གི་རྒྱབ་ལ་ལངས་ནས་བོད་དོན་གཉེར་བ་སོགས་བསྒྲུབ་ན་ཕྱོགས་གཅིག་ནས་དེས་ཁྱེད་རྣམ་པའི་དམིགས་ཡུལ་བསྒྲུབ་པའི་ཕྱིར།
ཤུགས་ལྡན་རྗེས་བྲངས་པ་ཚང་མ་སྐྱོན་ཅན་ག་ལ་ཡིན། འོན་ཀྱང་། རེ་ཉུང་བ་ཞིག་གིས་ད་ཆ་གུང་ཁྲན་གྱི་དངུལ་བླངས་ནས། ཤུགས་ལྡན་སྟེན་མཁན་ཚང་མའི་མདུན་ལམ་རྩ་གཏོར་གཏོང་བ་དེར་ངོ་མ་བློ་ཕམ་རེད། ངའི་ངོ་ཤེས་པའི་ནང་ལ། ཤུགས་ལྡན་བསྟེན་མཁན། རྒྱལ་བ་རིན་པོ་ཆེར་དད་པ་ཤུགས་ཆེ་ཡོད་མཁན། མི་རིགས་ཀྱི་བདེ་སྡུག་ལ་དོ་འཁུར་ཆེན་པོ་བྱེད་མཁན་ད་དུང་བོད་ནང་ལ་ཡོད། ཁོང་ཚོར་མཚོན་ན། ཤུགས་ལྡན་སྒེར་གྱིས་སྟེན། རྒྱལ་བ་རིན་པོ་ཆེར་བླ་མ་ཞིག་གི་མཐོང་ལ་བཞག་ནས་བཏང་སྙོམས་བཞག ཁོང་ཚོའི་བླ་མ་ཕ་བོང་ཁ་པ་དང་ཁྲི་བྱང་རིན་པོ་ཆེར་གསོལ་བ་བཏབ་ནས། བོད་ནང་ལ་རང་གི་ཆོས་དད་རང་གིས་སྲུང་བཞིན་འདུག
ཅོ་རི་ཁ་སང་ཁྲག་ཤེད་ཀྱིས་བཟི་ནས་ཡལ་ནས་མེད་བསམས་ཀྱང་དེ་རིང་སླར་ཡང་བྱོན་པར་དགའ་ཡོད།
དོན་གྱི་བདག་པོ་ནི། བོད་མིའི་འཕྲལ་ཕུགས་འགྱངས་གསུམ་གྱི་ཆབ་སྲིད་དུས་དང་བསྟུན་པའི་གོམ་བགྲོས་ཀྱི་ལམ་སྟོན་གནང་མཁན་གྱི་ཆེད་མཁས་པ་ནི་གོང་ས་མཆོག་ལས་གཞན་ཞིག་ད་ལྟ་བར་བྱུང་མྱོང་མེད་ལ་མ་འོངས་ཀྱང་འབྱུང་མི་སྲིད་པའི་གཏན་ཚིགས་ཚིག་གིས་བརྟན་བཞུགས་ཕུལ་བ་ཅོ་རི་ཕུད་པའི་གཞན་ཚང་མས་ཧ་གོ་དོན་གསལ་རེད།
དེང་སྐབས་གཞི་རིམ་མང་ཚོགས་སུ་ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་མཚན་མེད་ཞུས་སོང་ཟེར་བའི་སྐད་སྒྲ་གནམ་ས་གངས་ནས་ཡོད་པ་རེད། བདེ་མོར་བསམ་ན་ཀླུ་མཁར་གྱིས་བླ་རྒན་ཙམ་ལས་གཞན་རྣམས་མང་གཙོའི་གཏན་ཚིགས་ཤིག་གིས་འགྲེལ་བས་ད་ལྟ་ལམ་སེང་མི་གོ་ཡང་རིམ་གྱིས་གོ་ནས་གནད་དོན་དེ་ཚོ་ཡལ་ངེས་རེད་བསམ་གྱི་ཡོད།
བར་ལམ་ཞིག་ནས་ཅོ་རི་ནི་ས་མཚམས་དང་འགལ་ནས་རྒྱུ་མཚན་འཐད་ལྡན་མིན་པའི་འཆལ་གཏམ་ཁར། དེང་སང་རྒྱལ་བ་རིན་པོ་ཆེ་ཁས་མི་ལེན་པའི་མཚམས་སུ་སླེབས་ཡོད། དེ་ལ་ངས་འགྲེལ་བཤད་ཨུ་ཚུགས་གང་ཡང་བརྒྱབ་བརྩི་མེད། དོན་དག་ནི་ཁྱེད་ཀྱིས་རྒོལ་བཞིན་པའི་རྒྱུ་མཚན་རྣམས་ལ་ང་གད་མོ་ཏོག་ཙམ་ཤོར་གྱི་འདུག གཅིག་ན་ཁྱེད་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་བཟོ་འདུག་པས་ཁྱེད་རང་གི་འདོད་པ་བཞིན་བྱོས།
ཇི་ཙམ་གྱིས་མཁྲེགས་ཀྱང་ནང་དམེར་མི་འགྲོ་བའི་གདམ་ཁ་ཞིག་འཚོལ་གྱིན་འགྲོ་ན་ལམ་ཁ་བདེ་ཞིང་ཕན་ཚུན་སྐྱིད་པ་ཡོང་གི་རེད་ཟེར་བ་དེ་ཡིན། བདེ་མོར་བཞུགས་ཨ་ཇོ་ཅོ་རི་ལགས།
ཡ་ཡ་ཁ་བརྡ་ནང་གི་རྒྱ་ནག་མགྲིན་འཚབ་པ་ཚོ་ཁ་གཏོང་རྒྱུ་མ་གཏོགས་རང་གི་གང་ཡང་འབྱོན་གྱི་མེད་པ་་་་སྐྱག་ཁ་ཚུམ་་་
༸གོང་ས་མཆོག་ནི་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་ཡིན་པ་མ་ཟད། བོད་མི་ས་ཡ་དྲུག་གི་ཚབ་ཀྱང་མཚོན་ཐུབ་ཀྱི་ཡོད། དེར་མ་ཟད་འཛམ་གླིང་སྐྱེ་བོ་ཀུན་གྱི་ཞི་བདེའི་ལམ་སྟོན་གྱི་སྐྱེ་བུ་ཆེན་པོ་ཡིན་པ་མངགས་བརྗོད་ཀྱི་ཀྱི་ཟེངས་རྟགས་ཕུལ་པ་དེར། དོལ་ཚོགས་ཅོ་རི་ཉི་མ་དང་གུང་ཁྲན་རྒྱ་དམར་ཉོན་མོངས་དུག་གསུམ་གྱི་གཟིར་ཞིང་ང་རྒྱལ་གྱི་མེ་ལྕེ་འབར་བ་དེར། སྐྱབ་མགོན་ཆོག་གི་ཞི་བདེའི་བདུད་བརྩིའི་འབྲང་ཆར་གྱི་སེལ་བར་ཤོག།
ང་ཚོའི་སྤྱི་ཚོགས་ལ་ནད་ཚབས་ཆེན་ཕོགས་འདུག ངོ་མ་སེམས་པ་སྐྱོ་གི། དེང་སང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱོན་བརྗོད་མཚན་སྨྲས་ཞུ་རྒྱུ་ནི་དཔའ་རྟགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ། ཨ་ཁ་ཁ། བོད་བསོད་ཟད་ཟེར་བ་འདི་དག་མིན་ན་སུ་ཡིན། སོ་སོ་ཤེས་ཡོན་ཅན་ཡིན་མདོག་གྱིས། མི་ཤེས་ཤེས་མདོག མ་གོ་གོ་མདོག་གིས་དཀར་ནག་གོ་ལྡོག་བྱས་ནས་སྤྱི་ཚོགས་ནང་དཀྲུང་ཤིང་རྒྱག་མཁན་གྱི་ཀླད་མེད་ཕུགས་ཆུང་དེ་ཚོའི་བྱ་སྤྱོད་མཐོང་ན། ངོ་མ་སེམས་པ་གཏིང་ནས་སྐྱོ་གི། བསམ་ཤེས་གནང་རོགས་གནང་། ཡིག་འབྲུ་རྐང་ཁ་ཤས་འབྲི་ཤེས་པ་དེ་ལ་ཤེས་ཡོན་ཅན་མི་ཟེར། ཤེས་ཡོན་ཅན་ནི་སོ་སོའི་གནས་སྟངས་ག་རེ་ཡིན་མིན་ཤེས་རྟོགས་ཡོད་པ། བློ་རྒྱ་ཆེ་བ། སྤྱི་ཚོགས་ལ་ཕན་མ་ཐོགས་ན་གནོད་མི་སྐྱེལ་བ། བོད་མི་ཚང་མར་ཕ་མ་ལས་ལྷག་པའི་གཅེས་སྐྱོང་གནང་མཁན་༧གོང་ས་མཆོག་གིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད། མི་ཚེ་ཧྲིལ་བོར་སྐུ་ངལ་སྐྱོན་པ་དེ་ཧ་གོ་མཁན་བཅས་སོ།
བཙན་བྱོལ་ནང་ཡོད་པའི་ཀླད་མེད་ཕུགས་ཆུང་ཚོར་། ཁྱེད་ཚོའི་རང་ཉིད་བོད་ཀྱི་ལ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་བསམ་གྱི་ཡོད་དམ། བོད་ལ་ལ་ཞེན་ཡོད་པ་དེ་༧གོང་ས་མཆོག་ལས་ལྷག་ཡིན་བསམ་གྱི་ཡོད་དམ། འོ་ན། ཁྱེད་ཚོའི་ལ་ཞེན་ཆེན་པོ་དེས་བོད་ཀྱི་ཆེད་དུ་ག་རེ་བྱས་ཡོད། དོན་དག་གཅིག་བཤད་རྒྱུ་ཡོད་ན་འགྲིག གསུང་རོགས་གནང་།
གངས་ལྷ་མེ་ཏོག
ང་ཚོས་ཆོས་དང་ཆབ་སྲིད་ཁ་ཁ་ཕྱེ་ན་ལེགས་ཆོས་ཐོག་ནས་གང་ས་མཆོག་ལས་ལྷག་པ་མེད་ངོ་མ་རེད ཆོས་ཐོག་ལྷག་པ་ཙམ་ལ་ཆབ་སྲིད་ཐོག་ལྷག་པར་མ་ངེས་སྟེ་ ཆོས་དང་ཆབ་སྲིད་འགལ་བ་ཡིན་པས་སོ བོད་སིལ་བུ་འཐོར་ནས་བོད་ལ་ཆོས་ཐོག་ནས་ཀུན་མཁྱེན་དང་པཎྡི་ཏ་དང་སངས་རྒྱས་སོགས་མང་པོ་ཕེབས་ཀྱང ཆབ་སྲིད་ཐོག་འཛམ་གླིང་རྒྱལ་ཁབ་གཞན་དང་བསྡུར་ན་ཀོ་ཐག་ཀློད་ཡོད་པ་ཡང་སུ་གྲགས་པ་ཡིན་ལ རྒྱལ་ཁབ་གཞན་དང་རྒྱ་ཆ་སྒོས་ན་བོད་ནི་ཆབ་སྲིད་ཐོག་ཀླད་ཀོར་ཡིན་ལ རྒྱུ་མཚན་དེ་ལ་བསྟེན་ནས་ལས་སླ་བོའི་ཐོག་ནས་བོད་ཟས་པ་ཡིན་པས་དེའང་མ་བརྗེད་པ་གྱིས རྒྱལ་བ་སྐུ་ཕྲེང་རིམས་བྱོན་རྣམས་ཆོས་ནས་གལ་ཆེར་ཡིན་གྱིས་རེད་སྟེ དང་པོ་སོགས་དམག་ཁྲིད་ནས་བོད་ནང་མགོ་རྡུང་ནས་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་ཞིག་གཙུགས་ཡོད་ལ དེ་ནས་རྒྱ་ནག་གོང་མ་མང་པོ་ས་ནས་ཆོ་ལོ་ཟེར་བ་ཞིག་ལེན་ནས་གོང་མ་རྒྱབ་རྩ་ཚེས་ནས་བོད་བཙོང་ཡོད་ཟེར་ན་ངོ་མ་ཐལ་ཆ་ཆེ་མེད་ལོ་རྒྱུས་ལ་གཟིགས་དང་ཤེས་མདོག་ཁ་བོ་རེད མི་དམངས་ནས་ཆོས་ཀྱི་བསམ་མནོ་དེ་ཆབ་སྲིད་ལ་ཁུར་ནས་ཀུན་མཁྱེན་རེད་བསམ་ནས་གཞུང་ལ་དག་ཐེར་རྩ་བ་ནས་མ་བྱས་པས མཐའ་མ་སྦོ་ལུག་དུས་ཨ་ཁ་ཟེར་ནས་བསྡད་ཡོད་པས་ཤེས་གསལ་རེད སྐུ་མདུན་ནས་ཡང་དང་པོ་རང་བཙན་ཀློད་བཏང་ནས་དབུ་མའི་ལམ་སྟོད་ཡོད་ལ དེ་དུས་དབུ་མའི་ལམ་ཟེར་དུས བོད་པས་ནང་གི་དབང་ཆ་ཡོངས་རྫོགས་བོད་པས་ཟིན་པ་དང་བོད་པས་འགོ་བ་བོད་པ་བྱས་ནས་ ཕྱི་འབྲེལ་རྐྱང་པ་ཙམ་རྒྱ་ནག་ལ་ཡོད་པ་ཞིག་ལ་བཤད་ཡོད དེ་ནས་མར་བབས་ནས་ཧོང་ཀང་དང་ཨོ་མན་ལྟ་བུ་ཞིག་དགོས་གསུང་ཡོད དེ་ནས་མར་བབས་ནས་ཚད་མཐོ་རང་སྐྱོང་ལ་བབས ཆབ་སྲིད་སྐུ་དབང་སྤྲད་ཁ་རགས་མ་ལ དུ་ཡོད་རྒྱ་ནག་གི་རྩ་ཁྲིམས་ནང་ལ་རང་སྐྱོང་ཡོད་པ་དེ་སྤྲད་ན་འགྲིགས་གསུང་ ད་ག་རེ་རྩོད་ཀྱི་ཡོད་དམ བོད་པས་བབས་ས་མེད་པ་ལ་བབས་ཡོད་ལ་རྒྱ་ནག་ནས་སྔར་བཤད་པ་དེ་ལ་འགྱུར་བ་ཏིལ་འབྲུ་ཙམ་ཞིག་ཕྱིན་མེད
བོད་པ་ལ་གཅིག་ལྷག་ཡོད་པ་ནི་བསྒྲིགས་འཛུག་སྒོ་རྒྱག་ནས་རྒྱ་ནང་ལ་བསྡད་བཅུག་ཟེར་བ་དེ་གཅིག་པོ་རེད
རྒྱ་བཙུན་པདྨའི་སྐད་ཆ་དེ་ཚོ་ཁུར་མ་ཡོངས་ཁྱེད་ཚོས་ག་རེ་བྱས་ཡོད་ཟེར་ གཞུང་ང་ཚོས་མ་ཟིན་པ་ལ་ང་ཚོས་ག་རེ་བྱེད་དགོས་རེད་
འོ་ན། དྲང་བདེན་ཟེར་བ་ཁྱེད་ཀྱིས་གསུང་དང། བོད་ཀྱི་གནད་དོན་ག་རེ་བྱེད་ནས་ཐག་གཅོད་གནང་དགོས་རེད། ཁྱེད་རང་ལ་ཐབས་ལམ་ཡག་པོ་དང་འོས་འཚམས་ཡོད་ན་གསུང་དང། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་བོད་མི་ཡོངས་ལ་འོས་འགན་ཡོད་པ་རེད་མ་གཏོགས་༧གོང་ས་མཆོག་གཅིག་པུའི་ལས་འགན་མ་རེད། ལོ་རྒྱུས་ཐོགས་ཀྱི་གནས་ཚུལ་ལོ་རྒྱུས་ཞིབ་འཇུག་པ་ཚོས་ཞིབ་འཇུག་བྱེད་གལ་ཆེ་བ་ལས། ང་ཚོ་འདྲ་བོ་དྲ་འབུ་ཞིག་གིས་དེའི་སྐོར་ལ་རྩོད་པ་རྒྱབ་བསྡད་ན་གསལ་བོ་ཆགས་མི་ཐུབ་ལ་ཆགས་རྒྱུའང་ཁག་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་འདྲ་མིན་བཏོན་གནང་པ་དེ། འདས་པའི་ལོ་རྒྱུས་དང་ཉེ་བའི་ཉམས་མྱོང་། དེ་བཞིན་རྒྱ་ནག་གུང་ཁྲན་བཙུགས་ནས་བཟུང་གི་རྒྱ་ནག་གི་དཔོན་པོ་ཚང་མ་དང་དངོས་སུ་ཐུགས་འཕྲད་དང་ཡང་ནས་མི་སྣ་བརྒྱུད་ནས་འབྲེལ་བ་ཐེངས་བརྒྱ་ཕྲག་མང་པོ་བྱས་རྗེས་དང་། དེ་མ་ཚད་རྒྱ་སྤྱིའི་ཐོགས་གི་ཆབ་སྲིད་མཁས་པ་དང་སྲིད་དོན་ཞིབ་འཇུག་པ་སོགས་དང་ཡང་ཡང་འབྲེལ་གཏུག་བཀའ་མོལ་གནང་མཐའ་། ད་ལྟའི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་དེ་བཏོན་གནང་པ་རེད།
གོང་ས་མཆོག་གིས་སྲིད་འགན་རྩིས་སྤྲད་ཟིན་ཙང་། ཁོང་ནི་ཆོས་པ་ཞིག་རེད། དད་ལྡན་མང་པོ་ཞིག་གི་ཚེ་ཕྱི་མའི་ལམ་སྟོན་པ་རེད། སྲིད་དོན་ནི་ཚེ་འདིའི་མི་གསོན་པོ་ཚོའི་བདེ་སྡུག་གི་དོན་རེད་ལ། ཚེ་འདིའི་འཚོ་སྡོད་ནི་གཡོ་སྒྱུ་འཁྲམ་གསུམ་དང་ཁ་འབྲལ་མི་ཐུབ་པས། ཆོས་པ་ཞིག་གིས་ཡོང་བ་ཞིག་མིན།
འདས་ཟིན་པའི་གནད་དོན་རྣམས་བསྐྱར་ལོག་ཡོང་རྒྱུ་མེད། ཡག་ངན་གང་ཡིན་ཉམས་མྱོང་དང་བསླབ་བྱ་མང་པོ་ལེན་རྒྱུ་ཡོད། སྐབས་དོན་ད་ལྟའི་དུས་ནང་གི་གནས་དོན་དང་མ་འོངས་པར་གདོང་ལེན་དང་མི་རབས་རྗེས་མ་ལ་རྩིས་སྤྲོད་རྒྱུ་ཡག་པོ་ཅིག་ལ་འབད་དགོས་རྒྱུ་ཚང་མའི་འགན་རེད་དྲན་གྱི་ཡོད། ལྷག་པར་དུ་དགེ་སྐྱོན་གང་ཡིན་སྤྱི་ཚོགས་ནང་དུ་བགྲོ་གླེང་ལྷུག་པོ་གནང་དུས་དེར་སྐབས་འཚོལ་བས་ནག་ཉེས་ཞྭ་མོ་གཡོག་གང་ཐུབ་བལྟ་བ་འདི་ངེས་པར་དུ་འདོར་དགོས་རེད། ཁོག་རྒྱ་ཆེན་པོ་དང་བསམ་བློ་གཏིང་རིང་། ངང་རྒྱུད་རིང་པོ་བཅས་བྱས་ཐུབ་ན་ད་གཟོད་བགྲོ་གླེང་ལྡན་པ་དང་གྲུབ་འབྲས་ཡོང་བ་བཤད་མི་དགོས་པས་ཚང་མས་དེའི་དོན་དགོངས་འཇགས་གནང་རེ་ཡོད་དོ།།
བཀྲ་ཤིས་བདེ་ལེགས།
མིན་པར་གཅིག་རེད་ཟེར་ནས་རྫུན་མཁན་བཤད། དེ་ལ་མི་ཆོས་བླ་མའི་རྫུན་ཟེར་བ་རེད། གོང་ས་ཏ་ལའི་བླ་མ་བོད་མི་ཡོངས་ཀྱི་མགྲིན་ཚབ་པ་ཡིན་ཟེར་བ་དང་། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཡིན་ཟེར་བ། ཐམས་ཅད་མཁྱེན་པ་ཡིན་ཟེར་བ་སོགས་ནི་གནས་ལུགས་དང་མི་མཐུན་པའི་རྫུན་རེད།
འོག་ནས་ཡར་སྐབས་འཚོལ་བ་རྫུན་བཤད། གོང་ནས་མར་གོང་ས་ཏྭ་ལའི་བླ་མས་ཀྱང་ཡིན་མདོག་མདོག་གི་ཟོལ་སྟོན། དེའི་བར་དུ་དད་ལྡན་མི་དམངས་མགོ་བསྐོར་བཏང་། ངས་རེ་བ་ལ་སོ་སོ་ལ་ཡིད་ཆེས་བྱས་མཁན་དད་ལྡན་མི་དམངས་མགོ་སྐོར་མི་གཏོང་བའི་རེ་བ་ཡོད། དེའི་ཕྱིར་དུ་སྐད་ཆ་འདི་དག་བཤད་ཀྱི་ཡོད།
སྤྱིའི་ཆ་ནས་དྲང་བདེན་བོར་བའི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱས་ཚར་དུས་བོད་མི་དམངས་ལ་རེ་བའི་གཏན་གཞི་མེད་པ་ཆགས་ཚར་བ་རེད། དྲང་བདེན་ཁས་མི་ལེན་པར་རྫུན་གཏམ་ངོས་ལེན་བྱས་འོས་དུས་ལས་འབྲས་ལ་བརྩི་མི་སྲིད་པ་རེད། ས་མཚམས་ལས་བརྒལ་བའི་རྫུན་ཆེན་དེ་དག་མི་བཤད་པའི་རེ་བ་ཡོད།
ཅོ་རི་དང་ཀར་བློ་ཟེར་རྒྱུ་འདི་ཚོ་ཁྱི་སྨྱོན་དང་གཅིག་པ་རེད། ཁོ་ཚོས་ག་དུས་ཡིན་ཡང་བདག་པོ་འཇུ་རྒྱུ་ལས་ཅང་ཤེས་ཀྱི་མ་རེད། གོང་ས་རྒྱལ་བ་རིན་པོ་ཆེའི་ཡོན་ཏན་དང་སྐུ་དྲིན་དེ་བོད་མི་མང་དང་འཛམ་གླིང་མི་མང་གི་སེམས་ན་གསལ་ཁྲིགས་སེ་ཡོད་པ་རེད། ཁྱོད་ཚོ་ཇི་ཙམ་ཟུག་ཀྱང་རང་གི་ངོ་གདོང་ཆུ་ལ་གཡུག་སྐྱེད་ཙམ་ལས་གྲུབ་འབྲས་ཅི་ཡང་ཐོན་རྒྱུ་མེད་པ་གསལ་པོ་རེད།
གོང་ས་མཆོག་ཆོས་ཕྱོགས་ནས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཡིན་པ་རྒྱ་གུང་ཕྲན་དང་། དེའི་རྒྱུག་ཁྱི་དོལ་ཚོགས་ཙམ་ལས་གཞན་ཚང་མས་ཁས་ལེན་གྱི་ཡོད་པ་རེད་ལ། སྲིད་ཕྱོགས་ནས་ཀྱང་བོད་ཀྱི་སྲིད་དོན་ཐོག་ལ་བྱེད་རྗེས་ཅན་ཁོང་ལས་ལྷག་པ་ཞིག་བོད་སིལ་བུར་འཐོར་བ་ནས་བཟུང་བྱུང་མྱོང་མེད་པ་རེད།
ད་ལྟའི་ཆར་བཙན་བྱོལ་བོད་པ་ཚོ་སྐྱབས་གཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ་ཙམ་ཡོད་པ་འདི་དང་། དོལ་རྒྱལ་བ་དང་རྒྱུག་ཁྱི་རེ་ཟུང་ལས་ཆོལ་གསུམ་བོད་མི་ཚང་མ་ཁ་རུག་རུག་ཁ་སྤུ་ཤིག་ཤིག་ཡོད་པ་འདི་ཁོང་གིས་སྐུ་ལས་སྐྱོན་པའི་འབྲས་བུ་རེད། དེ་བཞིན་བསམ་མེད་ཚོས་དམངས་གཙོ་དང་གཏམ་བརྗོད་རང་དབང་ཡིན་ཞེས་ཁ་ཆེན་པོ་ཞིག་གདང་ནས་འུར་རྒྱག་རྒྱུ་ཡོད་པ་འདི་ཡང་ཁོང་གིས་དམངས་གཙོ་གསོལ་རས་གནང་བའི་སྐུ་དྲིན་ལས་བྱུང་བ་རེད། འདི་ཙམ་ཡང་མི་ཤེས་པར་ད་དུང་ཁོང་གིས་གཅིག་མ་འཇོན་གཉིས་མ་འགྲིག་ཟེར་བ་ནི་ངོ་ཚ་མེད་པའི་རྣམ་ཐར་རེད།
དེང་སོང་ཉེས་འགེབས་བྱེད་སྟངས་ཞིག་ནི་ཁྱོད་རང་གི་ཅིག་གྱིས་དང་ཟེར་ནས་ རང་གནང་ངོས་ལེན་རྩ་བ་ནས་མི་བྱེད་པ་ཞིག་གཞུང་འཛིན་གནས་ཡོད་མང་པོས་མིའི་སྐད་ཆ་དེ་རང་བཤད་ནས་མི་དམངས་གསལ་བཤད་མི་བྱེད་པའི་ལུགས་ངན་ཞིག་ཆགས་བཞིན་པ་རེད ངས་ཟེར་ན་ཆབ་སྲིད་ཐོག་གྲུབ་འབྲས་ཅི་གང་མ་བྱུང་གོང་ང་ཚོ་ངོས་ནས་ཀོ་ཐག་ཚང་མ་ཀློད་བཞག་པ་དེ་ནོར་འཁྲུལ་ཆེ་ཤོས་དེ་རེད་ཟེར་གྱི་ཡོད རྒྱ་ནག་ཚུར་འགྱུར་བ་གཏོགས་ཙམ་མ་གཏོང་ན་ཕར་རང་བཙན་ཀློད་དགོས་ཡ་རྩ་བ་ནས་མེད་
http://tibettimes.net/%E0%BD%81%E0%BD%B4%E0%BD%84%E0%BC%8B%E0%BD%99%E0%BD%B2%E0%BC%8B%E0%BD%9E%E0%BD%B2%E0%BC%8B%E0%BD%96%E0%BD%91%E0%BD%BA%E0%BD%A0%E0%BD%B2%E0%BC%8B%E0%BD%82%E0%BD%9F%E0%BD%BA%E0%BD%84%E0%BD%A6%E0%BC%8B/
་་་་་་་་་སོགས་ལ་སྤྲད་ཡོད་ཀྱང་། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཆོས་དཔོན་སི་ཡས་ཁྲིན་མ་གཏོགས། གཟེངས་རྟགས་ཕུལ་བའི་མཛད་སྒོར་དངོས་སུ་ཞུགས་ཏེ་གཟེངས་རྟགས་གཅིག་གིས་ཀྱང་བླངས་མེད་པ་རེད། ་་་་་་་་་་
དྲ་གྲོགས་ཚོ། བདེ་སྡུག་གི་ཚོར་བ་ཡོད་མཁན། ལས་དང་སྐྱིད་སྡུག་གཅིག་པ། ཁྲག་རུས་གདུང་རྒྱུད་གཅིག་པ། རང་རེ་བོད་པ་ཞིག་རྒྱ་ནག་དམར་བོའི་བཙོན་འོག་ནས་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་མི་བཟེད་པའི་དཀའ་སྡུག་སྣ་ཚོགས་མྱངས་ནས་ཕྱིར་ཡང་ས་རང་ཡུལ་ལ་སླེབས་པའི་གནས་ཚུལ་མིག་ལམ་ལ་བཀྲམ་འདུག བོད་ནང་གི་བོད་མི་ཚོར་མཚོན་ན་ཉེན་ཁ་ཡང་ཡོད་བཞིན་དུ་འཚམས་འདྲིར་སྐྱོད་ཀྱི་ཡོད། རང་དབང་ལུང་པའི་ནང་གི་ང་ཚོར། བཀྲིས་བདེ་ལེགས་ཀྱི་ཚིག་སྐེམ་ཞིག་ལས་མེད་ཀྱང་ཞུ་འོས་པ་མ་རེད་དམ། རྙོག་དྲ་ཞིག་ལ་ཐུག་ན་སྦྲང་ནག་འཁོར་འཁོར་རེད་ཟེར་པ་དེར་དངོས་གནས་བདེན་ཞད་འདུག ཁྲེལ་མེད་རེད་དམ་མ་རེད་བསམ་བློ་ཐོངས།