གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༣༠ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལ། ཟླ་འདིའི་ཚེས་༢༦ ཉིན་བོད་མདོ་སྨད་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་མི་སྐྱ་བཀྲ་ཤིས། རང་ལོ་༣༡ ཡིན་པ་ཞིག་གིས་༸གོང་ས་མཆོག་གི་སྐུ་པར་ཞིག་ཕྱག་ཏུ་བཟུང་ནས་ ”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་” ཞེས་སྐད་འབོད་གནང་བཞིན་ཞི་བའི་གོམ་བགྲོད་བྱས་འདུག་པར་དེ་མ་ཐག་ས་གནས་སུ་ཡོད་པའི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟ་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་འདུག
ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཐག་བཀྲ་ཚང་གི་མག་པ་ཡིན་ཞིང་། བཟའ་ཟླ་སྐལ་པེ་དང་ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་བཅས་ཕྲུ་གུ་བཞི་ཡོད་ཅིང་ཕྲུ་གུ་གཉིས་རྨེའུ་རུ་མ་ཡུལ་ཚོའི་སློབ་གྲྭར་འགྲོ་བཞིན་ཡོད་འདུག
དེ་མིན་ཕྱི་ཟླ་༩ ཚེས་༡༠ ནས་རྔ་པ་རྫོང་གི་གཞུང་འབྲེལ་གྱི་ལས་ཁུངས་ཁག་ལས་གཞན་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ད་ལྟ་ཡང་དྲ་སྒོ་ཕྱེས་མེད་པ་དང་། རྫོང་མཁར་ཡོངས་ལ་ཉེན་རྟོག་པས་དུས་རྟག་ཏུ་བྱ་ར་བྱེད་མུས་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༣༠ ལ།
ང་རང་ལ་རྔ་བ་ནས་ཡིན་པ་ཞིག་གིས་ལབ་སོང་། ལོ་ཤས་སྔོན་ནས་རྔ་བའི་ནང་བོད་རང་བཙན་འབོད་མི་ཆོག་པའི་བཀའ་རྒྱ་ཞིག་ཕྱི་ལོགས་ནས་ཐོན་ཡོད་ཟེར། བཀའ་རྒྱ་དེ་གཏོང་མཁན་ཟུ་ཡིན་མིན་སུས་ཤེས་སམ།
ཀརྨ་བློ་གསལ་ལགས།
གནས་ཚུལ་ཁ་གསལ་པོ་འགྲེལ་བཤད་རྒྱག་ཤོག་ཨ་མ་གཏོགས་འཆལ་གཏམ་རེད་འགྲོ་གདའ། རྔ་བ་ཡིན་པ་ཟེར་ནས་སུ་རེད་དམ། གང་ན་སྡོད་སོགས་མི་འདི་ཟེར་ནས་ཁུངས་ལུང་ཡོད་ན་ངོ་མ་ཡག་ཀི་འདུག་ལགས།
ད་ཕྱོགས་གང་ནས་བལྟས་ཀྱང་རུང་ཕྱོགས་གང་ནས་ཉན་ཀྱང་རུང་རྒྱ་ལ་ཁ་གཏད་བཅག་རྒྱུའི་ཚབ་ཏུ་བོད་མི་ནང་ཁུལ་ཟུར་ཟའི་འཆལ་གཏམ་གང་མང་སྤེལ་སྟངས་ལ་ཞིག་ན་བོད་མི་རིགས་ཀྱི་སྤྱི་མཐུན་བསོད་ནམས་ཉམས་འགྲོ་བ་མིན་ནམ་
ཉེ་ལམ་འོས་སྡུའི་སྐབས་དྲ་ལམ་དང་ངོ་དེབ་སོགས་ཀྱི་ནང་ཁུང་བསྐྱེལ་མེད་པའི་དཀྲོགས་གཏམ་མང་པོ་སྤེལ་ནས་རང་ཕྱོགས་ལ་འོས་ཐོབ་ཐབས་སུ་ཞི་བའི་མི་མང་དཀྱུས་མ་མགོ་བོ་རྨོངས་སུ་འཇུག་བཞིན་པ་
ནས་དགྲ་དགའ་གཉེན་སྡུག་ཙམ་ལས་དོན་དངོས་བོད་ནང་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རླབས་ཆེན་ལས་འགུལ་ལ་ཁ་སྟོང་ཚིག་སྟོང་གི་གདུང་སེམས་མཉམ་བསྐྱེད་ཙམ་མ་རེད་དམ་བོད་མི་ཚོ་བརྣོ་བསམ་ཡག་པོ་གཏོང་དང་ཐུགས་རྗེའི་གཟིགས་།